གནས་ཚུལ་མཁོ་སྤྲོད་པ། ཨ་རིག་དགེ་མཐོང་།
ཁ་སང་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་གི་རེས་གཟའ་ཉི་མའི་གུང་སེང་དང་སྟབས་བསྟུན་གྱིས་ཝཱ་ཎའི་མཐོ་སློབ་ཀྱི་དགེ་ལུགས་ཚོགས་པས་གོ་བསྒྲིགས་གནང་སྟེ། བོད་ནང་གི་དཔའ་བོ་དཔའ་མོ་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་སྲོག་བློས་གཏོང་གནང་མཁན་དག་གི་ཆེད་དུ་བསྔོ་བ་སྨོན་ལམ་དང་། མཆོད་འབུལ་ཞིག་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཛིན་སྐྱོང་བསྟི་གནས་ཁང་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་དུ་འཚོགས་སོང་ལ། དེར་ཝཱ་ཎའི་དགེ་སློབ་གཉིས་དང་གདན་ས་གསུམ་གྱི་འཐུས་ཚབ་དགེ་འདུན་པ་དག་གཙོས་སྐྱ་སེར་ཉིས་བརྒྱ་ལྷག་འཛོམས་ཏེ་སྐྱབས་འགྲོ་སེམས་སྐྱེད་དང་སྨོན་ལམ་རྣམ་ལྔ། དེ་བཞིན་བླ་མ་མཆོད་པའི་ཆོ་ག་དང་འབྲེལ་བའི་ཚོགས་རྒྱས་པ་ཞིག་བཏང་ཞིང་བསྔོ་བ་སྨོན་ལམ་གང་རྒྱས་གང་སོང་། གོ་སྒྲིག་པ་ཚོས་འགྲེལ་བཤད་ལྟར་ན། ལོ་རེར་ཝཱ་ཎ་མཐོ་སློབ་འདིར་ཆོས་རྒྱུད་ཁག་གིས་སྤྲོ་གསེང་གཏོང་བའི་ལུགས་སྲོལ་ཅིག་ཡོད་པ་ལས། ད་ལོ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིག་སྟེ་དགེ་ལུགས་ཚོགས་པའི་ངོས་ནས་སྤྲོ་གསེང་གཏོང་རྒྱུ་མཚམས་བཞག་སྟེ་མཆོད་འབུལ་འདི་གོ་བསྒྲིགས་བྱས་པ་ཡིན་ཟེར།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སོགས་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
ཨ་རིག་དགེ་མཐོང་ལགས་ཐུགས་རྗེ་ཆེ། གུས་མོར་ཉིད་དང་འབྲེལ་བ་བྱེད་ས་ཞིག་གནང་རོགས།
དགེ་ལུགས་ཚོགས་པ་ཟེར་བ་དེ་རིང་དང་པོར་གོ
ཡིན་རྒྱུ་དགེ་ལུགས་བདེ་དོན་ཡིན་རྒྱུ་རེད།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སོགས་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
མེ་ཏོག་དཀར་པོ་ལགས། བརྗོད་གཞི་དང་འབྲེལ་ནས་འགྲོ་རྒྱུ་ལས་ཚིག་ཙམ་ལ་འཇུས་ཏེ་སྤྱི་ཚོགས་ལ་གནོད་པའི་རིགས་མ་གླེང་རོགས་ཞུ། ཝཱར་ཎ་མཐོ་སློབ་འདིར་ཁོ་ཚོ་ལ་ཆོས་རྒྱུད་ཁག་གི་ཚོགས་པ་ཞིག་ཡོད་པ་མ་ཟད། དེ་དག་གིས་ཀུན་ལ་ཕན་པའི་དཔེ་བསྐྲུན་སོགས་ལས་ཀ་གང་འཚམས་ཤིག་སྤེལ་འདུག གཞན། གཙོ་བོ་སྤྲོ་གསེང་གཏོང་རྒྱུའི་ལུགས་སྲོལ་ཅིག་ཡོད་པ་འདྲ། འོན་ཀྱང་ད་ལོ་ཆོས་རྒྱུད་འགའ་རེས་སྤྲོ་གསེང་བཏང་ཡོད་ཀྱང་ཁག་ཅིག་གིས་བོད་ནང་གི་མེ་བསྲེགས་ཞི་བའི་ངོ་རྒོལ་སོགས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་སྨོན་ལམ་མཆོད་འབུལ་གྱི་ངོ་བོར་བསྒྱུར་བ་དེ་འདྲ་རེད། འདི་འཐེན་ཁྱེར་དང་ཕྱོགས་རིས་ཤིག་གི་གནད་དོན་མ་རེད།
ང་ལ་འབྲེལ་བ་བྱེད་དགོས་ཚེ་ངའི་དུས་བབ་ཟིན་བྲིས་ཀྱི་ཁ་བྱང་ཚོའི་སྟེང་དུ་འབྲེལ་གཏུགས་བྱེད་ས་ཡོད།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །
གཅེས་པའི་ལུལ་སོགས་ལོངས་སྤྱོད་ཡོངས་བཏང་སྟེ། །
བསྐལ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས། །
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །
དགེ་མཐོང་དྲིན་ཆེན་པོ། ངས་ཚིག་ལ་འཇུས་པ་བདེན་ཀྱང་འཐེན་འཁྱེར་ཟེར་རྒྱུ་སྔ་སོང་། ཆོས་བརྒྱུད་སོ་སོར་བདེ་དོན་ཞེས་པ་ལས་ཚོགས་པ་མི་ཟེར། དགེ་ལུགས་ཚོགས་པ་ཟེར་བ་མ་གོ་བ་དངོས་གནས་ཡིན། དགེ་ལུགས་བདེ་དོན་ཡོད་ངེས་རེད།
ཐུགས་རྗེ་ཆེ།
བཀའ་དྲིན་ཆེ། ངེད་གཉིས་ཀྱི་ཁྱེད་ལ་རྒྱུས་མངའ་ཆེ་བར་ངོས་འཛིན་བྱས་ཏེ་ངས་ཁྱེད་ལ་བཟོད་གསོལ་དང་བཅས་ཀློག་མཁན་ཡོངས་ཀྱིས་དེ་བཞིན་གོ་བ་ལེན་རོགས་ཞུ།
དགེ་མཐོང་གིས་དགེ་ལུགས་པའི་རྒྱབ་རྩ་བཟུང་བ་ཤེས་ནས་སེམས་པ་དགའ་སོང་། དགེ་མཐོང་གིས་ཤུགས་ལ་ཆོས་བརྒྱུད་གཞན་ཚོར་དམའ་འབེབ་བྱས་པ་མཐོང་བས་སེམས་པ་སྐྱོ་སོང་།
མཆོད་འབུལ་གོ་སྒྲིག་གནང་མཁན་སུ་ཡིན་མིན་དང་གནས་ཚུལ་དྲང་པོར་བརྗོད་འདུག་པ་གལ་ཆེན་ཡིན་པ་ལས་ཚོགས་པ་ག་གེ་མོའི་མིང་བརྗོད་པ་ཙམ་གྱིས་ཆོས་རྒྱུད་གཞན་ལ་དམའ་འབེབས་ལྟ་བུར་གོ་བ་ཕྱིན་ཅི་ལོག་ཏུ་བསྒྲུབ་མི་རུང་།
གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་དང་མ་ནི་གསོག་སྒྲུབ་ནི་ཤི་བོའི་དུར་མཆོད་གལ་ཆེན་ཤིག་རེད། ཚོགས་པའམ་དགོན་པ་ག་གེ་མོའི་གནས་ཚུལ་འདི་རིགས་འཕྲལ་དུ་དྲ་ཐོག་ཏུ་གཏོང་ཐུབ་པ་ཡིན་ན་དགེ་མཚན་ཆེ།
དགེ་ལུགས་ཚོགས་པ་ཟེར་བ་དེ་ག་རེ་རེད་། དགའ་ལྡན་ཕོ་བྲང་རེད་དང་གཞན་ཞིག་རེད་། དངོས་གནས་དེ་རིང་ཐོག་མ་གོ་སོང་དགེ་ལུགས་ཚོགས་པ་ཟེར་པ། སྤྱིར་གཏང་གནས་གཏང་འདི་སྐབས་ཚོགས་པ་ཚོགས་པ་ཟེར་དེ་ཡག་པོ་ཞིག་མ་མཐོང་།
དགེ་ལུགས་ཚོགས་པར་ཟེ་བ་མ་གོ་ན་འོན་པ་དང་། མ་མཐོང་ན་ལོང་བ་ཡིན་ངེས་རེད། སྤྱིིར་ས་ར་ན་ཐའི་མཐོ་སློབ་ནང་དུ་ཆོས་རྒྱུད་སོ་སོའི་ཁུངས་ནས་འཛུར་ཞུགས་སའི་འཁོར་ཡོད་པར་གཞིར་བཟུང་ནས་སློབ་མ་ཡང་དེ་འཛུར་ཞུགས་གནང་མཁན་མང་པོ་ཡོད་པ་ནི་ལོང་བས་བལྟས་ཡང་རྒྱལ་ཁམས་གསལ་ཞེས་པར་བཞིན་ཡིན་པའི་ཕྱོགས་རིས་དང་ནང་ཁུལ་དཀྲུགས་མཁན་དག་གིས་གནས་འདིར་ཡོད་པའི་དགེ་ལུགས་པ་ལ་སྙིང་རླུང་ལྡང་བ་ནི་གད་མོ་རྐུད་ནས་ཤོར་རོགས་ལས་མི་འདུག །
སེམས་བཟང་ལགས། ཁྱོད་ཀྱི་མིང་བཟང་ཡང་ཚིག་མི་བཟང་བ་གང་རེད། བུད་མེད་ཚོགས་པ་ཟེར་བ་ཞིག་གོ་ལ། དགེ་ལུགས་ཚོགས་པ་མ་གོ་བ་ཐོས་རྒྱ་ཆུང་བའི་སྐྱོན་རེད། གནས་གཏང་འདི་འདྲ་སྐབས་ཚོགས་པ་ཚོགས་ཟེར་བ་ཡག་པོ་མ་མཐོང་ན། གཞོན་ནུ་ཚོགས་པས་ལས་དོན་འདི་ཞེས་བྱ་བ་ཞིག་སྤེལ་འདུག བུད་མེད་ཚོགས་པས་ལས་དོན་འདི་འདྲ་བ་ཞིག་སྤེལ་འདུག་ཟེར་དུས་ཁྱོད་ཀྱི་བསམ་པའི་ཟུར་ཙམ་ལ་ཡང་དེ་འདྲ་འཁོར་ཡེ་ཡོད། དགའ་ལྡན་ཕོ་བྲང་ནི་བོད་གཞུང་དགའ་ལྡན་ཕ་བྲང་རེད། ཁྱོད་ཀྱིས་དགེ་ལུགས་ཚོགས་པ་དང་ཟླ་འགྲིལ་བཏང་ན་ཡེ་འགྲིག དེ་ཁྱོད་ཀྱིས་དགེ་ལུགས་ཚོགས་པ་ཡར་སྟེགས་ཀྱི་ཡོད་དམ། དགའ་ལྡན་ཕོ་བྲང་མར་ཕབ་ཀྱི་ཡོད།
དགའ་ལྡན་ཕོ་བྲང་ནི་བོད་གཞུང་དགའ་ལྡན་ཕོ་བྲང་རེད། གོང་དུ་ན་རོ་ཆད་འདུག་དགོངས་དག
འཇམ་གཅེས་ལགས་ལྟར་ན། ང་འོན་པ་དང་ལོང་བ་ཡིན་པ་འདྲ།
དྲ་གྲོགས་ཚོ་ལ་རེ་སྐུལ་ཞུ་རྒྱུར། འདིར་ཁོ་བོས་མཁོ་སྤྲོད་བྱས་པ་འདི་བོད་ནང་གི་སྤུན་ཟླ་དག་གིས་ཨེ་ཐོས་བསམ་པ་ལས་གཞན་ཞིག་ལ་གནོད་སྐྱེལ་རྒྱུའི་ཀུན་སློང་ཡེ་ནས་མེད། འདིར་ཆོས་རྒྱུད་ཀྱི་ཚོགས་པ་རེ་ཡོད་པ་ཝཱ་ཎ་མཐོ་སློབ་ཀྱི་འགྲོ་སྟངས་ལས་ངས་གསར་དུ་བཟོས་པ་ཞིག་མ་ཡིན་ལགས། ལྷག་དོན་གོང་དུ་ངས་གསལ་བཤད་དང་མེ་ཏོག་དཀར་པོས་ཁ་སྣོན་དེ་རིགས་ཐུགས་ལ་བཟུང་སྟེ་སྐབས་དོན་མ་འབོར་རོགས་ཞུ། སྐུ་མཁྱེན། འདིར་གཤེ་གཤེ་གཏོང་དགོས་ན་ཁྱེད་ཅག་ལས་བདག་ལ་བྱང་ཆ་ཡོད་མོད། ད་ལྟའི་དུས་ནི་དེ་འདྲ་ཞིག་ལ་མགོ་བསྐོར་ནས་འདུག་རན་མ་རེད། རང་རང་ས་ནས་ལས་འགུལ་གང་སྤེལ་ཆེ་ཆུང་ལ་མ་ལྟོས་པར་དྲ་ལམ་དུ་གཏོང་རྐྱང་བྱོས། ང་ཚོའི་འདི་སྨོན་ལམ་དང་ཚེ་ཕྱི་མ་གཅིག་བུའི་སླད་དུ་མིན་པར་བོད་ཀྱི་བསྟན་སྲིད་ལ་བསམ་བློ་གཏོང་དགོས་པས་ས་གནས་གང་ནས་ལས་འགུལ་གང་ཞིག་སྤེལ་ན་མི་མང་ལ་ཤེས་སུ་འཇུག་རྒྱུ་གལ་ཆེ། ཁོ་བོ་ནི་རང་ཉིད་གང་དུ་སོང་ན་དེ་ནས་གནས་ཚུལ་དག་མཁོ་སྤྲོད་ལ་འབད་ཀྱིན་ཡོད།
དགེ་མཐོང་ལོ་ལོ། རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་གཞན་གྱི་མགོ་ལ་བསྐོན་གི་མ་འདུག ཁྱོད་ཀྱིས་དགེ་ལུགས་པ་ཕུད་པའི་ཆོས་རྒྱུད་གཞན་ཁག་ལ་གཤེ་གཤེ་འདི་འདྲ་ཞིག་བཏང་། ད་དུང་གཡག་བསད་པས་མི་ཚད་རྔ་མའི་རྒྱལ་མཚན་འཛུགས་འདོད་ཀྱིས་”ཁོ་བོས་མཁོ་སྤྲོད་བྱས་པ་འདི་བོད་ནང་གི་སྤུན་ཟླ་དག་གིས་ཨེ་ཐོས་བསམ་པ་”ཡིན་ཟེར། འདི་ལྷག་པའི་གཤེ་གཤེ་ཞིག་དང་གཏོང་རྒྱུ་ཨེ་ཡོད། བོད་ནང་དུ་བཞུགས་པའི་དགེ་ལུགས་པ་ཕུད་པའི་ཆོས་རྒྱུད་གཞན་གྱི་སྤུན་ཟླ་ཚོས་མཐོང་ན་ཅི་སྙམ་མམ། གཤོབ་བཤད་ནའང་འགོ་གཞུག་མཚུངས་པ་ཞིག་ཤོད་ཡ།
ཁྱེད་རང་ས་འདིར་ཕེབས་དང་ཆོས་རྒྱུད་འགའ་རེས་ཁྱེད་ལ་སྤྲོ་སྐྱིད་ཀྱི་གླུ་ངག་གྱེར་ཞིང་སྣ་ཚོགས་པའི་གསོལ་སྟོན་བཤམ་འདུག མ་དགའ་དབུས་ལ་སོང་ནས། མ་མཇལ་ཕྱིར་ར་ཡོང་ཡང་། ཐབས་ཤེས་མེད། དྲང་མོའི་གཏམ་འདི་འདྲ་བཤད་མི་ཆོག་པ་ག་རེ་རེད། ངས་འདི་མཁོ་སྤྲོད་བྱེད་སྐབས་གང་གཟབ་གཟབ་ཀྱིས་དེ་དག་མ་གླེང་ན་བསམ་ཡོད། འོན་ཀྱང་ཁྱེད་ཅག་གིས་ངའི་ལག་མགོ་ནས་འཐེན་ཏེ་གཟུགས་མགོ་རུ་བསླངས་ན་ངས་ཀྱང་མ་བཤད་ཐབས་མ་རེད། སྐྱུག་བྲོ་བ་གང་མང་ཞིག་རྗེས་ན་ཡོད།
ཨོ་ད་ངར་ངར་རྫིག་རྫིག་བྱས་ནས་བཤད་རྒྱུ་ཡོད་ན་ཤོད་ཡ། ཆོས་རྒྱུད་ཅིག་ཅིག་གིས་གླུ་བླངས་སོང་། ཉིག་ཉིག་གི་ཐུགས་སྤྲོ་བཏང་སོང་ཟེར་རྒྱུ་ཨེ་ཡིན། དེ་འདྲ་ཡིན་ན་དགེ་ལུགས་པའང་ཐར་ས་ཅང་ཡོད་རྒྱུ་མ་རེད། ཉིས་སྟོང་བརྒྱད་ལོ་ནས་ད་བར་དུ་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་ཡིན་པ་རེད། ཝར་ཎའི་དགེ་ལུགས་སྡེ་ཚན་གྱིས་ཉིས་སྟོང་བརྒྱད་ནས་དེ་རིང་བར་དུ་ཐུགས་སྤྲོ་གཏོང་མ་མྱོང་བ་ཨེ་རེད། གླུ་ལེན་མ་མྱོང་བ་ཨེ་རེད། བྲོ་འཁྲབ་མ་མྱོང་བ་ཨེ་རེད། ཁྱོད་ལྟར་འུར་མ་འུར་ཙམ་ལས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དམིགས་པའི་སྨོན་ལམ་འཚོགས་པ་སོགས་ཝར་ནའི་ཆོས་བརྒྱུད་ཚང་མས་གནང་གི་ཡོད་པ་རེད་ཅེས་འབྲེལ་ཡོད་མང་པོས་གསུང་གི་འདུག དེ་ཚོས་ཕན་མ་ཐོག་པ་ཨེ་རེད། ད་སྡུག་པོ་བཅོ་བརྒྱད་ཅིག་བཤད་རྒྱུ་ཡོད་མདོག་མདོག་གིས་བྱིས་པ་ལ་བྲེད་ཤ་སློང་སྟངས་དེ་མ་བྱེད། སྐྱུགས་བྲོ་བོའི་སྐད་ཆ་ཞིག་བཤད་རྒྱུ་ཡོད་ན་ཤོད་ཡ། དགེ་མཐོང་ལོ་ལོ།