དེ་རིང་སྟེ་སྤྱི་ལོ་༢༠༡༣་ལོའི་སྤྱི་ཟླ་༢་བའི་ཚེས་༣་ཉིན་ང་ཚོ་རྩོམ་དགའ་ཁག་ཅིག་ལྷན་འདུས་ཀྱིས་གཟའ་ཉི་མའི་བགྲོ་གླེང་ཞིག་གནས་མཆོག་ཝཱ་ར་ཎ་སཱིའི་མཆོད་རྟེན་ཆེན་མོའི་ཉེ་འདབ་ནས་འཚོགས་ཤིང་རང་རང་གི་ལྟ་ཚུལ་བཤད་རྒྱུའི་གོ་སྐབས་བསྐྲུན་པ་རེད། དེ་རིང་འདིར་ཞུགས་པའི་མི་སྣ་དག་ནི་ས་ཕྱོགས་མ་འདྲ་བ་རེ་ནས་ཡིན། འདི་ལྟར་འཛོམ་པ་ནི་ཧ་ཅང་དཀའ་བ་ཞིག་ཏུ་སེམས་ཏེ་རང་མོས་ཀྱི་འཐད་ཤུགས་དང་བསྟུན་ཏེ་འཚོགས་པ་ཡིན། ཤར་ཕྱོགས་ཀྱི་སློབ་གྲྭ་ཆེན་མོ་ཨང་གཉིས་པར་འབོད་པའི་རྒྱ་གར་གྱི་བྷེའི་ཨེ་ཆིའི་སློབ་མ་གཉན་ཐར། ཁོང་ནི་སློབ་ཆེན་གང་མང་བརྒྱུད་དེ་ད་ལྟའི་མིང་གྲགས་ཆེ་བའི་སློབ་གླིང་དེར་ནང་བསྟན་གྱི་དགོན་སྡེ་དང་ཧིན་རྡི་སོགས་ཀྱི་ལྟ་གྲུབ་ཐད་སྦྱང་བརྩོན་མཁན་ཞིག་དང་། མགོན་པོ་ནི་མཐོ་སློབ་དེར་ནུབ་ཕྱོགས་པའི་རྩོམ་རིགས་སྐོར་ལ་ཆེད་སྦྱང་གནང་མཁན་ཞིག་གོ ་་་་་་་་ཝཱ་ར་ཎ་སཱིའི་བོད་ཀྱི་མཐོ་སློབ་སློབ་མ་ཤ་བོ་རྟ་མགྲིན་ནི་རྩོམ་རིག་དང་། ལོ་རྒྱུས། ད་དུང་བོན་གྱི་ལྟ་གྲུབ་ལ་སྦྱང་མཁན་ཞིག ནོར་གླིང་མཐོ་སློབ་ཀྱི་སློབ་ཟུར་ཆོས་རྒྱམ་ནི་ཁུ་སིམ་ངང་ནས་དཔེ་ཀློག་བྱས་ཏེ་རང་རྒྱུད་ལ་ཡོན་ཏན་ཅིག་ཨེ་འབྱོར་ལྟ་མཁན་ཞིག ། ནོར་གླིང་མཐོ་སློབ་ཀྱི་སློབ་བུ་ཁ་བ་སྐམ་པོ་ནི་རྩོམ་རིགས་ལ་མོས་པའི་གསར་སྐྱེས་རྩོམ་པ་པོ་ཞིག དེ་བཞིན་གདན་ས་ནས་ཡོང་བའི་ཨ་རིག་དགེ་མཐོང་ནི་དྲ་རྒྱ་ཁག་གི་ནང་དུ་ཉིན་རེ་ཉུལ་བཞིན་པའི་དྲ་འབུ་ཞིག་གོ །
ཝཱ་ར་ཎ་སིར་རྩོམ་རིག་སྐོར་ལ་ཁ་བརྡ་གློད་པ།
བརྗོད་གཞི་རྩོམ་རིགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་སྟངས་དང་། ཤར་ནུབ་ཀྱི་རྩོམ་རིག་གི་ཁྱད་ཡོན། ནང་བསྟན་གཞུང་ལུགས་ཀྱི་ནུས་ཤུགས། རྩོམ་པོ་ལ་སྤྱི་ཚོགས་ཀྱིས་མཐོང་ཡོད་མེད་དང་། རྩོམ་པ་པོ་དང་བརྩམས་ཆོས་ཀྱི་བར་ཐག་སོགས་ཀྱི་ཐད་དུ་རང་རང་གི་བསམ་ཚུལ་ལྷུག་བརྗོད་བྱས། འོན་ཀྱང་མཐའ་གཅིག་ཏུ་འདི་རེད་ཅེས་ཁ་ཚོན་བཅད་པ་དང་སྡོམ་ཚིག་ལྟ་བུའི་དེང་སང་གི་སྐད་ཆ་དེ་འདྲ་མིན་པར་ཕན་ཚུན་གྱི་སེམས་ཁམས་སྔོག་འདོན་རེ་བྱས་ཏེ་མཐར་ཟ་ཁང་སྟབས་བདེ་ཞིག་ནས་གསོལ་ཚིགས་ལ་རོལ། དེ་ནས་ཡང་བསྐྱར་རྒྱ་གར་གྱི་ཇ་མངར་མོ་འཐུང་ས་ཞིག་ནས་ལྷོད་ལྷོད་བྱས་ཏེ་ཡང་བསྐྱར་གླེང་མོལ་གང་མང་བྱས། དེ་འདྲ་ཞིག་གི་ངང་ནས་རང་རང་སར་གྱེས། འདི་ནི་ང་ལ་མཚོན་ན་དུ་འཐེན་རྒོད་པོ་ཞིག་ལ་ཐ་མག་རྐང་གཅིག་སྤྲད་པ་དང་ཝུ་ཆང་བཏུང་མཁན་ཞིག་ལ་ཝུ་ཆང་གིས་མགྲོན་བསུ་བྱས་པ་ལྟར་སྤྲོ་བོ་བྱུང་། དེའི་ཕྱིར་དགའ་དགའ་སྤྲོ་སྤྲོ་ཟེར་བ་ཡང་འདོད་ཁམས་འདིར་འདི་ལས་ལྷག་ཅིག་ཇི་ལྟར་འཇོག་རྒྱུ་སྙམ།
དགེ་མཐོང་གིས་བསྒྲིགས་ཤིང་ཁ་བ་སྐམ་པོས་མཁོ་སྤྲོད་བྱས།
དམན་ཤར་གཅིག་ཀྱང་མེད་པས་ཡིད་སྐྱོ། ང་འབོད་ན་འོང་ཆོག་པ་ལ་་་་
སྨན་ཤར་
སྨན་ཤར་གྱི་སླད་དུ་འཚོགས་པ་མིན་པར་བསམ་ཚུལ་མཐུན་པ་འགའ་རེ་རང་རང་ས་ནས་འདུས་པ་ཞིག་གོ གཞན་སྨན་ཆུང་རེ་ཡོད་ན་ནི་ལེགས་ཤིང་སེམས་ཁམས་དྭངས་པར་ཡང་ཕན་མོད། མགྲོན་འབོད་ཀྱི་ངལ་བ་དེ་ང་ཚོས་ངོས་ནས་དཀའ་ལས་ཐོལ་བ་ཞིག་ཏུ་ངོས་འཛིན་གྱིན་ཡོད། གནས་སྟངས་དེ་ཤེས་པར་གྱིས།
ལས་མ་དག་པ་ཞིག་ལ་ང་ཡི་བསྟི་གནས་ན་སྨན་ཤར་མང་པོ་འདུག་སྟེ་སྙན་ངག་ཤེས་པའམ་ཡང་ན་དེ་ལ་དགའ་མཁན་གཅིག་ཀྱང་མེད། བསོད་ཟད་ང་་་་་་་་།
གནས་རྩ་ཆེན་ན་མྱི་མྱིང་ཆེན་རེ་ཡོད་ན། དེ་ནི་དགའ་བའི་གནས་དང་གུས་བའི་ཡུལ་ཡིན་ནོ། རེ་བ་ཟིག་ཡོད་ནོ། ཁྱེད་ཅག་རྩོམ་པ་པོ་ཚོས། སྤྱིར་མི་གོ་ནིའི་ཁར་མི་གོ་ནོའི་མངོན་བརྗོད་ཡིན་ན་ངོམ་བརྗོད་ཡིན་ན་དེ་དག་གོ་ཉུང་ཉུང་རེ་བྱེད་ཐུབ་ན་ང་ལ་ཕན།
སྤྱིར་རྩོམ་དགའ་དུ་མ་ལྷན་གཅིག་འདུས་པ་ཉུང་ཉུང་ཡིན་པས་ཁྱེད་རྣམས་དེ་ལྟར་འདུས་ཐུབ་པར་རྗེས་སུ་ཡིད་རང་ཞུ་བ་ཡིན། ཡིན་ནའང་དེང་སང་རྩོམ་པ་པོ་མང་ཆེ་བས་སྤྱི་ཚོགས་སྟེང་གི་གད་སྙིགས་ཛོར་བོ་དེ་ཚོ་ཚང་མ་ཡར་སྔོགས་པ་དང་གད་སྙིགས་གང་དུ་ཡོད་མེད་གད་སྙིགས་ངོས་འཛིན་སྟངས་སོགས་རྩོམ་ཡིག་དུ་མ་སྤང་ལ་ཤ་མོ་བརྡོལ་བ་ལྟར་ཐོན་བཞིན་འདུག་་མོད་གད་སྙིགས་གཙང་ཕྱག་ཇི་ལྟར་བྱ་དགོས་མིན་སླད་གད་སྙིགས་དེ་རིགས་མི་ཡོང་བར་སྔོན་འགོག་ཇི་ལྟར་བྱ་དགོས་མིན་ཐད་བསམས་ཚུན་བརྗོད་མཁན་ཉུང་ཤས་ལས་མ་མཐོང་བས་རྗེས་མར་དེའི་ཐོག་ཤུགས་སྣོན་རྒྱག་རོགས་ཞུ།།
རྩོམ་གྱི་སྐོར་གང་ཤེས་ཏེ་མི་སྣ་ངོ་སྤྲོད་འདྲ་པོ་འདུག
ཀློགས་པ་པོ་དག་ལ་ཞུ་རྒྱུ་ནི། འདི་གསར་འགྱུར་གྱི་ངོ་བོར་སྤེལ་ཡོད། འཚོལ་འདོད་ཡོད་པའི་རིགས་ལ་དྲ་ལམ་དང་ཟིན་བྲིས་གཞན་ན་སོ་སོའི་བརྗོད་པ་རེ་ཡང་ཡོད་པར་འདོད། ཁྱོད་ཅག་ཕེབས་པར་དགའ་བོ་བྱུང་།
འདི་ལྟར་འཛོམ་པ་ནི་ཧ་ཅང་དཀའ་བ་ཞིག་ཏུ་སེམས་ཏེ་རང་མོས་ཀྱི་འཐད་ཤུགས་དང་བསྟུན་ཏེ་འཚོགས་པ་ཡིན།