འབྲོག་རུ་ཆོས་གྲགས།
དགྲ་ནང་ལ་ཡོང་ན། མགོར་མར་བྱུག་ཟེར།
ཉེ་ལམ་ཝང་ལེ་ཞུང་གངས་སྐྱིད་ལ་ཡོང་ནས་དྲི་བ་དྲིས་བྱེད་སྐབས་བཅུད་པར་རྫ་སྐྱེས་གཙོས་ང་ཚོ་མི་འགས་ངོ་རྒོལ་གྱི་རྣམ་པ་ཞིག་བསྟན་པ་ཡིན། ཡིན་ནའང༌། ཁ་སང་དེ་རིང་དྷ་སའི་སྤྱི་ཚོགས་ནང་དེ་གླེང་གཞི་གཙོ་བོ་ཞིག་ཏུ་ཆགས་ཡོད་པ་མ་ཟད། བཅོས་སྟངས་ལས་སྟངས་དེ༌། མ་འགྲིག་རབས་དང༌། མ་བཟང་རབས་བཤད་མཁན་ཡང་གང་འཚམ་ཞིག་ཡོང་གིན་འདུག ཁོང་ཚོས་བཤད་པའི་སྐད་ཆའི་བསྡོམས་ཚིག་ལ་གཏམ་དཔེ་འདི་འཇོག་གིན་འདུག དགྲ་ནང་ལ་ཡོང་ན། མགོར་མར་བྱུག་ཟེར་བའི་གནས་ལུགས་དེའང་མ་ཤེས་པ་རེད་ཟེར། ངའི་གདོང་ལ་བལྟས་ནས་ལབ་མཁན་ཚོར་ངས་དྲིས་ལན་འོས་འཚམ་རེ་རྒྱབ་ནས་བཞག་པ་ཡིན། འོན་ཀྱང༌། ཁ་སང་དེ་རིང་དྲ་གྲོགས་རེ་འགས་ཀྱང་སྐད་ཆ་དེ་གནས་ལུགས་ཡོད་མདོག་གིས་དྲ་ཐོག་ནས་སྐད་ཆ་དེ་ཤུགས་ཆེ་རུ་གླེང་གིན་འདུག་པས་དེ་རིང་དེར་གསལ་བཤད་ཅིག་བྱ་དགོ་བསམ་བྱུང༌།
མ་གཞི་ང་རང་སྒེར་ངོས་ནས་ཝང་ལེ་ཞུང་རྒྱ་མི་ཞིག་རེད། རྒྱ་མི་རིགས་དེ་ང་ཚོའི་དགྲ་ཡིན་བསམ་ནས་ངོ་རྒོལ་བྱས་པ་་གཏན་ནས་མིན། ངས་ཁོས་བྲིས་རྩོམ་གནང་བའི་རྩོམ་ཡིག་གི་རྒྱབ་ལྗོངས་ལ་ངོ་རྒོལ་བྱས་པ་ཡིན། རང་གི་ངོས་ནས་ཝང་ལེ་ཞུང་བོད་མིའི་བསམ་བློའི་གསང་ཉུལ་བར་དོགས་པ་ཡོད་བཞིན་དུ་ངོ་རྒོལ་བྱས་པ་ཡིན་མ་གཏོགས། ཝང་ལེ་ཞུང་རྒྱ་མི་རིགས་ཤིག་རེད། རྒྱ་མི་རིགས་ང་ཚོའི་དགྲ་བོ་ཡིན་བསམ་ནས་ངོ་རྒོལ་བྱས་པ་གཏན་ནས་མིན། གལ་སྲིད་ཁྱེད་ཅག་གིས་བཤད་པ་ནང་བཞིན་དགྲ་ནང་ལ་ཡོང་ན། མགོར་མར་བྱུག་ཟེར་བའི་སྐད་ཆ་དེས་ཝང་ལེ་ཞུང་ངམ་རྒྱ་མི་རིགས་ནི་ང་ཚོའི་དགྲ་བོ་ཡིན་པ་ཤུགས་ཀྱིས་བསྒྲུབ་ཡོད་པ་མ་རེད་དམ། ངའི་བསམ་ན། སྐད་ཆ་དེ་ནོར་འཁྲུལ་ཚབས་ཆེན་ཞིག་དང༌། རྒྱབ་འགལ་ཆེན་པོ་ཞིག་ཏུ་མི་ཆགས་པའི་ངེས་པ་གཏན་ནས་མེད།
ངའི་རིགས་མཐུན་གྱི་སྤུན་ཟླ་རྣམས་པ། བསམ་བློ་གཏད་དུ་བཏང་ནས་སྐད་ཆ་ཤོད་དང་། ཁྱི་རྒྱག་སྐར་མ་ཟུག་ནས་ཅི་ལ་ཕན།
དཔེ་ཀློག་མང་ཙམ་བྱས་ན་རྟོག་འཇུག་རྙེད་ཐུབ།།
དཔྱད་ཞིབ་གཏིང་ཟབ་བྱས་ན་དཔྱོད་ཤེས་རྙེད་ཐུབ།།
དཔྱོད་ཤེས་རིག་པ་ཡོད་ན་བླུན་ལྐུག་གྲོལ་འགྲོ།།
རིག་པའི་མེ་དཔུང་འབར་བའི་མཁས་པ་ཆགས་འགྲོ།།
བླུན་པོ་སྨྲ་བ་ཉུང་ན་མིག་ལ་མཛེས་འགྲོ།།
ལྐུག་པ་འགྲོ་རྒྱུགས་ཉུང་ན་སེམས་ལ་རན་འགྲོ།།
སེམས་ཀྱི་མུན་པ་སེལ་བའི་ཤེས་རབ་སྒྲོན་མེ།།
དཔེ་ཀློག་མང་ཙམ་བྱོས་དང་དེ་ལས་མི་འདུག།
ཧང་ལི་ཞོན་སྙིང་རྗེ་པེ་ཅིན་ནས་བསྡད་ན་རྒྱ་གཞུང་གིས་འདུག་གི་མི་འཇུག་རྡ་སར་ཡོང་ན་བོད་པས་འདུག་གི་མི་འཇུག
༡ ཁྱེད་རང་གིས་ཝང་ལི་ཞོང་གི་རྩོམ་ཡིག་གི་རྒྱབ་ལྗོངས་ལ་ངོ་རྒོལ་བྱས་པ་དེ་ནོར་འཁྲུལ་རེད། ངོ་རྒོལ་བྱེད་པ་ལས་ཝང་གི་རྩར་བཅར་ཏེ་ཕ་འདྲི་ཕུགས་འདྲི་བྱས་པ་ཡིན་ན་ཁྱེད་རང་གི་དྭོགས་གཞི་ཚང་མ་གསལ་བོར་ཆགས་ཡོད་རྒྱུ་རེད། གཅིག་་བྱས་ན་དངོས་གནས་ཁྱེད་རང་གིས་ཝང་ལ་་གདོང་འབག་ཅིག་ཡོད་ན་དེ་བཤུ་ཐུབ་ཡོད་རྒྱུ་རེད།
༢ ཡང་ཁྱེད་རང་ནས་ཝང་ལེ་ཞུང་བོད་མིའི་བསམ་བློའི་གསང་ཉུལ་བར་དོགས་ནས་ངོ་རྒོལ་བྱས་པ་ཡིན་ན་དེ་ཡང་ནོར་བ་རེད། རྒྱ་གཞུང་གིས་ང་ཚོ་བོད་མིའི་བསམ་ཚུལ་མི་ཤེས་པ་དང་ཤེས་ཀྱང་བདག་པོ་རྒྱག་གི་མེད་པ་རེད། གལ་སྲིད་བསམ་བློའི་གསང་ཉུལ་བ་ཞིག་ཡོང་ན་ང་ཚོས་དགའ་བཞིན་སྤྲོ་བཞིན་བསུ་བ་བྱས་ནས་མི་རིགས་འདིའི་བསམ་བློ་དམར་རྗེན་ཁོ་ལ་བཤད་ནས་མ་གོ་མ་ཤེས་པ་མེད་པ་བཟོ་དགོས་པ་ལས་ངོ་རྒོལ་བྱས་ན་ག་ལ་འགྲིགས།
༣ དགྲ་ནང་ལ་ཡོང་ན། མགོར་མར་བྱུག་ཟེར་བ་དེ་ཁྱེད་རང་གིས་བཤད་པ་ལྟར་དེ་འདྲའི་ཚབས་ཆེ་བའི་སྐད་ཆ་ཞིག་ཏུ་ངས་མི་མཐོང་། དེ་ནི་སྐད་ཆ་ཞིག་ལ་གོ་བ་ལེན་སྟངས་དང་འགྲེལ་རྒྱག་སྟངས་ཙམ་གྱི་ཁྱད་པར་རེད། དེ་བས་དྭོགས་གཅོད་བྱེད་དགོས་པའི་མི་སྒོ་ཁ་ཡོང་ན་དྭོགས་གཅོད་ཀྱི་ཚབས་ཏུ་ངོ་རྒོལ་གྱི་བྱ་སྤྱོད་བསྟན་པ་དེ་ནི་སྐད་ཆ་ཙམ་མིན་པར་སྦྱོར་བ་རྩུབ་པོ་ཞིག་ལག་ལེན་བསྟར་བ་རེད་ལ་གོ་སྐབས་རྩ་ཆེན་པོ་ཞིག་ལ་རྒྱབ་གཏད་པའང་རེད། འཐོབ་བྱ་ཡོད་སྲིད་པའི་གྲུབ་འབྲས་ཤིག་སྣང་མེད་ངང་དོར་བའང་ཅི་ལ་མིན།
དཔེ་ཀློག་མང་ཙམ་བྱས་ཀྱང་ཁོག་རྒྱ་ཆུང་འདུག།
དཔྱད་ཞིབ་གཏིང་ཟབ་བྱས་ཀྱང་དཔྱོད་ཤེས་མ་རྙེད།།
དཔྱོད་ཤེས་བློ་མིག་མེད་པས་རྡོག་ལམ་མ་མཐོང་།།
རིག་པའི་མེ་དཔུང་མི་མཐོང་དུད་པ་ལོང་ལོང་།།
ངས་དོགས་པ་བྱེད་འོས་པ་ཞིག་རེད།
ང་དོགས་པ་ཡོད། ཝང་ལེ་ཞུང་ལྟ་བུ་མང་བོ་ལ་དོགས་པ་ཡོད།
ཝང་ལེ་ཞུང་གིས་སྐབས་དེའི་བགྲོ་གླེང་ཐོག་ཁོ་ད་ཐེངས་དྷ་སར་ཡོང་དོན་དོན་དག་ཆེ་བོ་ཅི་ཡང་མེད།
ཁུ་སིམ་མེར་ཡོང་ནས་ཁུ་སིམ་མེར་ཕྱིར་ལོག་རྒྱུ་དེ་ཡིན་ཟེར།
ཡིན་ནའང་། ཁ་སང་དེ་རིང་ཁོས་བཙན་བྱོལ་གྱི་དམངས་གཙོའི་ཐོག་ལག་པ་འཆང་གི་ཡིན་ཞེས་ལས་འཆར་ལ་སོགས་བསྒྲིགས་ཚར་འདུག
ད་དུང་བོད་གཞུང་ལའང་སྙན་གསན་ཞུས་འདུག
ད་ཝང་ལེ་ཞུང་གིས་ཨེ་ཉན་གི་གསང་ཉུལ་འདི་འདྲ་བྱས་པ་རེད།
མགོ་སྐོར་འདི་འདྲ་བྱས་ནས་བཏང་བ་རེད།
ད་ཁྱོས་ཨེ་ཤེས་ཐལ།
ཞིབ་འཇུག་ནན་མོ་བྱས་ན་བདེན་པ་རྙེད་ཐུབ།།
དཔྱོད་ཤེས་གཙིགས་ཏུ་བཀུར་ན་རྨོངས་བ་སེལ་ཐུབ།།
རིག་པ་རྨོངས་བར་འཐོམ་པའི་དུད་འགྲོའི་མི་གཟུགས།།
ཁམས་འདིར་བསྡད་ཀྱང་ཆོག་ལ་མ་བསྡད་ཀྱང་ཆོག
ཝང་གི་དོན་ལ་ནང་ཁུལ་འཁྲུགས་ནས་ཅི་ལ་ཕན།།
རྒྱ་མི་གཅིག་གིས་རྡ་ས་དཀྲུགས་པའི་མཐུ་ལྡན་ན༎
ཝང་དང་འདྲ་བའི་རྒྱ་རིགས་བཅུ་ཙམ་སླེབས་རྒྱུ་ན༎
བོད་པའི་ནང་ཁུལ་ཟིང་ཟིང་འགྱུར་ཏེ་བདེན་པའི་མཐའ༎
རྩོད་པའི་དགོས་འདུན་ཡེ་མེད་འགྱུར་ལ་ཐེ་ཚོམ་ཅི༎
ཁོ་རེ། ཁྱོད་ཚོ་སྐོར་ཁག་ཅིག་ནམ་ཡང་ཁ་ཡང་མགོ་ཡང་བྱས་ནས་ལུག་འདྲོགས་ཁྱི་རྒྱུག་ལ་དགའ་བ་ངས་ཤེས་ཡོད།ཁྱོད་ཀྱིས་ཝང་གི་རྩོན་ཡིག་འབོར་ཆེན་དེའི་རྒྱབ་ལྗོངས་ལས་ཁོ་པ་རྒྱ་མིའི་གསང་ཉུལ་བ་ཞིག་ཡིན་པའི་གཏམ་ཐག་བཅད་ཡོད་ན། རྩོམ་ཡིག་གང་དང་གད་ནས་རྒྱབ་ལྗོངས་ཅི་དང་ཅི་འཚོལ་རྟོག་བྱུང་ཡོད་པ་འདིར་ང་ཅག་ལ་མཚམས་སྦྱོར་ཞིག་བྱོས་ཤོག་དང་།ངས་ཁྱོད་ཀྱི་སྐད་ཆ་སྒུག་ནས་སྡོད་ཆོག