བོད ལྷ་ཀླུ་གཉན་གསུམ།
བོད་རྒྱ་གཉིས་ཀྱི་གནད་དོན་ལ་དོ་སྣང་ཡོད་མཁན་གྱི་བོད་ཕྱི་ནང་གཉིས་ཀྱི་ གཙོ་བའི་བོད་དང་རྒྱ་རིགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་ཝང་ལི་ཞང་ཟེར་བའི་ མིང་འདི་ཕལ་ཆེར་མ་གོ་མཁན་མེད་ཟེར་ན་མ་འགྲིག་པ་གཏན་ནས་མེད།
ཝང་ལི་ཞང་ཟེར་བའི་མིང་ཡང་བོད་རྒྱའི་གནད་དོན་གྱི་དཀའ་རྙོག་དང་འགྲོག་ནས་ བོད་རྒྱ་གཉིས་ཀྱི་གཞོན་རབས་པ་ཚོའི་མིག་མདུན་དུ་བླངས་པའི་བོད་རྒྱའི་གནད་དོན་ གླེང་མཁན་གྱི་རྩོམ་པ་པོ་ཆེས་རང་དབང་གི་འགྲུལ་བཞུད་ཡོད་མཁན་གྱི་རྒྱ་ནག་ནང་ གི་མི་ཁྱད་པར་ཅན་ཞིག་ཆགས་ཡོད་ལ། ཁོ་རང་གིས་བོད་དོན་ཐད་དུ། རྒྱ་རིགས་རྩོམ་པ་པོ་གཞན་དག་ལས་བོད་རྒྱའི་གནད་དོན་ལ་རྩོམ་ཡིག་མང་བ་དང་དོ་ སྣང་བྱེད་ཡུལ་དུ་གྱུར་བ་མི་ཉུང་བ་ཞིག་སྤེལ་ཡོད།
དེ་དང་འགྲོག་ནས་མི་ཁོ་རང་ཡང་བོད་བཙན་བྱོལ་གཞུང་གིས་ཀྱང་། དོན་སྣང་བྱེད་ཡུལ་དུ་གྱུར་བའི་མི་སྣ་གལ་ཆེན་ཞིག་ལ་ངེས་འཛིན་བྱས་པའི་སྒང་ལ། ཁོ་རང་གི་རྩོམ་ཡིག་ཆེས་མི་ཉུང་བ་ཞིག་ཀྱང་བོད་ཡིག་ལ་སྒྱུར་ནས་བཙན་བྱོལ་སྤྱི་ ཚོགས་ནང་རྒྱ་ཁྱབ་དུ་སོང་བ་དང་བསྟུན། བཙན་བྱོལ་ནང་དུ་ཡང་ཁོ་རང་གི་བསམ་ཚུལ་ལ་མཐའ་གཅིག་དུ་དགའ་མོས་དང་དང་ལེན་བྱེད་ མཁན་ཡང་བོད་ནང་གི་བོད་མི་ལས་ཀྱང་མང་དུ་བྱུང་ཡོད་ཅེས་བཤད་ཀྱང་གཏན་ནས་ཁྲིམས་ འགལ་མིན། ལྷག་པར་དུ་མི་འདི་༧གོང་ས་མཆོག་དང་ཐེངས་མང་མཇལ་འཕྲད་ཀྱི་གོ་སྐབས་ཀྱང་རྒྱ་ནག་ ནང་གི་ཤེས་ཡོན་ཅན་གཞན་དག་ལས་ཁོ་རང་ལ་མང་བ་ཐོབ་ཡོད།
མི་འདིས་བོད་མི་ལ་རྒྱུས་ལོན་བྱས་པའི་གྲངས་ཚད་ཅིག་བསྡུར་བ་ཡིན་ན། བོད་རིགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་ད་དུང་རང་རིགས་བོད་ལ་རྒྱུས་ལོན་བྱས་ པ་ཡང་འདང་གི་མེད་ཟེར་ན་ཆོག་པའི་ཚད་དུ་བསྐྱལ་ཡོད། བོད་མི་རིགས་འདི་ལ་ཁ་ལོ་སྒྱུར་བའི་ཐབས་ཕྱོགས་ཀྱང་ཁོ་རང་གིས་རྒྱ་ནག་ནང་གི་ དཔོན་རིགས་དག་ལས་ཀྱང་གསལ་བོ་ཤེས་ཡོད།
གནས་ཚད་འདི་འདྲ་ཞིག་ལ་སླེབས་དུས་སུ། ང་ཚོས་ཁོ་རང་ལ་ཕྱོགས་གང་ནས་བལྟས་ཀྱང་གཟབ་ནན་བྱེད་པའི་དུས་ཤིག་ཆགས་ཡོད། ཐོག་མར་ཁོ་རང་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་མི་ཞིག་ཞིག་སྟེང་ནས་བལྟས་ པ་ཡིན་ན་འགྲིག་གི་ཡོད་དམ་ཟེར་ན། དེ་ཡང་དེ་འདྲའི་ཚད་ལྡན་ཞིག་དུ་གྱུར་མིན་མི་ཤེས་ཀྱང་། ཁོ་རང་གི་ད་ལྟའི་བར་དུ་གླེང་བསྡད་པ་ཆེས་མང་བོ་ཞིག་གི་བརྗོད་བྱ་ནི། རྒྱ་བོད་ཀྱི་གནད་དོན་ཡིན་ལ། རྒྱ་བོད་ཀྱི་གནད་དོན་གླེང་བའི་ཆེས་མཐའ་མཇུག་གི་ཐུག་ས་གཙོ་བོ་དེ་ཡང་། དུས་ནམ་ཡང་བོད་འདི་སྔ་མོ་ནས་རང་བཙན་རྒྱལ་ཁབ་གཅིག་གི་ངོ་བོར་གནས་མྱོང་བ་གཏན་ ནས་གླེང་མེད།
འོ་ན། དེ་མེད་ཀྱང་ཁོ་རང་གིས་བོད་རྒྱའི་གནད་དོན་འདི་ནི། བོད་རྒྱ་གཉིས་ཕན་གྱི་ལམ་ལ་འགྲོ་བར་འབད་བརྩོན་བྱས་ཡོད་དམ་ཟེར་ན། དེ་ཡང་མཐའ་མའི་གནད་འགག་ལ་ཐུག་ཡོད།
ཁོ་རང་སྒེར་ངོས་ནས་བོད་ལ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡིས་ནམ་རྒྱུན་དུ་ གསུངས་བཞིན་པའི་ཆེས་མཐོའི་རང་སྐྱོང་གི་བདག་དབང་བོད་མིར་སྤྲོད་རྒྱུར་གྲྭ་ སྒྲིག་ཡོད་དམ་ཟེར་བའི་དྲི་བ་འདི་གཅིག་པོ་ལས་གཞན་གང་ཡང་ལུས་མེད།
དེ་ལ་ཁོ་རང་གིས་ལན་གཅིག་མ་གཏོགས་འདེབས་དགོས་ཀྱི་མེད། འདོད་མོས་ཡོད་དམ་མེད་ཟེར་བ་དེ་ལས་གཅིག་ཡིན། དེ་ནི་ང་ཚོས་ཅི་ནས་ཀྱང་ཤེས་དགོས་པའི་གནད་དོན་ངེས་དེ་ཆགས་ཡོད།
གྲོགས་པོ་ང་གཉིས་བསམ་ཚུལ་གཅིག་མཚུངས་རེད།
ཡག་པོ་བྲིས་འདུག་ངའི་བསམ་ནའང་མི་དེ་ལ་བོད་མའི་
ངེས་བར་དུ་དོགས་ཟོན་བྱེད་དགོས་ངེས་སྙམ།
སྔར་ལོ་རྡ་སར་ཡོང་ནས་རྩོམ་པ་མཐུན་ཚོགས་ནང་གཏམ་བཤད་སྐབས།
བོད་ཀྱིས་རྩོམ་པ་པོ་ཀུན་ཐར་སོགས་ནས་དྲང་བདེན་གྱིས་ལམ་ནས་བསམ་ཚུལ་
བརྗོད་པར་བོད་མི་བྱམས་ཆུང་འགའ་རེས་ཀུན་ཐར་སོགས་ཀྱིས་༸གོང་ས་མཆོག་ལ་
ངོ་ལོག་རྒྱབ་པའི་ཉེས་པར་བརྗོད་ཀྱང་
ངས་ཀུན་ཐར་སོགས་ལ་རྒྱབ་སྐྱོར་ཡོད་ལབ་ཡིན།
རྒྱུ་མཚན་ང་རང་ཚོ་བོད་རང་གི་ཤེས་ཡོན་ཅན་ཀྱིས་མི་སྣ་ལའང་ཡིད་ཆས་དཀའ་དུས་
འདིར་རྒྱ་རིག་ཞིག་ལ་དོགས་ཟོན་དང་རྒྱུས་ལོན་བྱས་པར་སྐྱོན་ཅི་ཡོད།།
བོད། ལྷ་ཀླུ་གཉན་གསུམ་ལགས་དངོས་ནས་ཡག་པོ་བྲིས་འདུག་རྗེས་སུ་ཡིད་རངས་ཡོད། བོད་ནང་གི་རྩོམ་པོ་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་ཚད་ལས་འདས་པའི་བཀག་འགོག་བྱས་ཡོད་པ་དང། མ་ཟད་༧་གོང་ས་མཆོག་ལ་མཇལ་ཁ་ཙམ་བྱས་ཀྱང་བཙོན་འཇུག་ཕར་ཞོག འདྲི་གཅོད་གཏོང་བ་སོགས་ཀྱང་ཐོས་རྒྱུ་མེད་པ་འདི་དངོས་ནས་ཡ་མཚར་པོ་ཞིག་མིན།
ནོར་བཅས། བར་ནས་ཆད་འདུག། ཝང་ལི་ཞང་ཞེས་པ་འདི་གང་དྲན་འབྲི་བ་སོགས་སྨྲ་བརྗོད་རང་དབང་ཡོད་པ་འདྲ་བོ་དང།
སྤུན་ཟླ་ཚོ། དོན་དངོས་ཐོག་འུ་ཅག་གིས་ཝང་ལི་ཞང་ལ་ལྟ་སྟངས་ཅི་འདྲ་ཞིག་བཟུང་ཡོད་པ་དེ་འུ་ཅག་གིས་དངོས་ནས་ཤེས་ཀྱི་ཡོད་དམ། ཡང་ན། ཤེས་མི་དགོས་པ་ཞིག་དང་། དེ་མིན་ཤེས་ཀྱང་དགོས་པ་མེད་པ་ཞིག་དུ་འདོད་དམ། མིན་ན། མ་ཤེས་ཐབས་མེད་ཀྱི་གནད་དོན་གལ་ཆེན་ཞིག་ཆགས་ཡོད་དམ། དེ་ཡི་སྐོར་ལ་སྤུན་ཟླ་དག་གིས་རང་རང་གི་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ།
སྤུན་ཟླ་ཚོ། འུ་ཅག་གིས་ཝང་ལི་ཞང་འདི་ངོ་ཤེས་ཀྱི་ཡོད་དམ། ཡང་ན་ཤེས་མི་དགོས་པ་ཞིག་རེད་དམ། དེ་མིན་ཤེས་ཀྱང་དགོས་པ་མེད་པ་ཞིག་རེད། མིན་ན། ཅིས་ཀྱང་མ་ཤེས་ཐབས་མེད་ཀྱི་གནད་དོན་ཞིག་ཆགས་ཡོད་དམ། དེ་ཡི་སྐོར་ལ་རང་རང་གི་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ།
ཤ་ཁྲག་ལགས།
ང་ཚོ་བོད་ནང་ཁུལ་ལ་ཅིག་ཅིག་མིག་མིག་ཟེར་ནས་དོགས་པ་གནང་དགོས་སྐོར་གླེང་རྒྱུའི་གོམས་བྱང་ཡོད་པ་ལས་་་་་་མི་འདི་རིགས་ལ་དེ་ཙམ་དོགས་གནང་དགོས་སྐོར་གླེང་མཁན་ཉུང་ཉུང་ཤིག་ལས་མེད། རྒྱ་རྒན་འདི་པེ་ཅིང་ནས་དྷ་སར་ཡོང་སྟེ་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ཚོའི་བསམ་བློའི་རྒྱུས་ལོན་བྱས་་་་་གཞི་རིམ་མང་ཚོགས་ཀྱི་འཚོ་བའི་ཐོན་ཁུངས་དང་བསམ་པའི་འཁྱེར་སོ་་་་་་་བོད་གཞུང་གི་སྲིད་ཇུས་འཛིན་སྟངས་དང་ལས་སྣེའི་ཚོའི་གླ་ཕོགས་ཡོང་ཁུངས་སོགས་ལ་ཞིབ་འཇུག་གང་ཐུབ་གནང་ནས་ཕྱིར་རྒྱ་ནང་ལ་སོང་། རྒྱ་གཞུང་གིས་ཁོང་ལ་དྷ་སར་དང་༧་གོང་ས་མཆོག་ལ་མཇལ་བའི་ཉེས་པ་བཅད་ཡོད་པའི་གཏམ་འཆར་ཙམ་ཡང་གོ་རྒྱུ་མེད་ནའང་། ང་ཚོས་འདི་ནས་ཁོང་ལ་ཆེར་བསྟོད་གནང་གིན་པ་ལས་ཁོང་གི་འགྲོ་སྟངས་འདུག་སྟངས་ལ་ཞིབ་འཇུག་གནང་མཁན་ཉུང་ཉུང་ལས་མི་འདུག དེ་ཙམ་ཡིན།
ཝང་ལིས་ཞོན་སྔོན་མ་རྡ་སར་ཡོང་དུས་བཙན་བྱོལ་ནང་གི་ཤེས་ལྡན་ཡིན་མིན་ཚང་མས་རང་གི་མངོན་བསྟན་ཟིན་པ་མ་ཟད། སྐབས་དེར་ཁོང་དང་ཁོང་གི་བོད་དོན་རྩོམ་ཡིག་བྲིས་ཚད་ཀྱི་སྐོར་ནས་བགྲོ་གླེང་བྱས་ཟིན་པ་རེད། ད་འདི་ནས་གླེང་གཞི་ཞིག་བཙུགས་ཀྱང་དམིགས་གསལ་གླེང་མཁན་མེད་པ་འདྲ།
རྩམ་དགའ་བདེ་མོ་ཡིན་ནམ། འུ་གཉིས་coffee house ནང་ནས་འཛོམས་རྒྱུ་དེ་ཧ་ཅང་དཀའ་སེ་འདུག་གཱ། མ་གཞི་ཁྱོད་དང་འགྲོ་འདུག་གཅིག་པའི་མཛེས་པ་ཡོད་ནས་ང་ཡང་ཁྱོད་དང་ལྷན་དུ་ཡུན་རིང་འདུག་རྒྱུར་སྟབས་བདེ་ཞིག་མ་རེད། གང་ལྟར་སང་ཉིན་དུས་ལྟར་ཚིགས་ཇ་འཐུང་བར་ཕེབས་རོགས་ཞུ།
ང་ཚོ་ལ་ཉམས་ཞིབ་པའི་མིང་ཁུར་མཁན་མང་པོ་མཐོང་ཐོས་འདུག ཁོང་རྣམ་པས་འདི་རིགས་ལ་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་བྱས་ཏེ་བོད་མིའི་སྤྱི་ཚོགས་ལ་ཝང་ལི་ཞང་གི་མངོན་ལྐོག་གི་ལོ་རྒྱུས་གསལ་པོར་བསྒྲགས་ཐུབ་པ་ཡིན་ན། ང་དང་ང་ལྟ་བུའི་བོད་རིགས་རྣམས་ལ་དོགས་སྣང་དངངས་སྐྲག་གི་མནར་གཅོད་མྱོང་དགོས་དོན་མི་འདུག དེ་རེད་དམ་དྲྭ་གྲོགས་ཚོ།