ཝུན་གྱི་བོད་ཁུལ་གྱི་འཁྲབ་སྟོན་མཐའ་མ། Posted on 2013-01-02 By ཤར་ཕྱོགས་ཁུག་རྟ། 27 Comments on ཝུན་གྱི་བོད་ཁུལ་གྱི་འཁྲབ་སྟོན་མཐའ་མ། གསར་འགྱུར།
ད་ལོ་ཡང་བོད་ལ་རྒྱའི་མག་པ་ཞིག་ཡོང་འདུག་ག མིང་ལ་བུན་ཅ་པོ་ཟེར། ད་དུང་བོད་མིང་ཡོད་མེད་ཤེས་མ་སོང་། ད་ལོ་རེ་རེར་རྒྱའི་མག་པ་ཇེ་མང་དང་ཇེ་མང་རེད་ཟེར། བོའུ་པང་གོ་ཟེར་བ་ཞིག་ཀྱང་ཡོང་གི་ཡོད་བ་རེད་ཟེར། ད་བོད་པ་ཚང་མག་པའི་འཛིན་རྒྱུ་རེད། བོད་པའི་གསར་བུ་ཚོ་བོད་མོ་ཚོར་བདག་བྱེད་མི་ཐུབ་བམ། རྒྱ་མག་ཕྱི་ལ་ཐོན་དང་ཐ། གྱོན་པ་རྒྱ་བོད་ཟུང་སྒྲིལ་རེད། །གསུངས་སྐད་སྒྲག་སྐད་འདྲེས་མ་རེད། །དམ་ཚིག་ཆུ་ཡི་རི་མོ་ཡིན། །བུ་མོའི་སེམས་ཀྱི་སྡུག་བསྔལ་ལས། །མ་འོངས་བོད་པ་ཉམས་རྐྱེན་རེད། །ཕྱིན་ཆད་རྒྱ་མག་དོགས་ཟོན་བྱས།
གྲོགས་པོ་ཚོ་ངོ་མ་ལོས་ཡིན། རྒྱའི་མག་པ་ཇེ་མང་རེད། བོད་ཀྱི་སྐྱེས་པ་ཇེ་ཉུང་རེད། སྔོན་མ་དགེ་ཆོས་ཀྱིས། སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་བྱས་གསུངས་པ་རེད། ད་ལྟ་རྒྱ་མག་གཡོ་ཅན་རིགས་ལ་དོགས་ཟོན་བྱེད་དགོས་འདུག
དྲང་པོའི་མི་ལ་འཁྱོག་པོའི་ལམ་བསྟན་པ། །སྐྲ་སེར་སྤྲེའུའི་རིགས་ལ་བློ་མ་གཏད། །ཅེས་པ་དེ་ནི་དགེ་ཆོས་ཀྱིས་འབྲུག་པ་དྲག་ཤོས་ཕྲིན་ལས་སྟོབས་རྒྱལ་ལ་འཕྲིན་ཡིག་གི་ལམ་ནས་གསུངས་པ་རེད་ཟེར། དེ་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན་དེ་དུས་འབྲུག་པ་རྣམས་ཀྱིས་རྒྱ་གར་དུ་ཡོད་པའི་དབྱིན་ཇི་རྣམས་དང་མཐུན་ལམ་གང་ཟབ་བྱེད་ཀྱི་ཡོད་པའི་དུས་ཤིག་རེད། དེ་ཡིན་དུས་གོང་གི་འཕྲིན་ཡིག་དེས་འབྲུག་པ་ཚོ་དབྱིན་ཇི་རྣམས་དང་འབྲེལ་བ་མ་བྱེད་རོགས་ཞེས་བསྐུལ་བ་ཡིན་པ་རེད། དགེ་ཆོས་ལགས་མཁས་དབང་ཞིག་ཡིན་པར་ཡོངས་སུ་གྲགས་ཀྱང་གོང་གི་བསླབ་བྱ་དེ་ཁོང་གིས་གནང་བ་ཡིན་པར་བདེན་ན་དེ་དུས་ཀྱི་ཁོང་གི་ལྟ་སྟངས་ནི་ཏན་ཏན་གྱི་ནོར་བ་ཐེབས་འདུག། གལ་ཏེ་དེ་དུས་འབྲུག་པའི་རྒྱལ་བློན་རྣམས་ཀྱིས་དབྱིན་ཇི་དང་འབྲེལ་བ་དམ་ཟམ་མ་བྱས་ན་དེང་སང་འབྲུག་ཡུལ་དེ་རྒྱ་དཀར་ནག་གང་རུང་ཞིག་གི་འོག་ཏུ་བསྡད་དགོས་བྱུང་ཡོད་ངེས་རེད།
ཝུན་ཅའོ་སྙིང་གཅེས། བོད་ཡ་རབས་ཀྱི་ཕྱུ་པ་གྱོན་ན། ཁོ་ཡ་རབས་ཟེར་ཡོང་རེ་བ་རེད། ཆབ་སྲིད་གཡོ་བྱུས་ཀྱིས་ཀྱང་། བོད་ལ་མི་དགའ་བ་མི་འདུག་སྙམ་པ་བཟོ་འདོད་ནས་རེད། ཧ་། ཧ། ཧུ། ཧུ།
ངས་སྐད་ཆ་དྲང་མོ་ཞིག་ན། ཝུན་ལ་འུ་ཚོའི་ཆས་གོས་འདི་གོན་རྒྱུའི་ཐོབ་ཐང་མེད་ཀི་བསམ། མ་མཐའ་ན་ནིང་ད་ལོ་ལ་བལྟས་ནས་བཤད་ན་དེ་བས་མེད་ཀི། ཁྱེད་ཚོས་ག་འདྲ་བསམ་ཀི་འདུག?
བརྩེ་བའི་ཤ་རུས་གཅིག་པའི་སྤུན་ཟླ་རྣམས་དང་བོད་ཀྱི་བློ་དཀར་གྲོགས་པོ་ཤ་ཞེན་ཅན་བཅས་ཀྱི་སྙན་ལམ་དུ་ དེང་གི་བོད་མིའི་མག་པ་གཡོ་ཁྲམ་ཅན་འདྲ་མིན་གྱིས་ང་ཚོའི་གཅུང་མོ་མཛེས་མ་རྣམས་བེད་སྤྱད་ནས་བོད་མིའི་ངོ་བོ་རྩ་རླག་གཏོང་ཐབས་ཀྱི་གཡོ་བྱུས་གསར་པ་ཞིག་འཁྲབ་སྟོན་བྱ་བཞིན་ཡོད་པ་དེ་ལ་དྭོགས་གཟོན་ཆེན་པོ་དང་ནན་པོ་གནང་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་རེད་རྒས་པོ་ངས་ལོ་རྒྱུས་དངོས་ལ་བརྟེན་ནས་དྲན་གསོ་ཞུས་ན་རྒྱ་དམར་ནི་ཆེས་གཡོ་སྒྱུ་ཆེ་བའི་དུག་སྦྲུལ་གདུག་རྩུབ་ཅན་ཞིག་རེད་དེ་ནི་སྔར་གྱི་ལོ་རྒྱུས་ཀྱི་དོན་དངོས་ལ་གཟིགས་རོགས་གནང་ཞུ་སྤྱི་ལོ་༡༩༥༠ལོ་རྒྱ་དམར་ཤོག་ཁག་གིས་ཐོག་མར་ག་རེ་བཤད་པ་རེད་དམ་གཉིས་པ་ག་རེ་བྱས་ཡོད་རེད་དམ་གསུམ་པ་དེང་སྐབས་བོད་འདི་གང་འདྲ་ཞིག་ལ་གནས་ཡོད་དམ་བཞི་པ་མཐར་བོད་འདི་གང་དུ་འགྲོ་གི་རེད་དམ་རྒྱ་དམར་གཡོ་སྒྱུ་ཅན་གྱི་ལྐོག་གཡོའི་བྱ་ཐབས་ལ་ཡིད་ཆེས་གནང་མི་རུང་བས་བློ་རིགས་གསལ་པོའི་སྒོ་ནས་སྤྱང་གྲུང་འཛོམས་པོ་གནང་གལ་རེད་ང་ཚོ་ཚང་མས་ལོ་རྒྱུས་དངོས་ལ་སློབ་སྦྱོང་གཟབ་ནན་གནང་དགོས་པ་འདུག་དེ་ཡང་གཡོ་ཁྲམ་ཅན་གྱི་འཕར་སྤྱང་གི་གདོང་རིས་ངོ་མ་ཤེས་དགོས་ལ་དེའི་གཡོ་ཐབས་གསལ་པོ་དང་མཐར་ཕྱིན་པ་མཁྱེན་གལ་རེད་ང་ཚོའི་དགྲ་བོའི་གཞན་དབང་དུ་འདུ་བའི་འཐབ་བྱུས་ནི་འཇམ་རྩུབ་གཉིས་སྤྱོད་དང་རྒྱུ་དངོས་གཉིས་སྤྱོད་དང་གཏམ་སྙན་དང་ཤ་ཞེན་ཡིན་མདོག་འདྲ་ཆགས་ཀྱི་རྣམ་པ་འདྲ་མིན་སྤྱད་ནས་རང་རྒྱལ་གཞན་བཅོམ་བྱས་ཡོད་པར་དྲན་གསོ་དང་སྦྲག་ང་ཚོ་རྒན་ གཞོན་བར་བཅས་ཀྱིས་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་ཐ་དད་ཡིན་པའི་སྐོར་ལ་སློབ་སྦྱོང་གནང་དགོས་གལ་ཆེ་བ་དང་བོད་གཞུང་དགའ་ལྡན་ཕོ་བྲང་རང་བཙན་ལྡན་པའི་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་བོད་གཞུང་གི་དམག་སྒར་ཁག་སོགས་ཀྱི་སྐོར་ཤེས་དགོས་པ་གལ་ཆེ་འདུག་སྙམ་པ་བཅས་སོ་།།སླར་ཡང་མཇལ་བའི་སྨོན་འདུན་ཞུ་བཞིན་ཡོད་།
ཕལ་ཆེར་ཡུལ་ཤུལ་གྱི་སྡེ་བ་ཞིག་གི་ནང་ན་མག་པ་བསྡད་འདུག་ཟེར་གསལ་བོ་ཤེས་མ་སོང་། དཔོན་པོའི་གོ་གནས་ཡོད་དུས་མག་པ་བསྡད་པ་ཡིན་དུས་ཁྱིམ་ཚང་དགའ་ཞིག་བདམ་ཡོད་ཀྱི་རེད།
བོད་རང་ས་དང་རང་ལག་གི་ཐོན་བསྐྱེད་གྱོན་གོས་ཤིག་རྒྱ་དཔོན་འདི་ལ་བསྐོན་ན་ཁོས་བསམ་བློ་གཏོང་དགོས་པ་ཞིག་གཏན་གཏན་ཡོང་གི་རེད། གཞན་རྒྱ་ནག་ནས་ཐོན་པའི་གོས་ཆེན་རྫིག་པོ་ཞིག་གི་བོད་ལུགས་ཕྱུ་བ་བཟོས་ནས་སྐོན་ན་ད་དེ་འདྲ་དེ་འདྲ་རེད། །
ཝུན་ཅ་པོས་འཛུམ་ཤོར་མདོག་བྱས་པ་མ་གཏོགས། མིག་གི་མདུན་ལ་ཕྱུ་པ་དེ་མེ་འབར་བཞིན་ཡོད་ཀྱི་རེད། ཁོ་ཚིག་ནས་རྔུལ་ཆུ་ཡང་བཞུར་ཡོད་འགྲོ། ཁོ་ལ་མིང་འདོགས་ཞིག་ཡོད་པ་ནི་འཁྲབ་སྟོན་པ་རེད། རྒྱ་ནག་འགོ་དཔོན་ནང་ནས་འཁྲབ་སྟོན་མཁས་ཤོས་རེད། ཡ། ཨ་ཁུ་མ་རྗེད་ཨ། རྒྱ་རྒན་དེ་སོང་ཚར་རྗེས་ཕྱུ་པ་དེ་ཡང་སྐྱག་ཁང་ནང་དུ་སྐྱུར་ཐོང་།
ཝིན་ཅོའོ་བྱབ་ཆུང་། གོ་ཆེན་བྱབ་ཆུང་། གྱོན་མཁན་བྱབ་ཆུང་། གྱོན་པ་བྱབ་ཆུང་། བཀོན་ས་བྱབ་ཆུང་། བཀོན་མཁན་བྱབ་ཆུང་། པར་པ་བྱབ་ཆུང་། མཁོ་འདོན་བྱབ་ཆུང་། ལྟ་མཁན་བྱབ་ཆུང་། འབྲི་མཁན་བྱབ་ཆུང་། ང་ཡང་བྱབ་ཆུང་། འཁོར་བ་བྱབ་ཆུང་།
ཡ་རབས་ཀྱི་ཕྱུ་པ། མ་རབས་ཀྱིས་གོན་འདུག ཕྱུག་པོའི་གོས་ཆེན། སྤྲང་རྒན་གྱིས་གོན་འདུག བོད་པའི་ཕྱུ་པ། རྒྱ་མི་ཡིས་གོན་འདུག བོད་པའི་ས་ཆ། རྒྱ་རིགས་ཀྱིས་འཕྲོག་འདུག བོད་པའི་ཁ་ཟས། རྒྱ་རིགས་ཀྱིས་ཟ་བགྱིད། བོད་པའི་སྐད་ཡིག རྒྱ་གཞུང་གིས་བཀག་བགྱིད། བོད་ཀྱི་བོད་མི། བོད་ནས་ཕུད་བགྱིད། བོད་ཀྱི་བདག་པོ། བོད་ནང་ཡོད་དམ།
དགྲ་ལ་སྐྱོན་བརྗོད་བྱེད་དུས་ངར་ནའང་རང་གི་སྐྱོན་དེ་ཤེས་ན་ཡག་པོ་ཡོད་། ཡུལ་ཤུལ་ས་ཡོམ་སྐབས་རང་དབང་ལུང་པ་ནས་གདུང་སེམས་མཉམ་སྐྱེད་ཀྱི་ཞལ་འདེབས་བསྡུས་པ་དེ་ད་བར་ས་གནས་ས་ཐོག་ཏུ་སྒོར་གཅིག་འབྱོར་མེད་པ་དེ་ཧ་གོ་གི་ཡོད་པས་།
གེ་སར་བདེན། ཡུལ་ཤུལ་ས་ཡོམ་གྱི་སྐོར་ལ་ཞལ་འདེབས་བསྡུས་པ་དེ་ངོ་མ་གང་ཞིག་ན་ཡོད་པ་རེད། པན་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་བའི་ཆེད་དུ་ཞལ་འདེབས་བསྡུས་བསྡད་པ་དེ་ཚོ་སུ་གང་ཞིག་ཏུ་སོང་བ་རེད།
ཞལ་འདེབས་སྡུད་མཁན་གྱི་ཚོགས་པའི་མིང་ང་དོ་བདག་དེའི་མིང་དང་ཁ་བྱང་སྨྲོས་ཐུབ་ན་ཡག་པོ་ཡོད་རེད། དེ་མིན་རང་གཞན་གཉིས་ཀར་གནོད་པ་ཙམ་ཕན་པ་་ཏིལ་འབྲུ་ཙམ་ཡང་མེད་པ་དེ་ཡང་ཤེ་དགོས། །
ངས་བལྟས་ན་ཁོ་པས་བོད་ཀྱི་ཕྱུ་པ་གྱོན་ཁུལ་བྱས་པ་དེ་ནི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་རྣམས་ཀྱིས་བོད་ཀྱི་ཡུལ་གྱི་གོམས་པའི་གཤིས་ལུགས་ལ་མཐོང་ཆེན་བྱེད་ཀྱི་ཡོད་མདོག་དང་བོད་ཀྱི་རིག་གནས་ཆས་གོས་སོགས་ནི་ཀྲུང་གོའི་རིག་གཞུང་གི་ཆ་ཤས་ཡིན་པས་དགའ་མོས་བྱེད་ཀྱི་ཡོད་མདོག་གི་སྲིད་དོན་འཁྲབ་པ་ཞིག་རེད།།
ཝུན་ཅ་པའོ་བོད་དུ་ལོག་པ། པེ་ཅིན་མཁར་ནས་གནམ་གྲུར་བསྡད་དེ་མཐོ་སྒང་ཡུལ་ཤུལ་གསར་བར་ཕེབས།། སྟག་སྡེར་རི་རྩེར་མནན་གྱིས་འགོས་ཏེ་རས་གུར་དགུང་ལ་འཕུར་ཤུལ་བལྟ།། རས་དཀྲིས་དམར་པོས་སྐེ་རྩ་བསྡམས་པའི་དར་དམར་སློབ་ཆུང་ར་བསྐོར་དུ།། དྭ་ཕྲུག་བྱིས་པ་སྣབས་ལུག་རྣམས་དང་ཉམ་ཆུང་བོད་ལ་ཞབས་བྲོ་འཁྲབ།། དེང་ཁ་དགོན་པའི་འདུ་ཁང་དཀྱིལ་དུ་མཇལ་དར་ཡུག་གཅིག་དགུང་ལ་བཏེགས།། གྲྭ་བཙུན་རྣམས་ལ་ཆོས་ལུགས་རིག་གནས་འདུལ་བའི་བསླབ་བྱ་ཉུང་ཙམ་ཁྲིད།། རི་བོའི་གཏོས་མཉམ་རྟེན་མཛོད་ཁང་དང་གེ་སེར་ཐང་ལ་ཞབས་ཀྱིས་བཅག། བོད་རིགས་གཙོ་བྱས་སྤུན་ཟླ་ཡོངས་ལ་ལོ་སར་བཀྲ་ཤིས་སྨོན་འདུན་ཞུས།། དམིགས་གསལ་ཁྱིམ་དུ་གདན་ཞུས་བྱས་ཏེ་རྒྱས་སྤྲོས་འཚོ་བའི་ཟུར་ཙམ་བསྟན།། བོད་ལྭ་ཤོམ་ཆེན་རྒྱབ་ལ་མནབས་པས་ཀུན་གྱི་མིག་དབང་འཕྲོག་པར་བྱས།། གནོད་ཤུལ་བསྐྱར་འཛུགས་རྣམ་པ་གསར་བས་ཙུང་ལིས་དག་ཞིང་འགྲིམས་སྣང་ཤར།། རང་གི་མིག་ལ་ཡིད་ཆེས་མེད་ཟོལ་འཁྲེང་ཞེན་མིག་གིས་ཡང་ཡང་བལྟ།། ཙུང་ལིས་ཝུན་ཅ་པའོ་ཡང་བསྐྱར་ཡུལ་ཤུལ་ཏུ་ཕེབས་ཏེ་ཞབས་བྲོ་འཁྲབ་པར་རྟེན་འབྲེལ་ཞུ། ༢༠༡༣་ལོའི་ཟླ་༡པའི་ཚེས་༣་ལ།
ང་ཚོས་བོད་པ་ཚོས་བོད་ལ་གོན་པར་སུན་སྣང་བྱེད་གི་ཡོད་པ་ཝུན་ཅ་པོ་ཡིས་ཤེས་སོང་ནི་ཡིན་རྒྱུ་རེད། ད་ཁྱོད་ཚོས་མི་གོན་ན་ངའི་གོན་འདྲ་དྲོན་པོ་འདུག་ཟེར་གི་ཡོད་ས་རེད། རང་དབང་ལོངས་པའི་ནང་གི་བོད་པ་རྒན་དར་གཞོན་གསུམ་གི་བོད་ལ་གོན་པ་སུན་སྣང་བྱེད་གི་ཡོད་རེད། ད་བལྟས་དང་རྒྱ་མིའི་ཡོངས་དེ་བོད་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ལྭ་ཡང་གོན་ནས་བསྡད་འདུག་ག།
༢༡༽ ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས། ཝུན་ཅ་པའོ་བོད་དུ་ལོག་པ། ཤོད་སྟངས་ལ་བལྟས་ན། བོད་འདི་ཝུན་ཅ་པའོ་ཕ་ཡུལ་ཡིན་པ་སྟོན་མི་འདུག་གམ། ད་དུང་ཡུལ་ཤུལ་དུ་ཕེབས་པར་རྟེན་འབྲེལ་ཞུ་སྟངས་ལ་བལྟས་ན། རྒྱ་གཞུང་དང་རྒྱ་དཔོན་རྣམས་བོད་ལ་བཀའ་དྲིན་ཆེན་པོ་སྟོན་འདུག་སྙམ་ལགས། གལ་སྲིད་དེ་ལྟར་ཡིན་ན། ངའི་སྙན་ཚིག བོད་པའི་ཕྱུ་པ། རྒྱ་མི་ཡིས་གོན་བགྱིད། བོད་པའི་ས་ཆ། རྒྱ་རིགས་ཀྱིས་འཕྲོག་བགྱིད། བོད་པའི་ཁ་ཟས། རྒྱ་རིགས་ཀྱིས་ཟ་བགྱིད། བོད་པའི་སྐད་ཡིག རྒྱ་གཞུང་གིས་བཀག་བགྱིད། བོད་ཀྱི་བོད་མི། བོད་ནས་ཕུད་བགྱིད། འདི་ཡང་སྦས་དགོས་པའི་དུས་ཚོད་ཆགས་མི་འདུག་གམ།
ཁྱིག་ལུ་ཆ་ཟིག་གིས། གཅིག་གིས་གཅིག་ལ་རྔ་མ་དབྱུག་རེས་བྱེད་ཀི་ཡོད་ས་རེད་ར། ནང་ཁྱོལ་རུལ་བའི་དམར་གཤོག་པ་ཞིག་ལ། གོས་ཆེན་དེ་འདྲ་ཞིག་གིས་བཏུམ་དང་མ་བཏུམ་ཡོད་ནི་མ་རེད། བླ་མ་ཞིག་ཡིན་རྒྱུ་ན། བཞེས་ལྷག་ཞིག་དང་བྱིན་རླབས་ཞིག། དད་པ་ཞིག་དང་མཛའ་བརྩེ་ཞིག་ཤུལ་ན་བཞག་ཡོད་པ་རེད། ཝུན་རྐུན་འདིའི་ཤུལ་ན་གོས་ལ་རྒྱ་དྲི་ཅན་ཞིག་ལས་གཞན་ག་རེ་ཡོད་བ་རེད། དེ་རིང་ནང་ཁའི་ལོ་རྒྱུས་ཀྱི་ངོ་གདོང་ངོ་མ་དེ། བརྫུན་བཟོ་མི་བྱེད་པར། རང་ཚུགས་བརྟན་པའི་བོད་མི་ཞིག་ཡིན་ན་འགྲིག་པ་ཨ།
ཝུན་ཅ་པའོ་ཡིས། སྔར་ཡུ་ཤུལ་ས་གུལ་བརྒྱབ་རྗེས་ལ་ཕྱོགས་དེར་ཕེབས་པར། ༸གོང་ས་མཆོག་གིས་བསྔགས་བརྗོད་ཡོད་ཅིག་ངས་དྲན་ཡང་་་་་་་་ རྒྱ་གཞུང་གི་མྱུར་སྐྱོབ་དུས་ཐོག་ཏུ་མ་བསླེབས་པ་དང་། བོད་མི་གྲྭ་པས་རོགས་རམ་བྱེད་མཚམས་བཞག་དགོས་པ་དང་། རྒྱ་རིགས་བོད་མིའི་ཁྱི་ཕྲུག་རྐུ་བ་སོགས་གནས་ཚུལ་མང་དག་ཅིག་བྱུང་འདུག་པ་མིན་ནམ།
བོད་པས་རྒྱ་རིགས་ལས་བྱེད་དགའ་ཤོས་ཨང་དང་པོ་དེ་ཧུ་ཡོ་པང་ཨང་པོ་ཡིན་པ་འདྲ། ལས་བྱེད་གཉིས་པ་ཝུན་ཅ་པའོ་འཇོག་ཐུབ་བམ། ཡང་ན་གཞན་པ་ཅིག་ཡོད གསུམ་པ་དང་བཞི་པ་སོགས་སུ་སུ་རེད་དམ། ལགས།
འགྲེལ་བཤད་གཅིག་ར་མེད་ནོི་ཅི་རེད་ཡ།
ད་ལོ་ཡང་བོད་ལ་རྒྱའི་མག་པ་ཞིག་ཡོང་འདུག་ག མིང་ལ་བུན་ཅ་པོ་ཟེར། ད་དུང་བོད་མིང་ཡོད་མེད་ཤེས་མ་སོང་། ད་ལོ་རེ་རེར་རྒྱའི་མག་པ་ཇེ་མང་དང་ཇེ་མང་རེད་ཟེར། བོའུ་པང་གོ་ཟེར་བ་ཞིག་ཀྱང་ཡོང་གི་ཡོད་བ་རེད་ཟེར།
ད་བོད་པ་ཚང་མག་པའི་འཛིན་རྒྱུ་རེད། བོད་པའི་གསར་བུ་ཚོ་བོད་མོ་ཚོར་བདག་བྱེད་མི་ཐུབ་བམ།
རྒྱ་མག་ཕྱི་ལ་ཐོན་དང་ཐ། གྱོན་པ་རྒྱ་བོད་ཟུང་སྒྲིལ་རེད། །གསུངས་སྐད་སྒྲག་སྐད་འདྲེས་མ་རེད། །དམ་ཚིག་ཆུ་ཡི་རི་མོ་ཡིན། །བུ་མོའི་སེམས་ཀྱི་སྡུག་བསྔལ་ལས། །མ་འོངས་བོད་པ་ཉམས་རྐྱེན་རེད། །ཕྱིན་ཆད་རྒྱ་མག་དོགས་ཟོན་བྱས།
གྲོགས་པོ་ཚོ་ངོ་མ་ལོས་ཡིན། རྒྱའི་མག་པ་ཇེ་མང་རེད། བོད་ཀྱི་སྐྱེས་པ་ཇེ་ཉུང་རེད། སྔོན་མ་དགེ་ཆོས་ཀྱིས། སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་བྱས་གསུངས་པ་རེད། ད་ལྟ་རྒྱ་མག་གཡོ་ཅན་རིགས་ལ་དོགས་ཟོན་བྱེད་དགོས་འདུག
དྲང་པོའི་མི་ལ་འཁྱོག་པོའི་ལམ་བསྟན་པ། །སྐྲ་སེར་སྤྲེའུའི་རིགས་ལ་བློ་མ་གཏད། །ཅེས་པ་དེ་ནི་དགེ་ཆོས་ཀྱིས་འབྲུག་པ་དྲག་ཤོས་ཕྲིན་ལས་སྟོབས་རྒྱལ་ལ་འཕྲིན་ཡིག་གི་ལམ་ནས་གསུངས་པ་རེད་ཟེར། དེ་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན་དེ་དུས་འབྲུག་པ་རྣམས་ཀྱིས་རྒྱ་གར་དུ་ཡོད་པའི་དབྱིན་ཇི་རྣམས་དང་མཐུན་ལམ་གང་ཟབ་བྱེད་ཀྱི་ཡོད་པའི་དུས་ཤིག་རེད། དེ་ཡིན་དུས་གོང་གི་འཕྲིན་ཡིག་དེས་འབྲུག་པ་ཚོ་དབྱིན་ཇི་རྣམས་དང་འབྲེལ་བ་མ་བྱེད་རོགས་ཞེས་བསྐུལ་བ་ཡིན་པ་རེད། དགེ་ཆོས་ལགས་མཁས་དབང་ཞིག་ཡིན་པར་ཡོངས་སུ་གྲགས་ཀྱང་གོང་གི་བསླབ་བྱ་དེ་ཁོང་གིས་གནང་བ་ཡིན་པར་བདེན་ན་དེ་དུས་ཀྱི་ཁོང་གི་ལྟ་སྟངས་ནི་ཏན་ཏན་གྱི་ནོར་བ་ཐེབས་འདུག། གལ་ཏེ་དེ་དུས་འབྲུག་པའི་རྒྱལ་བློན་རྣམས་ཀྱིས་དབྱིན་ཇི་དང་འབྲེལ་བ་དམ་ཟམ་མ་བྱས་ན་དེང་སང་འབྲུག་ཡུལ་དེ་རྒྱ་དཀར་ནག་གང་རུང་ཞིག་གི་འོག་ཏུ་བསྡད་དགོས་བྱུང་ཡོད་ངེས་རེད།
ཝུན་ཅའོ་སྙིང་གཅེས། བོད་ཡ་རབས་ཀྱི་ཕྱུ་པ་གྱོན་ན། ཁོ་ཡ་རབས་ཟེར་ཡོང་རེ་བ་རེད། ཆབ་སྲིད་གཡོ་བྱུས་ཀྱིས་ཀྱང་། བོད་ལ་མི་དགའ་བ་མི་འདུག་སྙམ་པ་བཟོ་འདོད་ནས་རེད། ཧ་། ཧ། ཧུ། ཧུ།
ངས་སྐད་ཆ་དྲང་མོ་ཞིག་ན། ཝུན་ལ་འུ་ཚོའི་ཆས་གོས་འདི་གོན་རྒྱུའི་ཐོབ་ཐང་མེད་ཀི་བསམ། མ་མཐའ་ན་ནིང་ད་ལོ་ལ་བལྟས་ནས་བཤད་ན་དེ་བས་མེད་ཀི། ཁྱེད་ཚོས་ག་འདྲ་བསམ་ཀི་འདུག?
བརྩེ་བའི་ཤ་རུས་གཅིག་པའི་སྤུན་ཟླ་རྣམས་དང་བོད་ཀྱི་བློ་དཀར་གྲོགས་པོ་ཤ་ཞེན་ཅན་བཅས་ཀྱི་སྙན་ལམ་དུ་
དེང་གི་བོད་མིའི་མག་པ་གཡོ་ཁྲམ་ཅན་འདྲ་མིན་གྱིས་ང་ཚོའི་གཅུང་མོ་མཛེས་མ་རྣམས་བེད་སྤྱད་ནས་བོད་མིའི་ངོ་བོ་རྩ་རླག་གཏོང་ཐབས་ཀྱི་གཡོ་བྱུས་གསར་པ་ཞིག་འཁྲབ་སྟོན་བྱ་བཞིན་ཡོད་པ་དེ་ལ་དྭོགས་གཟོན་ཆེན་པོ་དང་ནན་པོ་གནང་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེན་པོ་རེད་རྒས་པོ་ངས་ལོ་རྒྱུས་དངོས་ལ་བརྟེན་ནས་དྲན་གསོ་ཞུས་ན་རྒྱ་དམར་ནི་ཆེས་གཡོ་སྒྱུ་ཆེ་བའི་དུག་སྦྲུལ་གདུག་རྩུབ་ཅན་ཞིག་རེད་དེ་ནི་སྔར་གྱི་ལོ་རྒྱུས་ཀྱི་དོན་དངོས་ལ་གཟིགས་རོགས་གནང་ཞུ་སྤྱི་ལོ་༡༩༥༠ལོ་རྒྱ་དམར་ཤོག་ཁག་གིས་ཐོག་མར་ག་རེ་བཤད་པ་རེད་དམ་གཉིས་པ་ག་རེ་བྱས་ཡོད་རེད་དམ་གསུམ་པ་དེང་སྐབས་བོད་འདི་གང་འདྲ་ཞིག་ལ་གནས་ཡོད་དམ་བཞི་པ་མཐར་བོད་འདི་གང་དུ་འགྲོ་གི་རེད་དམ་རྒྱ་དམར་གཡོ་སྒྱུ་ཅན་གྱི་ལྐོག་གཡོའི་བྱ་ཐབས་ལ་ཡིད་ཆེས་གནང་མི་རུང་བས་བློ་རིགས་གསལ་པོའི་སྒོ་ནས་སྤྱང་གྲུང་འཛོམས་པོ་གནང་གལ་རེད་ང་ཚོ་ཚང་མས་ལོ་རྒྱུས་དངོས་ལ་སློབ་སྦྱོང་གཟབ་ནན་གནང་དགོས་པ་འདུག་དེ་ཡང་གཡོ་ཁྲམ་ཅན་གྱི་འཕར་སྤྱང་གི་གདོང་རིས་ངོ་མ་ཤེས་དགོས་ལ་དེའི་གཡོ་ཐབས་གསལ་པོ་དང་མཐར་ཕྱིན་པ་མཁྱེན་གལ་རེད་ང་ཚོའི་དགྲ་བོའི་གཞན་དབང་དུ་འདུ་བའི་འཐབ་བྱུས་ནི་འཇམ་རྩུབ་གཉིས་སྤྱོད་དང་རྒྱུ་དངོས་གཉིས་སྤྱོད་དང་གཏམ་སྙན་དང་ཤ་ཞེན་ཡིན་མདོག་འདྲ་ཆགས་ཀྱི་རྣམ་པ་འདྲ་མིན་སྤྱད་ནས་རང་རྒྱལ་གཞན་བཅོམ་བྱས་ཡོད་པར་དྲན་གསོ་དང་སྦྲག་ང་ཚོ་རྒན་
གཞོན་བར་བཅས་ཀྱིས་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་ཐ་དད་ཡིན་པའི་སྐོར་ལ་སློབ་སྦྱོང་གནང་དགོས་གལ་ཆེ་བ་དང་བོད་གཞུང་དགའ་ལྡན་ཕོ་བྲང་རང་བཙན་ལྡན་པའི་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་བོད་གཞུང་གི་དམག་སྒར་ཁག་སོགས་ཀྱི་སྐོར་ཤེས་དགོས་པ་གལ་ཆེ་འདུག་སྙམ་པ་བཅས་སོ་།།སླར་ཡང་མཇལ་བའི་སྨོན་འདུན་ཞུ་བཞིན་ཡོད་།
ཕལ་ཆེར་ཡུལ་ཤུལ་གྱི་སྡེ་བ་ཞིག་གི་ནང་ན་མག་པ་བསྡད་འདུག་ཟེར་གསལ་བོ་ཤེས་མ་སོང་། དཔོན་པོའི་གོ་གནས་ཡོད་དུས་མག་པ་བསྡད་པ་ཡིན་དུས་ཁྱིམ་ཚང་དགའ་ཞིག་བདམ་ཡོད་ཀྱི་རེད།
དངོས་གནས་དབུ་མ་འདི་རེད་ལམ་དབུ་མ་ཟེར་བ་ནི་རྒྱ་མིས་བོད་ཆས་གྱོན། བོད་མིས་རྒྱ་སྐད་རྒྱག་བྱེད་ཡ་རེད་པ།
བོད་མི་རྒྱ་དགའ་རིགས་རྣམས་བྱེད་རྒྱུ་མ་མང་། གཡོ་བྱུས་འོག་ཏུ་ཚུད་ཡོང་།
བོད་ལྭ་གྱོན་པ་ཙམ་གྱི་ཡག་པོ་བརྩི་མཁན་རིགས་གཅིག་ཡོད། ཁོང་ཚོར་དཔར་འདི་མཆོད་གཤོམ་ནང་དུ་བཞག་རོགས།
བོད་རང་ས་དང་རང་ལག་གི་ཐོན་བསྐྱེད་གྱོན་གོས་ཤིག་རྒྱ་དཔོན་འདི་ལ་བསྐོན་ན་ཁོས་བསམ་བློ་གཏོང་དགོས་པ་ཞིག་གཏན་གཏན་ཡོང་གི་རེད། གཞན་རྒྱ་ནག་ནས་ཐོན་པའི་གོས་ཆེན་རྫིག་པོ་ཞིག་གི་བོད་ལུགས་ཕྱུ་བ་བཟོས་ནས་སྐོན་ན་ད་དེ་འདྲ་དེ་འདྲ་རེད། །
ཝུན་ཅ་པོས་འཛུམ་ཤོར་མདོག་བྱས་པ་མ་གཏོགས། མིག་གི་མདུན་ལ་ཕྱུ་པ་དེ་མེ་འབར་བཞིན་ཡོད་ཀྱི་རེད། ཁོ་ཚིག་ནས་རྔུལ་ཆུ་ཡང་བཞུར་ཡོད་འགྲོ། ཁོ་ལ་མིང་འདོགས་ཞིག་ཡོད་པ་ནི་འཁྲབ་སྟོན་པ་རེད། རྒྱ་ནག་འགོ་དཔོན་ནང་ནས་འཁྲབ་སྟོན་མཁས་ཤོས་རེད། ཡ། ཨ་ཁུ་མ་རྗེད་ཨ། རྒྱ་རྒན་དེ་སོང་ཚར་རྗེས་ཕྱུ་པ་དེ་ཡང་སྐྱག་ཁང་ནང་དུ་སྐྱུར་ཐོང་།
ལུག་ལྤགས་གྱོན་པའི་སྤྱང་ཀི་ཁོར་རྒྱུས་ཡོད།
ཝིན་ཅོའོ་བྱབ་ཆུང་།
གོ་ཆེན་བྱབ་ཆུང་།
གྱོན་མཁན་བྱབ་ཆུང་།
གྱོན་པ་བྱབ་ཆུང་།
བཀོན་ས་བྱབ་ཆུང་།
བཀོན་མཁན་བྱབ་ཆུང་།
པར་པ་བྱབ་ཆུང་།
མཁོ་འདོན་བྱབ་ཆུང་།
ལྟ་མཁན་བྱབ་ཆུང་།
འབྲི་མཁན་བྱབ་ཆུང་།
ང་ཡང་བྱབ་ཆུང་།
འཁོར་བ་བྱབ་ཆུང་།
ཡ་རབས་ཀྱི་ཕྱུ་པ།
མ་རབས་ཀྱིས་གོན་འདུག
ཕྱུག་པོའི་གོས་ཆེན།
སྤྲང་རྒན་གྱིས་གོན་འདུག
བོད་པའི་ཕྱུ་པ།
རྒྱ་མི་ཡིས་གོན་འདུག
བོད་པའི་ས་ཆ།
རྒྱ་རིགས་ཀྱིས་འཕྲོག་འདུག
བོད་པའི་ཁ་ཟས།
རྒྱ་རིགས་ཀྱིས་ཟ་བགྱིད།
བོད་པའི་སྐད་ཡིག
རྒྱ་གཞུང་གིས་བཀག་བགྱིད།
བོད་ཀྱི་བོད་མི།
བོད་ནས་ཕུད་བགྱིད།
བོད་ཀྱི་བདག་པོ།
བོད་ནང་ཡོད་དམ།
དགྲ་ལ་སྐྱོན་བརྗོད་བྱེད་དུས་ངར་ནའང་རང་གི་སྐྱོན་དེ་ཤེས་ན་ཡག་པོ་ཡོད་། ཡུལ་ཤུལ་ས་ཡོམ་སྐབས་རང་དབང་ལུང་པ་ནས་གདུང་སེམས་མཉམ་སྐྱེད་ཀྱི་ཞལ་འདེབས་བསྡུས་པ་དེ་ད་བར་ས་གནས་ས་ཐོག་ཏུ་སྒོར་གཅིག་འབྱོར་མེད་པ་དེ་ཧ་གོ་གི་ཡོད་པས་།
གེ་སར་བདེན། ཡུལ་ཤུལ་ས་ཡོམ་གྱི་སྐོར་ལ་ཞལ་འདེབས་བསྡུས་པ་དེ་ངོ་མ་གང་ཞིག་ན་ཡོད་པ་རེད། པན་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་བའི་ཆེད་དུ་ཞལ་འདེབས་བསྡུས་བསྡད་པ་དེ་ཚོ་སུ་གང་ཞིག་ཏུ་སོང་བ་རེད།
ཞལ་འདེབས་སྡུད་མཁན་གྱི་ཚོགས་པའི་མིང་ང་དོ་བདག་དེའི་མིང་དང་ཁ་བྱང་སྨྲོས་ཐུབ་ན་ཡག་པོ་ཡོད་རེད། དེ་མིན་རང་གཞན་གཉིས་ཀར་གནོད་པ་ཙམ་ཕན་པ་་ཏིལ་འབྲུ་ཙམ་ཡང་མེད་པ་དེ་ཡང་ཤེ་དགོས། །
ངས་བལྟས་ན་ཁོ་པས་བོད་ཀྱི་ཕྱུ་པ་གྱོན་ཁུལ་བྱས་པ་དེ་ནི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་རྣམས་ཀྱིས་བོད་ཀྱི་ཡུལ་གྱི་གོམས་པའི་གཤིས་ལུགས་ལ་མཐོང་ཆེན་བྱེད་ཀྱི་ཡོད་མདོག་དང་བོད་ཀྱི་རིག་གནས་ཆས་གོས་སོགས་ནི་ཀྲུང་གོའི་རིག་གཞུང་གི་ཆ་ཤས་ཡིན་པས་དགའ་མོས་བྱེད་ཀྱི་ཡོད་མདོག་གི་སྲིད་དོན་འཁྲབ་པ་ཞིག་རེད།།
ཝུན་ཅ་པའོ་བོད་དུ་ལོག་པ།
པེ་ཅིན་མཁར་ནས་གནམ་གྲུར་བསྡད་དེ་མཐོ་སྒང་ཡུལ་ཤུལ་གསར་བར་ཕེབས།།
སྟག་སྡེར་རི་རྩེར་མནན་གྱིས་འགོས་ཏེ་རས་གུར་དགུང་ལ་འཕུར་ཤུལ་བལྟ།།
རས་དཀྲིས་དམར་པོས་སྐེ་རྩ་བསྡམས་པའི་དར་དམར་སློབ་ཆུང་ར་བསྐོར་དུ།།
དྭ་ཕྲུག་བྱིས་པ་སྣབས་ལུག་རྣམས་དང་ཉམ་ཆུང་བོད་ལ་ཞབས་བྲོ་འཁྲབ།།
དེང་ཁ་དགོན་པའི་འདུ་ཁང་དཀྱིལ་དུ་མཇལ་དར་ཡུག་གཅིག་དགུང་ལ་བཏེགས།།
གྲྭ་བཙུན་རྣམས་ལ་ཆོས་ལུགས་རིག་གནས་འདུལ་བའི་བསླབ་བྱ་ཉུང་ཙམ་ཁྲིད།།
རི་བོའི་གཏོས་མཉམ་རྟེན་མཛོད་ཁང་དང་གེ་སེར་ཐང་ལ་ཞབས་ཀྱིས་བཅག།
བོད་རིགས་གཙོ་བྱས་སྤུན་ཟླ་ཡོངས་ལ་ལོ་སར་བཀྲ་ཤིས་སྨོན་འདུན་ཞུས།།
དམིགས་གསལ་ཁྱིམ་དུ་གདན་ཞུས་བྱས་ཏེ་རྒྱས་སྤྲོས་འཚོ་བའི་ཟུར་ཙམ་བསྟན།།
བོད་ལྭ་ཤོམ་ཆེན་རྒྱབ་ལ་མནབས་པས་ཀུན་གྱི་མིག་དབང་འཕྲོག་པར་བྱས།།
གནོད་ཤུལ་བསྐྱར་འཛུགས་རྣམ་པ་གསར་བས་ཙུང་ལིས་དག་ཞིང་འགྲིམས་སྣང་ཤར།།
རང་གི་མིག་ལ་ཡིད་ཆེས་མེད་ཟོལ་འཁྲེང་ཞེན་མིག་གིས་ཡང་ཡང་བལྟ།།
ཙུང་ལིས་ཝུན་ཅ་པའོ་ཡང་བསྐྱར་ཡུལ་ཤུལ་ཏུ་ཕེབས་ཏེ་ཞབས་བྲོ་འཁྲབ་པར་རྟེན་འབྲེལ་ཞུ།
༢༠༡༣་ལོའི་ཟླ་༡པའི་ཚེས་༣་ལ།
ང་ཚོས་བོད་པ་ཚོས་བོད་ལ་གོན་པར་སུན་སྣང་བྱེད་གི་ཡོད་པ་ཝུན་ཅ་པོ་ཡིས་ཤེས་སོང་ནི་ཡིན་རྒྱུ་རེད། ད་ཁྱོད་ཚོས་མི་གོན་ན་ངའི་གོན་འདྲ་དྲོན་པོ་འདུག་ཟེར་གི་ཡོད་ས་རེད། རང་དབང་ལོངས་པའི་ནང་གི་བོད་པ་རྒན་དར་གཞོན་གསུམ་གི་བོད་ལ་གོན་པ་སུན་སྣང་བྱེད་གི་ཡོད་རེད། ད་བལྟས་དང་རྒྱ་མིའི་ཡོངས་དེ་བོད་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ལྭ་ཡང་གོན་ནས་བསྡད་འདུག་ག།
༢༡༽ ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས།
ཝུན་ཅ་པའོ་བོད་དུ་ལོག་པ། ཤོད་སྟངས་ལ་བལྟས་ན། བོད་འདི་ཝུན་ཅ་པའོ་ཕ་ཡུལ་ཡིན་པ་སྟོན་མི་འདུག་གམ། ད་དུང་ཡུལ་ཤུལ་དུ་ཕེབས་པར་རྟེན་འབྲེལ་ཞུ་སྟངས་ལ་བལྟས་ན། རྒྱ་གཞུང་དང་རྒྱ་དཔོན་རྣམས་བོད་ལ་བཀའ་དྲིན་ཆེན་པོ་སྟོན་འདུག་སྙམ་ལགས།
གལ་སྲིད་དེ་ལྟར་ཡིན་ན། ངའི་སྙན་ཚིག
བོད་པའི་ཕྱུ་པ།
རྒྱ་མི་ཡིས་གོན་བགྱིད།
བོད་པའི་ས་ཆ།
རྒྱ་རིགས་ཀྱིས་འཕྲོག་བགྱིད།
བོད་པའི་ཁ་ཟས།
རྒྱ་རིགས་ཀྱིས་ཟ་བགྱིད།
བོད་པའི་སྐད་ཡིག
རྒྱ་གཞུང་གིས་བཀག་བགྱིད།
བོད་ཀྱི་བོད་མི།
བོད་ནས་ཕུད་བགྱིད།
འདི་ཡང་སྦས་དགོས་པའི་དུས་ཚོད་ཆགས་མི་འདུག་གམ།
ཁྱིག་ལུ་ཆ་ཟིག་གིས། གཅིག་གིས་གཅིག་ལ་རྔ་མ་དབྱུག་རེས་བྱེད་ཀི་ཡོད་ས་རེད་ར། ནང་ཁྱོལ་རུལ་བའི་དམར་གཤོག་པ་ཞིག་ལ། གོས་ཆེན་དེ་འདྲ་ཞིག་གིས་བཏུམ་དང་མ་བཏུམ་ཡོད་ནི་མ་རེད།
བླ་མ་ཞིག་ཡིན་རྒྱུ་ན། བཞེས་ལྷག་ཞིག་དང་བྱིན་རླབས་ཞིག། དད་པ་ཞིག་དང་མཛའ་བརྩེ་ཞིག་ཤུལ་ན་བཞག་ཡོད་པ་རེད། ཝུན་རྐུན་འདིའི་ཤུལ་ན་གོས་ལ་རྒྱ་དྲི་ཅན་ཞིག་ལས་གཞན་ག་རེ་ཡོད་བ་རེད།
དེ་རིང་ནང་ཁའི་ལོ་རྒྱུས་ཀྱི་ངོ་གདོང་ངོ་མ་དེ། བརྫུན་བཟོ་མི་བྱེད་པར། རང་ཚུགས་བརྟན་པའི་བོད་མི་ཞིག་ཡིན་ན་འགྲིག་པ་ཨ།
ཝུན་ཅ་པའོ་ཡིས། སྔར་ཡུ་ཤུལ་ས་གུལ་བརྒྱབ་རྗེས་ལ་ཕྱོགས་དེར་ཕེབས་པར། ༸གོང་ས་མཆོག་གིས་བསྔགས་བརྗོད་ཡོད་ཅིག་ངས་དྲན་ཡང་་་་་་་་
རྒྱ་གཞུང་གི་མྱུར་སྐྱོབ་དུས་ཐོག་ཏུ་མ་བསླེབས་པ་དང་། བོད་མི་གྲྭ་པས་རོགས་རམ་བྱེད་མཚམས་བཞག་དགོས་པ་དང་། རྒྱ་རིགས་བོད་མིའི་ཁྱི་ཕྲུག་རྐུ་བ་སོགས་གནས་ཚུལ་མང་དག་ཅིག་བྱུང་འདུག་པ་མིན་ནམ།
ཝུན་གྱི་བོད་ནང་འཁྲབ་སྟོན་མཐའ་མ་འདིའི་དམིགས་ཡུལ་གང་ཡིན་ནམ།
བོད་པས་རྒྱ་རིགས་ལས་བྱེད་དགའ་ཤོས་ཨང་དང་པོ་དེ་ཧུ་ཡོ་པང་ཨང་པོ་ཡིན་པ་འདྲ། ལས་བྱེད་གཉིས་པ་ཝུན་ཅ་པའོ་འཇོག་ཐུབ་བམ། ཡང་ན་གཞན་པ་ཅིག་ཡོད གསུམ་པ་དང་བཞི་པ་སོགས་སུ་སུ་རེད་དམ། ལགས།