ཡིག་ཕབ་པ། རྣམ་རྒྱལ།
ངས་སྔ་ཕྱིར་བཤད་པ་ཚང་མར་གསན་ཡོད་ན་ད་གསལ་བོ་ཆགས་ཡོད་བསམས་སོང་། ད་ལྟ་ཡིན་ནའང་། དྲི་བ་སླེབས་ཀྱི་ཡོད་པ་སོང་ཙང་ད་གསལ་བོ་ཞུས་བཞག་ན་ཁྱད་པར་མི་འདུག ངྷ་རམ་ཤཱ་ལའི་མདོ་སྟོད་ཆོལ་ཁས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཕུལ་རྒྱུ་སྙན་གསང་ཞུས་པ་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཞལ་བཞེས་གནང་གྲུབ་པ་རེད། ཞལ་བཞེས་གནང་ཟིན་པའི་བརྟན་བཞུགས་དེ་དུས་འཁོར་དབང་ཆེན་གྱི་སྐབས་ལ་སྒྲིག་ཤིག་ཅེས་ཕོ་བྲང་ནས་བཀའ་གནང་བ་རེད། དེའི་སྔོན་གྱི་གནས་ཚུལ་མང་པོ་ཡོད་པ་དག་ལ་ངས་ལག་པ་འཆང་གི་མིན།
གང་ལྟར་བཀའ་གནང་བ་དེར་དུས་འཁོར་དབང་ཆེན་སྐབས་ཐུབ་ཀྱི་མེད་པའི་གནས་སྟངས་ཤིག་བཀའ་ཤག་གིས་ཐག་གཅོད་བྱས་ཏེ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལགས་དགའ་ལྡན་ཕོ་བྲང་དུ་བཅར་ནས་དྲུང་ཆེ་རྒན་པ་བློ་བཟང་སྦྱིན་པ་དང་དྲུང་ཆེ་བྲེ་སྲང་ཚེ་རིང་རྣམ་གཉིས་ལ། ངྷ་སའི་མདོ་སྟོད་ཆོལ་ཁའི་བརྟན་བཞུགས་དེ་མི་དགོས་པ་བྱས། དེའི་ཚབ་ཏུ་བཀའ་ཤག་གིས་བོད་ཕྱི་ནང་གཉིས་ཀྱི་བརྟན་བཞུགས་ཤིག་ཕུལ་ན་ཞེས་ཞུས་པ་དེ། དྲུང་ཆེ་བྲེ་སྲང་ཚེ་རིང་མཆོག་གིས ༢༠༡༥། ༨། ༢༨། ཉིན་གྱི་སྔ་དྲོའི་ཆུ་ཚོད ༡༡ སྟེང་༧སྐུ་མདུན་དབུ་བཞུགས་ཐོག་སྙན་གསང་ཞུས་པར། ༧སྐུ་མདུན་ནས། བརྟན་བཞུགས་ཆོས་ཕྱོགས་ཀྱི་བྱ་བ་ཞིག་མ་རེད་དམ། ད་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཆབ་སྲིད་ག་རེ་བྱས་ཏེ་ཆགས་ཀྱི་ཡོད་པ་རེད།
མ་གཞི་ནས་དུས་འཁོར་དབང་ཆེན་དེ་ཆབ་སྲིད་ཆགས་ཀྱི་འདུག་ཅེས་བཤད་བཞིན་པ་ལྟར། ཆགས་ཀྱི་འདུག་གཱ ད་དུས་འཁོར་དབང་ཆེན་ཕྱིར་འགྱངས་བྱས་ཤིག་ཅེས་དགོངས་པ་འཚོམ་ཏེ་བཀའ་བསྩལ་རྗེས། ༧རྒྱལ་བ་རིན་པོ་ཆེ་མཆོག་བཞེངས་ནས་ཕེབས་འདུག དེའི་རྗེས་མར་ཐོན་སྟངས་དེ་༧གོང་ས་མཆོག་གིས་སྐུ་ངལ་གསོ་དགོས་ཚུལ་ཞུས་ན་ཞེས་དགའ་ལྡན་ཕོ་བྲང་ནས་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཟིན་བྲིས་བཟོས་ཏེ། ༧གོང་ས་མཆོག་ལ་སྤྱན་བསྟར་ཞུས་རྗེས། ༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་ཤག་ལ་གྲོས་བསྡུར་གནང་ཞོག་ཕེབས་པས་དྲུང་ཆེ་རྣམ་པ་གཉིས་བཀའ་ཤག་ལ་བཅར་བ་རེད། གནས་ཚུལ་ཆ་ཚང་ཞུ་དགོས་ན་དེ་རེད།།
ངོ་མ་ཕོ་ཁྱོགས་པ་རེད། ཕོ་རྒོད་ཟེར་ན་ཁོང་ལྟ་བུ་ཞིག་རེད། ཁ་རུ་ཁ་ཐུག བློ་རྒྱ་ཡངས་པོ། སྤོབས་པ་ཆེན་པོ། སྐད་ཆ་གང་བཤད་གནད་ལ་ཁེལ་ཞིང་ལག་ལེན་ལ་ཡོད་པ། དངོས་ཐོག་བདེན་འཚོལ་བ། བདེན་པ་དང་གནས་ལུགས་ཀྱི་ཆེད་དུ་ཅི་ཡང་བྱ་ཕོད་པ། ཁྱེད་ཀྱི་རང་གཤིས་དང་སྙིང་སྟོབས། ལྷག་བསམ་དང་ཤེས་འཇོན་སོགས་ལ་གཟུར་གནས་ཤིག་ཡིན་ཚེ། ཡི་རང་མི་ཤོར་རང་ཤོར་རེད། སྐབས་བཅུ་བཞི་བའི་སྲིད་སྐྱོང་ལ་སྐུ་ངོ་ཁྱེད་མ་བཞེངས་པ་ནི་བོད་མིའི་གྱོང་གུད་རེད་ལ། སྐབས་བཅོ་ལྔ་བའི་སྲིད་ཁྲི་མི་རྗེ་སྐུ་ངོ་ཁྱོད་ལ་མ་འཐོབ་ཚེ། བོད་པ་རྣམས་ལ་བསོད་ནམས་ཟད་པའི་རྟགས་ཐོན་པ་ཡིན། གཞི་རིམ་མང་ཚོགས་རྨོངས་གཉིད་ལས་སད་མེད་པའི་རྟགས་ཤར་བ་ཡིན། བཙན་བྱོལ་ཚང་ལ་རེ་བ་མེད་པའི་རྟགས་ཡིན།
ཚོགས་གཙོ་མཆོག་རྒྱལ་ལོ། ༢༠༡༦ ལོའི་སྲིད་སྐྱོང་ཁྱེད་ལས་འོས་པ་སྲིད་ན་དཀོན་པར་འདོད། ད་གཞི་ནས་གསལ་པོ་ཆགས་སོང་། མངོན་པར་བསྟོད་དོ།།
རྩ་བ་དེ་འདྲ་ཞིག་རེད་པ་་་་་ད་གཞི་ནས་ཕྱི་ནང་གསང་གསུམ་གསལ་བོ་རྟོགས་སོང་་་
དེ་རེད། ད་གཟུགས་མེད་གྲིབ་བཟོ་རེད་ཨེ་འདུག
ཚོགས་གཙོ་མཆོག་རྒྱལ་ལོ། ཚོགས་ཐམས་ཅད་ཀྱི་རྒྱལ་བོ་ཡིན་པ་ནི་བསྙོན་མེད་རེད།
འདི་དུས་འཁོར་དབང་ཆེན་གྱི་སྐོར་ནས་ཁ་གསལ་ཤོས་འདྲ་བོ་ཞིག་འདུག
དངོས་ཡོད་གནས་ཚུལ་གང་བྱུང་བ་དག་གསལ་བོ་ཆགས་སོང་། དོན་དངོས་ཤེས་སོང་། སུས་འཁྲབ་ཀྱིན་འདུག སུས་རྫུན་བཤད་དེ་མི་མང་ལ་མགོ་སྐོར་གཏོང་གི་འདུག་གསལ་བོ་ཆགས་སོང་། ཐུགས་རྗེ་ཆེ། བདེན་པ་ཉིད་རྒྱལ་ངེས་པ་རེད།
སྤེན་ཚེ་ངེས་པར་རྒྱལ་ངེས་
ད་ལོ་བློ་སེང་རྒྱལ་བར་ཤོག །
དགའ་ལྡན་ཕོ་བྲང་ནང་ལ་སོ་པ་ཡོད་འདུག་ཨ། མ་གཏོགས་སྐབས་དེང་དུས་སྤེན་ཚེ་ཕོ་བྲང་ནང་ལ་མེད་པས་ཁོང་ལ་གནས་ཚུལ་འདི་ལན་སྐྱེལ་མཁན་སུ་ཡིན་གསལ་པོ་ཤོད་དང་བདེན་པའི་དཔང་རྟགས་ཅིག་རེད། ལར་ནས་༼རྡ་སའི་མདོ་སྟོད་ཆོལ་ཁ༽ཟེར་བ་དེ་ཚོགས་པ་ཅིག་རེད་དམ། ཁ་གསལ་མི་འདུག་་་་ད་དཔང་རྟགས་ག་རེ་འདྲ་ཅིག་ཡོད་དམ་་་་་སྤེན་ཚེ་་་་་ཨ་་་་་་་
དགའ་ལྡན་ཕོ་བྲང་གི་འགན་འཁུར་ཟམ་གདོང་རིན་པོ་ཆེ་དང་བློ་བཟང་སྦྱིན་པ་དྲུང་ཆེ་རྣམ་ཕ་བཅས་་ནས་མི་མང་ལ་གསལ་པོ་མ་བཟོས་བར་འོས་
བསྡུ་ཕྱི་འཐེན་གནང་དགོས་པ་དེ་དབུས་འོས་བསྡུ་
ལྷན་ཁང་གི་ཐུགས་འགན་མ་རེད་དམ་།
ཞི་བའི་མི་མང་ལ་དོན་མེད་དཀའ་ངལ་བཟོ་མི་ཉན་། དགའ་ལྡན་ཕོ་བྲང་གི་འགན་འཁུར་མི་སྣས་དངོས་ཡོད་གནས་ཚུལ་གསལ་པོ་མ་བཟོས་ན་མི་མང་ནས་དབུས་འོས་བསྡུ་ལས་ཁང་ལ་སྲིད་སྐྱོང་གི་འོས་བསྡུ་གནས་སྐབས་ཕྱི་འཐེན་དགོས་པའི་སྙན་ཞུ་འབུལ་རྒྱུར་སྒྲ་སྒྲིག་བྱེད་བཞིན་འདུག་ན་ དགའ་ལྡན་ཕོ་བྲང་གི་འགན་འཁུར་མི་སྣས་མི་མང་དང་འོས་བསྡུ་ལས་ཁང་ལ་འགན་འཁུར་ནས་དུས་ཐོག་གསལ་བཤད་གནང་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཕྱི་གསལ་ནང་གསལ་ཟེར་བའི་ཟམ་གདོང་རིན་པོ་ཆེའི་གདམས་ངག་དེ་གསོན་པོར་གནས་དགོས་པ་མ་རེད་དམ་།
ཚེ་རིང་རྒྱུ་ཚོ། ད་གསལ་བོ་བཟོ་རྒྱུ་ག་རེ་ལྷག་སོང་། ད་རུང་སྡིག་པ་མིག་བཙུམ་བྱེད་རྒྱུ་ཡིན་པས་་་་་་་ཁྱེད་ཚོའི་སེམས་པ་ལྕགས་ལས་གྲུབ་མེད་ན་དགའ་ལྡན་ཕོ་བྲང་གིས་གསལ་བོ་བཟོ་དགོས་པ་ག་རེ་ལྷག་སོང་། ད་སོ་སོའི་བསམ་བློ་གཏང་རྒྱུ་མ་གཏོགས་ལྷག་མི་འདུག མགོ་བཀྱགས་ནས་བདེན་པའི་ཕྱོགས་ལ་འགྲོ་དང་མིག་བཙུམ་ནས་ནག་ཁུང་ནང་ལ་འཛུལ་སོ་སོའི་བལྟ་རྒྱུ་རེད།
ད་ངོ་མ་དངོས་ཡོད་གནས་ཚུལ་ཤེས་བྱུང་། ༢༠༡༦ ལོའི་སྲིད་སྐྱོང་སྤེན་པ་ཚེ་རིང་རྒྱལ་ལོ། ། བོད་རྒྱལ་ལོ། །
བོད་མི་དད་ལྡན་པ་ཚོས་མ་ནི་གྲངས་གསོག་བྱས་པ་ལས་ལྷག་པ་བློ་སེང་གིས་རྫུན་གྱི་འཁོར་ལོ་བསྐོར་གྱི་ཡོད་།
༢༠༡༡ ལོ་ལ། བློ་སེང་ཐོག་མར་སྲིད་སྐྱོང་ལངས་དུས།
ཁོང་ལ་དཔྱ་ཕྲལ་ལག་དེབ་མེད་སྟངས།
འབུམ་རམས་རྫུན་མ་ཡིན་སྟངས།
ཁང་རིན་རྐུ་མ་རྒྱག་སྟངས།
བོད་ཡིག་བོད་སྐད་མི་ཤེས་སྟངས།
སོགས་མང་པོ་བཤད་ནས། ཁོང་གི་རྐང་ཞབས་ཟུང་གཉིས་མར་འཐེན་ཐབས་བྱས་ཀྱང་དེ་ལམ་ལྷོང་མ་བྱུང་བ་རེད། མཐའ་མ་བདེན་པ་དེ་རྒྱལ་བ་རེད།
་
དེ་ནས་ད་ལོ་བཞི་དང་ཕྱེད་ཀའི་རྗེས་ལ། སྲིད་སྐྱོང་འོས་མའི་ཁ་གཏད་ཚོགས་གཙོ་སྤེན་སོགས་ནས། ཁོང་གིས་མི་འཇོན་པ་དང་། མི་དྲང་པ་ཅིག་རྐྱང་རྐྱང་བཤད་ནས། རྒྱ་གཞུངལ་ཕོགས་འོངས་བསམ་པའམ། རང་ཉིད་ཀྱི་འགྲོ་ལམ་བཀག་འོངས་གང་བསམ་པ་ཡིན་ནམ། སྲིད་སྐྱོང་བློ་སེང་ལས། ལྷག་ལྡབ་གཅིག་གཉིས་མང་བ། བྱ་རྒྱུ་ཡོད་གདེང་ཚོད་ཡོད་ཅེས་པའི་ཧམ་བཤད་ཀྱིས། མི་མང་མགོ་སྐོར་གཏོང་བཞིན་ཡོད་པ་ནི། རྩོད་མེད་ཅིག་རེད་འདུག་སྙམ་མོ།།
ད་དགའ་ལྡན་ཕོ་བྲང་ལ་དྲུང་ཆེ་དེ་འདྲ་འདུག་ག་གོང་ས་མཆོག་དགོངས་པ་བཞེས་ན་མ་གཏོགས་དགའ་ལྡན་ཕོ་བྲང་ཕྱི་སྟང་བརློག་བ་འདུག་ལར་ནས་བྲེ་སང་ཟེར་མཁན་དེ་ལ་མི་མང་ནང་མཐོང་ཚུལ་མངཔོ་རེད།
བློ་སེང་ལགས་ལ། སྐྱོན་ལས་ཡོན་ཏན་མང་བ་ཡོད་པས། དེས་ན་ད་ལོ་བློ་སེང་ལགས་ཡང་སྐྱར་སྲིད་སྐྱོང་དུ་ལན་ཅིག རྒྱལ་འགྱུར་ཅིག ཅེས་སྨོན་བཞིན་ཡོད་དོ།།
བློ་བཟང་སེང་གེས་མང་ཚོགས་ལ་རྫུན་བཤད། མགོ་སྐོར་བཏང་བ་རྣམས་རེ་རེ་ནས་ཁུངས་མི་འཁྱོལ་བ་ཆགས་ཏེ། ད་ནི་མང་ཚོགས་ཁྲོད་ན། མཐོང་ཆག་བཞིན་འདུག
ངོ་རྒོལ་ཅིག
https://www.facebook.com/537638236363545/videos/814679988659367/
ཅིག་གིས། བློ་སེང་མཆོག་གིས། སྤྱན་ཤེལ་ནག་པོ་སྐྱོན་བགྱིད་འདུག ཟེར་ནས་སྐྱོན་བརྗོད་བྱས་པ་ཡང་མཐོང་སོང་། ཧ་ཧ།། །།ཁོང་གི་ཆེད་དུ་ཡིན།། །།
https://www.facebook.com/fan.page.of.dr.lobsangsangay/
གོང་དུ་མཆན་ཉི་ཤུ་འདུག་པའི་ནང་གླ་ཡོད་ལས་མི་གཉིས་ལས་གཞན་བཅོ་བརྒྱད་ཀྱིས་ངའི་སྲིད་སྐྱོང་བློ་བཟང་བསང་སྒྱེ་ལ་ངོ་རྒོལ་བྱས་འདུག་པས་ཐར་པར་གཏོང་གི་མིནད། ང་མངའ་རིས་འབྲོག་པ་ཡིནད་ཏོ། ཀུ་རེ་ཡིན། སྐུ་རྩེ་ཞུས། ཉི་རིང་ཕུལ་ཆེད་དུའོ། །
སྤེན་པ་ཚེ་རིང་གི་བཀའ་མོལ་དེ་ཡག་པོ་གསལ་པོ་གསུངས་འདུག བཀའ་དྲིན་ཆེ། སྤེན་པ་ཚེ་རིང་རྒྱལ་ལོ།
ལར་ནས་སྤེན་ཚེའི་རྒྱབ་བསྐྱོར་བ་མང་ཆེ་བ་གཞུང་ཞབས་པ་དང་དེ་བཞིན་གཞུང་ཞབས་ཟུར་པ། སྤྱི་འཐུས་ལས་ཟུར། །མཁས་དབང་སོགས་མང་པོ་འདུག བློ་སེང་རྒྱབ་བསྐྱོར་བ་མང་ཆེ་བ། མི་མང་དཀྱུས་མ་དང་། གྲྭ་བ་དང་གྲྭ་ལོག གསར་འབྱོར། བུད་མེད་སོགས་རེད་འདུག
གནས་ཚུལ་གང་ཡིན་ཡང་རྒྱུ་མཚན་དང་རྒྱབ་ལྗོངས་ལ་བརྟེན་ནས་གསལ་བཤད་བྱེད་དགོས། རྒྱུ་མཚན་དང་རྒྱབ་ལྗོངས་ཚད་ལྡན་ཡོད་ཕྱིན་དེ་ལ་ཁས་ལེན་གནང་དགོས་པ་ནི་འགྲོ་བ་མིའི་བཟང་སྤྱོད་ཀྱི་ཆ་ཤས་ཡིན། གལ་ཏེ་དེ་ལྟར་མ་གནང་བ་ཡིན་ན། རང་ཉིད་ཀྱི་སྤུ་མདོག་སྟོན་བཞིན་པ་ལས་གནས་ལུགས་བདེན་པ་ཞིག་ལ་ཁྱད་པར་མི་འགྲོ དེས་ན་བདེན་པའི་གནས་ལུགས་ཀྱི་ངོས་ནས་བརྡར་ཤ་གཅོད་པ་ལས་ལྐུགས་པ་ཨུ་ཚུགས་ཀྱི་བྱེད་སྟངས་དེ་ནོར་འཁྲུལ་ཡིན། སྲིད་སྐྱོང་འོས་མི་གཉིས་པོའི་རྒྱབ་སྐྱོར་བ་ཆེ་གེ་མོ་སུ་ཞིག་ཡིན་ཡང་ཁོང་གཉིས་པོའི་ཆེ་མཐོང་ལ་གནོད་རྒྱུའི་ལས་ཀ་མ་བྱས་ན་བཟང་ངོ་།།
དངོས་འབྲེལ་བྱས་ན་བློ་སེང་ལ་སྔོན་འགྲོའི་སྐབས་འོས་ཤོག་ཁྲི་གཉིས་ཙམ་མང་བ་ཐོབ་པ་ནས་སྲིད་སྐྱོང་བློ་སེང་ལ་བརྟན་འཁེལ་བར་ངོས་འཛིན་བྱས་ཆོག་ཀྱང་ དེང་སང་བློ་སེང་ལ་རྒྱབ་སྐྱོར་གནང་མཁན་ཚོའི་བྱེད་རྒྱུ་མང་དྲག་ནས་མི་མང་རྣམ་དཱོགས་ཟ་ནས་བློ་སེང་གི་འོས་གྲངས་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་ ཚོགས་གཙོ་སྤེན་པའི་འོས་གྲངས་ཡར་འཕལ་རྒྱུ་ཡིན་པ་གཏན་འཁེལ་འདུག་ན་ གལ་སྲིད་བློ་སེང་འོས་ཤོར་ན་དེའི་འགན་དེ་རྒྱབ་སྐྱོར་གནང་མཁན་ཚོའི་ངེས་པར་དུ་འཁྱེར་དགོཧས་པ་མྈརེད་དམ་།
བྱེད་རྒྱུ་མང་ན་བྱ་རྐང་ཆག་།
ལས་རྒྱུ་མང་ན་ལམ་ནོར་ཤོར་།
བཤོད་རྒྱུ་མང་ན་རྫུན་རྐུབ་རྡོལ་།གླེང་རྒྱུ་མང་ན་གླེང་སྙོག་ས་མང་།
བརྒད་རྒྱུ་མང་ན་རྒལ་ཚིག་བུད་།
ཟ་རྒྱུ་མང་ན་བཤལ་དཀྱུགས་མང་།
ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
བདེན་གཏམ་ངོ་མ་བཤད་ཡོད་དོ་།
ཉན་དང་མི་ཉན་རང་རང་བསམ་བློ་རེད་།
#13 ཡ་མ་ཚེ་རིང ་ལགས་ཀྱིས་སྤེལ་དོན།:
March 5th, 2016 at 10:31 pm
ཚེ་རིང་རྒྱུ་ཚོ། ད་གསལ་བོ་བཟོ་རྒྱུ་ག་རེ་ལྷག་སོང་། ད་རུང་སྡིག་པ་མིག་བཙུམ་བྱེད་རྒྱུ་ཡིན་པས་་་་་་་ཁྱེད་ཚོའི་སེམས་པ་ལྕགས་ལས་གྲུབ་མེད་ན་དགའ་ལྡན་ཕོ་བྲང་གིས་གསལ་བོ་བཟོ་དགོས་པ་ག་རེ་ལྷག་སོང་། ད་སོ་སོའི་བསམ་བློ་གཏང་རྒྱུ་མ་གཏོགས་ལྷག་མི་འདུག མགོ་བཀྱགས་ནས་བདེན་པའི་ཕྱོགས་ལ་འགྲོ་དང་མིག་བཙུམ་ནས་ནག་ཁུང་ནང་ལ་འཛུལ་སོ་སོའི་བལྟ་རྒྱུ་རེད།
ངོ་མ་གསལ་བཤད་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་འདི་ལྟར་གསལ་པོ་གནང་ན་རང་གཞན་གཉིས་ལ་ཕན་ངེས་རེད་གང་ལྟར་སུ་རྒྱལ་དང་མི་རྒྱལ་གཙོ་བོ་མ་རེད་གཙོ་བོ་བདེན་པ་དང་དྲང་མོ་བཤད་རྒྱུ་དེ་རེད།