གཅན་ཡེ་རྒྱམ།
བཀའ་ཤག་གིས་བརྡ་ཁྱབ་དང་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་མཐའ་མའི་ཉིན་མོར་སོང་བྱང་ཨ་རིའི་མི་མང་རྣམས་ནེའུ་ཡོག་ཏུ་ལྷན་འཛོམས་ཀྱིས་ཞི་རྒོལ་གནང་གི་ཡོད་པ་ལྟར། ས་གནས་འདི་གཉིས་ནས་ཀྱང་ནེའུ་ཡོག་ཞི་རྒོལ་ལ་ཞུགས་ཐུབ་མཁན་རྣམས་ནེའུ་ཡོག་ཏུ་སྐད་འབོད་ནང་ཞུགས་པ་དང་། གཞན་པའི་དུས་ཚོད་གཏོང་ཐུབ་མཁན་རྣམས་༢༠༡༢ཟླ་༡༢པའི་ཚེས་༡༠ ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་བའི་སྟེང་གྲོང་ཁྱེར་ཞིས་ཀ་གོའི་ནང་འཛོམས་ཏེ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་། རང་ལུས་མེ་རུ་བསྒྲོན་པའི་དཔའ་བོ་དཔའ་མོ་རྣམས་སྐུ་པར། བརྗོད་ཚིག་སྣ་ཚོགས་བྲིས་པའི་འཕྲད་དར་དང་། བོད་ལ་རང་དབང་དགོས། བོད་མི་དམར་བསོད་མཚམས་འཇོག་དགོས། མཉམ་འབྲེལ་རྒྱལ་ཚོགས་གཉིད་སད་གཉིད་སད་སོགས་ཀྱི་སྐད་འབོད་སྣ་ཚོགས་མཁའ་དབྱིངས་སུ་སྒྲོག་བཞིན་ཞི་བའི་གོམ་བགྲོད་ཀྱིས་གྲོང་ཁྱེར་གྱི་གཞུང་ལམ་ཆེ་འབྲིང་ཆུང་གསུམ་རྒྱུད་པའི་མཐར་རྒྱ་མིའི་གཞུང་ཚབ་མདུན་དུ་རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཅེས་དང་། བོད་ལ་རང་དབང་དགོས་སོགས་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱས་ཏེ་སེམས་ཀྱི་ན་ཟུག་ཕྲན་བུ་ཕྱིར་བཏོན་ཐུབ་ཙམ་བྱུང་། དགོང་དྲོ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བདེན་ཚིག་སྨོན་ལམ། དཔའ་བོ་དཔའ་མོ་ཚོའི་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་བྱས། བོད་རྒྱལ་ལོ་དང་། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་བཞིན་ལས་འགུལ་གྲོལ། །
ཕྱོགས་གཞན་ཞིག་ནས་ཚེས་ ༡༠ ཉིན་མོ་འདིར་ཝེ་སི་ཀོན་སིན་གྱི་གྲོང་ཁྱེར་མེ་ཌེ་སིན་དུ་གཞོན་ནུ་ཚོགས་པས་སྣེ་འཁྲིད་དེ་བོད་ནང་ཛ་དྲག་གནས་སྟངས་སྐོར་ཡིག་ཆ་འགྲེམ་སྤེལ་དང་། ས་ཡིག་བསྡུ་རུབ། མཉམ་འབྲེལ་རྒྱལ་ཚོགས་ཁ་པར་གཏོང་བ། དགོང་དྲོ་བོད་ནང་ཛ་དྲག་གནས་སྟངས་རྩིགས་ངོས་སུ་གློག་བརྙན་སྟོན་པ་སོགས་ལས་འགུལ་སྣེ་མང་སྤེལ་བ་སོགས་ཀྱི་གནས་ཚུལ་ཡོད། །
གཅན་ཡེ་རྒྱམ་ལེགས། ངའི་མི་ཚེ་ཡི་ལོ་མང་ཤོས་གྲོང་ཁྱེར་རྒྱ་ཆེ་ཛམ་གླིང་ཡོངས་ཀྱི་མི་སྣ་འཛོམས་ཤིང་རང་དབང་ཅན་གྱི་ས་གནས་འདིར་རྫོགས། ད་དུང་མ་འོངས་པ་ན་དེར་འོངས་ནས་སྡོད་པ་གྲོགས་ངོ་ཤེས་པ་རྣམས་ནས་སྡོད་གནས་ཕུན་སུམ་ཚོགས་པ་བྱེད་ངེས། སྔར་བོད་མི་སུམ་ཅུ་བཞི་བཅུ་ལྷག་མེད་སྐབས་དང་། ཕྱིས་སུ་ཡང་བོད་མི་མང་དུ་འཛོམས་དུས་ལ་གསུམ་བཅུའི་རུ་སྒྲིག་སྐད་སྒྲོགས་སུ་ལན་མང་འགྲོ་མྱོང་། ཁྱེད་ཀྱིས་བོད་མི་རྣམས་ཀྱི་མཛད་རིམ་སྐད་སྒྲོགས་གནས་ཚུལ་བྲིས་པར་དགའ་བ་ཆེའོ།
ཞར་དུ་བོད་ཀྱི་བཀའ་བསྟན་གསུང་འབུམ་རྣམས་ན། གསལ་བ་ལྟར་བདག་གིས། བཅུ་བའི་སྟེང་། ཞེས་པར་བཅུ་པའི་སྟེང་། ཞེས་དང་། སྒྲོག ཅེས་པར་སྒྲོགས་འབྲི། དེ་ཡང་འཇམ་དབྱངས་གང་བློ་མ་དང་། དག་ཡིག་ཟ་མ་ཏོག་སོགས་ན། ལྕགས་སྒྲོག་དང་ཆོས་སྒྲོགས་ཞེས་བྲིས། དགོང་དྲོ་ལ་ཡང་དགོངས་དྲོ་ཞེས། ཁ་སང་དང་། དི་རིང་ཡང་བྲིས་པ་གཞན་དུ་དྲ་རྒྱ་འདིར་བཀོད་པའི་གནས་ཚུལ་ལོ།།