གནས་ཚུལ་མཁོ་འདོན་པཿ ཁྲི་གཡུང་དྲུང་།
གཤེན་གྱི་འབྱུར་ལྡན་༣༠༡བོད་ཆུ་འབྲུག་ལོའི་ཟླ༥ཚེས་༡༠ཕྱི་ལོ༢༠༡༢ཟླ་༦ཚེས་༢༩ ཉིན་བོད་མདོ་སྨད་ཀྱི་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་བོད་ཡིག་གི་ཕྱི་མོ་ཞང་ ཞུང་སྨར་གྱི་ཡིག་གཟུགས་རྒྱལ་སྤྱིའི་ཨང་རྟགས་གཅིག་གྱུར་ཐོག་འགྲེམ་སྤེལ་སྒོ་ འབྱེད་མཛད་སྒོ་སྤེལ་ཡོད་པའི་གནས་ཚུལ་གཏམ་བཟང་ཐོན་འདུག
དེ་ཡང་ཚོགས་ཐོག་ཏུ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་པོ་ཤེས་རབ་ གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་ཤེས་རབ་མཐར་ཕྱིན་མཆོག་གཙོས་པའི་ཟིང་ཆུ་ཁོག་གི་དགོན་སྡེ་ལྕགས་ མདུད་དགོན་གྱི་དབུ་བླ་ཟླ་བ་རྒྱལ་མཚན་དང་། རིན་སྤུངས་དགོན་གྱི་མཆོག་སྤྲུལ་བླ་མ། ཤར་སྣང་ཞིག་དགོན་གྱི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སྐྱང་ཚང་དགོན་གྱི་དབུ་བླ་གཡུང་དྲུང་དགེ་ལེགས་མཐར་ཕྱིན། དགའ་མལ་དགོན་གྱི་དབུ་བླ་ཁྱུང་ཚ་མཁྱེན་རབ་བརྩེ་ཆེན། ཁོད་སྤུངས་དར་རྒྱས་དགོན་གྱི་བླ་མ་ཚེ་དབང་གཡུང་དྲུང་སོགས་དབུ་བླ་དང་མཁན་པོ་ དགེ་བཤེས་སྤྲུལ་སྐུ་སོགས་མི་སྣ་བླ་སྤྲུལ་ཉི་ཤུ་ལྷག་ལྷན་འཛོམས་ཀྱིས་ཞང་ཞུང་ སྨར་གྱི་ ཡིག་གཟུགས་མཉེན་ཆས་༼ཧི་མ་ལ་ཡའི་བོན་༽དྲ་ཚིགས་སུ་ནང་འཇུག་བྱེད་པའི་ཚོགས་འདུ་ འཚོགས་པ་དང་། དང་ཐོག་དགའ་མལ་དགོན་གྱི་༧མཁན་སློབ་རྣམ་གཉིས་ནས་ཞང་ཞུང་སྨར་ཆུང་ཡིག་གཟུགས་ བཀྲམ་པའི་རྟེན་འབྲེལ་གྱི་དར་ཡོལ་དབུ་འབྱེད་གནང་བ་དང་། དེ་ནས་ཡིག་གཟུགས་བཟོ་སྐྲུན་གྱི་འགན་འཛིན་པ་ཨ་དཔལ་བཟང་དང་རིན་སྤུངས་ཚུལ་ བསྟན་གཉིས་ནས་ཡིག་གཟུགས་རྩིས་འཁོར་དུ་བཅུག་པའི་ལས་རིམ་ཁག་ངོ་སྤྲོད་དང་ དམིགས་ཡུལ་སོགས་མཚམས་སྦྱོར་བྱས། དེ་ནས་༧མཁན་ཆེན་རིན་པོ་ཆེ་ནས་སྨར་ཡིག་རྩིས་འཁོར་དུ་བཅུག་པ་འདིས་སྤྱི་བོད་ མི་རིགས་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་བསྟན་ལ་ཡང་ཕན་འབྲས་ གང་ལེགས་ཐོན་ཡོད་པ་སོགས་ཀྱི་བཀའ་སློབ་བསྩལ་བ་དང་།
ཁྱད་དུ་༧མཁན་སློབ་རྣམ་གཉིས་ནས་བཟོ་སྐྲུན་པ་གཉིས་ལ་བཀྲ་ཤིས་ཀྱི་དར་དཀར་ སྒྲོན་པ་དང་། གཞན་དགོན་ཁག་སོ་སོའི་བླ་མ་དང་སྤྲུལ་སྐུ་སོགས་ནས་ཀྱང་རྟེན་འབྲེལ་གྱི་དར་དཀར་ སོགས་སྒྲོན་པ་རེད།གཞན་ཡང་དགོན་ཁག་སོ་སོའི་བླ་སྤྲུལ་དང་མཁན་པོ་སོགས་ནས་སྨར་ ཡིག་རྩིས་འཁོར་དུ་བཅུག་པའི་ཕན་འབྲས་སོགས་ཀྱི་ཐད་ལ་བཀའ་སློབ་དང་བགྲོ་གླེང་ སོགས་ཟབ་རྒྱས་སུ་གནང་སྟེ་མཐར་༧བླ་གྲྭ་ལྷན་རྒྱས་ནས་གཡུང་དྲུང་བསྟན་པའི་རྒྱས་ པའི་སྨོན་ལམ་གསུངས་ནས་རྒྱལ་ཁའི་ངང་དུ་མཛད་སྒོ་མཇུག་རྫོགས་པ་རེད། །
ཞང་ཞུང་སྨར་གྱི་ཡིག་གཟུགས་མཉེན་ཆས་ཀྱི་གསལ་བཤད།
ཐ་ཚན་མུ་ཙུག་སྨར་རོ། །ཡང་ཞང་ཞུང་སྨར་གྱི་ཡིག་གཟུགས་ནི་དེང་གི་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་ མེད་ཀྱི་ཡིག་གཟུགས་མ་བྱུང་བའི་ཡར་སྔོན་ནས་ཡོད་པའི་ཞང་བོད་ཐུན་མོང་གིས་བེད་ སྤྱོད་གཏོང་བཞིན་པའི་ཡིག་གཟུགས་ཤིག་ཡིན་པར་གནའ་དེང་གི་མཁས་དབང་གང་མང་ཞིག་ གིས་གསུངས་དང་གསུང་བཞིན་པ་རེད་ལ།
ཞང་ཞུང་སྨར་ཡིག་ནི་ཉུང་མཐའ་ཡང་ལོ་ངོ་ཆིག་སྟོང་བཞི་བརྒྱའི་ཡར་སྔོན་གྱི་ལོ་ རྒྱུས་ལྡན་པའི་ཡིག་རྙིང་ཞིག་ཡིན་པ་དང་། ཁྱད་པར་དུ་དེང་འཛམ་བུ་གླིང་དུ་འོད་ལྷང་ལྷང་དུ་འཚེར་བཞིན་པའི་བོད་རང་གི་ཐུན་ མོང་མ་ཡིན་པའི་ཤེས་རིག་གི་བྱུང་ཁུངས་ནི་ཞང་ཞུང་གི་ཤེས་རིག་ཡིན་པ་ཀུན་གྱིས་ མཁྱེན་ས་ལྟར་རེད་ལ། ཞང་ཞུང་གི་ཤེས་རིག་དེ་ལ་ཡང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཤིག་ཡིན་པ་དེ་ ཡང་དེང་རྒྱལ་ཕྱི་ནང་གི་མཁས་དབང་རྣམ་པས་གདེང་འཇོག་བྱེད་དང་བྱེད་བཞིན་པ་དེ་ དངོས་ཡོད་དུ་ཆགས་ཡོད་ཅིང་། དེའི་ནང་ནས་ཞང་ཞུང་སྨར་གྱི་ཡི་གེ་ཡང་ཞང་ཞུང་ཤེས་རིག་གི་རྨངས་གཞིར་གྱུར་བ་ ཡང་སྨོས་མ་དགོས་རེད། ཞང་ཞུང་སྨར་ཡིག་ནི་བོད་ཡིག་དབུ་ཅན་དབུ་མེད་ཀྱི་ཕྱི་མོ་ཡིན་པ་ཡང་ཚད་ལྡན་གྱི་ ལོ་རྒྱུས་དག་དང་མཁས་དབང་རྣམ་པའི་གསུང་ལས་གསལ་བོར་བཀོད་ཡོད། དེ་ཕྱིར་ང་ཚོས་ཀྱང་རང་གིས་ནུས་ཚོད་དང་བསྟུན་ནས་བོད་ཀྱི་རིག་གནས་འདི་ཉིད་དར་ སྤེལ་དང་རྒྱུད་འཛིན་སོགས་ཀྱི་ཆེད་དུ་དམིགས་ཏེ་དུས་རབས་དང་མཐུན་པའི་སྒོ་ནས་ བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་གྱི་ཡིག་གཟུགས་འདི་ཉིད་རྩིས་འཁོར་དུ་བཅུག་ པའི་ལས་འགན་དེ་འཕྲག་ཏུ་བླངས་པ་ཡིན།
སྤྱིར་བཏང་ཞང་ཞུང་སྨར་ཆུང་ལ་ཡང་བྲིས་རྒྱུན་མི་འདྲ་བ་རེ་གཉིས་འདུག་མོད་ཀྱང་ ང་ཚོས་ཆེད་དུ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་དང་༧སྐྱང་སྤྲུལ་ དྲི་མེད་འོད་ཟེར་རིན་པོ་ཆེ་དང་། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་སོགས་ ལ་བཀའ་འདྲི་ཡང་ཡང་ཞུས་ཏེ་ཡིག་གཟུགས་འདི་ཉིད་གཏན་ཁེལ་བྱས་ཏེ་ཡིག་གཟུགས་པ་ཤར་ སྟེང་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ཡིག་འབྲུ་དགུ་བརྒྱ་ལྷག་བྲིས་པ་དང་། སྤྲུལ་བའི་སྐུ་མཆོག་དམ་པ་༧ལི་ཤུ་གཤེན་རྒྱལ་བསྟན་འཛིན་རིན་པོ་ཆེ་ནས་ཡིག་ གཟུགས་མཉེན་ཆས་བཟོ་སྐྲུན་གྱི་འགྲོ་སོང་སྤྱི་ཡོངས་གནང་ནས་ངེད་གཡུང་དྲུང་བོན་ དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》རྩོམ་སྒྲིག་ཁང་ནས་བཟོས་པ་ཡིན། ཡིག་གཟུགས་འདི་ཉིད་ནི་རྒྱལ་སྤྱིའི་བོད་ཡིག་ཡིག་གཟུགས་མཉེན་ཆས་ཧི་མ་ལ་ཡའི་ ཡིག་གཟུགས་ཀྱི་གཏག་ཆས་རང་ཡིན་ལ། བོད་ཡིག་ཧི་གཟུགས་དེ་དེང་སྐབས་རྒྱལ་ཕྱི་ནང་གི་བོད་ཡིག་བེད་སྤྱོད་གཏོང་མཁན་ རྣམས་ཀྱིས་ཐུན་མོང་དུ་བཀོལ་བའི་ཡིག་གཟུགས་གཅིག་པུ་དེ་རང་ཡིན་པས་ང་ཚོས་ཀྱང་ ཡིག་གཟུགས་མཉེན་ཆས་དེ་ལ་དམིགས་ནས་ཡིག་གཟུགས་གསར་པ་འདི་བཟོས་པ་ཡིན། འོན་ཀྱང་འཇིག་རྟེན་གྱི་བྱ་བ་གང་དང་གང་ཡིན་ནའང་དེ་ལ་མ་འདང་སའི་ཕྱོགས་གང་ཞིག་ མཆིས་སྲིད་པ་ཞིག་ཡིན་པ་ལྟར་ང་ཚོའི་ལས་གཞི་འདི་ལ་ཡང་མ་འདང་བའི་ཕྱོགས་ཆ་གང་ དག་མཆིས་པ་དག་རྒྱ་ཆེ་བའི་སྤུན་གྲོགས་དག་གིས་བཀའ་སློབ་སོགས་གནང་བའི་རེ་བ་དང་ ང་ཚོས་ཀྱང་དངོས་ཀྱི་མ་འདང་བའི་ཆ་རྣམས་ལོ་ངོ་གཅིག་གི་ནང་དུ་བསྡུ་རུབ་བྱས་ཏེ་ མཐར་ཡིག་གཟུགས་འཕྲི་སྣོན་སོགས་བྱེད་འཆར་ཀྱང་ཡོད་པས་ཐུགས་བཞེས་རེ་གནང་བར་ འཚལ།
གཞན་འདི་ག་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ《མུ་ཁྲི་བཙན་པོ》 རྩོམ་སྒྲིག་ཁང་གིས་པར་བསྒྲིགས་བྱས་ཏེ་བདག་ཅག་གི་༧སྟོན་པ་རྒྱལ་བ་གཤེན་རབ་མི་ བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བའི་བཀའ་ཚད་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་བསྡུས་པའི་ པོད་དེ་ཚར་གྲངས་ཆིག་སྟོང་དང་། མདོ་སྨད་རྩེ་ཞིག་དགོན་《གངས་ཏི་སེ་བོན་གཞུང་རིག་མཛོད》དཔེ་ཚོགས་རྩོམ་སྒྲིག་ ཁང་གིས་རྩིས་འཁོར་དུ་པར་བསྒྲིགས་བྱས་པའི་མདོ་འདུས་པ་རིན་པོ་ཆེའི་བཀའ་ཚད་མ་ དང་། སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས་གཉིས་ཀྱི་མ་ཕྱི་རང་གནང་བ་དེ་པོད་གཅིག་ཚར་ ཆིག་སྟོང་དང་། ཞང་ཞུང་སྨར་གྱི་ཡིག་གཟུགས་མཉེན་ཆས་འོད་སྡེར་ཚར་ཆིག་སྟོང་བཅས་པར་བསྐྲུན་བྱས་ ཏེ་རྒྱལ་ཕྱི་ནང་དུ་བཞུགས་པའི་དགོན་སྡེ་ཁག་དང་སློབ་གཉེར་སྡེ་དག་སོགས་ལ་རིན་ མེད་ཀྱི་གཟིགས་འབུལ་བྱས་པ་ཡིན།
འདི་ནི་དུས་རབས་ཉེར་གཅིག་པའི་ནང་དུ་ཞང་ཞུང་སྨར་ཡིག་གི་ལམ་ནས་པར་བསྒྲིགས་ འགྲེམ་སྤེལ་བྱས་པའི་དཔེ་ཆ་ཐོག་མ་དེ་ཡང་ཆགས་ཡོད་ལ། དེ་ནི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཀྱང་སོང་ཡོད།མཐར་བོད་གངས་ཅན་གྱི་ཡི་གེའི་ ཕྱི་མོ་ཞང་ཞུང་སྨར་གྱི་ཡིག་གཟུགས་འདི་ཉིད་ལ་བརྟེན་ནས་འཛམ་གླིང་གི་ཤེས་རིག་ སྤྱི་དང་ཁྱད་པར་དུ་བོད་གངས་ཅན་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ དར་སྤེལ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་དུ་འགྲོ་ བའི་ཡིད་ཆེས་དང་བཅས་རབ་འབྱམས་པའི་མིང་ཙམ་འཛིན་པ་རིན་སྤུངས་ཚུལ་ཁྲིམས་བསྟན་ འཛིན་གྱིས་བོད་ཆུ་འབྲུག་ལོའི་ཟླ ༤ ཚེས ༡༥ ༼༢༠༡༢ ༦ ༽ལ་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་བྲིས་པའོ། །
ཞང་ཞུང་སྨར་ཆུང་ཡིག་གཟུགས་ཕབ་ལེན་བྱེད་གནས། ༼ཧི་མ་ལ་ཡའི་བོན་དྲ་ཚིགས།༽ཡོད་པས་ཞང་ཞུང་སྨར་ཡིག་དགོས་མཁོ་མཁན་དག་གིས་རང་ འདོད་ལྟར་དུ་ཕབ་ལེན་གནང་རོགས་ཞུ།http://www.himalayabon.com/
ཞང་ཞུང་གི་སྨར་ཆུང་ཡིག་གཟུགས་ཞེས་པ་འདི་གནའ་བོའི་ཞང་ཞུང་གི་ཡིག་གཟུགས་སླར་གསོ་བྱས་པ་རེད་དམ། ད་སྐབས་གསར་དུ་གཏོད་པ་རེད་དམ། གནའ་བོའི་ཡིག་གཟུགས་སླར་གསོ་བྱས་པ་ཡིན་ན། གཞི་གང་ལ་བཞག་ནས་སླར་གསོ་བྱས་པ། བློ་དང་ལྡན་པ་ཞིག་གིས་ལན་གནང་བར་ཞུ།
སྤྱིར་ཡག་པོ་འདུག ཡིན་ན་ཡང་གསུང་སྟངས་ལ་བལྟས་ན་སྔར་གཏན་འཁེལ་མེད་པའི་བཟོ་འདྲ་ཞིག་འདུག ད་གསར་དུ་གཏན་འཁེལ་དགོས་ན་ལོ་རྒྱུས་ཀྱི་རིན་ཐང་ག་འདྲ་འདུག མ་གཞི་བྲིས་རྒྱུན་འདིའི་འབྱུང་ཁུངས་སུ་ལ་ཐུག དེའི་བརྒྱུད་རིམ་ཇི་ལྟར་ཡིན་སོགས་གསལ་བཤད་ཅིག་གནང་བའི་རེ་བ་ཡོད།
བོད་ཡིག་གི་ཕྱི་མོ་ཞང་ཡིག་ཡིན་པའི་སྒྲུབ་བྱེད་ཆ་མ་ཚང་བར་གཏན་འཁེལ་བྱ་རྒྱུ་དེ་མགོ་རིལ་རིལ་འགའ་ཤོས་ཀྱི་ལས་ཀ་ཨེ་རེད། དེ་ལྟར་ཡིན་ཆོག་ན་བོད་ཡིག་གི་ཕྱི་མོ་ལན་ཛ་དང་ཝ་རྟུ་ཡིན་པའི་རྒྱུ་མཚན་མ་བཀོད་པར་དེ་ལྟར་ཐག་བཅད་ན་ཨེ་ཆོག ཁ་རྒྱ་མགོ་སྟོང་ཟེར་བ་འདི་རེད། ཕན་མེད་པའི་ལས་གཞི་ཟེར་བའང་འདི་རེད། རིགས་མཐུན་ཡོངས་ན་གནོད་པའི་བྱ་བ་ཟེར་བའང་འདི་ལས་གང་ཡོད། བོད་ཡིག་གི་ཕྱི་མོ་ཞང་ཡིག་ཡིན་ན་ཅི་རེད། མིན་ན་ཅི་རེད། ཡིན་ན་བོན་པོ་ཚོས་བདག་དབང་བྱེད་ཀྱི་རེད་པ། བོད་ཡིག་ཡིན་ན་བོད་ཡིག་རེད། བོན་ཡིག་མ་རེད། རིགས་མཐུན་སྤྱི་ཡི་བྱ་བཞག་ཡིན་ཚད་ལ་མགོ་རྡོ་དག་གིས་ཁ་མིག་ལག་བསྲིངས་ཤིག་མ་བྱས་ན་ཨེ་ཆོག ཕྱི་ངོས་ནས་བསྟན་པ་སྐྱོང་མཁན། ནང་ངོས་ནས་བསྟན་པ་རྫོད་མཁན། མི་རིགས་ནང་ཁུལ་དཀྲུག་ཤིང་བཟོ་མཁན་དུ་བན་བོན་གྱི་གྲྭ་བ་ཆོས་མི་ཤེས་པ་དག་ཡིན་འགྲོ་བ་དེ་ཇི་འདྲའི་ལས་བཙོག་ཨང་། ཡ། ལ་རྒྱ་ཡོད་ན་བསྒྲུབ་ཡ། བོན་གྱི་གྱོན་ཆས་ཁྱེར་ཤོག བོད་ཀྱི་སྐད་ཆ་ཁྱེར་ཤོག དཀར་ཡོལ་ཁྱེར་ཤོག སླ་ང་ཁྱེར་ཤོག ཟ་མ་ཁྱེར་ཤོག པདྨས།
བོད་ཡིག་གི་ཕྱི་མོ་ཡིན་དང་བོད་ཡིག་ལས་བྱུང་བ་ཡིན་ནམ་སུས་ཤེས། མཁའ་འགྲོ་བརྡ་ཡིག་ཟེར་བ་ཡང་དེ་འདྲ་ཞིག་འདུག། ངས་བལྟས་ན་གཏེར་སྟོན་པ་དེ་ཚོས་བོད་ཡིག་ལ་བརྟེན་ནས་མཁའ་འགྲོ་བརྡ་ཡིག་ཟེར་བ་ཞིག་བཟོས། བོན་པོ་ཚོས་ཞང་ཞུང་སྨར་ཡིག་ཟེར་བ་ཞིག་བཟོ་ཡོད་ས་རེད་དྲན་གྱི་འདུག།
ད་ཡིན་ན་སྤྱི་ཚོགས་དེ་ཁྲ་ལེབ་ཆགས་འདུག ཡི་གེ་གསར་བཟོ། སྤྲུལ་སྐུ་གསར་བཟོ། ཆོས་གསར་བཟོ། སྲིད་གསར་བཟོ་སྟེ་དེང་རབས་ཅན་བཞིས་བོད་ཡུལ་ཁམས་ཕུང་འདུག ད་དུང་ངོ་ཚོ་མེད་པ་ཚོ་ངར་ཀི་ཡ།
ཞང་ཞུང་གི་སྨར་ཡིག་གློག་ཀླད་ནང་བཙུད་ཀྱང་རུང་མ་བཙུད་རུང་བོད་ཡིག་གི་ཕྱི་མོ་ཡིན་ཟེར་བ་ལ་ངོས་ལེན་ནམ་ཡང་མེད། བོད་ཀྱི་ཡིག་གཟུགས་ཇི་ལྟར་བཟོས་མིན་ལོ་རྒྱུས་ལ་རག་ལས་པ་ལས་རང་གང་ལ་དད་པ་ཡོད་མེད་ལ་བལྟ་ན་མི་འགྲིག ཞང་ཞུང་གི་ཡིག་གེ་དེ་བོད་ཡིག་དང་འདྲ་པོ་ཞིག་འདུག་ཡིན་ནའང་དེ་ཙམ་གྱིས་བོད་ཡིག་གི་ཕྱི་མོ་ཡིན་པ་ག་ལ་བཤད་ཐུབ། གོང་དུ་གཡུ་འབྲུག་སྔོན་པོས་བཤད་པ་ནང་བཞིན་རེད། ཡིག་གཟུགས་གང་སྔོན་དུ་བྱུང་བ་ཡིན་སུས་བཤད་ཐུབ། བོད་ཡིག་ལ་དཔེ་བལྟས་ནས་ཞང་ཞུང་གི་ཡི་གེ་དེ་བཟོ་བ་ཡིན་སྲིད། ལོ་རྒྱུས་ལ་བསམ་ན་ང་ཚོ་བན་སྡེའི་ལོ་རྒྱུས་ཙམ་མ་ཡིན་པར་ཁྱིམ་མཚེས་རྒྱ་ནག་གི་ལོ་རྒྱུས་སོགས་ལས་ཆོས་རྒྱལ་སྲོང་བཙན་གྱི་སྔོན་དུ་བོད་ལ་ཡིག་གཟུགས་མེད་པར་བཤད་ཡོད།
བོན་པོ་ཚང་སྔོན་མ་ཞིག་ནས་དཔེ་ལེན་རྒྱུར་ཧ་ཅང་དགའ་བོ་ཡོད་ནི་རེད། བཀའ་འགྱུར་བསྟན་འགྱུར་དང་བཅས་པ་ལ་དཔེ་བླང་ཟིན་པས་མ་ཆོག་ནས། ད་ཡང་ཧི་ཡིག་དང་། སྨོན་ལམ། བློ་བཟང་སོགས་ཀྱི་ལད་མོ་བྱས་པར་ལྟོས་དང་། ངོ་མ་ངོ་ཚ་མེད་ཁི་ཡ། ཅིག་ཡོད་རབ་དང་འཇོན་རབ་བཤད་པ་མ་གཏོགས་གསར་བཏོད་གཅིག་ཀྱང་མེད་པ་འདིས་ཇི་ཞིག་མཚོན་གྱིན་འདུག ལྷན་རྒྱས་རྣམས་པས་གཟིགས་དང་།
གོང་གི་ཞང་ཞུང་ཡི་གེ་ཟེར་བར་ལྟ་དུས་དབུ་ཆེན་དང་ཁོང་གཉིས་སྤུན་མཆེད་ཡིན་འདུག
རྒན་གཞོན་ཙམ་གྱི་ཁྱད་པར་རེད། སུ་རྒན་པ་ཡིན་ནམ་མི་ཤེས།
ཡང་སྤྲེལ་རྒན་འུག་རྒན་གྱི་མིག་ལ་ལྕགས་ཀྱི་ཚེར་མ་ཞིག་ཟུག་འདུག
མཆན་བུ་བ་འདི་དག་གིས་བོད་ཆིག་བསྒྲིལ་དང་། ཆོས་ལུགས་མཐུན་བསྒྲིལ། མི་རིགས་འཆམ་མཐུན།
འཚེ་མེད་ཞི་བདེ། དག་སྣང་སྦྱོང་ཚུལ། ལྟ་བ་རྟེན་འབྱུང། སྤྱོད་པ་འཚེ་བ་མེད་པ། རྐྱང་རྐྱང་བཤད་ཀྱི་འདུག་གཱ
འདི་ལྟར་ཤོད་ཡང་ནས་ཡང་དུ་ཤོད། བསྐྱར་ནས་བསྐྱར་དུ་ཤོད། ཆིག་བསྒྲིལ་གྱི་མཐུན་རྐྱེན་ལ་ཞལ་འདེབས་རེད།
༸གོང་ས་མཆོག་གི་བཀའ་དགོངས་རེད། ད་ལྟའི་གནས་བབས་དང་མཐུན་པ་རེད། མ་འོངས་པའི་རྒྱལ་ཁབ་རང་སྐྱོངས་ལྗོངས་གང་ལྟར་མཛུགས་སྐྲུན་གྱི་མཐུན་རྐྱེན་གྱི་ཞལ་འདེབས་རེད།
འདི་ལྟར་བསམ་མནོ་གཏོང་དུས་ཅི་སྟེ་རང་སྐྱོངས་ལྗོངས་དང་རང་བཙན་ལས་སོགས་གང་ལྟར་ཅིག་ཐོབ་རྒྱུུ་ཡོད་པ་དང་སྟེར་མཁན་ཞིག་ཡོད་ན། བོན་རང་བཙན། ཞང་ཞུང་རང་བཙན། ཞང་ཞུང་རང་སྐྱོངས་ལྗོངས། བོན་པོ་རང་སྐྱོངས་ལྗོངས་ཀྱི་དགོས་འདུན་ངེས་པར་དུ་འདོན་དགོས་ངེས་རེད།
བོད་ཀྱི་བླ་མའི་ཆོས་ལུགས་དེ་ཚོའི་བཙན་གྱི་འོག་ཏུ་ནམ་ཡང་སྡོད་འདོད་མེད།
སྔར་ཇི་སྙེད་ཅིག་རྩ་མེད་དུ་བཟོས། ཕྱིས་གཏན་གཏན་བཟོ་རྒྱུ་ཉག་ཅིག་རེད།
བོན་པོ་ཚོ་བསམ་མནོ་གཏོང་དགོས།
སྔར་བོན་རང་བཙན་འདི་དག་གིས་འཕྲོགས་སོང། བོན་རྒྱལ་འདི་ཚོས་བསད་སོང། བོན་བསྟན་འདི་ཚོས་བསྒྱུར་སོང། བོན་གྱི་དཔའ་བོ་འདི་ཚོས་བཀུམ་སོང། བོན་དགོན་འདི་ཚོས་བསྒྱུར་སོང།
ཁ་བརྡ་ལགས་ང་ཡི་སྨྲེ་ངག་འདི་ངེས་པར་དུ་འཇུག་རོགས་སྐུ་མཁྱེན་ཐུགས་རྗེ་གཟིགས།
དེ་སྔའི་བར་དུ་ཁྱེད་རྣམས་ཀྱིས་ང་ཡི་མཆན་ལ་བར་ཆད་བཏང་མེད་ཡིད་ཆེས་ཡོད།
བོན་རང་བཙན་ཐོབ་ན། བོད་དང་བོན་གཉིས་འཆམ་པོ་སྡོད་རྒྱུ་ཡིན་ད། ཨོ། བོན་རྒྱལ་ཁབ་ཀྱི་ས་ཁྱོན་དང་རྒྱལ་ས་སོགས་ངོ་སྤྲོད་གནང་རོགས།
ལ་སྟོད་སྲས་ལགས།
གཡུ་འབྲུག་དང་མེ་ཏོག་དཀར་པོ་འདི་ཚོ་ནམ་ལངས་སོང།
ནམ་ལོངས་ཤིག
རིག་པའི་བདར་ཤ་གཅོད་རེས་བྱེད།
མ་གཞི་ནས་བོན་པོར་དམའ་འབེབས་བྱེད་མཁན་མང་ཆེ་བ་ཞིག་རྙིང་མ་བ་དང་འབྲུག་པ་བཀའ་རྒྱུད་འདི་ཚོ་ཡིན་པ་འདུག
འབྲུག་ལ་བོན་པོ་སྲིད་པའི་རྒྱལ་མོ་བསྟེན་མཁན་ག་ཚོད་ཅིག་མེད་དམ། གཡུ་འབྲུག་ཁྱོད་ཀྱི་བསམ་མནོ་ཐོང།
མེ་ཏོག་དཀར་པོ། རིན་ཆེན་གཏེར་མཛོད་ནང་དུ་བོན་ཇི་སྙེད་ཅིག་མི་འདུག་གམ། བོན་གསར་མ་འདི་ཚོའང་བསམ་མནོ་གཏོང་དགོས་པའི་དུས་ཚོད་རེད། ཁྱེད་ཚོས་གྷུ་རུ་རིན་པོ་ཆེ་དང་སི་དྷི་འདོན་རྒྱུ་འདི་ཚོ་ལའང་བསམ་མནོ་གཏོང་རན་འདུག
རྙིང་མས་བོན་པོར་ལྟ་སྟངས་ག་འདྲ་མི་འདུག་གམ།
རྒྱ་གར་ལྷོ་ཕྱོགས་སུ་གཏན་གཞི་བྱས་པའི་ཟངས་མདོག་དཔལ་རིའི་ལྡེབས་རིས་སུ་བོན་ལ་ཅི་ཞིག་རི་མོ་བྲིས་མི་འདུག་གམ།
ཁ་བརྡས་ཀྱང་ད་ལམ་ངེད་ཅག་རྣམས་རིགས་པ་དང་རིག་པའི་བརྒལ་རྟགས་རྩོད་རྒྱུ་ཡིན་པས་མཆན་རྣམས་ཀྱང་ནང་ཁུལ་འཁྲུགས་གཞིར་མི་དགོངས་པར་འཇོག་རྐྱང་བྱེད་རོགས། མི་ངན་ནང་ལ་བསྡད་ནས། ཇུས་ངན་ཕྱི་ལ་འདོན་མཁན་རྣམས་ཀྱང་ཐེར་འདོན་བྱེད་ངེས་ཡིན།
རྙིང་མ་བ་ཚོ་ཕེབས་ཤོག དཀར་པོ་དང་། སེར་པོ་དང། ཁྲ་བོ་དང། དམར་པོའི་ཆོས་ལུགས་ཐམས་ཅད་ཀྱང་ཕེབས་ནའང་འགྲིག བྱུས་གཏོགས་མེད་ནའང་འགྲིག
མུ་ཙུག་སྨར་རོ།
གྱེར་ཝེར་རོ།
ལ་སྟོད་ལགས། རྟིང་ཚིག་མིན། ཁྱོད་ཚོས་བོན་གྱི་ཁ་བཏད་དེ་བོད་ལ་རྩི་གི་འདུག དེ་ཁྱད་མཚར་མཐོང་སོང་། དཔེར་བོད་ཡིག་བོན་ཡིག ད་ལྟའི་ང་ཚོའི་འབྲི་བཞིན་འདི་ནང་ཡིག་ཏུ་རྩིས་གི་མེད་པ། ཡང་སྨར་ཡིག་བོད་ཡིག་ཏུ་རྩི་གི་མིན་འདུག་ག དེ་ཞང་ཞུང་ཡི་གེ་ཟེར། ཡང་ཐོན་མིའི་གོང་ན་བོད་ཡིག་ཡོད་ཟེར། ཞོགས་ཟེར་དུས་ཞང་ཡིག་བོན་ཅན་ཟེར། ཡང་དེ་བོད་ཡིག་ཡིན་པར་ཐལ་ཟེར་དུས། ཅིའི་ཕྱིར་ཟེར།
ལྷོ་ཕྱོགས་ཀྱི་ཟངས་མདོག་དཔལ་རི་ནང་རི་མོ་ནང་གང་བྲིས་ངས་མ་མཐོང་། གཅིག་བྱས་ན་སྔ་མོའི་དངོས་བྱུང་ལོ་རྒྱུས་བྲིས་ཡོད་རྒྱུ་རེད།
གཡུ་འབྲུག་ནམ་ལངས་ཡོད་ན་གང་ཤེས། ང་ལ་ནི་མཛེས་མ་ཞིག་རུམ་རྒྱུ་བྱུང་ན་བོད་ནའང་བོད། བོན་ནའང་བོན། ཁྱད་པར་ཅང་མེད། ཀི་ཧོ་ཧོ་ཧོ
བོད་ལ་ཞེན་ལགས་
ཁྱེད་ཉིད་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་དག་ཁྱོད་ཀྱིས་མིག་ལམ་དུ་ཕུལ་བ་དག་མ་མཐོང་བ་ཡིན་ནམ་??????ཁོང་གིས་གསུངས་ལ་རྫུན་གཏམ་དུ་ངོས་འཛིན་བྱས་པ་ཡིན་ནམ་རྩིས་མེད་དུ་འཇོགས་པ་ཡིན་་་་་་་་་་་་དྲྭ་གྲོགས་ཐུགས་བསམ་བཞེས་ནས་གསུང་ན་མ་་་་་་་་་་་་་་་་་་་ཧཧཧཧཐུག་ས་སུ་་་་་་་་་་་་་་་་དྲང་པོ་བཤད་ན་མི་དགའ་་་་
པར་ངོས་བཞི་པ། བོད་མིའི་རང་དབང་བདུན་རེའི་གསར་ཤོག
༸ གོང་ས་མཆོག་ནས་སྨར་ཡིག་ནི་མི་ལོ་སུམ་སྟོང་གི་བོད་ཀྱི་ཡི་གེ་ཐོག་མ་དེ་ཡིན་པར་ར་འཕྲོད་ཀྱི་བཀའ་སྩལ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གདུལ་བྱ་སྟོང་ཕྲག་མང་པོར་གསུང་ཆོས་བཀའ་དྲིན་ཆེ་བའི་སྐབས་ལ་སྨར་ཡིག་ནི་མི་ལོ་སུམ་སྟོང་བཞི་སྟོང་གོང་གི་བོད་ཀྱི་ཡི་གེ་ཐོག་མར་ཡིན་པའི་ར་འཕྲོད་བྱུང་ཡོད་པའི་སྐོར་ལ་བཀའ་སློབ་ཕེབས་པ་གནང་སོང། དེ་ནི་སྤྱི་ནོ་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་བཞུགས་སྒར་དུ་གདུལ་བྱ་རྣམས་ལ་ཕྱི་ནང་གྲུབ་མཐའི་རྣམ་བཞག་དང་ལམ་རིམ་མདོིར་བསྡུས་བཅས་ཀྱི་བཀའ་ཁྲིད་བཀའ་དྲིན་ཆེ་བའི་མུར་ཉེ་ལམ་བོད་ཀྱི་ས་འོག་ནས་དངོས་པོ་སྨར་ཡིག་འཁོད་པ་ཞིག་རྙེད་འདུག་པར་གཞིགས་ན། དེ་སྔ་མི་ལོ་སུམ་སྟོང་བཞི་སྟོང་གི་གོང་དུ་བོད་ཀྱི་ཡི་གེ་ཐོག་མ་དེ་སྨར་ཡིག་ཡིན་པ་ནི་ར་སྤྲོད་བྱུང་ཡོད་པའི་སྐོར་ལ་བཀའ་གནང་འདུག
༸གོང་ས་མཆོག་ནས་གསུང་དོན། དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད་ཅེས་བཀའ་སྩལ་འདུག
མཁས་པའི་དབང་པོ་ལ་སྟོད་བུའི་གསུང་པ་དག་ལ་མངོན་པ་སྟོད་དོ།
རིན་ཆེན་གཏེར་མཛོད་ཟེར་བའི་ནང་བོན་པོ་འདུག་ཟེར། དེ་འདུག་ན་དམའ་འབེབས་ཡིན་ནམ། གང་ཤེས་ག་རེ་ཟེར་གི་ཡོད་ན།
ཚོགས་པ་ཁག་གིས་ཐོབ་ཐང་རྩོད་པ་ལས་རྩ་དོན་མི་རྩོད་པའི་རྒྱུ་མཚན་ཅི་ཡིན་ནམ།
བོད་ནང་དང་རྒྱ་གར་སོགས་སུ་སེར་མོ་བའི་ནང་ནས་བོད་ཀྱི་རྩ་དོན་རྩོད་མཁན་དང་བོད་ཀྱི་རྩ་དོན་ཐད་འཐབ་རྩོད་བྱེད་མཁན་དགེ་ལུགས་པའི་དགོན་པ་ཁག་ཡིན་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
རྙིང་མ་དང་བཀའ་རྒྱུད། བོན་པོ་སོགས་ཀྱིས་བོད་ཀྱི་རྩ་དོན་གྱི་འགན་འཁྲི་མི་ལེན་པའི་རྒྱུ་མཚན་ཅི་ཡིན་ནམ།
༧གོང་ས་མཆོག་ཕུད་པའི་བོད་ཀྱི་བླ་ཆེན་ཚོས་ཆོས་བརྒྱུད་རྩོད་པ་ལས་བོད་ཀྱི་རྩ་དོན་མི་རྩོད་པའི་རྒྱུ་མཚན་ཅི་ཡིན་ནམ།
ཞང་ཞུང་དམར་ཡིག་བེད་སྤྱོད་གཏོང་ཤེས་མཁན་གྱི་བོན་པོ་ཅི་ཙམ་ཡོད་དམ།
གནའ་བོའི་བོད་དང་རྒྱའི་ཡིག་ཚང་རྙིང་པ་དག་ན་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་མེད་པར་བཤད་པ་ཁུངས་དག་ཡིན་ནམ་མིན།
འབྲུག་ཡུལ་རྫོང་ཁའི་སྐད་ལྟར་ཕན་མེད་གོ་མེད་ཅིག་ཆགས་པའི་ངེས་པ་ཡོད་དམ་མེད།
མེ་ཏོག་དཀར་པོ་ཁྱོད་ལ་བོན་དང་བོད་ཁྱད་པར་ཡོད་མདོག་ཁ་བོ་མ་རེད།
ཁྱོད་ཀྱི་ངོར་བོད་ལས་འབྲུག་གལ་ཆེ་བ་ཡིན་པར་གསུངས་སོང།
དེ་འགྲིག་གིས་རེད་བོད་དོན་ལ་བྱུས་གཏོགས་དགོས་ཀྱི་མ་རེད།
མི་ཁྱེད་ཚོར་དབྱུག་པ་ལས་རིགས་པ་འགྲོ་ས་མེད་པ་ངས་ཤེས།
ཟངས་མདོག་དཔལ་རིའི་ལྡེབས་རིས་ལ་གང་བྲིས་འདུག་དྲན་གསོ་གཏོང།
དེ་ནས་བདུད་འཇོམས་རྒྱལ་རབས་དངས་ཤེལ་མེ་ལོང་ནང་དུ་ལྟོས་དང་ཆོས་ལུགས་ནང་ཕན་ཚུན་དབར་ལ་དག་སྣང་དང། མི་རིགས་འཆམ་མཐུན་བྱེད་ཚུལ་རྐྱང་བཤད་ཡོད་དྲོ།
སློབ་ཚན་དེ་ཚོར་སློབ་སྦྱོང་བྱས་འབྲས་དེ་ལས་གང་ཐོན།
གངས་ཅན་པའི་མ་ཆོས་གཡུང་དྲུང་གི་བོན་དར་བར་ཤོག
དེང་སང་གཡུང་དྲུང་བོན་པོ་ཚོ་ལས་འགུལ་མང་པོ་སྤེལ་གྱི་འདུག
ཡག་པོ་རེད། གངས་ཅན་གྱི་རྒྱན་རེད་བསམ།
ཡོས་ཊོབ་ནས་མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློའི་བཀའ་སློབ་ཅིག་ལ་ཉན་པ་ཡིན།
ཁོང་གི་བོད་ཀྱི་ཡིག་གཟུགས་ཀྱི་ཐོག་མ་ཐོན་མིས་བཟོས་པ་རེད། ཁ་ཤས་ཀྱིས་དེའི་སྔོན་དུ་ཡི་གེ་ཡོད་རབས་བཤད་ཀྱི་འདུག་ཀྱང་རྒྱལ་རབས་སོ་གཉིས་པའི་སྔོན་གྱི་རྒྱལ་པོ་ཚོའི་མིང་ཙམ་རེ་མ་གཏོག་ལོ་རྒྱུས་མེད་པ་དེ་ཡི་གེ་མེད་པའི་རྟགས་རེད། ཡོད་ན་དེ་ཚོའི་ལོ་རྒྱུས་ཀྱང་རྒྱས་པ་ཞིག་མེད་དོན་ཅི་རེད་གསུངས་སོང་། དྲྭ་གྲོགས་ཚོས་ལན་རེ་ཡོད་དམ།
//www.youtube.com/watch?v=8ZbTESPgGK0&feature=relmfu
དྲྭ་གནས་འདི་རེད།
བོན་གྱི་སེར་མོས་བོད་དོན་རྩོད་ནས་ད་ལྟ་རྒྱ་ཡི་བཙོན་ཁང་ནང་དུ་ཡོད་པར་ངོ་བཟོ་མེད་པར་མཆིལ་ལུད་འདེབ་རྒྱུ་ཡིན་ནམ།
བོན་གྱི་བླ་ཆེན་དག་གིས་༸གོང་ས་མཆོག་གི་དགོངས་བཞེད་སྒྲུབ་ནས་ད་བར་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་བཙན་བྱོལ་སྒྲིག་འཛུགས་ཀྱི་རྩ་དོན་དང་ནམ་ཡང་འགལ་མེད་ཅིང། གཉན་འཕྲང་གི་དུས་འདིར། ཐེ་ཝན་སོགས་ནས་ཆབ་སྲིད་དང་འབྲེལ་བའི་ཕོགས་ཀྱང་བཟའ་མ་མྱོངས་ཤིང།
བོད་མི་ནང་ཁུལ་དུ་ལྷ་འདྲེ་བླ་ཆེན་བླ་སྤྲུལ་རྩོད་ནས་༸གོང་ས་མཆོག་གི་དགོངས་གཞི་དང་འགལ་རིགས་བྱུང་མེད།
ཞང་ཞུང་གི་ཡི་གེ་ཕན་མེད་བྱུང་ན་དེ་དུས་ཁྱེད་ཚོས་དགའ་བའི་གླུ་ལོང། སྐྱིད་པའི་བྲོ་འཁྲབ་ཀྱིས།
སྔར་དུས་རབས་བདུན་པའི་སྐབས་སུ་བྱས་པ་ནང་བཞིན་གྱིས།
བོད་ཀྱི་ལོ་རྒྱུས་བདེན་རྫུན་ཡིན་མིན་རྒྱ་ཡི་རྐུབ་ལ་བལྟ་དགོས་པའི་འུ་ཐུག་མེད།
ཁྱེད་ཚོས་རྒྱ་དཀར་ནག་ནི་མིག་གཡས་གཡོན་དུ་བརྩིས་ཏེ་ད་ལྟ་རང་སྲོག་གཅོད་པའི་དུས་ལ་བབས་པ་རེད།
བོད་རྒྱལ་སུམ་ཅུ་སོ་གཉིས་ཡན་དུ་བོན་གྱིས་བསྐྱངས་ཤིང་བོད་ཁམས་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཅིང་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཏུ་ཕ་རབས་བུ་རབས་ཚ་རབས་ཀྱིས་རང་དབང་རང་བདག་བྱས་ཏེ་བསྡད་མྱོངས། ཕ་ཙན་དན་གྱི་སྡོང་པོ་ལ། བུ་ཆུ་ཤིང་རུལ་པ་འཁྲུངས་མེད།
དུས་རབས་བདུན་པའི་རྗེས་ནས་ཤཀྱ་ཐུབ་པའི་བསྟན་པ་བོད་དུ་གདན་དྲངས་པ་ནས་བཟུང་སྟེ། རྒྱ་གར་ནས་ངན་སྔགས་པ་གདན་དྲངས་ཤིང། རྒྱ་ནག་ནས་བུད་མེད་གདན་དྲངས་ནས་མི་ལེགས་པ་ཐམས་ཅད་ཀྱི་དབུ་འཁྱུད་དེ་ནས་བརྩམས་མ་སོང་ངམ།
ད་དགོངས་དག་མང་པོ་ཞིག་ཞར་དང་ཞོར་ལ་ཞུ་ཤོར་གི་འདུག
མ་གཞི་ནས་འཆམ་གང་འདྲ་འཁྲབ་གི་འདུག་བལྟ་རྒྱུ་ཡིན།
དེང་བོན་པོ་ཚོས་འདི་ལྟར་ཞང་ཞུང་སྨར་ཡིག་གློག་འཕྲུལ་དུ་བཅུག་པ་དགའ་འོས་པ་ཞིག་ཡིན་ན་ཡང་དོན་དུ་ཕར་བལྟས་ཚོད་ཀྱིས་དབུ་ཅན་དང་དབྱིབས་འདྲ་བ་གཅིག་ཏུ་སྣང་བས་ཞང་ཞུང་སྨར་ཡིག་ཟེར་བ་ད་ལྟའི་དབུ་ཅན་འདིའི་ཕ་རྒན་ཡིན་དང་དབུ་ཅན་འདི་སྨར་ཡིག་གི་ཕ་རྒན་ཡིན་ད་དུང་དོགས་པ་རང་རེད།་་་གོང་དུ་མཆན་པ་བ་ཁ་ཤས་ཀྱིས་བཤད་པ་ནང་བཞིན་གཏེར་ནས་ཐོན་པའི་མཁའ་འགྲོའི་བརྡ་ཡིག་ཟེར་བ་དེ་ཚོའང་སྨར་ཡིག་དང་ཨ་ན་མ་ན་རེད།་་་དོན་ངོ་མ་སྨར་ཡིག་ཡིན་ན་སྨར་ཡིག་གི་མགོ་གང་ནས་བཙུགས་པ་དང་།་་་བར་འཕེལ་བའི་རིམ་པ།་་མཇུག་བཀོལ་སྤྱོད་དང་རྒུད་པའི་ལོ་རྒྱུས་ཤིག་ཡོད་དགོས་ངེས་ཀྱང་ད་ལྟའི་བར་དུ་མཐོང་ཡུལ་དུ་མེད་པ་འདྲ་བས་བོན་པོ་ཚོས་ཤུགས་རྒྱག་ན་འདིའི་ཕྱོགས་ལ་ཤུགས་རྒྱག་དགོས་པར་སྙམ།་་་དེ་མ་གཏོགས་ཁ་བདེ་ལྕེ་བདེ་ཡིས་ནམ་ཡང་ཁོངས་འཁྱོལ་གྱི་མ་རེད་བསམ།
ལ་སྟོད་འདིས་ཅི་ཟེར། ངས་བོན་པོ་ལ་དམའ་འབེབས་ག་རེ་བརྗོད་སོང་། ཞང་ཞུང་སྨར་ཡིག་དེ་བོན་གྱི་རིང་གཞུང་དུ་བརྩིས་པར་བརྟེན་དེ་བོན་པོས་གསར་དུ་བཟོས་པ་ཞིག་མིན་ནམ་སྙམ་པའི་དོགས་པ་ཡོད་ཅེས་ང་རང་གི་བསམ་ཚུལ་ཙམ་འདོན་པ་ལས་དམའ་འབེབས་པའི་ཚིག་ཅིག་གར་ཡང་ཞུ་ཡོད་མ་རེད་དྲན། ངོ་མ་ཡིན། ང་རང་གི་བསམ་ཚུལ་ཙམ་ཡིན། རྙིང་མའི་ཕྱོགས་ལ་ཡང་མཁའ་འགྲོ་བརྡ་ཡིག། ཨོ་རྒྱན་ཟེ་ཆུང་ཞེས་པ་ལ་སོགས་པ་མང་པོ་འདུག གཏེར་སྟོན་པདྨ་གླིང་པ་གཅིག་ལ་ཡང་མཁའ་འགྲོ་བརྡ་ཡིག་རིགས་མི་འདྲ་བ་༢༤ ཙམ་ཞིག་ཡོད་རེད་ཟེར། ད་ལྟའི་བར་དུ་ངས་མཁའ་འགྲོ་བརྡ་ཡིག་རིགས་མི་གཅིག་པ་བཞི་ལྔ་ཙམ་ཞིག་མཐོང་བྱུང་། དེ་ཚོ་མང་ཆེ་བ་བོད་ཡིག་དང་ལཉྫ་བསྲེས་བསྲེས་བཏང་ནས་བྲིས་བཞག་པ་ཤ་སྟག་རེད་འདུག ཞང་ཞུང་སྨར་ཡིག་ལ་ཡང་ལྟོས་དང་། བོད་ཡིག་དབུ་ཅན་གཞིར་བཞག་གི་སྟེང་ལ་ད་དུང་དབུ་ཐེབས་ལ་ཞིག་ལྷན་པ་སྦྱར་བ་དང་དབྱངས་རྣམས་ལཉྫ་དང་འདྲ་བར་སྦྱར་བཞག་པ་ཙམ་ལས་ཁག་ཁག་ཅིག་མིན་འདུག་བ། ཁ་ཤས་མཁའ་འགྲོ་བརྡ་ཡིག་དང་ཡང་འདྲ་པོ་འདུག། དེ་ཡིན་དུས་བོད་ཡིག་དང་ཞང་ཞུང་སྨར་ཡིག་གཉིས་སུ་སྔ་ལབ་ཐུབ་ས་མ་རེད་ཟེར་བ་ལས་བོན་ལ་དམའ་འབེབས་གང་ཡང་མིན། བོན་པོས་བཤད་ཚད་ལ་དེ་དེ་བཞིན་ནོ་ལབ་དགོས་ཤིང་དེ་ལྟར་མ་ལབ་ན་དམའ་འབེབས་པ་རེད་ཟེར་ན་ནི་ཞུ་ཡ་མིན་འདུག།
ཡང་ཅིག་བཤད་ན་འབྲུག་ལ་སྲིད་པའི་རྒྱལ་མོ་བསྟེན་མཁན་མང་པོ་ཡོད་པ་བདེན་པ་རེད་དེ། ཡིན་ན་ཡང་སྲིད་པའི་རྒྱལ་མོའི་གསོལ་མཆོད་ཀྱི་དཔེ་ནང་དུ་བོན་དཔེར་གསལ་བའི་མུ་ཙུག་སྨར་རོ་ཞེས་པ་ལྟ་བུའི་ཚིག་གསལ་རྒྱུ་མིན་འདུག་གོ་ལགས། དེ་བཞིན་དབང་ཕྱུག་ཆེན་པོ་དང་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་བསྟེན་མཁན་ཡང་ཡོད་རེད།
མིང་དོན་མཐུན་པའི་ལ་ཞེན་རང་རེད། གོང་དུ་ཁྱོད་ཀྱིས་༼ལོ་རྒྱུས་ལ་བསམ་ན་༽ཞེས་ལོ་རྒྱུས་ལ་བསམ་གཞིགས་མཐིལ་ཕྱིན་ཡོད་བཟོ་ཞིག་བསྟན་འདུག་ཀྱང་གཞན་གྱིས་ཟེར་སྒྲོས་མཐོང་ཐོས་ཙམ་ལས་དཔྱད་ཞིབ་མེད་པའི་སྣང་ཚོར་ཞིག་ངང་གིས་བྱུང་སོང་། སྲོང་བཙན་རྗེས་རབས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་རལ་བ་སོགས་ཀྱིས་བྱས་པའི་རྡོ་ཡི་རྐོས་ཡིག་དང་གནའ་བོའི་ཡིག་རྙིང་ཚུད་པ་དེ་དག་ཀུན་མཐུན་པར་དེང་གི་ཆར་བཀོལ་སྤྱོད་བྱེད་བཞིན་པའི་བརྡ་སྤྲོད་ཀྱི་སྲོལ་དང་མི་མཐུན་པ་མཐོང་བ་མངོན་སུམ་དུ་གྲུབ་པ་འདིས་སྲོང་བཙན་སྔོན་དུ་ཡི་གེ་ཡོད་པར་བསྟན་ཅིང་དེའི་འབྲི་སྲོལ་ཡང་དེ་ལྟར་ཡིན་པར་བདེན་དཔང་བྱས་ཡོད་། རང་བློ་གཟུ་བོར་མ་གནས་པའམ་དཔྱད་ཞིབ་མཐིལ་མ་ཕྱིན་པར་གཞན་གྱིས་ཟེར་སྒྲོས་ཙམ་གྱི་རྗེས་སུ་བསྙེག་པས་དེས་ཀྱང་ཤན་འབྱེད་ཀྱི་འཁྲུན་ཐག་ཆོད་པའི་མཐའ་ནམ་ཡང་མི་མངོན་ནོ།
༸གོང་ས་སྐྱབས་མགོན་རིན་པོ་ཆེས་༢༠༠༦ལོར་ཝ་ར་ཎ་སིའི་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་གི་ཐོག་ནས་བོན་པོ་ནང་བ་མིན་པར་གསལ་བོ་གསུངས་འདུག ༸ཁོང་གིས་གལ་སྲིད་བོན་པོ་ནང་པ་ཡིན་པར་ཁས་བླངས་ན། དེ་སྐབས་འཚོལ་བ་རེད། དྲང་མོ་མ་རེད། ལོ་རྒྱུས་ལ་ནག་བསུབ་རེད། གསུངས་འདུག
འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོའི་སྐྱབས་འགྲོའི་སྐབས་སུ། དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ། གསུངས་འདུག ཚིག་ཇི་བཞིན་ཡིན་ལགས།
དྲྭ་མཆན་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ལ་སྟོད་བུ་ཡིན།
དེས་ན་རིན་ཆེན་གཏེར་མཛོད་ཀྱི་གྲས་སུ་འདྲ་མི་འདྲ་བཙུད་ཡོད་ན་བཏོན་རྐྱང་བྱེད་དགོས་པར་མཐོང་།
ཀཱི་ལུང་ཐུབ་བཟང་ལགས།
༸གོང་ས་མཆོག་གིས་བོན་པོ་ནང་པ་ཡིན་ནའང་རྒྱ་གར་ནས་དར་བའི་ནང་པ་མིན་པ་གསུངས་པའི་བཀའ་སློབ་ཁྱོད་ལ་དགོས་པ་འདུག་གམ།
བོན་པོ་ནང་པ་ཡིན་པའི་དཔང་རྟགས་མཁས་དབང་ཟམ་གདོང་བླ་མ་བཀའ་ཁྲི་ཡིན་པའི་སྐབས་སུ་བཙན་བྱོལ་བོད་གཞུང་ནས་ཟམ་གདོང་བླ་མ་རང་གིས་ཕྱག་རྟགས་བཀོད་པའི་ལས་ཁུང་གི་ལས་ཤོག་གི་སྟེང་དུ་འཁོད་པའི་ཕྱག་བྲིས་བོན་དགོན་དུ་བཞུགས་པས་ཁྱོད་ལ་སྟོན་དགོས་པ་འདུག་གམ།
ལམ་རིམ་གྱི་ནང་དུ་བོན་པོ་ནང་པ་མིན་ཚུལ་བཤད་པ་ལ་ཅི་ཧ་ལས་རྒྱུ་ཡོད་རེད་དམ།
ཁྱོད་ལ་ངས་ཁྱབ་འགྲིག་གི་རིགས་པ་འཕེན་ན་འགྲིག་ག་འདུག་གམ།
རྙིང་མའི་གཏེར་སྟོན་པདྨ་གླིང་པས་བརྩམས་པའི་དཔེ་ཆ་ཞིག་ཏུ་་་་་ཙོང་ཁ་པ་བདུད་ཀྱི་སྤྲུལ་པ་རེད་ཟེར་བ་ཞིག་འདུག་པས་དེ་ལྟར་ཡིན་ནམ།
དྲི་བ་དང་ཁྱབ་འགྲིག་གི་རིགས་པ་འདི་་་་་་ཀཱི་ལུང་པ་ཐུབ་བཟང་ལ་དྲི་བ་བཏོན་ཡོད་པས་ལན་ཅིག་དགོས།
ད་དུང་བོན་གྱི་ལུང་ནས་ཙོང་ཁ་པ་བདུད་ཀྱི་སྤྲུལ་པ་ཡིན་པའི་ལུང་སྟོན་ཟེར་ན་སྟོན་རྐྱང་ཡིན།
ད་བར་དུ་བཟོད་སྒོམ་དང་༸གོང་ས་མཆོག་བཀའ་དགོངས་དང་མི་འགལ་བ་ཞིག་བྱེད་ཐུབ་ན་དེ་ནི་ང་ཡི་མི་ཚེའི་ནམས་ལེན་ཡིན་བསམ་བཞིན་ཡོད་པ་ལས།
སྨྲ་རྒྱུ་ཟད་པ་ཞིག་གཏན་ནས་མིན་པར་ཤེས་པར་གྱིས།
ཨཨཨཨཨཨ
ཉམས་ལེན་ཞེས་པར་བཅོས་རོགས།
ཞང་བོད་ཐུན་མོང་གི་བེད་སྤྱོད་གཏོང་བཞིན་པ་ཟེར་བའི་སྨར་ཡིག་དེ་ཆོས་ཅན། ཁྱོད་ལ་ཉུང་མཐར་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་གི་ལོ་རྒྱུས་མེད་པར་ཐལ། ཐེངས་འདིར་འགྲེམ་སྤེལ་བྱས་པ་དེ་ཞང་ཞུང་སྨར་ཡིག་ཐོག་དཔེ་ཆ་དཔར་བསྐྲུན་བྱས་པ་ཐོག་མ་དེ་ཆགས་ཡོད་པས་ཕྱིར།
གཡུ་འབྲུག་ལགས་ཁྱེད་ནས་བོན་པོར་སྡང་བའི་ཚིག་གསུང་མེད་ན་དེ་འགྲིག་འདུག
ངས་སྐྱར་དུ་དྲན་གསོ་དང་བསྔོགས་ཀྱི་མིན།
བོན་གྱི་དཔེ་ཆ་ཡིན་མིན་གྱི་སྒྲུབ་བྱེད་་་་མུ་ཙུག་སྨར་རོ་་་་་ཞེ་དགོས་པ་ལུང་རིགས་གང་ལས་ཀྱང་མ་བསྟན་ནོ།
དེ་ལ་བྲེལ་བ་རྣམ་རྟོག་དགོས་ཀྱི་མ་རེད།
ཐེང་འདིར་ཞང་ཞུང་སྨར་ཡིག་ཐོག་སྤར་དཀྲུན་བྱས་པ་དེ་བོན་ཅན།
ཁྱོད་དུས་རབས་ཉེར་གཅིག་གི་གོང་ངམ་སྔར་མེད་དེ།
ཁྱོད་དེ་རིང་གསར་དུ་འཕྲུལ་འཁོར་རྩིས་རྒྱགས་ཀྱི་སྟེང་དུ་གསར་དུ་བཀོད་སྟེ་ཁྱབ་ཅིང་བསྒྲགས་པའི་ཕྱིར།
དེར་ཐལ། སྔར་དུས་རབས་བདུན་པའི་ཡར་སྔོན་ལས་སོགས་སུ་ད་ལྟའི་རྩིས་རྒྱགས་འཕྲུལ་འཁོར་དེ་མེད་པའི་ཕྱིར།
དེ་མེད་པས་དེ་ཡི་སྟེང་དུ་སྤར་དཀྲུན་བྱས་ཏེ་འགྲེམ་རྒྱུ་མེད་པའི་ཕྱིར། རྟགས་ཁས།
༢༤ ལ་སྟོད་བུས་དྲིས་ལན། ང་ལ་དགོས་པ་གཉིས་དང་། མི་དགོས་པ་གསུམ་ཡིན། ༡༽༸གོང་ས་མཆོག་གིས་རྒྱ་གར་ནས་དར་བའི་ནང་པ་མིན་ཀྱང་སྤྱིར་བོན་པོ་ནང་པ་ཡིན་གསུངས་ཟེར་བའི་ཁུངས་སྟོན་དགོས། ༢༽ཟམ་གདོང་བླ་མས་བོན་པོ་ནང་བ་ཡིན་པར་ངོས་ཞེས་ཀྱི་བོད་གཞུང་གི་ཕྱག་ཐམ་གནང་བ་སྟོན་དགོས། མི་དགོས་པ་གསུམ་ནི། ༡༽ལམ་རིམ་ཆེན་མོར་ཁྱབ་འགྲིག་མི་དགོས། ༢༽པདྨ་གླིང་པར་སྐྱོན་འཛུགས་མི་དགོས། ༣༽ད་དུང་བོན་གྱི་ལུང་བསྟན་མི་དགོས།།
ལ་སྟོད་ལགས། ཁྱོད་ཀྱིས། ༼ཁྱོད་ཀྱི་ངོར་བོད་ལས་འབྲུག་གལ་ཆེ་བ་ཡིན་པར་གསུངས་སོང།
དེ་འགྲིག་གིས་རེད་བོད་དོན་ལ་བྱུས་གཏོགས་དགོས་ཀྱི་མ་རེད། ༽ ཚིག་དུམ་དང་པོ་དེ་ཁྱོད་རང་གི་དོགས་པ་རེད། ངས་ནི་དེ་འདྲ་བཤད་རྒྱུ་མ་བྱུང་། ཕྱི་མ་དེ་ཁྱད་གཞི་མེད་པའི་ཁྱད་ཆོས་རེད། དེ་ལ་བོད་ལས་བོན་གལ་ཆེ་བ་ཁྱོད་ཀྱང་བོད་དོན་ལ་བྱུས་གཏོགས་དགོས་ཀྱི་མ་རེད་ཟེར་ན་ལན་གང་ཡོད།
རྒྱལ་རབས་འཕྲུལ་གྱི་མེ་ལོང་སོགས་སུ་ག་རེ་བཤད་ཡོད་མེད་ངས་མི་ཤེས། ཁྱོད་ཚོས་མེས་དབོན་སོགས་ཀྱིས་ཐུབ་བསྟན་བོད་དུ་དྲངས་པས་བོད་ཕུང་སོང་ཟེར་ཚུལ་ལ་གཞིག་ན་ཁྱོད་ཚོའི་སློབ་ཚན་ཡང་ལེགས་པོ་རང་ཨ་ཡོད་བསམ་བསམ་འདུག
ལར་ནས་ལ་སྟོད་ལགས། ཆེད་རྩོམ་རེ་རེའི་འོག་ཏུ་སྐབས་ཐོབ་ཀྱི་བཤད་རེས་གཏོང་བ་དེ་གཞན་དང་གཞན་དུ་་དྲངས་ནས་འཁོན་འཛིན་གནང་གི་འདུག་པར་བློ་ཕམ་ཡོད།
དེས་ན་ལ་སྟོད་ལ་དམིགས་བསལ་གྱིས་དགོངས་པ་ཞུ་གི་ཡིན།
འདི་འོག་མཆན་བུ་འདེབས་གི་མིན།
བཀྲ་ཤིས་བདེ་ལེགས།
བརྗོད་གཞིར་འབྲེལ་བ་མེད་པའི་མཆན་འདེབས་གནང་མི་རུང་། ལ་སྟོད་བུ་སོགས་ནས་ངས་བཏབ་པའི་དྲི་བ་མཁྱེན་གྱི་ཡོད་ཚེ་ལན་ཞིག་གནང་རོགས།
མེ་ཏོག་གི་མིག་གི་ཚེར་མ་དེ་བཏོན་ཚར་སོང།
ཀཱི་ལུང་ཐུབ་བཟང་ལགས།
ཁྱོད་ཀྱིས་གདམ་ཁ་འདོན་གྱི་ཡོད་ན་ངས་ཀྱང་ཁྱེད་ཀྱིས་དགོས་འདུན་རྣམས་སྒྲུབ་ཐུབ་པ་མི་འདུག
ཁྱེད་ལ་དགོས་པ་གཉིས་དེ། ༸གོང་ས་མཆོག་གིས་གསུངས་དེ་རྣམ་རྒྱལ་གྲྭ་ཚང་ནང་དུ་སོང་ལ་༸གོང་ས་མཆོག་གིས་བོན་གཞིས་སུ་བོན་གྱི་དཔེ་མཛོད་སྒོཔ་དབྱེ་ལ་ཕེབས་སྐབས་ཀྱི་བཀའ་སློབ་དེ་སྟོན་རོགས་ཞུས། དེར་ཡོད་འདུག
གཉིས་པ་ཟམ་གདོང་བླ་མས་བོད་གཞུང་གི་ལས་ཤོག་ཐོག་ཏུ་བོན་པོ་ནང་པ་ཡིན་པའི་ཕྱག་བྲིས་དེ་དགོས་ན།
རྡ་སར་བཞུགས་པའི་བོན་གྱི་སྤྱི་འཐུས་ལ་སྐྱབས་འཇུག་ཞུས་དེ་མིན་འདི་ཚོ་གཞུང་གི་ཕྱག་བྲིས་སོང་ཙང།
གནམ་བསྒྲགས་ས་བསྒྲགས་བྱེད་པའི་རྫ་དྲག་གི་དགོས་པ་དེ་ཙམ་མ་མཐོང།
དེ་མི་སྒེར་གྱིས་དགོས་འདུན་རེད།
ཀཱི་ལུང་ཐུབ་བཟང་ལགས། ཀི་རིང་གི་ལུང་བ་མ་བཀང་རོགས
༸གོང་ས་མཆོག་གིས་བོན་པོ་ནང་པ་རེད་གསུངས་པ་སྨན་རིའི་དཔེ་མཛོད་སྒོ་འབྱེད་ཀྱི་བཀའ་སློབ་དང་ལོ་དེའི་གཞུང་གི་ཤེས་བྱ་དུས་དེབ་ནང་དུ་གཟིགས་དང་གསལ་པོ་རེད།
དེ་མིན་ཟམ་གདོང་གི་ཕྱག་ཡིག་དེ་གོ་དེབ་ཏུ་ཕེབ་དང་དེར་བཀོད་འདུག
དེ་སོགས་ཀྱིས་བོན་པོ་ཚོ་ཡང་དགའ་ཡོད་རེད།
དེ་མིན་ཟམ་གདོང་གི་ཕྱག་ཡིག་དེ་རྒྱལ་སྤྱིའི་ངོ་དེབ་ཏུ་ཕེབས་དང་དེར་བཀོད་འདུག
གལ་སྲིད་བོད་དུ་གདོད་མའི་ཡི་གེ་འམ་རང་སྐྱ་འཕེར་བའི་རིག་གཞུང་གང་ཡང་རུང་བ་ཞིག་ཡོད་ན་དེ་དག་ཚང་མ་བོན་པོའི་རིག་གཞུང་ངམ་བོན་པོས་གསར་གཏོད་མཛད་པ་ཞིག་ཏུ་ངོས་འཛིན་བྱས་ན་ཧ་ཅང་མི་ཐལ་ལམ་སྙམ།
༢༣༽ ཀཱི་ལུང་ཐུབ་བཟང་ནས། ༸གོང་ས་སྐྱབས་མགོན་རིན་པོ་ཆེས་༢༠༠༦ལོར་ཝ་ར་ཎ་སིའི་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་གི་ཐོག་ནས་བོན་པོ་ནང་བ་མིན་པར་གསལ་བོ་གསུངས་འདུག ༸ཁོང་གིས་གལ་སྲིད་བོན་པོ་ནང་པ་ཡིན་པར་ཁས་བླངས་ན། དེ་སྐབས་འཚོལ་བ་རེད། དྲང་མོ་མ་རེད། ལོ་རྒྱུས་ལ་ནག་བསུབ་རེད། གསུངས་འདུག ཞེས་པ་ཞིག་དང་
༣༣༽ ལ་སྟོད་བུ་མཆོག་ནས་༸གོང་ས་མཆོག་གིས་བོན་གཞིས་སུ་བོན་གྱི་དཔེ་མཛོད་སྒོ་དབྱེ་ལ་ཕེབས་སྐབས་ཀྱི་བཀའ་སློབ་ནང་བོན་དེ་ནང་པ་ཡིན་པའི་བཀའ་གནང་འདུག་ཟེར། གལ་ཏེ་བཀའ་སློབ་སྔ་ཕྱི་དེ་འདྲ་གཉིས་ཡོད་ན་གོ་བ་ག་འདྲ་ཞིག་ལེན་དགོས་སམ་ཞེ་ན། སྔ་མ་ནི་བཙན་པོའི་དུས་རབས་ཀྱི་བོན་གྱི་བསྟན་པ་ལ་གོ་དགོས་པ་དང་། ཕྱི་མ་ནི་སྤུ་མདོག་རིམ་སྒྱུར་གྱིས་དེ་རིང་སང་གི་བོན་གྱི་བསྟན་པ་འཛིན་བཞིན་པ་རྣམས་ལ་གོ་བ་ལེན་པ་ཡིན་ན་འགལ་བ་གང་ཡང་མེད་པ་སེམས། དེ་ནི་རང་ཉིད་ཀྱིས་གོ་བ་ལེན་ཚུལ་ཙམ་ཡིན་པ་ལས་སུ་གང་ལ་དམའ་ཕབ་པ་རྩ་བ་ཉིད་ནས་མིན་པས་དགོངས་ཡངས་ཞུ།
༢༣༽ ཀཱི་ལུང་ཐུབ་བཟང་ནས། ༸གོང་ས་སྐྱབས་མགོན་རིན་པོ་ཆེས་༢༠༠༦ལོར་ཝ་ར་ཎ་སིའི་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་གི་ཐོག་ནས་བོན་པོ་ནང་བ་མིན་པར་གསལ་བོ་གསུངས་འདུག ༸ཁོང་གིས་གལ་སྲིད་བོན་པོ་ནང་པ་ཡིན་པར་ཁས་བླངས་ན། དེ་སྐབས་འཚོལ་བ་རེད། དྲང་མོ་མ་རེད། ལོ་རྒྱུས་ལ་ནག་བསུབ་རེད། གསུངས་འདུག ཞེས་པ་ཞིག་དང་
༣༣༽ ལ་སྟོད་བུ་མཆོག་ནས་༸གོང་ས་མཆོག་གིས་བོན་གཞིས་སུ་བོན་གྱི་དཔེ་མཛོད་སྒོ་དབྱེ་ལ་ཕེབས་སྐབས་ཀྱི་བཀའ་སློབ་ནང་བོན་དེ་ནང་པ་ཡིན་པའི་བཀའ་གནང་འདུག་ཟེར། གལ་ཏེ་བཀའ་སློབ་སྔ་ཕྱི་དེ་འདྲ་གཉིས་ཡོད་ན་གོ་བ་ག་འདྲ་ཞིག་ལེན་དགོས་སམ་ཞེ་ན། སྔ་མ་ནི་བཙན་པོའི་དུས་རབས་ཀྱི་བོན་གྱི་བསྟན་པ་ལ་གོ་དགོས་པ་དང་། ཕྱི་མ་ནི་སྤུ་མདོག་རིམ་སྒྱུར་གྱིས་དེ་རིང་སང་གི་བོན་གྱི་བསྟན་པ་འཛིན་བཞིན་པ་རྣམས་ལ་གོ་བ་ལེན་པ་ཡིན་ན་འགལ་བ་གང་ཡང་མེད་པ་སེམས། དེ་ནི་རང་ཉིད་ཀྱིས་གོ་བ་ལེན་ཚུལ་ཙམ་ཡིན་པ་ལས་སུ་གང་ལ་དམའ་ཕབ་པ་རྩ་བ་ཉིད་ནས་མིན་པས་དགོངས་ཡངས་ཞུ།
འདི་ལག་བདེ་བ་ཞིག་གིས་ཀུན་རྟོག་ངང་བྲིས་པའི་ཞང་ཞུང་སྨར་ཡིག་མིན་པར་ཤོག ལོ་ངོ་སྟོང་ཕྲག་འགོར་བའི་ཤོག་ཧྲུལ་ཞིག་ཏུ་ཡོད་ན་ཅི་མ་རུང་།
༧ འདིར་དྲ་འབུ་འགའ་ཤས་ཀྱིས་ཞང་ཞུང་སྨར་ཡིག་གི་ལོ་རྒྱུས་གོ་མྱོང་མེད་པ་འདུག་པས། ཁོ་བོས་འདིར་ཞང་ཞུང་སྨར་ཡིག་གི་ལོ་རྒྱུས་༧གོང་ས་སྐྱབས་མགོན་རིན་པོ་ཆེས་ངོ་སྤྲོད་གནང་བའི་གསུང་དུམ་བུ་གཅིག་འདིར་འགོད་འདོད་བྱུང་། དེ་ནི་འདི་ལྟར། “དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པ་གསལ་པོ་ཞེ་དྲག་ཆགས་འདུགས།་ དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད། བོན་གཞུང་ཟེར་བ་སྟེ་བོན་ནི་གནའ་རབས་ཀྱི་ཆོས་རྒྱུད་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་བཀའ་སྩལ་འདུག རྒྱལ་བ་རིན་པོ་ཆེའི་གསུང་ལ་ཉན་ཤེས་ཡོད་ན་ཞང་ཞུང་སྨར་ཡིག་སྐོར་ལ་ངེས་ཤེས་ཐུབ་པ་འདུག་པས། དྲ་འབུ་འགའ་ཤས་རང་ལྟ་ལ་ཞེན་དྲག་ནས་འདོད་ཆགས་དབྱར་ཆུ་འབྲུག གཞན་ལྟ་ལ་ཤིན་ཏུ་མི་འདོད་པའི་ཞེ་སྡང་མེ་ལྟར་འབར། ཡིན་ལུགས་ལ་རྨོངས་པའི་གཏི་མུག་མུན་ལྟར་གཏིབ་པ་སྟེ་ཆགས་སྡང་རྨོངས་གསུམ་གྱི་འདམ་ནང་དུ་བྱིང་འདུག་འདུག་པས་དེའི་དོད་པོར་ཁྱེད་རང་ཚོས་གོང་ས་མཆོག་གི་གསུང་ལ་དད་མོས་གུས་ཞབས་དང་བཅས་ནས་སྒོ་གསུམ་དབང་པོ་རྩེ་གཅིག་ཏུ་སྒྲིལ་ཏེ་ཉན་ནས་རྣམ་དཔྱོད་ཀྱི་ཤེས་རབ་ཚོལ་ན་ལེགས་ཀྱིས་དོན་མེད་ཀྱི་ཐང་སྟོང་གི་སྡིག་པ་ལག་ཏུ་མི་ལེན་ན་ལེགས་པར་སེམས།
བོན་རང་བཙན་ཟེར་བའི་ཚིག་འདི་གོ་ན་རྣམ་རྟོག་ཟ་གི །རྒྱ་མིས་བོད་པ་ལ་ཁ་བྲལ་རིང་ལུགས་པ་ཟེར་བ་དང་། བོད་པས་བོན་པོ་ལ་ཁ་བྲལ་རིང་ལུགས་པ་ཟེར་གི་མ་རེད། འདི་གཉིས་ཀྱི་ཁྱད་པར་བསམ་བླ་ཐོངས། བོན་དཀར་པོ་བོན་ནག་པོ་མ་བཟོ་རོགས་ཞུ།
ཨ་ཁ་ཁ་དྲ་འབུ་འདི་ཚོའི་ཁ་ལ་ཅིག་ལྟོད་དང་ངས་བོད་པ་ཚང་རེ་བ་ཡོད་ས་རེད
སྔར་ང་ཚོ་འདི་ལྟར་ནང་ཁུལ་མཐུན་འཁྱེད་ཀོ་ལོང་མང་དྲགས་ནས་ད་ལྟའི་གནས་
སྟངས་འདི་བྱུང་བ་རེད་ད་དུས་རབས་ཉེ་གཅིག་ནང་སླེབས་ན་ཁྲེགས་འཛིན་གྱིས་
བོན་དང་ཞང་ཞུང་ཟེར་བ་ཐོས་འོང་དུས་དེ་འདྲ་སྡང་སེམས་སྐྱེདདགོས་པ་ག་རེ་ཡིན་
ནམ་ཡས་བཤད་མས་བཤད་མདོ་དོན་བོན་པོ་ནང་པ་ཡིན་དང་མིན་བཤད་འོང་འདུག
བོན་པོ་ནང་པ་ཡིན་ན་ཁྱོད་ལ་ག་རེ་གནོད་འདུག་མིན་ན་ག་རེ་ཁེ་འདུག ནང་པ་ཡིན་མིན་
དེང་སང་གསར་པ་བཟོ་མི་དགོས་པ་གནའ་སྔ་མོ་གྲུབ་མཐའ་རིན་ཆེན་ཕྲེང་ལས་ཚད་ངོས་གཟུང
ཚར་ཡོད་རེད་དེ་ལ་ངས་ཁས་མི་ལེན་ཟེར་ནས་ངོ་རྒོལ་རྒྱག་མི་རྒྱག་ཁྱོད་རང་འདོད་པ་རེད་
ད་ཡང་མང་པོ་ཞིག་བྲིས་ཤོར་སོང་ཀྱང་དེ་སྤྱི་བཤད་ཙམ་ཡིན་མདོ་དོན་ད་ལྟའི་བརྗོད་བྱ་ཞང་ཞུང་
གི་ཡིག་གཟུགས་ནི་བོད་ཡིག་གི་མ་ཕྱི་ཡིན་པ་ཡོངས་གྲགས་སུ་བོད་ཕྱི་ནང་གི་ལོ་རྒྱུས་ཞིབ་འཇུག་རྣམས་མགྲིན་དབྱངས་གཅིག་འགྱུར་རོ།
མིག་བརྒྱད་ལགས། ཆོས་དཀར་ཆོས་ནག་སུ་ཡིན་ཨེ་ཤེས།
མི་བརྒྱད་ལགས། ད་དུང་ངས་ཁྱོད་ལ་དྲི་བ་གཅིག་དྲི་འདོད་བྱུང་། ཁྱེད་རང་གིས་རྒྱལ་བ་རིན་པོ་ཆེ་ལ་དད་པ་ཆེའམ། ཡང་ན་དོལ་རྒྱལ་ལ་དད་པ་ཆེ། གསུང་རོགས།
སྐུ་ཞབས་མིག་བརྒྱད་པ་ལགས། ཁ་བྲལ་རིང་ལུགས་མ་ལབ་ན་གཞན་ག་རེ་ལབ་ཡ་རེད་དམ?
མིག་བརྒྱད་ལགས། ད་དུང་ངས་ཁྱོད་ལ་གཅིག་ལབ་འདོད་བྱུང་། འདི་ལྟར། ཁྱེད་རང་གི་མིག་བརྒྱད་པོ་དེ་ང་གངས་སེང་གིས་སྦར་མོ་གཅིག་རྒྱག་གི་ཡིན་ན་ཁྱོད་རང་དེ་ག་རང་ལ་ཞར་གོག་འགྱུར་ས་རེད་དཱ།
མཁས་དབང་ལ་སྟོད་སྐུ་ཚེ།
ཡུན་དུ་གནས་པའི་སྨོན་ལམ།
རུ་ཏྲའི་ཕྱོག་ཞེན་མངའ་བའི།
དྲྭ་འབུ་ཁྱུ་འཚོགས་དེ་ལ།
སྒྲོ་མདོགས་གཅོད་པའི་དེ་དཔོན།
ཁྱེད་ཉིད་ཁོ་ནས་མཛད་དེ།
ལུང་རིག་རྒྱབ་རྟེན་ལམ་ནས།
ལམ་རྟེན་ཟབ་མོ་གནང་བར།
རུ་ཏྲའི་ཆགས་ཞེན་དོར་ནས།
ཐུགས་རྗེ་ལེགས་སོ་ཞུ་རན།
དུས་དང་སྐབས་ལ་བབས་ཚེ། བོན་རང་བཙན་ནམ། བོན་རང་སྐྱོང་ལྗོངས། ཡང་ན། ཞང་ཞུང་རང་བཙན་ནམ་ཞང་ཞུང་རང་སྐྱོང་ལྗོངས་ཀྱི་དགོས་འདུན་མ་བཏོན་ཚེ། རང་ས་ལག་མཐིལ་ཙམ་ཡང་མེད་པའི་ས་ན་བོན་པོར་སྙད་དམོད་བྱེད་ལུགས་ལ་བལྟས་ན་བོད་འདི་རང་བཙན་དང་རང་སྐྱོང་ཐོབ་རྗེས་ནི་བཤད་མ་དགོས་པ་རེད། བོན་རང་བཙན་ཐོབ་ན་རྒྱལ་ས་གང་དུ་འཇོག་རྒྱུ་ཟེར། དེ་ནི་ལས་སླ་བོ་རེད། གཟི་ཚ་སྡེ་དགུ་དང་ནག་ཆུ་སོགས་ཀྱིས་གཙོས་པའི་ཡུལ་ལུང་ཐམས་ཅད་བོན་པོས་གང་བའི་ས་ཆེན་མང་ཙམ་ཡོད་པས་གང་འདེམས་འདེམས་རེད། རྒྱ་ནག་གིས་བོད་རིགས་མི་འབོར་ཞིབ་གཤེར་བྱས་པར་གཞིས་ཀྱི་བོད་རིགས་མི་འབོར་ཆེ་ཤོས་གཉིས་པ་དེ་བོན་པོ་དང་རྙིང་མ་གང་ཡིན་ད་དུང་ཤོད་ཁག་པོ་འདུག་ཅེས་ཁྱབ་བསྒྲགས་བྱས་པ་མ་གཟིགས་སམ། བོན་རང་སྐྱོང་ལྗོངས་ཤིག་བཙུགས་ན་གང་ལྟར་འབྲུག་རྒྱལ་ཁབ་ལས་ལྡབ་ཁ་ཤས་ནི་ཆེ་ངེས་རེད། ང་ཚོས་ཀྱང་འདི་ནས་ཕྱི་རབས་བོན་ཕྲུག་རྣམས་ལ་འདི་དག་སློབ་ཀྱིན་ཡོད། གང་ལྟར་འདི་རིགས་ཀྱི་གནས་སྟངས་ལ་བལྟས་ན། རྒྱ་མིས་བོད་རང་བཙན་སྤྲད་ཚེ་ང་ཚོས་བོན་རང་བཙན་ཞུ་ངེས་ཡིན། དེ་དུས་ནག་པོ་དང་འཇིགས་བསྐུར་ལབ་ཀྱང་ཧ་ལས་རྒྱུ་མེད། དེ་སྔོན་བོན་པོའི་མི་དང་བསྟན་པ་སྲུང་མཁན་ག་རྒྱ་འགྲམ་ནག་སོགས་ག་ཚད་ཅིག་འཇིགས་བསྐུལ་དང་ཇག་པའི་མིང་ཐོག་ནས་དམར་གསོད་བཏང་ཟིན་པས་མིང་ཚིག་དེ་ཚོ་ང་ཚོར་གསར་པ་གང་ཡང་མ་རེད། རྒྱ་མིས་བཅིངས་གྲོལ་བཏང་ཟེར་བའི་ནང་ང་ཚོ་བོན་པོ་ལ་གནས་སྟངས་འདི་རིགས་ནས་བཅིངས་གྲོལ་ཐོབ་བྱུང་ཟེར་ནས་བོད་ཀྱི་བོན་པོས་བྲིས་པའི་དེབ་ཀྱང་ཡོད། ད་ལྟ་ཞིབ་དུས་བདེན་པ་འདྲ་བོ་འདུག ཁྱེད་ཚོས་ཤེས་དགོས་པ་ཞིག་ལ་རྒྱ་མིས་བོན་པོ་ཚོར་ལོགས་སུ་སྡེ་འཛུགས་དགོས་རབས་སམ་ཡང་ན་རང་སྐྱོང་གི་སྐད་ཆ་བཤད་དགོས་རབས་ཀྱི་བརྡ་མང་པོ་བཏང་ཟིན་པ་རེད། ལྷག་པར་ཨ་མདོ་ཁུལ་དུ་བཏང་ཡོད། འོན་ཀྱང་ད་བར་དུ་གཞིས་བཞུགས་བོན་པོ་ཚོས་བོན་གྱི་བླ་ཆེན་གྱིས་གང་གསུངས་པ་ལ་བསྐྱོད་རྐྱང་བྱས་ཡོད། ཁོང་ནི་རྒྱལ་བ་རིན་པོ་ཆེས་གང་གསུངས་པ་དེ་རང་མཛད་མཁན་ཞིག་རེད། སྔོན་མ་སྨན་རིའི་དགོན་པར་ཐའི་ཝན་ཕོགས་སྤྲོད་མཁན་སྒོ་རྩར་སླེབས་དུས་གྲྭ་རྒན་མང་པོས་གསེར་གྱི་ཕ་བོང་སྒོ་འགྲམ་དུ་སླེབས་དུས་བསོད་ནམས་ཀྱིས་ལེན་དགོས་རབས་ཞུས་ཀྱང་། ཁོང་གིས་རྒྱལ་བ་རིན་པོ་ཆེའི་ཐུགས་དང་འགལ་གྱི་རེད། བཟའ་རྒྱུ་ལས་ཀྱང་སྐྱུགས་རྒྱུ་མང་གི་རེད་གསུངས་ཞལ་ལན་མ་མཛད། བོད་གཞུང་གི་སློབ་གྲྭ་ཐོག་མ་དེ་ནས་རང་སྲོག་ཀྱང་ཤོར་གྲགས་བྱེད་མྱོང་བའི་བླ་ཆེན་འདིས་ད་དུང་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ཟེར་དུས་མཛུབ་མོ་གང་བསྟན་ཤར་ལ་བརྩིས་པའི་བཀའ་དྲིན་རེད་མ་གཏོགས། བོན་པོ་ཚོས་སྔ་ས་ནས་བོན་རང་བཙན་བརྩོད་ཟིན་ལ། ངས་ཚོད་དཔག་ཅིག་བྱས་ན་ད་ལྟའི་ཞིང་ཆེན་ལྔ་ཟེར་བའི་ནང་ཕལ་ཆེར་གཅིག་ནི་ཞང་ཞུང་ཞིང་ཆེན་ནམ་ཡང་ན་བོན་རང་སྐྱོང་ལྗོངས་ཟེར་བ་ཞིག་ཡོད་ཚར་བ་རེད། དེ་མེད་དོན་ཡང་ཁོང་གི་བཀའ་དྲིན་རེད། ཤེས་སོང་ངམ།
འབྲུག་པ་དེ་ཚོས་དགོས་དུས་བོན་གྱི་སྲུང་མ་སྲིད་པའི་རྒྱལ་མོ་མཆོད། ཕྱི་ནས་བོན་པོར་སྨོད་པ་དེ་གསར་པ་གང་ཡང་མ་རེད། པོ་ཏ་ལའི་ནང་དུའང་སྲིད་པའི་རྒྱལ་མོའི་ལྷ་ཁང་བཞེངས་ནས་གསང་བའི་ངང་ནས་མཆོད་སྲོལ་འདུག སྨར་ཆུང་ཡིག་གཟུགས་འདི་སུས་བཟོས་མིན་ཟེར་རབས་ལ་བལྟས་ན། འདིར་ཡོང་མཁན་ཕལ་ཆེ་བས་སོ་སོའི་ཆོས་འབྱུང་གྲགས་ཅན་ཡང་མ་གཟིགས་པ་འདྲ། བོན་པོས་ནི་བཤད་མ་དགོས་པ་རེད། བླ་མའི་ཆོས་ལུགས་ས་དགེ་བཀའ་རྙིང་བཞིའི་ཆོས་འབྱུང་ནང་དུ་སྨར་སྦྲགས་ཆེ་ཆུང་ཟེར་ཞིག་ཡང་ཡང་ཡོང་གིན་ཡོད་པའི་ནང་གི་སྨར་ཆུང་ཟེར་བ་ནི་གོང་དུ་བཀོད་པའི་ཞང་ཞུང་སྨར་ཆུང་དེ་རེད།
རི་བོ་ཧི་མ་ལ་ཡི་མཐའ་སྐོར་ཏུ་གནས་པའི་མིའི་གཟུགས་འདྲ་བ་ཁྱེད་རང་ཚོ་རྩོད་པ་བྱེད་དགོས་དོན་མེད། བོད་ཡིག་དང་བོན་ཡིག་་་་ཞང་ཞུང་སྨར་ཡིག་་་་་་མཁའ་འགྲོའི་བརྡ་ཡིག་་་་་་ཨོ་རྒྱན་ཟེར་ཡིག་་་་་རྫོངས་དཀར་ཡི་གེ ཐོན་མི་སམ་བྷོ་ཊ་ལ་་་་་་་་་དུས་རབས་བདུན་པ་ལ་་་་་་་་དེའི་སྔོན་དུ་་་་་་་་དེའི་རྗེས་སུ་་་་་་་ག་རེ་ཡིན་ན་མིན་ན་ཁྱེད་རང་ཚོ་ནང་འཁྲུག་རྒྱག་མི་དགོས། ང་ཚོ་རླབས་ཆེ་བའི་རྒྱ་གུང་ཕྲན་ཏང་གིས་འདི་ཚོ་ཚང་མ་གང་མགྱོགས་རྩ་མེད་བཟོ་གི་ཡིན། རི་བོ་ཧི་མ་ལ་ཡི་རི་བརྒྱུད་དུ་གནས་པའི་མི་མདོ་མེད་འདི་ཚོས་སོ་སོའི་རྐུབ་རུལ་འགྲོ་གི་འདུག་སྟེ་ད་དུང་ཁ་ནས་ཁ་རྩོད་འདྲ་བྱེད་ནས་འགྲོ་གི་འདུག ཁྱེད་རང་ཚོས་འདས་ཟིན་པའི་སྐོར་ལ་གླེང་སློང་འདྲ་བྱེད་ནས་མགོ་འཁོར་ནས་སྡོད་དང་། ང་ཚོ་རྒྱ་གུང་ཁྲན་གྱིས་མ་འོང་པའི་འཆར་གཞི་སྒྲིག་ནས་ཡོད།
འཆར་གཞི་དེའི་ནང་རང་བཙན་སྤྲད་ཡ་ཡིན་ན། ཞང་ཞུང་རང་བཙན་ཡང་སྤྲོད་རོགས། རང་སྐྱོང་ལྗོངས་སྤྲད་ཡ་ཡིན་ན། བོན་རང་སྐྱོང་ལྗོངས་ཀྱང་སྤྲོད་རོགས། འདི་ལྟར་ཐུབ་ཚོད་བྱས་ན་ང་ཚོ་ཡང་སྒུར་འདོད་མེད། མ་རེད་པས་བོན་པོ་ཚོ། ང་ཚོ་ཡང་སྔར་ཞང་ཞུང་རྒྱལ་ཁབ་ཡོད་མཁན་ཞིག་ལ་བོད་ཀྱིས་དབང་བསྒྱུར་བྱས་པ་དེ་ལས་སླར་ཡང་རང་གསོར་དགོས་ཟེར་བ་ལ་འཇིགས་དགོས་དོན་འདུག་གམ། ཞང་ཞུང་རང་བཙན་མྱུར་དུ་ཐོབ་པར་ཤོག
ཕན་ཐོག་མེད་པ་དེ་འདྲའི་གང་བྱེད། བོན་པོའི་སྨར་ཆེན་སྨར་ཆུང་ཟེར་བ་འདི་དེ་འདྲའི་དགེ་མཚན་ཅན་ཞིག་ཡིན་ན། བོན་པོའི་བཀའ་སྟན་བོད་ཡིག་ནང་བྲིས་ནས་གང་བྱེད། ཐད་ཀར་སྨར་ཆེན་སྟེང་བྲིས་ན་མི་ལེགས་སམ། ཧ་ཧ་ཨ་ལེ་རྩེ་མོ་ཡིན་ན་ཟླ་ཚོ།
རྒྱ་འདྲེ་བོད་ཁོག་བཞུགས་པ་ཁྱོད་ཀྱིས་བཟོས།
ད་ལྟ་རང་དུ་མེད་པར་བཟོས།
བཟོ་མ་ཐུབ་ནས་ད་བར་དུ་ལུས་པ་མ་གཏོགས་མེད་པ་བཟོ་སེམས་གཏན་གཏན་ཡོད་རེད།
ནམ་ཡང་མེད་པར་བཟོ་མི་ཐུབ།
བཟོ་ཐུབ་ན་ད་ལྟ་རང་དུ་མེད་པར་བཟོས།
སང་ཉིན་གནང་ཉིན་སྒུགས་ཏེ་སྡོད་མི་དགོས།
གནམ་ལ་རྡོག་རྒྱག་བཞུས།
གལ་ཆེན་པོ་ཡིན་ན་འབྲི་དགོས་ན།
བན་དེ་བའི་བཀའ་བསྟན་འགྱུར་རྣམས་ལན་ཚ་དང་ཝར་དུ་ལེགས་སྦྱར་གྱི་སྐད་དུ་བྲིས་བོད་ཡིག་ཐོག་ཏུ་ཅི་ཡིས་ཕྱིར་བྲིས་པ་ཡིན་ནམ།
རྒྱུ་མཚན་ལྟར་སྣང་གི་མགོ་ལ་ཕོག་པར་ཤོག
བོད་ལས་ཞང་ཞུང་གལ་ཆེ་བ་དང་། བོད་ཡིག་ལས་ཞང་ཡིག་གལ་ཆེ་བར་བརྩི་བ་འདི་ཡག་སྡུག་གང་ཡིན་མི་ཤེས་མོད། འདིའི་རྩ་བ་ཐུག་ས་དེ་ཆོས་ལུགས་ཀྱི་ཞེན་ཁོག་ཅིག་རེད་མ་གཏོགས་བོད་རིག་གི་ཞེན་ཁོག་དང་ལ་རྒྱ་ཅང་རེད་མི་འདོད། བན་བོན་རྩོད་རྙོག་དེ་བོད་དོན་སྒང་ལ་ཁྱེར་མ་ཡོང་རོགས། ང་ཚོ་ཚང་མས་ང་བོད་ཡིན་ཟེར་གྱི་རེད་མ་གཏོགས། ཁྱོད་མི་རིགས་གང་ཡིན་ཟེར་དུས། ང་བན་དེ་ཡིན། ང་བོན་པོ་ཡིན་ཟེར་གྱི་མ་རེད་བཱ། དེ་བས་རྙོག་དྲ་ཆ་ཚང་བཟོ་མཁན་ཆོས་ལུགས་པ་འདི་ཚོ་རེད། ཆོས་ལུགས་ཀྱིས་མི་མང་ལ་ཞབས་འདེགས་སྒྲུབ་ཀྱིན་ཡོད་དང་རྙོག་དྲ་བཟོ་ཡི་ཡོད་ཧ་གོ་ཡག་མི་འདུག་གཱ།
ཆོས་ལུགས་པ་འདི་ཚོས་ཁ་ནས་བཤད་དུས། བཟོད་པ་དང་། སྙིང་རྗེ། ཕར་ཕྱིན་དྲུག དགེ་སྦྱོང་གི་ཆོས་བཞི། དགེ་བ་བཅུ། མི་དགེ་བ་བཅུ་སོགས་ཟེར་ནས་རྫོགས་ཡག་མེད་རྒྱུ་ཞིག་བཤད་ཀྱི་རེད། ཡིན་ན་ཡང་། རང་གི་ཆོས་ལུགས་ཕྱོགས་ལ་ཚིག་ངན་ཏིལ་འབྲུ་ཙམ་ཞིག་རང་གི་སྤུན་གྱིས་ལབ་ཀྱང་བསོད་ཀྱི་ཡིན་གཏུབ་ཀྱི་ཡིན་ཟེར་ནས་ནག་མོའི་ཇོ་འཛིང་ལས་སྡུག་ག་བྱེད་ཀྱི་རེད།
ང་ལ་ནི་སྨར་ཡིག་བཟོས་ནས་དགའ་སྡུག་གང་ཡང་མེད། བོད་རང་བཙན་ལེན་ཡག་ལ་ནི་ཕན་གྱི་མེད། ཆོས་ལུགས་པ་ཚོའི་ལག་ཆ་རེ་ཉན་འགྲོ། དེ་བས་ད་ལྟ་ང་ཚོར་ཡོད་བཞིན་པའི་བོད་ཡིག་སྲ་ཐག་ཐག་བཟོས་དང་། དེ་ལས་ལྷག་པའི་ལནཛྙ་ཝརྟུ་དང་སྨར་ཆེན་སྨར་ཆུང་སོགས་དགོས་ཡག་མི་འདུག རང་མགོ་རུམ་ལ་མ་ཆུག་གོང་ནས་མི་མགོ་ཤད་ཐག ཧ་ཧ་ཧ་ཧ་ ཆོས་ལུགས་ཀྱི་ཞེན་ཁོག་དངོས་གནས་ཤུགས་ཆེན་རེད།
བོད་རང་བཙན་ཟེར་བ་དེ་ཐོབ་ན་ཆོས་ལུགས་ཕན་ཚུན་བརྙས་བཅོས་དང་མཐོང་ཆུང་བྱེད་ས་ཞིག་ཡིན་ན། ང་ལ་ནི་བོད་རང་བཙན་མི་དགོས་ཐག་གཅོད་ཡིན།
བོན་པོ་ཡར་རྒྱས་འགྲོ་བ་དང་མདུན་སྐྱོད་བྱེད་དུས་བླ་མའི་ཆོས་ལུགས་པ་ཚོས་དེ་འདྲའི་ཕྲག་དོག་སྐྱེས་ན།
ང་ཚོ་ལ། རང་བཙན་ཡིན་ན། ཞང་ཞུང་རང་བཙན་དགོས། དབུ་མ་ཡིན་ན། བོན་རང་སྐྱོང་ལྗོངས་དགོས།
བོན་ནང་པ་ཡིན་པ་དེ་ཁྱེད་ཚོར་དེ་འདྲ་གནོད་ཅིང་ཁ་ཕོར་ལ་གུན་ཕོག་གི་ཡོད་ན།
ང་ཚོ་ལ། རང་བཙན་ཡིན་ན། ཞང་ཞུང་རང་བཙན་དགོས། དབུ་མ་ཡིན་ན། བོན་རང་སྐྱོང་ལྗོངས་དགོས།
བོན་པོ་ཚོས་བོད་ཀྱི་རིག་གཞུང་གི་ཁུངས་བོད་རང་ས་རང་དུ་གཏུགས་དུས་ཁྱེད་ཚོར་མི་འཕྲོད་ན།
ང་ཚོ་ལ། རང་བཙན་ཡིན་ན། ཞང་ཞུང་རང་བཙན་དགོས། དབུ་མ་ཡིན་ན། བོན་རང་སྐྱོང་ལྗོངས་དགོས།
བོན་དང་བོན་པོ་ཟེར་བའི་ཡིག་འབྲུ་དེ་དག་མཐོང་མ་ཐག་ཏུ་མིག་ནང་གི་ཚེར་མར་འགྱུར་གྱི་ཡོད་ན།
ང་ཚོ་ལ། རང་བཙན་ཡིན་ན། ཞང་ཞུང་རང་བཙན་དགོས། དབུ་མ་ཡིན་ན། བོན་རང་སྐྱོང་ལྗོངས་དགོས།
༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌བོན་གྲོགས་ཚོ། འཕྲོད་མཐུད་དང་༌༌༌༌༌༌༌༌༌༌༌༌༌༌༌༌༌
མི་ཡིས་བྱེད་དུས་མིག་ཚ། རང་གིས་བྱེད་དུས་ལག་ཚ།
ཧཧ་བོད་ཀྱི་བུ་མགོ་སྟོང་ང་ཚོ་བོད་དོན་བོད་དོན་ཟེར་བ་དེ་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རངདབང་དགོས་
ཟེར་ནས་འཛམ་པོ་གླིང་དུ་ས་སྒྲོགས་ནམ་སྒྲོགས་བྱེད་ཡ་དེ་གང་གི་དོན་རེད་དམ།
ང་ལ་ནི་བོད་རང་བཙན་མ་གཏོགས་ཆོས་ལུགས་ཟེར་བ་དེ་རྩ་ནས་མི་དགོས། དེ་ནི་མི་དགོས་པའི་རྙོག་དྲ་རེད་གཤའ། དེ་ནང་བཞིན་ཆོལ་ཁ་ཟེར་བ་དེ་ཡང་མི་དགོས། སྤྱིར་ཆོས་ལུགས་དུག་ཡིན་མིན་ད་མི་ཤེས་ཏེ། ཆོས་པར་ཁས་འཆེས་པ་མང་དག་ཅིག་བདུད་ཡིན་ཐག་ཆོད་རེད་གཤའ། མདོར་ན་གོང་དུ་མཆན་ཞབས་པ་མང་པོས་རྩོད་བཞིན་པའི། ཅིག་གིས་ང་ཚོར་འདྲེ་ལབ་སོང་། ཉིག་གིས་ང་ཚོར་གདོན་ལབ་སོང་། ཅིག་གིས་ང་ཚོར་ཐུབ་ཚོད་བཏང་སོང་། ཉིག་གིས་ང་ཚོས་བསྟན་པ་བསྣུབས་སོང་ཟེར་སོགས་ཚང་མ་ཆོས་ལུགས་བར་གྱི་རྙོག་དྲ་རྐྱང་རྐྱང་རེད། ཆོས་ལུགས་པ་དེ་ཚོས་བཤད་ན། ཆོས་ལུགས་ནི་འཇིག་རྟེན་ལ་ཕན་བདེ་སྐྲུན་བྱེད་ཡིན། ཁོང་ཚོ་ཕན་བདེ་སྐྲུན་པོ་ཡིན་ཟེར་མོད། འོན་ཀྱང་། བོད་ཀྱི་ཆོས་ལུགས་དང་ཆོས་པ་དེ་ཚོ་ནི་རྙོག་དྲའི་སྒམ་ཆུང་རྐྱང་རྐྱང་རེད་གཤའ།
ཞང་ཞུང་སྨར་ཡིག་ནི་མེས་པོ་གོང་མ་རྣམས་ཀྱི་ཟུངས་ཁྲག་ལས་མཆེད་པའི་བོད་པ་གདོང་དམར་བ་རྣམས་ཀྱི་བླ་སྲོག་ཡིན་པ་གདོན་མི་ཟའོ།།
ཐ་ཚན་མུ་ཙུབ་མར་རོ།།
བོན་པོ་ཚོས་གསར་དོད་ཕར་བཞག སྔར་ཡོད་པ་དེ་བདག་གཅེས་གནང་ཡང་དུས། དྲྭ་འབུ་ཁ་ཤས་གྲོག་མ་ཚ་ཐབ་ནང་ལྷུང་བ་ནང་བཞིན་བྱེད་ཀྱིན་འདུག ལྟད་མོ་འདུག
ད་ལྟ་འི་བོད་ཀྱི་ཡིག་གཟུགས་གང་ལ་དཔེར་མཛད་པའི་གསུང་ཚུལ་མི་མཐུན་པ་མང་དུ་མཆིས་ན་ཡང་།ད་ལྟ་བོད་ཆོལ་ཁ་གསུམ་ལ་ཡི་གེ་གཅིག་གྱུར་བྱུང་ཡོད་པ་འདི་གས་མ་འཐུས་པ་གང་ཡང་མེད། བོད་རིགས་ཡོད་དོ་ཅོག་གིས་འདི་བེད་སྤྱོད་གཏོང་གི་ཡོད། བོད་ལ་གནའ་བོའི་ཡིག་རྒན་དེ་ཚོ་འགྱུར་ནས་ད་ལྟའི་ཕུན་སུམ་ཚོགས་པའི་ཡི་གེའི་རང་བཙན་ཐོབ་ཡོད་ན་ཡང་། ཆོས་ལུགས་ཀྱི་རང་བཙན་ཐོབ་མེད་པས་འདི་བོད་པའི་གཟི་བརྗིད་རེད་ལ་འདི་གཏོར་བརླག་གཏོང་མི་ཉན། རྒྱ་གར་ས་ཁོངས་རང་བཙན་ཐོབ་ཡོད་ཀྱང་སྐད་ཡིག་མི་འདྲ་བ་ཉེར་གཉིས་ཙམ་ཡོད་པས་སྐད་ཡིག་གི་རང་བཙན་ཐོབ་མེད། གཅིག་གྱུར་བྱུང་མེད། ཁྱོད་ཚོས་མགོ་ཚོས་ལ་མ་ཚོས་ལ་ཡིག་རྒན་དེ་ཚོ་ཁྱེར་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་མི་ཉན། བོད་སྐད་ཡིག་གི་ཁ་བྲལ་ལས་འགུལ་མ་སྤེལ་རོགས་ཞུ། སྐལ་བ་བཟང་།
བོད་པའི་མི་རིགས་དེ་ཚོའི་ནང་ནས་མི་གཤིས་བརྟན་ཤོས་ནི་བོན་པོ་རེད། གཞན་ཚོ་ནི། རོང་ཆོས་སྤྱད། རྒྱ་ཆོས་སྤྱད། རྒྱ་ནག་ལ་མགོ་བཏགས། སོག་པོ་ལ་མགོ་བཏགས། གོར་ཁ་ལའང་མགོ་བཏགས། ཐ་ན་ཐའི་ཝན་ལའང་མགོ་བཏགས། དང་པོར་རྙིང་མར་གྱུར། དེ་ནས་བཀའ་བརྒྱུད་དུ་གྱུར། དེ་ནས་ས་སྐྱར་གྱུར། དེ་ནས་དགེ་ལུགས་སུ་གྱུར། ད་བླ་མའི་ཆོས་ལུགས་དེ་ཚོ་གཡུགས་ནས་དཔལ་ན་ལེན་དྲ་ཡིན་ན་གཅིག་གི་རིང་ལུགས་ཨེ་ཡོད་བལྟ་བཞིན་ཡོད། དེ་ཚོའི་མི་གཤིས་ལ་གཅིག་ལྟོས་དང་། བོན་པོ་ནི་གནའ་ནས་ད་བར་བོན་པོ་རང་དུ་བསྡད་ཡོད། ག་ཚད་བསད་ཀྱང་རུང་། ག་ཚད་གཏུབ་ཀྱང་རུང་། ཀོ་རྐྱལ་སྐམ་པོའི་ནང་དུ་གསོན་བཅུག་གིས་ཆུར་བཏབ་ཀྱང་རུང་། བོན་པོ་ནི་བོན་པོ་ཡིན་པར་ནམ་ཡང་འཇིགས་སྐྲག་སྐྱེ་མྱོང་མེད། དེས་ན་ད་ལྟ་གོ་སྐབས་ཡོད་དུས་གནས་སྟངས་འདི་ལས་བོན་པོ་ཚོས་ཞང་ཞུང་རྒྱལ་ཁབ་རྩོད་རྒྱུ་གལ་ཆེན་པོ་རེད་འདུག རྒྱ་མིས་རང་བཙན་མ་སྤྲད་ན་ཁ་ཚ་རས་གསུངས་པ་ལྟར་བོན་རང་སྐྱོང་ལྗོངས་ཤིག་ལོས་སྤྲད། ངས་ཀྱང་ཞང་ཞུང་རང་བཙན་མྱུར་དུ་ཐོབ་པར་ཤོག་བརྗོད་རྒྱུ་ཡིན། དེ་ལ་ཁ་བྲལ་རིང་ལུགས་ཟེར་ནའང་འགྲིག་གི་རེད། ཁ་བྲལ་དགོས་པ་ཁྱེད་ཚོས་བཟོ་གི་འདུག
གངས་དཀར་ཤ་མེད་་་་་་་གངས་དཀར་ཤ་མེད་་་་། ཨོ་རེད་རེད། ཁྱོད་ཀྱང་ཆོས་ལུགས་ཀྱི་རྙོག་དྲ་དང་ཐོག་འགོ་འཛུགས་དུས་ཀྱི་བརྟན་མ་བཅུ་གཉིས་ཟེར་བའི་bodyguard ༼སྐུ་སྲུང་བ་༽ དེ་ཚོའི་གཅིག་མ་རེད་བས། ཧ་ཧ་ཧ་ཧ་
ངས་ནི་སྨྲ་བརྗོད་རང་དབང་དགོས། འགྲོ་འདུག་རང་དབང་དགོས། སྐད་ཡིག་རང་དབང་དགོས། རང་ས་རང་དགོས། བོད་ཀྱི་བདག་པོ་བོད་མི་ཡིན་ཟེར་བ་ལས་ཆོས་ལུགས་ཀྱི་རྙོག་དྲ་རང་དབང་དགོས་ནམ་ཡང་ཟེར་གྱི་མེད།
བདག་དང་འདྲ་བར་ལ་སྟོད་བུ་དང་ཤཱཀྱ་མི་བོ་སོགས་ཀྱིས་སེམས་ན་ཡོད་པའི་ཞང་ཞུང་རང་བཙན་དང་བོན་རང་སྐྱོང་ལྗོངས་ཀྱི་སྐད་ཆ་གླེང་ཚར། འདིར་ཡོད་པའི་བོན་པོ་གཞན་ཚོས་འདོད་པ་ཐད་ཀར་ཤོད་དང་། དེ་ནས་ང་ཚོས་བོན་པོའི་སྤྱི་ཚོགས་ནང་དུ་གྲོས་བྱེད། དེ་ནས་ཁ་སང་རྡ་སར་རང་བཙན་ཚོགས་པ་བཙུགས་པ་ནང་བཞིན་ང་ཚོས་ཀྱང་ཞང་ཞུང་རང་བཙན་ནམ་བོན་རང་སྐྱོང་ལྗོངས་ཀྱི་སྐོར་ལ་ཚོགས་པ་བཙུགས་ཆོག
གོང་དུ་ ༦༠ མིག་བརྒྱད་པ་ཟེར་བ་འདི་ཅུང་ཙམ་མཐོང་རྒྱ་ཡངས་པ་ཞིག་འདུག གྲ་བ་དང་གྲ་ལོག་འདྲ་ཞིག་མིན་པ་འདྲ
ཐབས་ཇུས་ཅན་ལགས།
དེ་ཁྱོད་ཀྱི་རང་ཕྱོགས་ཡིན་པས་རེད།
ལོས་ཡག
རང་གིས་རང་བསྟོད།
སྐྱག་པས་རྐུབ་བསྐྱག
ད་ལྟད་མོ་མིག་གང་ཤར་འདུག
ང་ལེ་ལོས་ཡོང་རྒྱུའི་གོ་སྐབས་མ་བྱུང།
ད་ཁྱད་པར་མི་འདུག ལ་སྟོད་བུ་དང་། ཤཀྱ་མི་བོ། གླིང་སྨྱོན། མང་པོ་ཞིག་ཕེབས་ཤག
མི་མང་ན་རོ་མང་ཟེར་བ་ལྟར་ང་ཡོང་དགོས་པ་མི་འདུག་སྟེ།
རྒྱབ་སྐྱོར་གྱི་ཚུལ་དུ་སླེབས་པ་ཡིན།
མ་གཞི་ནས་ལ་སྟོད་བུ་ནི་ང་ཡི་དགའ་ས་ཡག་ཤོས་ཤིག་ཡིན།
གྲོགས་རྙིང་པ་ཞིག་ཡིན། ཁྱེད་འདིར་ཕེབས་པ་བཟང་བྱུང།
བོན་པོའི་བསྟན་པ་ཨ་མདོའི་ཡུལ་དུ་དར།།
སངས་རྒྱས་བསྟན་པ་ཨ་མདོའི་ཡུལ་དུ་དར།།
བོད་ཀྱི་རིག་གནས་ཨ་མདོའི་ཡུལ་དུ་དར།།
ཨ་མདོའི་མཁས་པ་རྣམས་ལ་ཕྱག་འཚལ་ལོ།།
བློ་བཟང་གྲགས་པ་ཨ་མདོའི་ཡུལ་དུ་འཁྲུངས།།
རྒྱལ་བ་པཎ་ཆེན་ཨ་མདོའི་ཡུལ་དུ་འཁྲུངས།།
དབུས་གཙང་ཆོས་སྲིད་གནམ་ལ་མ་བསྒྲེངས་ན།།
བསྟན་པ་མིང་ཙམ་གྱུར་བ་མ་ལགས་སམ།།
༧ བོད་ཀྱི་བན་དྷེ་ཁྱེད་ཚོ་དངོས་གནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཡག་པོ་ཞིག་བྱེད་འདོད་འདུག་ན་རྒྱ་གར་དགེ་སློང་སེར་པོའི་རྗེས་སུ་ཞུགས་ན་ལེགས་ཀྱིས་ཆ་ལེ་ཆོ་ལེ་བླ་མའི་ཆོས་ལུགས་བྱེད་བསྡད་ན་དོན་དག་གང་ཡང་མི་འདུག་གཱ།
༧ ད་དུང་ཁྱེད་ཚོ་འགའ་ཞིག་གིས་བོན་པོས་བན་དྷེ་ལས་མང་པོ་རྐུས་རབས་བཤད་འདུག་པས་དེ་ནི་རི་བོང་གིས་ཁོ་རང་གི་ཁར་ཁོ་རང་གིས་སྐུངས་ནས་སྟག་ཁྱོད་རང་གི་ཁ་ཤོ་བསྡད་མི་འདུག་གཱ་ཟེར་བ་འདྲ་བོ་རེད། གང་ཡིན་ཟེར་ན་ཁྱེད་བན་དྷེ་ཚང་ལ་རྫོགས་ཆེན་དང་། སྔགས་བླ་མེད། དུས་འཁོར་ཟེར་བ་སོགས་དཔེ་མང་པོ་ཞིག་འདུག དེ་ཐམས་ཅད་རྒྱ་གར་ནས་བོད་ལ་བསྒྱུར་རབས་བཤད་ཀྱིན་འདུག དོན་ངོ་མ་ང་ཚོ་རྒྱ་གར་ལ་སླེབ་དུས་དེ་ཚོ་ཉམས་ལེན་བྱེད་མཁན་རྒྱ་གར་བ་མི་སྐེ་སྐེ་གཅིག་མཐོང་ཡག་མེད་པ་མ་ཟད་དེའི་མིང་གོ་མྱོང་མཁན་རྒྱ་གར་བ་མི་འདུག་ཟེར་ན་ཧ་ལམ་བདེན་པའི་གཏམ་དུ་སྣང་། དེར་མ་ཟད་རྒྱ་ནག་དང་ཇར་པིན། འབར་མ། ཤི་རི་ལང་ཀ་སོགས་རྒྱལ་ཁབ་གཞན་སུ་གཅིག་ནང་ལ་དེ་དག་ཉམས་ལེན་བྱེད་མཁན་མི་སུ་གཅིག་མི་འདུག་པ་མ་ཟད་ཁོང་ཚོའི་བཤད་སྲོལ་ལ་དེ་དག་བཅོམ་ལྡན་འདས་ཀྱི་བཀའ་མ་རེད་ཟེར་གྱིན་འདུག །བོད་ཀྱི་བན་དྷེས་དེ་རྣམས་ག་བ་ནས་ཁྱེར་ཡོང་ཡིན་བསམ་བློ་ལེགས་པར་གཏོང་དགོས་འདུག་གཱ། ཧ་གོ་སོང་ངམ?
བོན་པོའི་རང་བཙན། རྙིང་མའི་རང་བཙན། ས་སྐྱའི་རང་བཙན། བཀའ་བརྒྱུད་རང་བཙན། དགེ་ལུགས་རང་བཙན། འདི་ཚོ་ཚང་མ་ཆོས་ལུགས་རང་བཙན་རེད་མ་གཏོགས་མི་རིགས་རང་བཙན་མ་རེད།
དངོས་གནས་བོན་པོ་ཚོས་རྩོད་རྒྱུ་ཡིན། གཤམ་གྱི་འབོད་ཚིག་འདི་དག་བསྒྲག་ནས་རྩོད་དགོས།
༡༽ བོད་ཀྱི་བདག་པོ་བོན་པོ་ཡིན།
༢༽ ཆོས་བརྒྱུད་བཞི་པོ་མཐར་སྐྲོད་གཏོང་། ༼འོན་ཀྱང་༧སྐྱབས་མགོན་རིན་པོ་ཆེ་གཏོང་མི་ཉན༽
༣༽ རྒྱ་གར་བན་ཆོས་ཕར་རྒྱུགས་ཤིག༼འོན་ཀྱང་༧སྐྱབས་མགོན་རིན་པོ་ཆེ་ཕེབས་མི་ཉན༽
༥༽ བོད་ཀྱི་བོན་ཆོས་དར་བར་ཤོག
འབོད་ཚིག་འདི་དག་བསྒྲགས་ཏེ་བོད་ས་ཡོངས་ཀྱི་བདག་དབང་ལེན་དགོས་པ་ལས། གོང་དུ་ཁ་ཚ་ར་སོགས་ཀྱིས་བཤད་པ་ལྟར་ཞང་ཞུང་རང་བཙན་དང་བོན་རང་བཙན་ཟེར་བ་སོགས་ནི་རང་ཉིད་བོད་པ་མ་ཡིན་པ་སྟོན་པ་དང་། ས་ཁུལ་ཙམ་དང་ཆོས་ལུགས་ཙམ་གྱི་རང་བཙན་རྩོད་ཀྱིན་འདུག་པས་དགོས་པ་མ་མཐོང་།
འདེི་ནི་དུས་རབས་ཀྱིས་བོན་པོ་ཚོར་གནང་བའི་ལེགས་སྐྱེས་ཤིག་ཡིན། རྒྱ་ནག་པོས་བོད་མིར་གསོད་གཏུབ་ཐལ་རྡུལ་དུ་ཇི་འདྲ་ཞིག་བཏང་ཡང་གསང་བར་དཀའ་ཞིང་དུས་རབས་ཀྱི་འགྱུར་འགྲོས་དང་དྲྭ་ལམ་ནས་འཛམ་གླིང་མི་མང་གིས་མཁྱེན་ཐུབ་པ་ཆག་འདུག་བ། དེ་བཞིན་སྔོན་དུས་སུ་བན་དྷེ་ཚོས་བོན་གྱི་གནའ་དཔེ་ཆུར་བསྐྱུར་དང་མེར་བསྲེགས་དང་མི་གསོད་ཁྲག་སྦྱོར་ཇི་འདྲ་བྱས་རུང་ད་ནི་དུས་རབས་ཀྱིས་ཁྱེད་ཚོས་གསང་བ་ང་ཚོས་ཕྱིར་འདོན་བྱ་རྐྱང་བྱབ་འི་དུས་ལ་བབ་པར་སེམས། བསམ་གཞིག་ཞིག་མཐོང་དང་ལྔ་དགུའི་སྔ་རོལ་དུ་དེ་རིང་བཞིན་བོན་གྱི་ཞང་ཞུང་སྨར་ཡིག་འདི་འདྲ་དཔེ་རིང་དུ་བྲིས་ཡོད་ཚེ་ཁྱེད་ཚོས་རྒྱ་ཆ་རྒྱ་ཐམ་པ་ཡང་ན་མེར་བསྲེགས་དང་ཆུར་བསྐྱུར་དེ་མིན་ནའང་སར་སྦས་བསྐུང་བྱ་ཐག་གི་ཆོད། ད་ཁྱེད་ཚོས་བྱ་བསམ་ནའང་བྱ་ཐབས་བྲལ་ལ་འཛམ་གླིང་མི་མང་གིས་ལྟས་སྡད་ཡོད་རེད། ཁྱེད་ཚོར་འཛམ་གླིང་གི་ཆོས་ལུགས་གང་འདྲ་ཞིག་ཡིན་ནའང་བོན་ནི་ཚེར་མ་ལྟ་བུར་ངོས་འཛིན་པ་ཐག་གིས་ཆོད་པ་གོང་གིས་མཆན་དག་ལས་ཀྱང་ཤེས་ནུས། ད་དེ་ཙམ་གྱིས།
བླ་མའི་ཆོས་ལུགས་ཨ་མདོ་ཡུལ་ན་དར། །
གཡུང་དྲུང་བོན་ཡང་ཨ་མདོའི་ཡུལ་ན་དར། །
བན་བོན་ཀོ་ལོང་རུ་ཏྲ་ཆེ་ས་ཡང་། །
ཨ་མདོའི་ཡུལ་འདི་ཡིན་པར་ཤེས་པར་མཛོད། །
ཡིད་མི་ཆེས་ན་བཙན་བྱོལ་གཞོན་སྐྱེས་ནང་། །
འདི་ལྟར་ངན་སྨོད་འབྲི་མཁན་དག་ལ་ལྟོས། །
བན་བོན་ཆོས་ལུགས་རུ་ཏྲ་ཆེ་ལུགས་ནི། །
ཨ་མདོ་དབུས་གཙང་གཉིས་ལས་ལྷག་འདུག་གམ། །
གོང་དུ་ཀི་ལུང་མིང་ཅན་ཞིག་གིས་ཙོང་ཁ་བས་བོན་ལ་ཁྱད་བསད་བྱས་ཚུལ་ཟེར་ནས་འགའ་ཞིག་བཀོད་སོང་དེ་ལ་དྭོགས་གཞི་ཞིག་ངང་གིས་འབྱུང་བཞིན་འདུག གང་ཞེ་ན། ཁྱོད་ཅག་རྗེས་རབས་པ་ཚོས་རྗུན་བཟོ་བྱས་པའི་དེབ་ཐེར་ཡིན་ཟེར་བའི་རྫུན་དེབ་མང་པོ་ད་ལྟ་ཕྱི་ནང་གི་དཔྱོད་ལྡན་པ་རྣམས་ཀྱིས་ཚད་ལྡན་ཞིབ་འཇུག་གི་ལམ་ནས་རྫུན་རྐུབ་རལ་བཞིན་འདུག
དེས་ན་ཙོང་ཁ་བ་ལ་སོགས་ཀྱི་གསུང་རྩོམ་ག་གེ་མོའི་ནང་དུ་གང་ཞིག་ཡོད་པ་ཙམ་ལ་ཡིད་རྟོན་ཅི། ཁྱོད་ཚོས་ཆོས་ལུགས་གཅིག་སྡུད་ལ་བསམ་སྟེ་མང་ཚོགས་སྤྱི་བྱིངས་བོན་གྱི་གྲུབ་མཐར་དད་མོས་ཀྱི་འཇུག་སྒོ་འགོག་བྱེད་དམ་མགོ་བོ་རྨོངས་པའི་ཐབས་སུ་བཙལ་ཏེ་བླ་མའི་གསུང་རྩོམ་སོགས་སུ་བོན་ལ་ངན་སྨྲས་དེ་རིགས་ཕྱིས་འཇུག་བྱས་མེད་པར་སུས་བཤད་ཐུབ།
གལ་སྲིད་དེ་ལྟར་བདེན་ནའང་དེང་གི་ཆར་མི་རྣམས་ཀྱིས་བླ་མ་དེ་ཉིད་ཆགས་སྡང་གིས་བཟི་བས་ཡོད་ཚད་རང་གི་མངའ་འོག་ཏུ་བསྡུ་བའི་ཆེད་དུ་བྱས་པ་ཞིག་རེད་ཅེས་ལབ་སྲིད། དེ་བས་དེ་རིགས་སྦེད་པ་ལས་ཁྲོམ་བསྒྲགས་བྱས་ཐལ་ན་རང་གི་བླ་མའི་ཞབས་མར་འཐེན་པའི་ཉེན་ཁ་ཆེའོ།
ལུང་རིགས་ཀྱི་བརྒལ་བརྟག་འདྲེན་པའི་སྐབས་སུ་ཐལ་ཆ་ཆེ་བའི་ཚུལ་མིན་ངན་སྨྲས་ཀྱི་རིགས་རྣམས་འཚང་འཇོག་བྱས་པ་འདི་ལ་བློ་ཕམ་ཡོད།
རྩམ་པ་སྣ་ལ་སྣོམ་རྒྱུ་མེད་ཀྱང་། སྤག་ཟ་ཆེ་ཆུང་གི་སྐད་ཆ་འདི་དག ང་ཚོ་འཁྱམ་པོ་ཚོའི་སྡུག་གཏམ་ལས་མ་འདས། གཞན་གྱིས་ཉོན་ན་གོ་རྒྱུ་གང་ཡང་མེད། ཞང་ཞུང་སྨར་ཡིག་ཉམས་གསོའི་ལོ་རྒྱུས་ལ་ཕན་ཐོག་ཡོད། དེ་བཞིན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཡོད་ན་བཏང་སྙོམས་སུ་འཇོག་འོས། གལ་ཏེ་ལྟ་བ་འཁྲིགས་འཛིན་དང་དོན་ཐོག་ཏུ་ཕན་ཐོག་དང་། བེད་སྤྱོད་མེད་ན་སོ་སོའི་སྡུག་གྱོང་གྱིས། གོང་དུ་བླ་མའི་ཆོས་ལུགས་ཀྱི་ཐ་སྙད་དེ་རྒྱ་མིས་རྒྱ་བརྒྱུད་དང་བོད་བརྒྱུད་ཀྱི་ནང་བསྟན་ཁ་བྲལ་གཏོང་ཐབས་ཀྱི་དམིགས་ཡུལ་ཞིག་རེད། ལོང་བ་ཁྱོད་རང་བོད་རིགས་ཞིག་ཡིན་ན་དེ་འདྲའི་རྗེས་སུ་འབྲང་དོན་མེད།
བོད་ཀྱི་བུ་ཁྱོད་ལྐུགས་རྟགས་བསྟན་མ་ཡོང་། གནའ་སྔ་མོའི་དུས་སུ་བོད་དང་ཞང་ཞུང་ཟེར་ནས་ཁ་ཁ་སོ་སོར་ཡོད་རེད། བྱས་ཙང་བོན་པོ་བོད་པ་ཡིན་མཁན་དང་ཞང་ཞུང་པ་ཡིན་མཁན་ཅི་རིགས་ཡོད་རེད། ཞང་ཞུང་འདི་བོད་ཀྱིས་བཙན་འོག་ཏུ་བཅུག་པ་རེད། དེ་ནི་བོད་པས་རྒྱ་ནག་ལ་དང་པོ་མགོ་བཏགས་ཞུས་པ་འདྲ་བོ་མ་རེད། བཙན་དབང་རང་རེད། བོད་འདིས་དང་པོ་སོག་པོ་དང་རྒྱ་ནག་ལ་མགོ་བཏགས་ཞུས་ཡོད་པ། གསང་དགོས་དོན་མི་འདུག ཏཱ་ལའི་བླ་མ་ཡང་བོད་ཀྱི་རྒྱལ་པོར་སོག་པོས་བསྐོས་ཡིན་པ། ཞང་ཞུང་གིས་བོད་ལ་མགོ་གཏགས་ཞུས་ཡོད་མ་རེད། བོད་དང་ཞང་ཞུང་ཐོག་མར་སོ་སོར་ཡོད་པ་ཁྱེད་ཚོས་བརྩི་མཐོང་བྱེད་བཞིན་པའི་ཏུན་ཧོང་ཡིག་ཆ་ཟེར་བ་དེ་ཚོར་འདུག་ག བྱས་ཙང་ང་ཚོ་ཞང་ཞུང་རང་བཙན་ལན་ཡག་ལ་ཚན་རིག་དང་མཐུན་པའི་ལོ་རྒྱུས་ཀྱི་དཔང་པོ་ཡོད་རེད། རྒྱལ་བ་རིན་པོ་ཆེས་བོད་འདི་རང་བཙན་ཡིན་མིན་ལོ་རྒྱུས་ཀྱིས་དཔང་པོ་བྱ་དགོས་རེད་གསུང་གི་འདུག་ག བྱས་ཙང་དུས་ལ་བབ་ན་ང་ཚོས་ལོ་རྒྱུས་དཔང་པོར་བཞག་ནས་ཞང་ཞུང་རང་བཙན་ལེན་གི་ཡིན། དེས་ཁྱེད་ཚོས་སྐྱབས་བཅོལ་དུའང་ང་ཚོའི་བླ་མ་ག་ཚད་བསད་ཡོད་པ་དེ་ཚོའི་སེམས་ལ་བདེ་བ་ཞིག་ཐོབ་པའི་རེ་བ་ཡོད།
བོད་ལ་རང་བཙན་མ་ཐོབ་པར་ཤོག། གལ་ཏེ་བོད་ལ་རང་བཙན་ཐོབ་ན་རྙོགས་དྲ་ཞིག་ཡོང་ས་རེད། དེ་བས་ཀྱང་བོན་ལ་རང་སྐྱོང་ལྗོངས་མ་ཐོབ་པར་ཤོག ཞང་ཞུང་རང་སྐྱོང་ལྗོངས་འབྲུག་རྒྱལ་ཁབ་ནས་ལྡབ་ལོག་ཀྱིས་ཆེ་བ་ཡོང་ཚུལ་བཤད་མདོག་ལ་བལྟས་ན་ཞང་ཞུང་རང་སྐྱོང་ལྗོངས་ཐོབ་ན་འབྲུག་པ་ལ་གཅིག་བྱེད་ཉེན་གདའ། དེ་བས་རང་བཙན་མ་ཐོབ་པར་ཤོག་ཅིག དཀོན་མཆོག་མཁྱེན། འབྲུག་པའི་ཆོས་སྐྱོང་སྲུང་མ་མཁྱེན།
ལ་སྟོད་བུ་དང་ཤཱཀྱ་མི་བོ་སོགས་ཀྱིས་ཞང་ཞུང་རྒྱལ་ཁབ་ཅིག་འཛུགས་གི་ཡིན་ཟེར། ཞང་ཞུང་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོར་ངེད་ཅག་གིས་ནོར་དང་གླང་ཆེན། བུ་མོ་སོགས་ཀྱི་འབུལ་བ་གྱ་ནོམ་པ་ལག་རྟགས་སུ་འབུལ་ཆོག །རྒྱལ་པོ་དང་བླུན་པོ་ད་ལྟ་ནས་བསྐོ་བཞག་བྱེད་ན་གང་འདྲ།
དྲྭ་གྲོགས་ཚོ་ལྟོས་ཡ། གོང་དུ་བོད་ཀྱི་བུ་ཟེར་བ་དེས་སྐབས་དོན་མིན་པའི་བར་དུ་དོན་གཞན་ཞིག་འཚོལ་གྱི་ཡོད་པའི་ཚོར་སྣང་བྱུང་།
ང་ལ་དགོས་པའི་གནད་དོན་གཉིས་ནི་ཕ་མ་རྒན་པོས་བྱས་པར་མགོ་སྐོར་བཏང་བ་བཞིན་རིམ་གྱི་ཡལ་སོང་། མི་དགོས་པའི་ཚིག་འགའ་ཞིག་ནི་མཐོང་སོང་།
༼ཡང་ཞང་ཞུང་སྨར་གྱི་ཡིག་གཟུགས་ནི་དེང་གི་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་ མེད་ཀྱི་ཡིག་གཟུགས་མ་བྱུང་བའི་ཡར་སྔོན་ནས་ཡོད་པའི་ཞང་བོད་ཐུན་མོང་གིས་བེད་ སྤྱོད་གཏོང་བཞིན་པའི་ཡིག་གཟུགས་ཤིག་ཡིན་
༼ཁྱེད་ཚོས་ཤེས་དགོས་པ་ཞིག་ལ་རྒྱ་མིས་བོན་པོ་ཚོར་ལོགས་སུ་སྡེ་འཛུགས་དགོས་རབས་སམ་ཡང་ན་རང་སྐྱོང་གི་སྐད་ཆ་བཤད་དགོས་རབས་ཀྱི་བརྡ་མང་པོ་བཏང་ཟིན་པ་རེད། ལྷག་པར་ཨ་མདོ་ཁུལ་དུ་བཏང་ཡོད།
༼རྒྱལ་བ་རིན་པོ་ཆེ་ཟེར་དུས་མཛུབ་མོ་གང་བསྟན་ཤར་ལ་བརྩིས་པའི་བཀའ་དྲིན་རེད་མ་གཏོགས། བོན་པོ་ཚོས་སྔ་ས་ནས་བོན་རང་བཙན་བརྩོད་ཟིན་ལ། ངས་ཚོད་དཔག་ཅིག་བྱས་ན་ད་ལྟའི་ཞིང་ཆེན་ལྔ་ཟེར་བའི་ནང་ཕལ་ཆེར་གཅིག་ནི་ཞང་ཞུང་ཞིང་ཆེན་ནམ་ཡང་ན་བོན་རང་སྐྱོང་ལྗོངས་ཟེར་བ་ཞིག་ཡོད་ཚར་བ་རེད།
༼མ་རེད་པས་བོན་པོ་ཚོ། ང་ཚོ་ཡང་སྔར་ཞང་ཞུང་རྒྱལ་ཁབ་ཡོད་མཁན་ཞིག་ལ་བོད་ཀྱིས་དབང་བསྒྱུར་བྱས་པ་དེ་ལས་སླར་ཡང་རང་གསོར་དགོས་ཟེར་བ་ལ་འཇིགས་དགོས་དོན་འདུག་གམ། ཞང་ཞུང་རང་བཙན་མྱུར་དུ་ཐོབ་པར་ཤོག
ད་ཡང་སྙིང་ག་རེ་བཤད་ཀྱི་ཡོད་རེད། འདི་ཆོ་འཕྲུལ་ཞིག་རེད་འདུག ད་གཞི་ནས་ཧ་གོ་སོང་། སྔོན་མ་མཁས་དབང་ཞིག་གིས་དམིགས་ཡུལ་སྣ་ཚོགས་པ་ཅན་གྱི་སྐད་ཆ་ལ་ཉན་རྒྱུ་མེད་གསུངས་བ་དེར་གོ་བ་ཇེ་ཟབ་ཏུ་འགྲོ་སོང་།།
དེ་རིང་ནས་བན་བོན་གྱི་གླེང་མོལ་འདི་ལས་ང་ཕྱིར་འཐེན་བྱེད་རྒྱུ་ཡིན། དྲྭ་གྲོགས་ཚོ་བདེ་མོ་བྱོས།
ཏི་སེ་ཟེར་བ་འདི་མི་ཤེས་ཤེས་མདོག་ལ། བླ་མའི་ཆོས་ལུགས་ཞེས་པ་དེ་ནུབ་ཕྱོགས་ཞིབ་འཇུག་པས་བོད་ཀྱི་བན་དེའི་ཆོས་ལུགས་ལ་བཞག་པའི་སྡོམ་ཚིག་ཅིག་རེད་མ་གཏོགས། རྒྱ་མིས་བཏགས་པ་ཅང་མ་རེད། དེ་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱས་ནས་བཏགས་པ་ཞིག་རེད། དེས་ག་རེ་སྟོན་གྱི་ཡོད་ཅེས་ན། ས་དགེ་བཀའ་རྙིང་གཙོས་པའི་བན་དེའི་ཆོས་ལུགས་དེ་དག་གི་ཁུངས་ཡང་དག་པ་དེ་རྒྱ་གར་ན་མེད་ཅིང་། བོད་ཀྱིས་བླ་མས་བོན་པོའི་ཆོས་ལུགས་སོགས་ནས་བཤུས་བསྒྱུར་བྱས་པ་ལས་བྱུང་བས་ན་བླ་མའི་རིང་ལུགས་སམ་བླ་མའི་ཆོས་ལུགས་ཏེ་དབྱིན་སྐད་དུ་Lamaismཞེས་འབྲི་གིན་ཡོད། ཡིད་རྟོན་མེད་རྒན་པ་ཚོར་བྲིས།
ཁ་ཚ་ར། ངས་ཁྱོད་ཅིག་འདྲི། ཁྱོད་བོད་པ་ཡིན་པས། ལན་ཞིག་གནང་རོགས།
བོད་པ་མིན་ན་ལབ་ཡག་གང་ཡང་མེད།
ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་ནང་གི་བོད་པ་ཞིག་ཡིན། དེ་མིན་ཞང་ཞུང་རང་བཙན་ལེན་དགོས་བྱུང་ན་མིན།
དགོངས་དག གོང་དུ་ཡིད་རྟོན་མེད་ན་རྒན་པ་ཚོར་དྲིས་ཞེས་བཅོས་རོགས།
འོ། ད་དུང་གཅིག་བརྗེད་འདུག ཁ་ཚ་ར། ཁྱོད་ཆོས་ལུགས་པ་ཞེན་ཁོག་ཅན་ཡིན་པས།
ཡིན་ན་ལབ་ཡག་གང་ཡང་མེད།
ཞང་ཡིག་གིས་བོན་ཆོས་ལ་ཕན་པའི་ངེས་པ་གང་ཡང་ཡོད་མ་རེད། དུས་ཚོད་བེད་མེད་ལ་མ་གཏོང་ན་ལེགས།
འོ་ན་ཁྱེད་ཚོས་བོད་རང་བཙན་ལེན་ཡ་དེ་བླ་མའི་རིང་ལུགས་ཀྱི་ཆོས་ལུགས་གཅིག་པུ་སྲུང་སྐྱོབས་ཆེད་དུ་ལེན་རྒྱུ་ཡིན་ནམ། དེ་ལྟར་ཡིན་ན་ང་ཚོའི་དམིགས་འདུན་ལ་ནུས་པ་ཆེ་རུ་གཏོང་གིན་འདུག ཁ་ནས་བོད་གཅིག་པུ་ལས་ཆོས་ལུགས་དང་འབྲེལ་བ་མེད་མདོག་བྱེད་པ་ནི་དགེ་ལུགས་པའི་ཆོ་འཕྲུལ་ཞིག་སྟེ། བོད་ཀྱི་མིང་ཐོག་ནས་བོན་པོས་གཅིག་བྱས་ཚེ་ལམ་སེང་ཁྱེད་ཚོའི་མིག་ལ་མི་ཤོང་བས་སོ། །
ཀོང་རྗེ་དཀར་པོ་་་་་། རེད། དེ་ཡང་ཆོས་ལུགས་རྙོག་དྲ་བཟོ་མཁན་གྱི་སྒོ་སྲུང་བ་ཞིག་གི་མིང་ཡིན་ཁུལ་རེད།
བོན་ཆོས་གང་ཡང་མི་ཤེས་པའི་དགེ་ལུགས་པ་ཞིག་གིས་ཞང་ཞུང་ཡི་གེས་བོན་ལ་ཕན་དང་མི་ཕན་ཇི་ལྟར་ཤེས། ཁྱོད་རང་གིས་ཤེས་པ་ནི་དགེ་ལུགས་པ་དང་དེ་ལས་མཚན་ཉིད་གྲྭ་ཚང་ཡིན་པ།
ཡང་ཁ་ཅིག་གིས་ཞང་ཞུང་གི་སྨར་ཡིག་དེ་ཉིད་དོན་དངོས་སུ་རྔོ་མི་ཐོགས་པ་ཞིག་་ཡིན་པའི་རྣམ་འགྱུར་ཞིག་བསྟན་སོང་། དོན་དངོས་སུ་ཕན་དང་མི་ཕན་ཟེར་བ་དེ་ཕར་ངོས་གཅིག་པུར་བལྟས་ནས་བཤད་དཀའ། དཔེར་ན། སྡེར་མར་མོག་མོག་ཅིག་ཚ་ཐིང་ངེར་བཞག་ཀྱང་། ཟས་སུ་རོལ་བའི་སྐལ་མེད་སློང་མཁན་རིགས་ལ་ཕན་པ་ལས་གནོད་དུ་ཆེ། དེ་ག་བཞིན། སྨར་ཡིག་ལ་རྣམ་དཔྱོད་དང་ཤེས་ཡོན་གྱིས་དབུལ་བ་ཚོ་ལ་དཔེ་དེ་དང་མཚུངས་པའོ།
འབྲུག་པའི་སྲུང་མ་ཇག་པ་མེ་ལེན་ཡིན།།
གློག་ལྟར་མྱུར་ལ་སྐུ་མདོག་དམར་པོ་ཡིན།།
ངས་ཀྱང་ཐེངས་གཅིག་རྨི་ལམ་ནང་དུ་ཐུག།
ངེད་གཉིས་གྲོགས་པོར་གྱུར་ནས་ལོ་མང་སོང་།།
ངེད་ཀྱི་སྲོག་ནི་ཁོང་གིས་བསྐྱབས་མྱོང་ཡོད།།
རི་བོ་མཐོན་པོའི་སྒང་ནས་རླངས་འཁོར་ཞིག།
གཙང་བོའི་ནང་དུ་རྦབ་ལ་འགྲིལ་བའི་ཚེ།།
ང་རང་མ་གཏོགས་ཚང་མ་ཤི་ནས་ཐལ།།
དེ་ཡི་རྒྱུ་མཚན་ཞོགས་ཀའི་དུས་ཉིད་ན།།
རླངས་འཁོར་ཊི་ཀ་ཁར་ཐུག་ཉོས་ཡོད་ཀྱང་།།
སྲུང་མ་ཁོང་གིས་གློ་བུར་འགྱུར་བ་བཏང་།།
འགྲོ་སྙིང་མ་འདོད་མི་ན་ལི་རུ་བསྡད།།
དེ་ཡི་དགུང་མོར་སིམ་ལ་རྒྱང་སྒྲག་ནས།།
རླངས་འཁོར་རྦབ་འགྲིལ་ཤོར་བའི་གསར་འགྱུར་ཞིག།
བདག་གི་རྣ་བའི་བུ་གར་ཐོས་པ་ན།།
ངེད་ཀྱི་རླངས་འཁོར་དེ་རང་ཡིན་པ་ཤེས།།
ལྷ་ཡོད་འདོད་ན་ལྷ་ནི་ཡོད་པ་ཡིན།།
ལྷ་མེད་འདོད་ན་ལྷ་ནི་མེད་པ་ཡིན།།
རང་གི་མོས་པ་ཙམ་ལས་བྱུང་བས་ན།།
ཆོས་རྣམས་ཐམས་ཅད་དེ་ཡི་རང་གཟུགས་ཡིན།།
བྱས་ཙང་ཁ་ཚ་ར་ངས་ལབ་ཀྱིན་ཡོད། ཆོས་ལུགས་ཟེར་བ་དེ་ང་ཚོར་དགོས་ཡག་ཅིག་མ་རེད་ཟེར་གྱི་ཡོད། ཆོས་ལུགས་ཀྱིས་ད་བར་དུ་ཉམ་ཆུང་མི་མང་ལ་ཐུབ་ཚོད་དང་གཉའ་གནོན་རྐྱང་བྱས་པ་ལས་ཕན་པ་རྐང་གཅིག་བསྒྲུབས་མེད། ཅིག་བྱས་ན་ལྷ་ཡི་བཀའ་ཆད་ཡོང་གི་རེད། ཉིག་བྱས་ན་དམྱལ་བ་མནར་མེད་དུ་འགྲོ་ཡི་རེད། དེ་ཚོ་ཚང་མ་མི་མང་ལ་མགོ་སྐོར་བཏང་བ་རེད་བ།
དེ་ནས་ང་ཚོའི་ཕ་ཡུལ་ན་བཤད་སྲོད་ཅིག་ཡོད་རེད།
བོན་པོ་མཐུ་ངན། དགེ་ལུགས་ཁ་ངན། ཟེར་བ་རེད། ད་བྱས་དུས་ཁ་དང་མཐུ་དེ་ཚོ་ནང་ཁུལ་མ་གཏོགས་ཕྱི་ལ་སྟོན་ཡག་མེད་ཡིན་ས་རེད། དེ་འདྲའི་ཐབས་སྐྱོ་བ་ལ།
ངས་མང་དུ་ཐོས་མྱོང་བ་ནི། ནུབ་ཕྱོགས་པས་ Tibetan Buddhism དང་། རྒྱ་གཞུང་དང་འབྲེལ་ཡོད་ནས། 喇嘛教 ཞེས་པ་དེ་རེད། ཡིད་རྟོན་མེད་པའི་ཚིག་རྙོག་ལ་ཡ་ལན་བྱེད་རྩིས་མེད་པས་ཁྱོད་རང་གང་དགའ་ཤོད་ཅིག །
བྱས་ཙང་ངས་བོན་པོ་དང་བླ་མའི་རིང་ལུགས་བར་ཀོ་ལོང་རུ་ཏྲ་ཆེ་ཤོས་དེ་ཨ་མདོ་ས་ཆ་རེད་ལབ་ཡོད་པ། དེ་ཡིན་རྟགས་ཀྱང་ཁྱོད་ཀྱི་གཏམ་དཔེ་དེ་རེད།
ཁུངས་གང་ཡང་མི་ཤེས་པར་ད་དུང་ཡིད་རྟོན་གང་ཡང་མེད་པའི་ཚིག་ཉོག་ཟེར་ན་ཁྱོད་རང་གིས་རང་གི་གནས་ཚད་སྟོན་པ་ལས། ང་ལ་ཉན་དང་མ་ཉན་ཁྱད་པར་མེད། དྲ་རྒྱའི་ནང་དུ་Lamaismཟེར་ནས་འཚོལ་དང་དེ་ནས་ཤེས་ཡོང་། ས་དགེ་བཀའ་རྙིང་བཞི་ལ་བླ་མའི་རིང་ལུགས་ཟེར་མཁན་སུ་དང་ཟེར་དོན་ཅི་ཡིན་གསལ་ཡོང་། དེ་དུས་ཡིད་རྟོན་དང་མི་རྟོན་དེ་ཁྱོད་ཀྱི་ཀུན་སློང་ངན་པར་ཐུག་པའང་རང་ལའང་གསལ་ངེས། བླ་མའི་རིང་ལུགས་ཟེར་དུས་གོ་རྒྱུ་ཆེན་པོ་ཡོད་རེད། མདོར་བསྡུས་ནས་བཤད་ན་རྒྱ་གར་ནང་པ་དང་འབྲེལ་བ་མི་འདུག་ཟེར་གྱི་ཡོད་རེད། བོད་ཀྱི་བླ་མས་བཤུས་བསྒྱུར་བྱས་ནས་བཅོས་འདུག་ཟེར་གྱི་ཡོད་རེད།
ཨ་ལེ། གནའ་སྔ་མོ་ཞིག་ལ་རྒྱལ་པོ་མགོ་གཉིས་པ་ཞིག་ནས་མགོ་བཙུགས་ནས་བོན་པོ་ཚང་མ་གཙང་ཕྱགས་བྱས་པ་རེད་ཟཉར་བ་དེ་ཡང་ཨ་མདོ་ཡིན་རྒྱུ་རེད་པས། བོན་ཆོས་ཚང་མ་འབྱུང་བཞིར་སྤུར་མཁན་དེ་ཡང་་་། འང་འང་་་་་མི་བཤད།
ཆོས་ཞེན་དང་ཆོལ་ཞེན་ཅན་འདི་ཚོར་བཤད་མ་བཤད་ཡོད་མ་རེད།
ཁ་ཚ་ར་ལ།
བླ་མའི་ཆོས་ལུགས་དབུས་གཙང་ཡུལ་ནས་དར། །
གཡུང་དྲུང་བོན་ཡང་དབུས་གཙང་ཡུལ་ནས་དར། །
བན་བོན་ཁོམ་ལོང་རུ་ཏྲ་ཆེ་ས་ཡང་། །
ཁྱེད་ཚོ་ཡིན་པ་ནམ་ཡང་མ་བརྗེད་རོགས། །
ཡིད་མི་ཆེས་ན་བཙན་བྱོལ་གཞོན་སྐྱེས་ནང་། །
འདི་ལྟར་ངན་སྨོད་འབྲི་མཁན་དག་ལ་ལྟོས། །
བན་བོན་ཆོས་ལུགས་རུ་ཏྲ་ཆེ་ལུགས་ནི། །
ཁྱེད་ཚོ་དག་ལས་གཞན་ལ་ཡོད་རེ་སྐན། །
༧ སྲོང་བཙན་སྙིང་དུ་ཙི་ནའི་གདོན་འདྲེ་ཞུགས། ཕ་ཆོས་སྤངས་ན་ཆོས་གསར་ལག་ཏུ་སླངས། ཆོས་གསར་མ་འཕྲད་བླ་ཆོས་ཆོ་མེད་འཕྲད། བླ་ཆོས་འབྲས་བུ་བོད་མགོ་མིའི་འོག་ཤོར། ད་ནི་སྙིང་རྗེའི་ཡུལ་ལས་བྱེད་ཐབས་བྲལ། ཐུགས་རྗེའི་གཟིགས་པ་མ་ཆུང་མཆོག་བཞི་མཁྱེན།
བན་བོན་གྱི་རུ་ཏྲ་དེ་ཨ་མདོ་ན་ཆེ་ལུགས་དེ་ཁྱེད་རང་ཚོས་བཤད་ཀྱིན་འདུག་ག གཅིག་འབྲི་དུས་ང་ཚོའི་ཡུལ་ལ་བོན་པོ་ཟེར་དུས་གཅིག་གཅིག་དང་། ང་ཚོའི་ཡུལ་ལ་བོན་པོ་མཐོང་དུས་ཉིག་ཉིག་ཉིག་ཟེར་ནས་ག་ཚོད་ཅིག་བྲིས་ཡོད། དེ་ནི་ཁྱེད་ཚོས་སྔོན་མ་རྒྱལ་བ་རིན་པོ་ཆེས་པགས་པ་བཀག་དུས་ཀྱི་སྐབས་ལ་བྱུང་བའི་སྐད་ཆ་འདྲ་བོ་འདུག པགས་པ་མ་གོན་གསུང་དུས། ང་ཚོའི་ཕ་ཡུལ་ལ་པགས་པ་གོན་མཁན་ཡོད་མ་རེད་ཟེར། ཡང་བོད་ན་པགས་པ་མེར་སྲེག་གཏོང་གི་འདུག་ཟེར་དུས། ང་ཚོའི་སྡེ་བ་ན་ཁྱིམ་ཚང་གཅིག་གཅིག་གིས་མགོ་བཙུགས་ནས་པགས་པ་ཕོན་ཆེན་བསྲེགས་འདུག་ཟེར་བ་ལྟ་བུ་རེད། གང་ཡང་མ་བཤད་དུས་ང་ཚོའི་ཕ་ཡུལ་ན་བོན་པོར་རྩོག་ལྟ་གི་རེད། མི་གྲལ་ན་ཡོད་མ་རེད། སྡེ་འཁྲུག་གི་རེད། མང་ཐག་ཆོད་ཅིག་གླེང་། ད་ཁྱེད་ཚོའི་ཡུལ་ན་བན་བོན་བར་ལ་ཀོ་ལོང་འདུག་ག་ཟེར་དུས་ང་ཚོ་ལ་ཡོད་མ་རེད། དབུས་གཙང་ན་འདུག་ཟེར་བ་དེ་ལྟར་དུ་གྱུར་འདུག
མཆོག་བཞི་དེས་ཀྱང་རང་གི་ཕ་ཆོས་དང་རང་སྡོད་ས་ཚུན་ཆད་སྐྱོབ་མ་ཐུབ་པར་ད་ཅིག་བསྐྱབ་མི་ཡོང་།
བན་བོན་གཉིས་ཀ་དགྲ་གཤེད་འཕྲད་པ་བཞིན་ཡིན་པའི་ལོ་རྒྱུས་དག་ཏུ་མང་པོ་མཐོང་དུ་ཡོད་མོད། དེ་དུས་བོན་པོ་དེ་ཚོ་འཚེ་བ་ཆོས་སུ་སྨྲ་བ་ཡིན་ཚོད་རེད། ད་ལྟའི་བོན་པོ་འདི་ཚོ་བསྒྱུར་བོན་གྱི་རྗེས་འབྲངས་རེད། ཆོས་བསྒྱུར་ནས་བོན་ཞེས་བཏགས། སྔགས་ཚང་མ་རྙིང་མ་ལས་བསྒྱུར་བ་དང་། མདོ་ཕལ་ཆེ་བ་དགེ་ལྡན་པ་ལས་བསྒྱུར་བ་ནི་ལོ་རྒྱུས་ལ་ལྟོས་དང་ཤེས་ངེས་ཡིན། བོད་ཡིག་བསྒྱུར་ནས་སྨར་ཡིག་ཅེས་དང་། སྟོད་འགག་སེར་པོ་བསྒྱུར་ནས་སྔོན་པོ་བཟོས། པཎ་ཞྭ་བསྒྱུར་ནས་ཁྲ་བོ་བཟོས། ད་ལྟད་མོ་འདུག ཚང་མ་རྫུན་བཟོས་རྐྱང་རྐྱང་མ་གཏོགས་མེད་པ་ཕར་བལྟས་ཚུར་གཟིགས་རེད། ད་དུང་རྒྱལ་སྤྱིའི་ཨང་རྟགས་ཅན་གྱི་ཡིག་གཟུགས་ཟེར། སུས་རྒྱལ་སྤྱིའི་ཨང་རྟགས་སྤྲད་པ་རེད། ངས་བསམ་ན་ཁྱེད་ཅག་གིས་ཆོས་བསྒྱུར་ནས་བོན་བཏགས་ན་ཡང་ཉེས་འགལ་ཆེན་པོ་ཞིག་མི་འདུག་མོད། བོན་གྱི་སྨར་ཡིག་ཅེས་པ་བཟོས་པ་འདི་ཁྱེད་ཅག་གི་ལྟ་གྲུབ་དང་། ཉམས་ལེན་ཕན་ཐོགས་སྐར་གང་མེད་པར་མ་ཟད། བོད་ཀྱི་རིག་གཞུང་ལ་གས་ཆག་ཅིག་བཏང་བ་དང་། ཁྱེད་རང་ཚོའི་རང་མཚང་དངོས་སུ་སྟོན་བྱེད་ཅིག་ལས་ཁྱད་ཆོས་ཤིག་ཐོན་སོང་ན། ངས་དེ་རིང་ནས་གོམ་རྩམ་ཁམ་གང་མི་ཟ། ཁྱེད་ཚོ་ངོ་མ་བཅོལ་ཆུང་རེད་ཡ།
དགྲ་དགའ་གཉེན་སྡུག་ལས་ཐབས་སྐྱོབས་པོ་དེ་དག་བོད་པ་ཚང་གི་བྱེད་ཡས་ཞིག་མི་སེམས་ནོ།
དགྲ་དགའ་གཉེན་སྡུག་གི་ལས་ཀ་འདི་དག་བོད་པ་ཚང་ལ་ཤ་ཚ་ཡོད་ན་མ་བྱས་ན་ལེགས་པ་མིན་ནམ། དྲྭ་གྲོགས་ཚོས་དགོངས་པ་བཞེས་ན་ལེགས་པ་མེད་དམ།
རྡ་སར་བོན་གྱི་སྤྱི་འཐུས་ཀྱི་སྐུབ་སྟེགས་དགོས་པ་མི་འདུག བོན་པོ་ཚོ་བོད་པ་རེད་མི་འདུག་བ། བོན་པོ་ཚོས་ཞང་ཞུང་རང་བཙན་ལོན་ཐབས་ལ་འབད་པ་བྱ་རོགས། བོན་པོ་ཞེས་བོད་པ་མང་པོ་ཞིག་གིས་འདྲེ་མཐོང་མཐོང་བྱེད་པ་འདིའང་བོན་པོ་བོད་པ་མིན་ཡང་མཚམས་རེར་ཡིན་མདོག་བྱེད། མཚམས་རེར་མིན་མདོག་བྱེད་པའི་རྒྱུ་ལས་བྱུང་བ་རེད། ད་ནས་བཟུང་བོན་པོ་དང་བོད་པ་སོ་སོར་འབྱེད་རྒྱུ་ཡིན་ནོ། བོན་པོ་ཞང་ཞུང་ན་སྐྱིད། བོད་པ་བོད་ཡུལ་ན་སྐྱིད།
བོན་ཆོས་ཨ་མདོ་ནས་བསྣུབས་འདུག་དབུས་གཙང་ནས་བསྣུབས་འདུག བོན་པོ་ཨ་མདོ་ནས་བསད་འདུག་དབུས་གཙང་ནས་བསད་འདུག བོན་པོ་ཨ་མདོ་སྤྱུགས་འདུག་དབུས་གཙང་ནས་སྤྱུགས་འདུག ཀོ་ཐུམ་ཨ་མདོ་ནས་བརྒྱབས་འདུག་དབུས་གཙང་ནས་བརྒྱབས་འདུག
ཡང་དྲྭ་འབུ་ཚོ་ཁ་བརྡའི་དྲྭ་རྒྱའི་ནང་དུ་མཛུལ་འདུག་མ་ཟད་ཟ་རེས་ཚད་མེད་བྱས་ཚར་འདུག་ཧཧཧཧཧཧཧཧཧཧཧ
མཚམས་མཚམས་ལ་ངས་འདི་ལྟར་དྲན་མྱོང་། རྒྱ་ནག་གིས་བོད་འདི་མ་བཟུང་ན། བོད་ནང་གི་བོན་པོ་ཚོ་སྔ་ས་ནས་བླ་མའི་རིང་ལུགས་པ་འདི་ཚོས་དམར་གསོད་ཀྱིས་རྩ་མེད་བཏང་ཟིན་ཡོད་ཀྱི་རེད་སྙམ། རྒྱ་གར་ལ་སླེབས་དུས་ཀྱང་ཁྱུང་བླ་ཚུལ་ཁྲིམས་ཉི་མ་དང་སྟག་བྲོ་སའི་མཁན་པོ་སོགས་བོན་པོའི་བླ་མ་ཇི་སྙེད་ཀྱི་དམར་གསོད་བཏང་ཞིང་། བོན་པོའི་བླ་ཆེན་ཡང་མ་སུ་རི་ནས་སྐུ་སྲོག་ཐར་ཙམ་བྱུང་བ་མ་ཟད། ཡོངས་འཛིན་རིན་པོ་ཆེ་ལའང་འོ་བརྒྱལ་ག་ཚད་བྱུང་ཡོད། དེ་ཚོར་བསམ་དུས་ང་ཚོར་ཆོས་ལུགས་ཀྱི་ན་ཚ་སུས་བཟོས་ཡོད་མེད་ཀྱང་གསལ་པོ་རེད། ད་ལྟ་དུས་རབས་གསར་པ་འདི་ལའང་ཐུག་དུས་བོན་པོས་སྨར་ཆུང་ཞིག་རྩིས་འཁོར་དུ་བཅུག་པ་ཙམ་གྱིས་མི་འདོད་པའི་རྣམ་འགྱུར་གྱི་ཆར་པ་ག་ཚོད་བབས་སོང་། འདི་ཚོ་མངོན་སུམ་འཛེམས་མེད་རེད་པ། ལྐོགས་གྱུར་གྱི་སྐད་ཆ་གླེང་ན་བོན་པོའི་མིང་མང་གིས་རུབ་བརྡུང་བྱས་ནས་བོད་གཞུང་གི་སྐུ་ངོ་ཞིག་གྲོང་ཡོད་ཀྱང་། དེ་ལ་བོད་གཞུང་གིས་ཁ་མཆུའི་གྱོད་ཚིག་ཙམ་ཡང་གླེང་མི་ཕོད་དོན་གང་ཡིན་ནམ། དེ་གླེང་ན་ཞོར་དུ་བོན་པོའི་བླ་མའི་བེམ་རོ་དུ་མ་ཞིག་མངོན་ཡོང་གི་ཡོད་པ་མིན་ནམ། ཧ་ཧ། གསར་སྐྱེས་ཚོ། ཁྱེད་རང་ཚོ་གསར་པ་རང་རེད། གང་ཡང་ཤེས་ཀྱི་མ་རེད། ལབ་རྒྱུ་གླེང་རྒྱུར་ཐུག་ན་ང་ཚོས་གླེང་ཆོག
བོད་ཀྱི་བུ་ལགས། བན་དྷེའི་དཀོན་མཆོག་གསུམ་ཀྱིས་བོད་ཀྱི་གནས་སྟངས་སྐྱོ་པོ་འདི་སྐྱོབ་མི་ཐུབ་པའི་རྒྱུ་མཚན་སུ་ལ་ཐུག་ཡོད་རེད།?
ཁ་ཚ་ར། ཁྱོད་ཁ་ཆེ་ཞིག་གིས་བོན་པོ་མ་བཟོས་ན་བཟང་། བོན་པོ་ཚོས་ཁ་ཚ་ར་ལ་གཟབ་དགོས།
ཚང་མ་བཞུགས་གདན་འཇགས། འགྲོ་ཡི་ཡིན།
བོན་པོའི་འབྱུང་ཁུང་དངོས་དེ་རྒྱ་ནག་ཏའོ་ཅའོ་ཆོས་ལུགས་རེད་བཞག འདྲ་ས་ཧ་ཅང་མང་པོ་རེད། བྱེད་ཙང་རྒྱ་གར་ན་ཕྱི་བ་དང་ནང་བ། བོད་ན་བན་དེ་དང་བོན་པོ། རྒྱ་ནག་ན་ཧྭ་ཤང་དང་ཏའོ་ཅའོ། ཟེར་བ་བཞིན་བོན་པོ་ནང་བ་མིན་པའི་ཁུངས་གསལ་པོ་འདུག
ཨོ་རྒྱན་ཉི་མ་ཟེར་མཁན་དེ་ནི་གང་ཡང་མི་ཤེས་པར་ཁ་སྤོ་སྒྲོག་མཁན་ཞིག་ཡིན་ས་རེད། གཅིག་བྱས་ན་ཆོས་བརྒྱུད་གཅིག་རང་གི་དཔེ་ཆ་ཁ་ཤས་བལྟ་མྱོང་བ་ལས་མཐོང་རྒྱ་མེད་པས་ཡིན་གྱི་རེད། ཁག་མེད་ཁྱོད་འདྲ་བ་ཅོལ་ཆུང་མང་པོ་ཡོད།
རྫ་ཕྲུག་ཚེ་བཀྲ་དེས་ཐུའུ་བཀྭན་གྲུབ་མཐས་ཤན་ངན་པ་ཞུགས་ཡོད་པའི་རང་རྟགས་སྟོན་གྱིན་འདུག
གངས་སེང་ལགས། ངས་དཀོན་མཆོག་ཅིག་གིས་སྐྱོབ་ཐུབ་ཀྱི་རེད་ནམ་ཡང་ལབ་མེད་དོ། །དཀོན་མཆོག་ཚོས་རང་གི་ལྷ་ཁང་ཡང་སྐྱོབ་མི་ཐུབ་པར་་་་་་་་་། ད་གཡུག་ཞོག
གང་ལྟར་ཡང་ཁྱོད་རང་ཚོས་བོད་ཡིག་བེད་ཆོད་བཏང་། བོན་པོ་ཡིན་གསུང་ན་དེ་གས་འཐུས་པ་རེད། ཁྱེད་ཅག་ཐོབ་ཐང་རྩོད་རྒྱུ་མང་སོང་ནི་རེད། སྨར་ཡིག་གིས་བོད་ཀྱི་རིག་གཞུང་དང་། བོད་མིའི་ཤེས་ཡོན་ལ་གནོད་པར་མ་ཟད། འདྲ་མིན་སྣ་ཚོགས་ཤིག་བྱས་བསྡད་ན་བོད་མི་རིགས་ཁ་འཐོར་དུ་འགྲོ་བ་ལས། ཕན་ཐོགས་ཤིག་ཁྱེད་ཅག་གིས་འཐོབ་མི་སྲིད་ལ། བོད་མི་སུ་གཅིག་གིས་རག་མི་སྲིད་པའི་ཆོས་ཤིག་རེད།
བོན་པོ་ཚོ་ལ་བྱེད་རྒྱུ་འདུག རང་ལ་དགོས་དུས་༧གོང་ས་མཆོག་གི་གསུང་ལུང་འདྲེན་ཤ་ར་ར་རེད། ཁྱེད་ཚོས་གོང་ས་མཆོག་བན་སྡེ་ཞིག་དང་བན་སྡེའི་ནང་གི་གཙོ་བོ་ཡིན་པ་ཤེས་པ་གྱིས་ཤིག
ཁྱེད་ཅག་གི་བོན་གྱི་བསྟན་འབྱུང་ཟེར་བ་ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་མཛད་པ་ཞིག་རེད། དེའི་སྔོན་ལ་བསྟན་འབྱུང་ཞིག་མཐོང་དུ་མེད་ན། ཁོང་གི་དགོངས་གཏེར་བླངས་བཞག་པ་རེད་པས། བོན་གྱི་ལོ་རྒྱུས་མང་པོ་ཀློག་ཡིན། ཚང་མ་རྫུན་བཟོ་རྐྱང་རྐྱང་རེད།
ད་ལྟའི་འབྲུག་རྒྱལ་ཁབ་ཀྱིས་རྫོང་ཁའི་སྐད་ཡིག་གཉིས་བེད་སྤྱོད་གཏོང་བ་བཞིན། སྨར་ཡིག་འདི་ཉིད་རྗེས་མ་ཞང་ཞུང་རྒྱལ་ཁབ་བམ་བོན་རང་སྐྱོང་ལྗོངས་གང་རུང་ཞིག་ཏུ་བེད་སྤྱོད་ཡོང་རྒྱུར་ཕན་ཐོག་ཆེ་བས་ངས་འདི་ནས་བཟོ་སྒྲིག་པ་ཀུན་ལ་ཐུགས་རྗེ་ཆེ་ཞུའོ། །འདི་བླ་མའི་རིང་ལུགས་པ་ཚོ་ལ་མ་ཕན་ཡང་བོན་པོ་ཚོ་ལ་ངེས་པར་དུ་ཕན་ཐོག་གི་རེད།
གང་ལྟར་ང་ཚོས་ཁ་ན་ན་བར་དུ་བཤད་ན་ཡང་བོན་པོ་བན་སྡེ་རྗེས་སུ་ཡོང་མི་སྲིད་ལ། ཁྱེད་ཚོས་ཁ་ན་ན་བར་དུ་བཤད་ཀྱང་ང་ཚོ་བོན་གྱི་རྗེས་སུ་ཡོང་མི་སྲིད། དེས་ན་རྩོད་དང་མ་རྩོད་ཡོད་མ་རེད། རང་ས་རང་གི་བཛུང་ནས་སྡོད་དང་ཡག་ཤོས་རེད།
རྒྱ་ནག་གཞུང་གིས་སྤྲང་པོ་ཚོར་གོ་སྐབས་སྤྲད་དེ་བོད་ཀྱི་མི་ཆེན་དང་། རིག་གཞུང་ལ་དགག་པ་རྒྱག་ཏུ་བཅུགས་ཏེ། ཉིན་མཚན་མེད་པར་འུར་ལང་རྒྱུགས་བཞག་པའི་ལོ་རྒྱུས་འདུག དེ་ག་ནང་བཞིན་བསྒྱུར་བོན་འདི་ཚོར་གོ་སྐབས་ཅུང་ཞིག་རག་དུས་བོད་ཀྱི་རིག་གཞུང་ཡོད་ཚད་ཁོ་ཚོས་ཡིན་མདོག་མདོག རྒྱ་གར་ནས་ཆོས་བསྒྱུར་དུས་ཁྱེད་ཚོའི་གོང་མ་ཚོ་དམར་མཆོད་ཁྲག་གི་འཁོར་ལོ་བསྐོར་མཁན་ཞིག་ལས། ད་ལྟའི་བསྒྱུར་བོན་ནང་བཞིན་ཞིག་ཡོད་ཚོད་མ་རེད། ཁྱེད་ཅག་གི་ཕྱི་ནང་ཚང་མ་ནང་པའི་བདག་རྐྱེན་ལས་བྱུང་བ་ཡིན་པ་ཤེས་པར་གྱིས་ཤིག
ཧ་ཧ་ཧ། ངས་སྔོན་ནས་ལབ་ཡོད་པ། ཨོ་རྒྱན་ཉི་མ་ཟེར་མཁན་དེ་ཅི་ཡང་མི་ཤེས་མཁན་ཞིག་ཡིན་ས་རེད། ད་ག་རེ་ལབ་ཀྱི་འདུག ཡོངས་འཛིན་རིན་པོ་ཆེའི་སྔོན་ལ་བོན་པོའི་བསྟན་འབྱུང་མི་འདུག་ཟེར། ཧ་ཧ་ཧ། དྲ་བ་འདི་གཟིགས་མཁན་གྱི་མཁས་པ་རྒན་པ་ཚོ་ལ་ངོ་མི་ཚའམ། རང་རྟོགས་སྟོན་ནས་གང་བྱས། དེ་ལས་བོན་པོའི་སྐོར་ཤེས་ཀྱི་མེད་ལབ་ན་ཡག་གི་རེད། ཁྱོད་ལ་དུས་རབས་ག་དུས་ཀྱི་བོན་པོའི་བསྟན་འབྱུང་དགོས་ལབ་དང་། ངས་མིང་འདོན་ཆོག ག་ནས་འབྱོར་གྱི་ཡོད་མེད་ཀྱང་བཤད་ཆོག དེས་ཁྱོད་ལ་མ་ཕན་ཡང་ཁྱོད་རང་གི་ང་བོ་དེ་ཅུང་ཟད་ཆུང་དུ་འགྲོ་གི་རེད།
ཁ་ཚ་ར་བ་ཁྱོད་ཉོན་ཅིག བླ་མའི་རིང་ལུགས་ཟེར་ན་གང་རེད། ང་ཚོ་བན་བོན་གཉིས་ཀྱི་བཀའ་བསྟན་འགྱུར་ན་མེད་པ་ཞིག་ཁྱོད་ཀྱིས་གཏེར་ནས་བླངས་པ་ཨེ་རེད།
ཁྱེད་ཚོས་ཚང་མ་བསྒྱུར་ཟིན་པ་རེད། བན་དེའི་བརྒྱུད་འཛིན་བོན་གྱི་མིང་ཅན་རེད། སྨར་ཡིག་ཅེས་པ་དེ་བཟོས་པ་དེ་བོན་གྱི་ཡུལ་སྡེ་གཉིས་ཀའི་ཤེས་ཡོན་གྱི་ཆུ་ཚད་བརྒྱ་ཆ་སུམ་ཅུ་ལྟུང་བཞག་པ་རེད།
མི་ལོ་ལྔ་བརྒྱའི་གོང་གི་བོན་གྱི་ལོ་རྒྱུས་ཤིག་ཁུར་ཤོག་དང་། ངས་ཁྱོད་ལ་གང་དགོས་ན་སྤྲོད་ཆོག དེའི་ཚུན་ཆོད་ལ་ཁྱོད་ཚོས་འདྲ་མིན་སྣ་ཚོགས་ཤིག་བྱས་ཡོད་པ་ཚང་མས་ཤེས་གསལ་རེད།
ཁ་ཚ་ར་ལགས། ལོ་ངོ་བཞི་སྟོང་སྔོན་གྱི་བོན་གྱི་བསྟན་བྱུང་ཞིག་ག་ནས་རག་གི་རེད་གསུངས་རོགས། ཞང་ཞུང་ལ་འགྲོ་དགོས་རེད་དམ། སྟག་གཟིག་ལ་འགྲོ་དགོས་རེད་དམ།
ཁ་ཚ་ར་ལགས། ལོ་ངོ་བཞི་སྟོང་སྔོན་གྱི་བོན་གྱི་བསྟན་བྱུང་ཞིག་ག་ནས་རག་གི་རེད་གསུངས་རོགས། ཞང་ཞུང་ལ་འགྲོ་དགོས་རེད་དམ། སྟག་གཟིག་ལ་འགྲོ་དགོས་རེད་དམ། ཡང་ན་རྨུ་ཐག་བརྒྱུད་ནས་ལེན་དུ་འགྲོ་དགོས་རེད།
བོད་ལ་ཞེན་ཟེར་བས་ཉོན། བླ་མའི་རིང་ལུགས་ཟེར་ན་རྒྱ་གར་གྱི་ནང་པའི་བསྟན་པ་དང་འབྲེལ་བ་མེད་པར་བོད་ཀྱི་བླ་མས་བོན་ཆོས་སོགས་ནས་བཤུས་པ་ལས་བཟོས་པའི་རིང་ལུགས་དེ་ལ་བླ་མའི་རིང་ལུགས་ཟེར། རགས་པར་དབྱེས་ན། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་རེད།
ཨོ་རྒྱན་ཉི་མ་འདི་ཅི་ཞིག་ཟེར་གྱི་ཡོད་དམ།
ངོ་ཚ་རྒྱུ་ནི་མི་འདུག
བོན་པོར་རྒྱལ་རབས་བསྟན་འབྱུང་ལོ་རྒྱུས་གཅིག་ལས་མི་འདུག ་མེད་དེ། ངས་མཐོང་མ་བྱུང་ཟེར།
སྐད་ཆ་སྦོམ་མདོག་འདི་འདྲ་མི་ངོར་སྒྲོགས་པ་ངོ་ཚ་རྒྱུ་རྩ་བ་ནས་མི་འདུག
ཆུ་རླུང་ཆུང་འུར་སྒྲ་ཆེ།
ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།
དེ་ཁྱོད་ལ་གདམས་འདུག
ཁྱེད་ཚོ་ལ་དགོངས་གཏེར། གནམ་ཡིག ་མཁའ་འགྲོའི་བརྡ་ཡིག
ཟེར་བ་ག་ཚོད་ཅིག་མི་འདུག་གམ། གྷུ་རུའི་ལུང་བསྟན་ཟེར་བ། གྷུ་རུའི་གནམ་ཡིག་ཟེར་བ་བོད་རྨོངས་དད་ཅན་མགོ་བསྐོར་ག་ཚོད་བཏང་མེད་དམ། ངོ་ཚ་རྒྱུ་མི་འདུག ་ད་དུང་ཞྭ་མོ་ནགས་པོ་དེ་བོན་པོར་གཡོགས་གྲབས་བྱེད་ཀྱི་འདུག
མི་ལོ་ལྔ་བརྒྱའི་སྔོན་གྱི་བོན་གྱི་བསྟན་འབྱུང་ནི། ཞང་ཞུང་བོན་མ་ནུབ་པའི་གཏན་ཚིགས་ཞེས་པ་དེ་རེད། དེས་ཡར་ཀླུང་རྒྱལ་པོས་ཞང་ཞུང་རྒྱལ་པོ་བཀྲོངས་ནས་བོན་རྣམས་མནར་རབས་སྐོར་རྒྱས་པར་བཤད་ཡོད། དཔེ་ཆ་དེས་ཞང་ཞུང་དང་བོད་གཉིས་སོ་སོར་ཡོད་རབས་གསལ་པོར་བཤད་ཡོད། དེ་དང་མཐུན་དཔེ་ཆ་གཞན་ནི་ཏུན་ཧོང་ཡིག་རྙིང་ཁོ་ན་རེད།
བོད་ལ་ཞེན་ཟེར་བའི་ཅོལ་ཆུང་། མི་ལོ་བཞི་སྟོང་སྔོན་གྱི་བོན་པོའི་བསྟན་འབྱུང་ནི་སྲིད་པ་སྤྱི་མདོས་ཟེར་བ་དེས་འགྲིག་གི་རེད། དེ་མིན་མདོ་འདུས་སོགས་ཀྱིས་ཀྱང་འགྲིག དེས་སྟོན་པ་གཤེན་རབ་མངའ་རིས་སུ་འཁྲུངས་རབས་བཤད་ཡོད། བོད་ཡུལ་ཀོང་པོར་ཕེབས་ནས་བོན་གསུངས་རབས་ཀྱང་གསལ་ཡོད།
ཨ་ལས་གཞི་ནས་ཤེས་སོང་། བླ་མའི་རིང་ལུགས་ཟེར་བ་དེ་སངས་རྒྱས་བསྟན་པ་དང་འབྲེལ་བ་མེད་པ་བོན་པོ་ལ་ཟེར་གྱི་ཡོད་པ་འདྲ། ང་ཚོས་བཤུས་པ་ཞིག་ཡོད་ན་བསངས་དང་རླུང་རྟ་གཉིས་ཡིན་རྒྱུ་རེད། བོན་གྱི་བསྟན་པ་བསངས་དང་རླུང་རྟ་གཉིས་ལ་ཐུག་པ་དེ་སྙིང་རྗེ།
བོན་པོ་ཚང་གུ་རུ་རིན་པོ་ཆེ་ལ་སྡང་བ་ཁག་མེད། ལུང་རིགས་ནུས་མཐུ་སོགས་གང་གིས་ཀྱང་ཁོང་མ་དོ་ནས་སྔོ་ལོ་རྗེ་འབངས་ཡོངས་ཀྱི་མདུན་ལ་བཞག་པ་མ་རེད་དམ།
ཡ། ད་ཅོལ་ཆུང་། ཀླད་སྟོང་། རང་མཐོང་ཅན་ཚོ། ད་ག་རེ་དགོས། ལབ་དང་། ངས་བཤད་ཆོག ག་དུས་ཡིན་ཡང་། རྫིག་རྫིག་རྐྱང་རྐྱང་། ད་བཤད་དང་ལན་རྒྱག་རྐྱང་ཡིན། དེ་ནས་ངས་འདྲི་གི་ཡིན། དེ་དུས་གཡོལ་མི་ཉན། བྲོས་མི་ཆོག ལན་རྒྱག་རྐྱང་བྱ་དགོས། ངའི་དྲི་བ་དེ་ཚོ་ཁྱེད་ཚོ་ཕར་ཞོག མཁྱེན་ལྡན་དེ་ཚོའང་འཇིགས་ཡེར་རེར་གཏོང་གི་ཡིན། ཤེས་སོང་ངམ། ད་དྲིས་ཤིག ག་རེ་འདྲི་ཡ་ཡོད།
རྗེས་སུ་བརྩམས་པའི་སྔོན་གྱི་ལོ་རྒྱུས་དང་། སྔོན་མའི་ལོ་རྒྱུས་ཀྱི་ཡིག་ཆ་གཉིས་ལ་ཁྱད་པར་ཡོད་རེད། དེ་ཙམ་ཡང་ཤེས་ཀྱི་མེད་དམ། ཁྱོད་རང་གི་བཤད་སྟངས་ལྟར་ན་ལོ་ངོ་དུང་ཕྱུར་མང་ལོ་རྒྱུས་ད་ལྟ་འབྲི་ཆོག་གི་རེད།་ཤེས་སོང་ངམ།
ཏུན་ཧོང་གི་ཡིག་ཆ་ཚང་མ་རྒྱ་ནག་གི་ཆབ་སྲིད་པ་ཚོས་བཟོས་བཞག་པ་ཞིག་རེད། དེ་ལ་ཡིད་རྟོན་གང་ཡོད། བསང་དང་རླུང་རྟ་གཉིས་ཁྱེད་ཅག་ཕར་ཕུལ་ཆོག ང་ཚོས་མདོ་སྔགས་རིག་གནས་བཅས་པ་ཚུར་ཁུར་ཤོག དེ་ནས་དགྲ་མེད་གྱོད་མེད། ཧཧཧཧཧཧཧཧཧཧཧ
རྒྱ་གར་གྱི་ནང་པ་དང་འབྲེལ་བ་མེད་པ་ལབ་ཡོད། ནང་པ་དང་འབྲེལ་བ་མེད་པ་ལབ་མེད། དགེ་ལུགས་པ་ལ་མེད་ན་མེད་པའི་ཁྱབ་པ་གང་ཡོད། རྫོགས་ཆེན་ཟེར་བའང་གོ་མྱོང་ཡོད་ཀྱི་མ་རེད། ཁག་མེད། བོན་པོ་ཟེར་དུས་བསང་དང་རླུང་རྟ་མ་གཏོགས་མ་ཤེས་དུས་མཐོང་ཆུང་དེ་ཚོ་བྱུང་བ་རེད། དགེ་ལུགས་པས་སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། ཟེར་གྱི་ཡོད་པ། དེས་སྔགས་དང་རྫོགས་གཉིས་ཐུབ་པའི་གསུང་མ་རེད་ཟེར་གྱི་ཡོད་རེད་པ། བོན་པོ་ལ་ཅི་ཞིག་ཡོད་པ་ཁྱོད་ཀྱིས་ཤེས་ཚེ། ཁྱོད་ཀྱིས་དགེ་ལུགས་ལ་ཡོད་པ་དེ་ཚོ་ཆུང་སྣང་མཐོང་གི་རེད། དེ་ནས་བསང་དང་རླུང་རྟ་གཅིག་པུ་ཡིན་མིན་ཤེས་ཡོང་།
ན་ནིང་ང་བལ་ཡུལ་རྒྱལ་ས་ནས་བོན་གྱི་ལོ་རྒྱུས་འཚོལ་ཞིབ་པ་ཡིན་ཟེར་མཁན་ཞིག་ཐུག་སོང་། ཁོས་ང་ལ་གང་ནས་ཡིན་ཟེར། ངས་ཁོ་ལ་རྒྱལ་ཁམས་པ་ཡིན་ཞེས་བཤད་པས། ཁོས་ལམ་སང་ཁྲོ་ཉམས་ཤིག་བསྟན་ཏེ་སྨྱོན་པ་ཡིན་རྒྱུ་རེད་ཟེར། དེ་ནས་ངས་ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་རྫུན་བཟོས་སྐོར་མང་པོ་ཞིག་བཤད་པ་ཡིན་ཏེ། ཁོ་སྤྲོ་ལང་ནས་ང་ལ་ཅང་མི་བཤད་ཁི། ཧཧཧཧཧཧཧཧཧཧཧཧཧཧ
ཨོ་རྒྱན་ཉི་མ། ཁྱོད་ཀྱིས་རྫོགས་ཆེན་ཤེས་ཀྱི་ཡོད་པས། ཤེས་ན་འདིར་བོན་པོ་མང་ཙམ་འདུག་པས། བསྡུར་ཆོག དེ་ནས་ང་ཚོའི་རྫོགས་ཆེན་ཁྱེད་ཚོ་རྙིང་མ་ནས་བཤུས་ཡོད་མེད་ཤེས་ཡོང་། ཁྱེད་རང་ཚོ་ལ་ཡོད་པའི་རྫོགས་ཆེན་དེ་ཚོ་བོན་པོའི་རྫོགས་ཆེན་གྱི་སུམ་ཆ་གཅིག་རེད། ཤེས་སོང་ངམ། དེ་ལྟར་ཤེས་མཁན་མཁས་པ་རྒན་པ་མང་པོ་ཡོད་རེད། མི་ཤེས་ཁྱོད་འདྲ་བོས་རྫོར་རྟགས་སྟོན་གྱིན་ཡོད་རེད། གཞན་ཕར་ཞོག ངས་ཁྱོད་ལ་འདྲི། རྫོགས་ཆེན་གྱི་ཚད་མ་ཟེར་བ་གོ་མྱོང་ཡོད་དམ།
ཨོ་རྒྱན་ཉི་མ་ཉོན་ཅིག
དཔལ་ཚུལ་བསྟན་བྱུང།
རྒྱལ་རབས་དར་རྒྱས་གསལ་སྒྲོན།
གནའ་རབས་བོན་གྱི་བྱུང་བ་བརྗོད་པ།
རྒྱལ་རབས་བོན་གྱི་འབྱུང་གནས།
བསྒྲགས་པ་རིན་ཆེན་གླིང་བསྒྲགས།
འདུལ་བ་གླིང་བསྒྲགས།
སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་་མོ།
བསྟན་བྱུང་ཀེ་ཏ་ཀ།
བསྟན་བྱུང་པན་ཙ་ལི་ཀ།
ཧ་ཧ་ཧ་ཧཧཧཧཧ
ད་དགོངས་གཏེར་རེད་འདུག་ག
དེ་ཚོ་ཚང་མ་བོན་གྱི་རབས་ཀྱི་བསྟན་འབྱུང་ལོ་རྒྱུས་ཀྱི་དཔེ་རེད།
ཁག་མེད གཡག་ཞར་གྱིས་རྩ་བཟའ་སྟངས་བྱེད་དུས་དེ་ལས་ལྷག་ཅིག་གང་ནས་ཡོང།
ཁྱོད་ཀྱིས་མཁས་དབང་ཆོས་འཁོར་ཚང་ལ་རྫུན་བཟོ་ཟེར། ཁྱོད་ཀྱིས་ཁོ་ཡག་པོ་ཤེས་ཀྱི་ཡོད་དམ། མི་དེའི་འཇོན་ཚད་དང་ཡོན་ཚད། གཞན་ཕར་ཞོག ནུབ་ཕྱོགས་ཞིབ་འཇུག་པས་ཁོ་ལ་མཐོང་བཞག་པས་མ་ཚད་ཁོང་གིས་བྲིས་པའི་བོད་ཡིག་གི་དཔྱད་རྩོམ་རྣམས་དང་བླང་གིས་དབྱིན་ཡིག་ཏུ་བསྒྱུར་ནས་དེང་ི་གཞིབ་འཇུག་པའི་དེབ་རྒན་གྲགས་ཅན་ཁག་ཏུ་བཀོད་ཡོད་པ་མཁྱེན་གྱི་ཡོད་དམ། ད་ལྟ་ག་རེ་གནང་གི་ཡོད་མེད་མཁྱེན་གྱི་ཡོད་དམ། དེ་ཚོ་ཤེས་ན་དེ་ནས་ཁྱོད་རང་དང་ཁོང་གཉིས་གཞི་འདིའི་སྒང་ལ་བསྡུར་ས་ཡོད་མེད་ཤེས་ངེས་རེད།
ང་ཚོ་ལ་ཡོད་པ་སུམ་ཆ་གཅིག་ཡིན་རྒྱུ་རེད། ཁྱེད་ཚོས་ང་ཚོའི་རྫོགས་ཆེན་གོང་དུ། བསང་དང་རླུང་རྟ་གཉིས་བསྣན་བཞག་པ་ཡིན་ཚོད་རེད།
སྔོན་གྱི་བོན་པོ་ནི་ར་ལུག་མི་སོགས་དམར་མཆོད་ཕུལ་མཁན་ཞིག་ཡིན་པ་ཏུན་ཧོང་གི་ཡིག་ཆ་སོགས་ན་གསལ་བ་དེ་རེད། བྱམས་བརྩེ་བདག་ཉིད་ཐུབ་བསྟན་བོད་ལ་དར་བ་ནས་བཟུང་བོན་པོ་ཚོ་ཡིས་གཞི་ནས་ཆོས་ལ་དཔེ་བླངས་ནས་ད་ལྟ་བན་སྡེ་དང་འདྲ་ཙམ་ཞིག་བྱུང་བ་རེད། ཐག་རིང་པོ་ལ་བལྟ་མི་དགོས། ཁྱོད་ཚོས་བོན་ཅན་ཟེར་ནས་རྐང་པ་ལག་པ་བརྡབ་རྒྱུ་དེ་ཡང་ང་ཚོ་འགྲམ་ནས་ཤེད་པ་མ་རེད་དམ། མདོར་ན་ལྷ་གསོལ་ཀླུ་གསོལ་མ་ཡིན་པའི་གྲུབ་མཐའ་རྣམ་བཞག་ཞིག་ཡིན་ཕྱིན་བན་སྡེ་ལ་དཔེ་བླངས་པ་ཡིན་པ་ལོ་རྒྱུས་དྲང་པོར་སྨྲ་མཁན་ཀུན་གྱིས་ཤེས་གསལ་རེད།
ནུབ་ཕྱོགས་པའི་ཡི་གེ་གོང་ལ་ཡོད་ན་ཧ་ལས་རྒྱུ་གང་ཡང་མེད་པ་རེད། འཛམ་བུ་གླིང་འདིའི་གོང་ལ་མི་ཉེས་ཅན་དང་། ཁྲམ་པ་ཚང་མ་ཡོད་རེད།
ཨོ་རྒྱན་ཨོ་ཕྲུག་ཉོན་ཅིག
༡ རྒྱལ་རབས་བོན་གྱི་འབྱུང་གནས།
༢ བསྟན་བྱུང་ཀེ་ཏ་ཀ།
༣ བསྟན་བྱུང་པན་ཙ་ལི་ཀ
༤་སྲིད་པ་རྒྱུད་ཀྱི་ཁ་བྱང།
༥ བསྒྲགས་པ་རིན་ཆེན་གླིང་བསྒྲགས།
༦ འདུལ་བ་གླིང་བསྒྲགས།
༦ དཔལ་ཚུལ་བསྟན་བྱུང།
་ད་དུང་དགོས་པ་འདུག་གམ།
ད་ལྟོས་དང་ཁོས་སྔར་ཅི་ཞིག་བཤད་མ་སོང།
གཡག་ཞར་གྱིས་རྩ་བཟའ་སྟངས་བྱས་ན་དེ་ལས་ཡོང་རྒྱུ་མེད་པ་རེད།
ཆུ་རླུང་ཆུང་ཆུང་འུར་སྒྲ་ཆེ།
ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།
ཨོ་རྒྱ་པད་ཞྭས་མགོ་བོ་ནུབས།
ཨོ་རྒྱན་པད་ཞྭས་རིག་པ་ཞར།
ལོ་རྒྱུས་རྫུན་པ་བྲིས་ན་ངས་ཀྱང་བོན་གྱི་ལོ་རྒྱུས་འདྲོ་བོ་སྟོང་ཕྲག་ཅིག་འབྲི་ན་ཐུབ་ངེས་ཡིན། ཁྱེད་ཅག་ལ་རིན་ཐང་ཡོད་ས་དེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རེད། ཁོང་ནི་དགེ་ལྡན་པས་བསྐྱེ་སྲིང་བྱས་པ་ཞིག་རེད། ཧཧཧཧ
ཨོ་རྒྱན་ཉི་མ་ཤེས་མདོག་མ་སྟོན། རྫོགས་ཆེན་ཚད་མ་ཟེར་བ་གོ་མྱོང་ཡོད་དམ། ཕལ་ཆེར་ཡོད་ཀྱི་མ་རེད། བོན་པོའི་རྫོགས་ཆེན་ཟེར་དུས་ཁྱོད་ཀྱིས་བསང་དང་རླུང་རྟར་མཐོང་གི་ཡོད་ཀྱི་རེད། ཁག་མེད་གཅིག་མཐོང་དུས་མགོ་ཡོམ་འཁོར་ཡོང་། དེ་སྔོན་རྙིང་མའི་མཁས་པ་མང་པོ་ཧོན་ཐོར་ཚར་བ་རེད། མ་གཞི་ཁྱོད་ཚོའི་རྫོགས་ཆེན་དེ་རྒྱ་གར་ནས་བྱུང་བ་ཡིན་ན། ཆོས་འཁོར་ཚང་གིས་ཁྱོད་ཚོར་བོད་ནང་གི་དུས་དེབ་ཅིག་ཏུ་དྲི་བ་གལ་ཆེན་ཞིག་དྲིས་ཡོད་རེད། དེ་གང་དྲིས་འདུག་ཟེར་ན། རྫོགས་ཆེན་གྱི་ཁུངས་རྒྱ་གར་ཡིན་ན། ལེགས་སྦྱར་གྱི་སྐད་ནས་ཀ་དག་ལ་ག་རེ་ཟེར་གྱི་རེད་ཅེས་དྲིས་ཡོད་རེད། དྲི་བ་དེ་ཏག་ཏག་ཅིག་བློ་ལ་མ་ངེས་ཀྱང་དོན་དག་འདི་རེད། ད་ཁྱོད་ཀྱིས་ལན་ཐོབས་དང་།
ད་བན་བོན་གང་བདེན་སྐྱུར་ཤོག དེ་ལས་ཡིག་གཟུགས་འདིའི་སྐོར་ནས་བགྲོ་གླེང་རེ་བྱེད། སྨར་ཡིག་འདིའི་ཚེག་ཐུང་ནི་དབྱིན་ཡིག་གི་ N ཕྱེད་ཀ་དང་། འ་ཡིག་ནི་དབྱིན་ཡིག་གི་ X རང་རེད་འདུག་པས། སྨར་ཡིག་འདི་ལ་ཀླད་པ་ཉིས་བརྩེགས་=རེ་དང་དབྱིན་ཡིག་རེ་ཟུང་འདུག་པར་བརྟགས་ན་བོད་ཡིག་དང་དབྱིན་ཡིག་གཉིས་སྤྱད་ནས་བཟོས་པ་མིན་ནམ།
ངས་བསམ་རྣོ་ཞིབ་པོར་གཏོང་དུན་བོན་པོ་ཚོ་དངོས་གནས་དགོད་བྲོ་མོ་ཞིག་ཡོད་རེད། གང་ཡིན་ཞེ་ན་ང་ཚོས་གང་བཤད་ཀྱང་དེའི་རྡབ་ཅིག་ཡར་སྤར་ནས་བཤད་ཀྱི་རེད། དཔེར་ན་ང་ཚོས་ལོ་གཉིས་སྟོང་ཟེར་ན་ཁོ་ཚོས་བཞི་སྟོང་ཟེར་གྱི་རེད། དེ་དང་དེ་འདྲ་བ་རྡབ་རེ་རེ་སྤར་ནས་བོན་དང་ལོ་རྒྱུས་བཤད་ཀྱི་རེད།
མཁན་སློབ་ཆོས་གསུམ་ཕེབས་པ་དང་། །
བོན་གྱི་དམར་མཆོད་རྒྱུན་ཆད་ཅིང་། །
ཆོས་བསྒྱུར་བོན་གྱི་མཛད་བྱང་ཅན། །
བན་དེ་དག་གིས་གནང་བ་བསྩལ། །
ཨོ་རྒྱན་ཉི་མ། ཡོངས་འཛིན་བསྟན་འཛིན་རྣམ་དག་དགེ་ལྡན་པས་སྐྱེད་སྲིང་བྱས་རབས་ཤིག་གསུངས་དང་། ངས་ཁོང་གི་སྐུ་མདུན་ནས་མི་ལོ་ཉི་ཤུ་བསྐྱལ་ཡང་། དེ་འདྲ་ཞིག་གོ་མྱོང་མེད། གཅིག་བཤད་དང་། གང་འདྲ་རེད། དེ་བཤད་རྒྱུ་མེད་ན་ཁྱོད་ཀྱི་མཆན་དེ་ཚོའི་ལྗིད་ཚད་གཞན་གྱིས་རྟོགས་ངེས། ཁྱོད་རྫུན་མང་ཙམ་བཤད་ཀྱི་འདུག
ཨོ་རྒྱན་ཉི་མ་རྫོགས་ཆེན་སྐོར་མང་པོ་ཤེས་ཀྱི་ཡོད་ན། དྲི་བ་འདི་བསྐྱུར་དུ་འདྲི་གི་ཡིན། རྫོགས་ཆེན་གྱི་སྐད་བརྡ་གཙོ་བོ་ཀ་དག་ཅེས་པ་ལ་ལེགས་སྦྱར་སྐད་དུ་ཇི་ལྟར་བརྗོད། རྫོགས་ཆེན་གྱི་བརྡ་ཚིག་གཞན་རྣམས་གནས་སྐབས་བཞག་ཞོག དང་པོ་ཀ་དག་ལ་ཇི་ལྟར་ལབ་ཀྱི་ཡོད་མེད་ཤོད།
བོན་པོ་ཞེས་པ་ཞང་ཞུང་ཡུལ་ནས་འཁྱར། །
འདྲེ་ཡིས་ཁྲིད་པས་གདོན་བོན་ཞེས་སུ་གྲགས། །
དཔེ་བརྐུས་བྱས་པས་བསྒྱུར་བའི་བོན་པོ་དང་། །
བོད་ཀྱི་རིག་གཞུང་སྙིགས་རོའི་བདག་པོ་ཡིན། །
གོང་གི་གཡུ་འབྲུག་དཀར་པོའི་སྐད་ཆ་ཕྱོགས་ལྷུང་མ་རེད་དཔྱད་གཞི་རེད། ངས་འདི་ཙམ་ཤེས། འདི་ལ་བོན་གྱི་ཆོས་གྲོགས་ཚོས་ཀྱང་ཐུགས་ཞིབ་གནང་ན་ལེགས།
བོད་ལ་ཞེན་ཁྱོད་ཉོན།
འཛམ་གླིང་གི་ཚན་རིག་སྨྲ་བའི་ཞིབ་འཇུག་པ་ཚོས་བོད་རྒྱུད་ནང་བསྟན་ཆོས་ལུགས་ལ་་་་་་བོད་ཀྱི་བླ་མའི་ཆོས་ལུགས་ཞེས་པ་དེ་ཅི་ཡིས་ཕྱིར་བཏགས་པ་རེད་དམ།
ཕ་ལ་མེད་པའི་བུ་བྱུང་བ་རེད།
ནང་བསྟན་ས་སྐྱེས་རྡོ་སྐྱེས་ཡིན་པའི་རྒྱ་གར་ནང་པ་དང། དེ་ཡི་ཁྱིམ་མཚེས་ཤི་རི་ལངྐའི་ནང་པ། དེ་བཞིན་ལྷོ་ཀོར་ཡེ་ཡ། ཉི་ཧོང། རྒྱ་ནག བྷར་མ། སོགས་ཀྱི་ནང་བསྟན་ལ་མེད་པའི་གསང་སྔགས་དང་རྫོགས་པ་ཆེན་པོ་ལས་སོགས་ཐེག་ཆེན་གྱི་བཀའ་སྡེ་སྣོད་དེ་ཚོ་ཁྱེད་ཚོས་གང་ནས་བཤུས་ཡིན་དྲང་པོ་ཤོད། ངོ་ཚ་དགོས་ཀྱི་མ་རེད། ད་དུང། རྒྱལ་ཁབ་གཞན་ལ་མེད་པའི་དཔལ་ན་ལནྜ་ཡི་ཆོས་རྒྱུད་དྲི་མ་མེད་པའི་རྗེས་འབྲིང་ཡིན་ཟེར་བ་ཟེར་རྒྱུས་འཕོང་པའི་གཏམ་ཁོ་ན་ཞིག་མ་རེད་དམ།
བོད་བླ་མའི་ཆོས་ལུགས་ཟེར་ན་དེ་ལ་ཟེར་བ་རེད། བླ་མ་རེ་ལ་ཆོས་ལུགས་རེ། ཆོས་ལུགས་རེ་ལ་ལྟ་བ་རེ།
ད་ཤོད་དང། ཧིན་དྷུ་བ་ལ་ནི་དེ་འདྲ་མི་འདུག
ཤཀྱ་ཐུབ་པ་དང་པོ་ཧིན་དྷུ་བ་རེད། དེ་ནས་དེ་ལ་ལྟ་བ་ལོག་ནས་བྲོ་བྱོལ་དུ་ཕྱིན་ནས་རང་འགར་གྱིས་ལྟ་གྲུབ་གསར་པ་བཟོས་པ་རེད་ཟེར།
ད་ལྟ་རྒྱལ་ཁབ་དེ་དག་གི་ནང་དུ་ཡོད་པའི་ཤཀྱ་ཐུབ་པའི་རྗེས་འཇུག་པ་དེ་ཚོས་བོད་བླ་མའི་ཆོས་ལུགས་ལ་ཅི་ཞིག་དགག་པ་རྒྱབ་ཀྱི་མི་འདུག་གམ། དགག་ལན་བྲིས་དང། རྒྱ་ཡིག་དྲ་རྒྱའི་སྟེང་དུ་བོད་བླ་མའི་ཆོས་ལུགས་དེ་ཚོར་དགག་པ་ཆར་བ་འབབ་པ་བཞིན་འདུག་པས། དེ་ཚོར་ལན་འབྲི་ཕོད་དམ། གནོང་མེད་ན་དགག་པ་རྒྱབ་དགོས་པ་རེད། རང་གནོང་ཡོད་དུས་དེ་ཚོར་དགག་ཡིག་འབྲི་མ་ཐུབ་པ་རེད། ད་དུང་ཐེ་ཝེན་དུ་ཐེ་བོད་ནང་བསྟན་དབར་ལ་ཚོགས་འདུ་འདྲ་འཚོགས་ཁ་འདྲ་བྱེད་ཀྱི། གཞན་ལ་མ་བསྟུན་རང་བསྟུན་རེད་འདུག
སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལགས་ནས་ཚིག་རྩུབ་སྨྲ་རྒྱུ་ཅུང་མང་དྲགས་སོང་། དེ་ལས་གཡུ་འབྲུག་དཀར་པོ་ནང་བཞིན་གོང་གི་སྨར་ཡིག་འདིའི་ཡིག་གཟུགས་དང་བརྡ་སྤྲོད་སོགས་ཀྱི་སྐོར་ནས་བགྲོ་གླེང་རེ་གནང་རོགས། ཁྱེད་ཤེས་རབ་ཅན་ཡིན་པས་ཅིག་གསུང་རྒྱུ་ཡོད་ཐག་ཆོད་ཡིན། རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང་། །ཞེས་རྒྱལ་སྲས་ལག་ལེན་ལས་མ་གསུངས་སམ།
ཨོ་རྒྱན་ཉི་མ་ད་ག་རེ་བྱས་སོང་། རྫོགས་ཆེན་གྱི་སྐོར་ལ་ཡིན་ད། ད་ཡིན་ད། རྙིང་མའི་རྫོགས་ཆེན་རྫིག་གདའ་བོན་པོའི་རྫོགས་ཆེན་རྫིག་གདའ། ཀ་དག ཀ་དག ཀ་དག ལྷུན་གྲུབ། ལྷུན་གྲུབ། ལྷུན་གྲུབ། འདི་དག་ལ་ལེགས་སྦྱར་གྱི་སྐད་ཐོག་ནས་ག་འདྲ་ལབ་ཀྱི་རེད། ཧ་ཧ་ཧ། ད་ལྟད་མོ་འདུག མི་ཤེས་ཤེས་མདོག་བྱས་ན་འདི་འདྲ་རེད། ད་རྙིང་མའི་རྫོགས་ཆེན་དེ་བོན་པོའི་རྫོགས་ཆེན་གྱི་གསུམ་ཆ་གཅིག་པར་ཤེས་གྲབས་ཡོད་ས་རེད།
ངས་ལེགས་སྦྱར་མི་ཤེས། རྫོགས་ཆེན་ནས་དྲི་བ་གང་ཡོད་ལ་ལན་བཏབ་ཆོག ལེགས་སྦྱར་སྐད་དུ་ཀ་དག་མེད་ཟེར་བ་དེ་བླུན་གཏམ་རེད། ཀ་དག་དང་། གདོད་ནས་དག་པ། རང་བཞིན་གྱིས་དག་པ་ཚང་མ་དོན་གཅིག་པ་རེད། ཁྱེད་ཅག་གིས་ཀློང་ཆེན་མཛོད་བདུན་གྱི་མཛད་བྱང་དང་། ཆོས་ཡོད་ལ་བོན་ཞེས་བསྒྱུར་ན་ཨེ་འགྲིགས་ཞེས་འཇམ་དབྱངས་མཁྱེན་བརྩེ་གོང་མ་ཞུས་དུས། ཁོང་གིས་བསྒྱུར་ན་འགྲིགས་ཞེས་གནང་བ་བསྩལ་བའི་ཚུལ་གྱི་ལོ་རྒྱུས་ཤིག་མཇལ་མྱོང་ཡོད། ད་ལྟ་གསལ་པོ་ཞིག་ངེས་ཀྱི་མི་འདུག རྗེས་ནས་ངེས་ན་ཞུས་ཆོག
ཡང་ཀླུ་སྨྱོན་འདི་ཡང་སྨྱོས་འདུག
སྨར་ཡིག་དེ་དབྱིན་ཡིག་དང་བོད་ཡིག་གཉིས་ལ་དཔེ་ལྟས་རེད་ཟེར།
ཧཧཧཧཧཧགོད་དྲོ་བའི་གཏམ་རེད།
གཡུ་འབྲུག་ལ་རྒྱབ་སྐྱོར་བྱེད་པ་ནི་འབྲུག་མོ་ལ་རྒྱབ་སྐྱོར་བྱས་པ་རེད།
རྗེ་མི་ལ་རིན་པོ་ཆེས་ན་རོ་བོན་ཆུང་ལ་བསླབ་བྱ་བརྒྱབ་ནས་མ་ཉན་པར་མཐར་རྫུ་འཕྲུལ་འགྲན་གི་ཡིན་ཟེར་ནས། ན་རོ་བོན་ཆུང་གཡང་ལ་ཟེགས་པ་རེད། རང་ཚུགས་ང་རྒྱལ་ཆེ་དྲགས་ནས་གཞན་གྱི་ཡོན་ཏན་ལེན་པའི་སྐལ་བ་མེད་ན་དེ་འདྲ་རེད། ཨེ་གོ་ཐལ།
བོད་ལ་ཞེན་ཟེར་བའི་ལ་རྒྱ་སྐམ་པོ་དེས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཟེར་བའི་དགོངས་དོན་གསུངས་རོགས། དེ་ནས་ཁྱོད་རང་རླུང་རྟ་དང་བསང་གི་སྐོར་ལ་ཤོད་དང་ངོས་ལེན་ཡོད། དེ་མིན་ན། ད་དུང་། ཐེག་ཆེན་ནམ་མཁའི་མེ་ཏོག་ལ། །ཨ་ཅོ་བདུད་ཀྱི་རྗེས་འདྲ། །ཟེར་བ་དང་། ཐོགས་མེད་ནགས་སུ་ལོ་བཅུ་བསྡད། །ལོ་བཅུར་བསྡད་ནས་དཀའ་བ་བཅད། །དཀའ་བ་མ་བཅད་གླང་ཆེན་གྱི། །རྒྱབ་ཁལ་ལོན་པའི་པོ་ཏི་བརྩམས། །ཟེར་བ་སོགས་གོ་མྱོང་ཡོད་དམ།
ཁྱེད་ཅག་གི་མཛོད་ཆེན་ལྔའི་བདག་པོ་ཤར་རྫ་བ་ཡང་རྙིང་མའི་རྫོགས་ཆེན་ལ་བརྟེན་ནས་གྲུབ་པ་ཐོབ་ཚུལ་གསུང་འདུག ངས་ཁོང་གི་མཛད་རྣམ་མགོ་ནས་མཇུག་བར་བཀླགས་པ་ཡིན། ཧཧཧཧཧཧཧཧཧ
ཁ་ཚ་ར་ཟེར་བ་དེ་ཡང་ཆོས་ལོག་ནས་བོན་ལ་ཞུགས་སོང་བ། དོལ་པོ་བ་ཞི་ཡིན་ཚོད་རེད། ཧཧཧཧཧཧཧ
མིག་བརྒྱད་པ། མི་ལའི་སྐོར་ལ་ཆོས་འཁོར་ཚང་གིས་བྲིས་པ་འདིར་འདུག་གཟིགས་དང་།
http://himalayabonblog.gotoip4.com/u/nyimaw/archives/2011/608.html
ཨོ་རྒྱན་ཉི་མ། བོན་པོ་ལ་གཅིག་འབྲི་མཁན་ཞིག་ཡོད་ན། ཆོས་འཁོར་ཚང་ལས་མེད་པ་རེད་དམ། དེ་འདྲའི་འབྲི་མཁན་དཀོན་མདོག་ཏུ་བལྟ་བ་སྣང་ཆུང་རང་རེད། གཉིས་སུ་ཆོས་འཁོར་ཚང་ཟེར་མཁན་དེ་ང་ནང་བཞིན་གབ་མིང་སྤྱོད་མཁན་ཞིག་རེད་བསམ་གྱི་འདུག་གམ། ཁོས་དེ་སྔོན་བྲིས་པ་ཐ་དག་རང་མིང་དངོས་སུ་བྲིས་མི་འདུག་གམ།
མ་གཞི་བོན་པོའི་རྫོགས་ཆེན་ཟེར་དུས་ཤར་རྫ་ནས་མ་རེད། ཤར་རྫ་འཇའ་ལུས་ཕེབས་རྗེས་བདུད་འཇོམས་ཀྱིས་ཤར་རྫ་རྙིང་མར་བསྒྲུབས་ཡོད་པའང་ཁྱོད་ཀྱིས་ཤེས་ངེས། འདིས་བདུད་འཇོམས་ཆོས་འབྱུང་གི་ལྗིད་ཚད་ཀྱང་སྟོན། བོན་པོའི་རྫོགས་ཆེན་སྐོར་གླེང་ན་ཐོག་མར་ཞང་ཞུང་སྙན་བརྒྱུད་སོགས་གླེང་དང་གཟི་བརྗིད་ཆེ་གི་རེད། ཧ་གོ་སོང་ངམ།
༼ཨོ་རྒྱན་ཉི་མས། ༼ཁྱེད་ཅག་གི་མཛོད་ཆེན་ལྔའི་བདག་པོ་ཤར་རྫ་བ་ཡང་རྙིང་མའི་རྫོགས་ཆེན་ལ་བརྟེན་ནས་གྲུབ་པ་ཐོབ་ཚུལ་གསུང་འདུག ངས་ཁོང་གི་མཛད་རྣམ་མགོ་ནས་མཇུག་བར་བཀླགས་པ་ཡིན།༽
ད་རྐུ་མ་ཧམ་ཆེན་གྱིས་མི་གསོད། ་ཅེས་པ་ལྟར་རེད་འདུག སྐབས་རེ་ཤར་རྫ་བ་རྙིང་མ་པ་རེད་ཟེར། སྐབས་རེར་བོན་པོའི་གྲུབ་ཐོབ་རེད་ཟེར། རྙིང་ཆང་གིས་བཟི་འདུག་པས་དང་པོ་ནང་དུ་མཁའ་འགྲོ་མ་དང་མཉམ་དུ་ཉོལ། དེ་རྗེས་ར་བཟི་དྭངས་དུས་སླེབ་ཤོག
འདི་ན་ར་བཟི་མ་བཤད་རོགས།
ཡ་་་་ད་ཉལ་ཁར་འགྲོ་གི་ཡིན། སང་ཉིན་མཇལ་ཆོག
ཆོས་འཁོར་ཚང་ཉི་མ་འོད་ཟེར་གྱིས་གཏམ་དཔེ་དང་། ལུང་འདྲེན་གྱིས་རྫིག་རྫིག་བྱས་པ་ཁོ་རང་གི་འགྲོ་སྟངས་ཤིག་རེད། ཁོས་དྲངས་པའི་ལུང་དོན་དེའི་ཁ་ཐུག་ལ་ལྟོས་དང་། གཟོད་བདེན་རྫུན་ཤན་འབྱེད་ཐུབ་ངེས་ཡིན། ཁོས་ཆོས་འབྱུང་དང་། རྒྱལ་རབས་སོགས་ལས་ལུང་དྲངས་པ་དེ་དག་ཕལ་ཆེ་བ་མགོ་བཅད་རྔ་རྡུམ་རྐྱང་རྐྱང་རེད། ཁོ་ལ་ཁ་བདེ་པོ་ཞིག་ཡོད་ཚོད་རེད། དྲན་རྒྱུ་མང་བོ་ཞིག་ཀྱང་ཡིན་ཚོད་རེད།
ཁྱོད་ཀྱིས་ཆོས་འཁོར་ཚང་གིས་བྲིས་པ་དག་ལ་ལུང་དང་རིགས་པས་དགག་ལན་ཡང་དག་ཅིག་འབྲི་ཐུབ་ན་དཔེ་ཡིན། དེ་ནས་སྐད་ཆ་ཤོད་དང་ལན་པོ་འདུག ལུང་མགོ་བཅད་རྔ་ལྡུམ་ཡིན་མིན་མི་ཤེས། ཡིན་ན་ཡིན་ཚུལ་བསྒྲུབ་དང་། དེས་གཟི་བརྗིད་ཆེ།
ཞང་ཞུང་སྙན་བརྒྱུད་ཧཧཧཧ། དགོད་བྲོ་བའི་གཏམ། ཞང་ཞུང་ས་ཆ་ཞིག་རེད། ས་ཆས་སྙན་བརྒྱུད་གནང་སྲོལ་ཡོད་དམ།
ང་ཡང་ཉལ་འགྲོ་རྒྱུ་ཡིན། སང་ཉིན་མཇལ་ཡོང་།
ཞང་ཞུང་སྙན་བརྒྱུད་ཅེས་པ་དེ་ཞང་ཞུང་ནས་དར་བའི་རྫོགས་ཆེན་གྱི་སྙན་བརྒྱུད་ཅིག་རེད། དེ་བཀླགས་རྗེས་དེ་ནས་ཁྱོད་རང་ཧ་ལས་ཡོང་། ད་ལྟ་ཧ་ལས་རྒྱུ་མ་སྔ།
ཁྱེད་རང་གིས་ལྟ་འདོད་ན་བླ་ཆེན་དགོངས་པ་རབ་གསལ་གྱི་ལོ་རྒྱུས་ནང་དུ་བྲིས་ཡོད། ཆོས་འཁོར་ཚང་གི་བཙུན་པ་གཡུང་དྲུང་བཟང་མོ་ཞེས་པའི་མིང་རྫུན་བེད་ཆོད་གྱིས་༼ཆོས་སྨད་འདུལ་བོན་ལ་ཐུགས་ཚུལ༽ཞེས་པ་ཞིག་བོན་སྒོ་ནང་དུ་བྲིས་འདུག ཧཧཧཧཧཧཧཧཧཧཧཧཧ ངོ་ཚ་མེད་པའི་བྱ་བ་དེ་དག
ཡ་སང་ཉིན་ཡིན། དེ་དུས་ཀ་དག་སྐོར་ཡིན་ད། མ་ཤེས་ན་རྙིང་མའི་མཁས་པ་ང་ཡིན་ཁོ་ཡིན་ཟེར་ཚད་ལ་དྲིས། དེས་མ་བྱུང་ན་ལེགས་སྦྱར་མཁས་རི་མཁས་ཚད་ལ་དྲིས། དེ་ནས་ལན་འདིར་འཇོག་དང་། ཆོས་འཁོར་ཚང་གིས་མཐོང་ངེས། མ་གཞི་ངས་ཁོང་གིས་བྲིས་རྩོམ་དེ་ཏག་ཏག་མི་དྲན་ཡང་། ཁོས་རྙིང་མ་ཚོས་རྫོགས་ཆེན་རྒྱ་གར་ནས་བྱུང་ཡིན་ལབ་ན་དྲི་བ་འདི་གཅིག་པུས་འགྲིག་གི་རེད་ཅེས་ལབ་ཡོད་བསམ་བྱུང་། ག་ལྟར་ཁྱོད་ཀྱིས་ལན་འདི་གྲ་འགྲིག་བྱོས་དང་། དེ་ནས་ཁྱོད་ཀྱིས་ཆོས་འཁོར་ཚང་ལ་དོ་ཟླ་བྱས་པ་རེད་བསམ་གྱི་འདུག
ཞང་ཞུང་འོག་མིན་ལུང་རིང་ནས་བ་དམར་པོས་གཉང་ཞགས་འཕངས་པ་ལྟར་སོང་བར་སྒོམས། ཞེས་པའི་འཕོ་བ་ཞིག་ཡོད་པ་ཐོས་མྱོང་། ཧཧཧཧཧཧཧཧ
བླ་ཆེན་དགོངས་པ་རབ་གསལ་གྱི་ལོ་རྒྱུས་ནང་དུ་ཅི་བྲིས་འདུག་ཟེར་གྱི་ཡོད། གསལ་པོ་ཞིག་མགོ་ཚོས་མ་སོང་།
ཆོས་འཁོར་ཚང་གི་ཆོས་ལོག་དེས་ཧམ་པ་བཤད་པ་ལ་ལྟ་རྒྱུ་གང་ཡོད།
དྲང་མོར་བཤད་ན་བོད་ཀྱི་ལོ་རྒྱུས་ཐོག་བོན་གྱིས་ཧ་ཅང་བར་ཆད་ཆེན་པོ་བཟོས་ཡོད། སྲོང་བཙན་སྐབས་ཇི་ལྟར་བྱས་མིན་སྲིད་དོན་རྒྱལ་རབས་ལས་གསལ། ཁྲི་སྲོང་དུས་སུ་ཇི་ལྟར་བྱས་མིན་པདྨ་བཀའ་ཐང་སོགས་སུ་བསལ། མཐའ་དམག་ལས་ཀྱང་ནང་གི་སྡིག་བློན་རྣམས་ཀྱིས་ཐུ། ཁྱད་པར་དུ་རྒྱལ་སྲས་འུ་དམ་སྐབས་བོན་ཕྲུག་སྦུས་སྟག་རྣ་སོགས་ཀྱིས་ནང་ཆོས་སྣུབ་པའི་ཇུས་ངན་བསླབས་ནས་གྱོང་གུད་ཆེན་པོ་བཟོས། བར་ལམ་ཞིག་ནས་རྒྱལ་སྲས་འུ་དམ་གྱིས་ཁོང་བདུད་བློན་ཚོའི་ཇུས་ངན་འོག་ཏུ་སོང་བ་མཁྱེན་ནས་སླར་ནང་ཆོས་དར་སྤེལ་བྱེད་མགོ་བརྩམས་སྐབས་སུ་བོན་སྡིག་བློན་རྣམས་ཀྱིས་ཇུས་ངན་གསར་བ་ཞིན་དྲན་པ་ནི། རྒྱལ་སྲས་འུ་དམ་ལ་མདའ་རྒྱབ་པ་རེད། དེ་དུས་འུ་དམ་གྱིས་ཡང་ན་ང་གསོད་ཅུང་འཕྱི་དྲགས་སོང་། ཡང་ན་ང་གསོད་ཅུང་སྔ་དྲགས་སོང་གསུངས་པ་རེད། དེ་མ་ཐག་བོན་སྡིག་བློན་ཚོས་ཇུས་ངན་གཉིས་བཤམས་པ་ནི། རྒྱལ་པོ་དཀྲོངས་པའི་ནག་ཉེས་ཆོས་པའི་མགོ་ལ་འཇོག་པ་དང་། བྱས་པ་མ་འབྱར་གཅིག་མྱུར་ཏུ་འཚོལ་བ་རེད།
དེ་བདེན་མིན་ཏུན་ཧོང་ཡིག་རྙིང་ཁག་ལས་གསལ།
ཨོ་རྒྱན་པད་སྡོང་རྩ་བ་རབ་ཏུ་བརྟན།
ཟབ་པ་ཡེ་ཤེས་རྒྱ་མཚོའི་གཏིང་དུ་ཟུག
ཆང་དང་བུད་མེད་ཤ་ཁྲག་རྟག་རོལ་ཅིང།
གེ་སར་ཧེ་རུ་ཀ་སོགས་རྣམ་པ་དུ་མར་སྤྲུལ།
ཟག་མེད་བདེ་སྟོང་དབྱིངས་སུ་གཟིམས་པར་ཞུ།
ཡ་་་་ད་སང་ཉིན་ཡིན། དྲི་བ་དེ་ཚོར་ལ་གྲ་འགྲིག་བྱོས། དེ་ནས་བཤད། ཀ་དག ལྷུན་གྲུབ། ཡིན་ད། ཧ་ཧ་ཧ། བོན་པོ་ལ་འཕོ་བ་ཡོད་པར་ཤེས་པ་ཡག་པོ་རེད། དགེ་ལུགས་པས་དེ་ཡང་ཤེས་ཀྱི་མེད་འགྲོ།
ཨོ་རྒྱན་ཉི་མར།
ཀློང་ཆེན་མཛོད་བདུན་ཧཧཧཧཧ
ཀློང་ཆེན་རྟག་པ་རེད།
དེ་ཡི་མཛོད་བདུན་་་་ཧཧཧཧཧ
ད་ཆོས་འབག་ཀྱོན་མཁན་ཚོ། ཁྱེད་ཚོའི་སྐྱག་ཁ་ལ་བདག་པོ་རྒྱག་རོགས། ཁྱེད་ཚོ་མི་ཚེ་ཁོ་རང་ལ་ལས་མེད་དུ་བསྡད་དེ་ཁ་ཁོམ་སོང་ན་དཀྲུགས་ཤིང་རྐྱང་རྐྱང་བསླངས། ང་ཚོ་ཉམ་ཆུང་མི་མང་ཚོ་ཐག་སྣེ་ལ་བརྫངས། འཁོན་དུ་བཅུག སེམས་པ་མི་སྐྱིད་པ་བཟོས། མགོ་སྐོར་བཏང་ནས་སྡུག་ལ་སྦྱར། ཚིག་སྙན་པོ་གཡོ་སྒྱུ་སྣ་མང་སྦྱད་དེ་ང་ཚོའི་སེམས་ཁམས་ལ་དབང་སྒྱུར་བྱས་པ་དུས་ཡུན་ཐུང་ཐུང་མིན། མ་གཞི་ནས་ཆོས་མིན་ཆོས་རྫུ་དག་གི་རྐུབ་ལ་ཉི་མ་ཤར་ནས་ཤར་ནས་རེད། དེང་སྐབས་མི་མང་ཚང་མ་ཕྱི་ཚུལ་ཙམ་ལས་དོན་ལ་ཁྱེད་ཚོ་ང་ཚོ་མི་མང་གི་ལན་ཆག་གི་ཁུར་བོ་ཞིག་ཡིན་པ་ཧ་གོ་ཚར་ཡོད་ལེ་རེད། ད་དུང་ཁྱོད་ཚོས་ཆོས་ཅིག་ཅིག་གི་ཆེད། ཆོས་མིག་མིག་གི་ཆེད། ཆོས་ལུགས་གང་རུང་ཆོས་ལུགས་གང་ཞིག་ལས་རང་བཙན་དང་རང་སྐྱོང་། ཡང་ན་ས་ཁོངས་རང་སྐྱོང་སོགས་སྔ་བ་ཡོད་ཚུལ་རྐྱང་ཤོད་ནས་ཉི་མ་ཐོངས་དང། དུས་རབས་ཀྱི་འཁོར་སྐྱོད་འདིས་ཕར་ཆེར་བོད་མི་མང་གིས་ལོ་ཤས་ལས་འགྱིང་དུ་མི་འཇུག་པར་ཁྱེད་ཚོའི་སྐྱག་ཁུང་ནས་དེ་དག་རེ་རེ་བཞིན་ཕྱིར་བཏོན་ཏེ་ཁྱོད་ཚོར་རྔམ་པ་སྤྲོད་ཀྱི་རེད།
བདུད་འཇོམས་ཀྱིས་རྒྱལ་རབས་ཏུ་དུས་རབས་ཉེར་གཅིག་པའི་བོན་གྱི་བླ་མ་ཀུན་གྱིས་ཤེས་ཤེས་རིག་རིག་ཡིན་པའི་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དེ་རྙིང་མ་པ་ཡིན་རབས་བཤད་མི་འདུག་གམ།
བོན་དཔེ་དེ་ཚོ་ད་རྐུན་མ་ལོས་རྐུ།
མི་ཡང་རྐུ་མ་རྐུས་ཡོང་གི་འདུག
འཛམ་གླིང་ནང་དུ་མི་ནག་ཚོང་རྒྱབ་མཁན་རྒྱ་ནག་རེད་ཅེས་བཤད་སོང།
ད་བྱེད་དུས་བོད་ནང་ནས་མི་རྐུན་མ་རྐུ་མཁན་དེ་རྙིང་མ་ཡིན་ཐག་ཆོད་རེད་འདུག
སྔར་རྗེ་འབང་ཉེར་ལྔའི་ནང་དུ་བོན་གྱི་བླ་ཆེན་དྲན་པ་ནམ་མཁའ་རྐུ་མ་རྐུས་འདུག
དེ་ནས་རིམ་བཞིན་བོན་གྱི་གཏེར་སྟོན་རྣམས་ལ་མིང་གི་ཟུར་སུ་རྡོ་རྗེ་ཟེར་བ་གླིང་པ་ཟེར་བ་དེ་འདྲ་རེ་བཏགས་ནས་རྙིང་མའི་གཏེར་སྟོན་བརྒྱ་རྩ་ཡིན་ན་ཞིག་ཟེར་ནས་ལོ་རྒྱུས་དེབ་ཐེར་ཏུ་བཀོད་འདུག
ངོ་མ་ངོ་ཚ་རྒྱུ་མི་འདུག་མི་འདི་ཚོ་ལ།
དུས་རབས་ཉེར་གཅིག་ཅེས་པར། དུས་རབས་ཉི་ཤུ་པའི་ཞེས་པར་བཅོས་རོགས།
ངའི་བསམ་ན་ད་ནས་དུས་རབས་གཅིག་གམ་ཕྱེད་ན། བོན་གྱི་བླ་ཆེན་ག་གེ་མོས་མཛད་པར་གྲགས་པའི་བྱམས་བརྩེའི་ནུས་སྟོབས་ཟེར་བ་དང་། བོན་གྱི་ལྟ་སྤྱོད་ཀུན་བཏུས་ཟེར་བ། འཇིག་རྟེན་མི་སྡེ་དང་ཀུན་ཁྱབ་སེམས་ཁུར། རྡུལ་ཕྲན་གཅིག་ཁོ་ནས་སྟེང་གི་འཇིག་རྟེན་ནམ་ཡང་རྡུལ་ཕྲན་གཅིག་གཅིག་པའི་སྒང་གི་འཛམ་གླིང་ཞེས་ཅུང་མི་འདྲ་བ་སོགས་འབྱུང་ངེས་རེད་བསམ་གྱི་འདུག ད་ནས་བཟབ་གཟོན་བྱོས།
འཛམ་གླིང་འདིའི་ལོ་རྒྱུས་ཐོག་ཡི་གེ་གསར་ཤོས་དང་ཚེ་ཐག་ཐུང་ཤོས་དེ་སྨར་ཟེར་བ་འདི་ཡིན་སྲིད། གང་ཡིན་ཟེར་ན། དུས་རབས་ཉེར་གཅིག་པར་མགོས་པ་རེད་ལ་ད་ནས་མི་ལྔ་བཅུ་ཙམ་ན་ཕལ་ཆེར་ཤི་རན་པ་རེད། གང་ལྟར་འཛམ་གླིང་འདིར་བདུན་ཕྲག་གཉིས་རེ་ནས་སྐད་ཡིག་རེ་ཤི་བའི་དུས་འདིར་ཁ་སྣོན་རེ་སྐྱེས་ན་བཟང་རྒྱུ་ལས་མེད་པས་བཀྲ་ཤིས་བདེ་ལེགས་ཡོད། མ་རེད་གྲོགས་པོ་ཚོ།
རེད། རེད། བདག་ཅག་གི་སྟོན་པ་དང་པོ་ཧིན་དུ་བ་རེད། དེ་གང་ཡོད་རེད། ཁྱེད་ཅག་གི་སྟོན་འདྲེས་ཁྲིད་ནས་འདྲེ་གསོལ་བདུད་གསོལ་གྱི་བོན་དེ་དར་བ་ཡིན་པའི་ལོ་རྒྱུས་ཡོད་པ་མ་རེད་དམ། དེ་འདྲ་སོང་ཙང་དམར་མཆོད་ལ་དགའ་བ་དེ་བྱུང་བ་ཡིན། ཐེག་དམན་བ་ཉུང་ཤས་ཞིག་གིས་བོད་ཀྱི་སངས་རྒྱས་བསྟན་པ་ལ་བླ་མའི་རིང་ལུགས་ཟེར་བ་གོ་མྱོང་། དེ་མིན་འཛམ་གླིང་ཡོངས་དང་མཁས་པ་ཡོངས་ཀྱིས་བོད་བརྒྱུད་ནང་བསྟན་ཟེར་ནས་ཆོས་ལུགས་རྩེ་གྲས་དང་ནང་ཆོས་ཆ་ཚང་ཤོས་ལ་ངོས་འཛིན་གྱི་ཡོད་པ་ལོང་བ་མིན་ན་མཐོང་ཚོད་དང་འོན་པ་མིན་ན་གོ་ཚོད་ཡིན། ཡང་དྲང་པོ་ཞིག་ཞུ་ན་དེ་སང་བོན་པོ་རྣམས་ཡང་ཕྱི་ཕྱོགས་སུ་བོད་བརྒྱུད་ནང་བསྟན་ཡིན་མདོག་གིས་མི་ཤེས་པ་རྣམས་ལ་བོན་གྱི་བསྟན་པ་སྤེལ་གྱི་ཡོད་པ་རྒྱུས་ཡོད་ཀུན་གྱི་ཤེས་གསལ་རེད།
བན་དེ་བ་ལགས། སྨྱོས་འདུག་མ་འདུག་སོགས་ཚིག་རྩུབ་བཞག་ནས་དོན་གནད་ལ་འཇུས་དང་། འཛམ་གླིང་གི་ཡིག་རིགས་མང་པོ་ཞིག་ཡིག་རིགས་གཞན་ལ་དཔེ་བླངས་ནས་བཟོས་པ་རེད་འདུག དཔེར་ན་བོད་ཡིག་འདི་གུབ་ཏའི་ཡི་གེར་དཔེ་བླངས་པ་ཞིག་དང་། སོག་ཡིག་སྔོན་མ་དེ་ཁ་ཆེའི་ཡི་གེར་དཔེར་བླངས་པ་། སོག་ཡིག་གྲུ་བཞི་མ་དེ་བོད་ཡིག་ལ་དཔེ་བླངས་པ། འཇར་པན་དང་ཁོ་རི་ཡའི་ཡི་གེ་རྒྱ་ཡིག་ལ་དཔེ་བླངས་པ། ཝི་ཐི་ནམ་གྱི་ཡི་གེ་དབྱིན་ཡིག་ལ་དཔེ་བླངས་པ་ལྟ་བུ་རེད། དེ་བས་སྨར་ཡིག་འདི་ཡང་ཡི་གེ་གཞན་ལ་དཔེ་བླངས་ནས་བཟོས་ཡོད་དང་མེད་ཞིབ་འཇུག་བྱས་ན་ལེགས་ཀྱི། གཞན་དག་ལ་སྨྱོན་པ་དང་བླུན་པོ་ཞེས་སྨྲས་ནས་རང་ཉིད་ཀྱི་འདོད་པ་དང་མི་མཐུན་ན་ལམ་སེང་འབུར་འཇོམ་བྱེད་རྩིས་མ་བྱས་ན་ལེགས། ལུང་དང་རིགས་པའི་རྒྱབ་རྟེན་མེད་ན། འབུར་འཇོམ་དང་ཚིག་རྩུབ་ཁོ་ནས་བན་དེ་དང་བོན་པོ་གང་གི་བསྟན་པ་དང་རིག་གཞུང་སྲུང་སྐྱོབ་བྱེད་མི་ཐུབ་ཐག་ཆོད་རེད།
རེད་རེད།
སྲོང་བཙན་ཡར་སྔོན་དུ་བོད་ཡིག་ཅིག་ཡོད་ན་བཟང་བ་ལས་མེད་ན་མི་བཟང་། དེ་བོན་པོ་གཅིག་པུའི་ཁེ་སང་གས་མ་རེད། བོད་མི་རིགས་ཀྱི་ཁེ་སང་རེད། ཡིན་ན་ཡང་། གོང་གི་དཔེ་རིས་དེ་ཞང་ཞུང་སྨར་ཡིག་གི་ཡིག་གཟུགས་རེད་པས།
འོ་ན་ནང་དོན་ག་རེ་རེད། ཀློག་སྟངས་ཇི་འདྲ་རེད། ག་དུས་གང་དུ་བྲིས་པ་རེད། ཤེས་འདོད་ཧ་ཅང་ཆེ་བས་ན། སྨར་ཡིག་གི་བདག་པོ་ཚོས་ཚིག་དོན་གསལ་བའི་འགྲེལ་བཤད་ཅིག་གནང་ཐུབ་པ་འདུག་གམ།
དེ་འདྲ་བྱུང་ན་ང་ཚོ་ལ་རྒྱལ་ཁ་རྡོག་རྡོག་ཅིག་ལེན་ཡག་རག་གི་རེད།
གནམ་ལྕགས་རྡོ་རྗེ་ཟེར་བ་ཆོས་ཉོན་ཅིག ཁྱེད་རང་ཆོས་བྱེད་མ་བྱེད་རང་གི་འདོད་པ་རེད། ང་ཚོ་ཆོས་ལུགས་ལ་དད་ཞེན་ཁྱེད་ཀྱིས་དགག་དགོས་དོན་ཡོད་མ་རེད། བོད་དུ་ཆོས་དད་རང་དབང་རྒྱ་དམར་གྱིས་འཕྲོག་ནས་བྱེས་སུ་སླེབས་པ་ཡིན། མ་གཞི་ནས་ང་ཚོ་ཆོས་ལུགས་པ་ཁྱེད་ཀྱི་ཁུར་པོར་ཇི་ལྟར་འགྱུར་བ་རེད། ཁྱེད་ཀྱི་རྒྱུ་སྐར་མ་གང་ཆོས་ལུགས་པ་ལ་སྤྲད་པའི་ཁུངས་ཨེ་ཡོད། བོད་ཀྱི་རིག་གཞུང་ང་ཚོ་ཆོས་ལུགས་པས་འཛིན་ཡོད། བོད་ཀྱི་རང་དབང་ཆེད་དུ་རང་སྲོག་ང་ཚོ་ཆོས་ལུགས་པས་བཏང་ཡོད། ཉམ་ཐག་བྱིས་པ་ང་ཚོས་གསོས་ཡོད། རྒན་གཅོང་ནད་པ་ང་ཚོས་བལྟས་ཡོད། ཁྱེད་འདྲ་བ་ཉུང་ཤས་ཞིག་དམར་པོའི་ལྟ་བ་ལད་མོ་བྱས་ཙམ་མ་གཏོགས་གང་ཤེས་ཀྱི་ཡོད། ལས་མེད་ཡིན་ན་ཁྱོད་རང་ལས་མེད་རེད། ཁུར་པ་ཡིན་ན་ཁྱོད་རང་རེད།
བླ་མའི་ཆོས་ལུགས་ཟེར་བའི་ཐ་སྙད་འདི་ནི་བོད་ཀྱི་བན་ཆོས་དང་བོན་ཆོས་རྗེས་འབྲངས་གཉིས་ཀར་འབབ་པ་ཞིག་རེད་མ་གཏོགས་བན་དེ་བ་ཁོ་ནར་འབབ་པ་ཞིག་ལ་ཡིན། བན་བོན་གཉིས་ཀའི་ཉམས་ལེན་ནང་བླ་མར་སངས་རྒྱས་ལས་ལྷག་པའི་དད་པ་འཇོག་གི་ཡོད་པ་མ་རེད་དམ། ཡོད་ན་ནི་བླ་མའི་ཆོས་ལུགས་ཞེས་པའི་འབྱུང་ཁུངས་དེ་ཡང་ཐེག་དམན་བཞིན་སངས་རྒྱས་དང་པོར་འཇོག་པ་མ་ཡིན་པར་བླ་མ་དང་པོར་འཇོག་པའི་ལུགས་ལ་འབོད་སྲོལ་ཡོད་པ་དེའི་ཁོངས་སུ་གཏོགས་པ་རེད། དཔེར་ན་དཔྲ་སྟོན་གྱིས་མཛད་པའི་ཀུན་མཁྱེན་ཤར་རྫ་བའི་རྣམ་ཐར་གྱི་མཆོད་བརྗོད་དེར་ཡང་ཐོག་མར་བླ་མ་དང་དེ་ནས་སངས་རྒྱས་དང་གཡུང་དྲུང་བོན་དང་སེམས་དཔའི་སྡེ་སོགས་རིམ་བཞིན་བྲིས་ཡོད་པ་རེད།
བོད་གྱི་ལོ་རྒྱུས་ཐོག་བོན་གྱིས་དཀའ་ངལ་བཟོས་པ་ནི་ཕྱིའི་མཐའ་དམག་ལས་ཀྱང་ཐུ།
སྲོང་བཙན་དང་ཁྲི་སྲོང་སོགས་ཀྱི་སྐུ་དུས་སུ་བདུད་བློན་བློན་ཟེར་བ་དེ་ཚོས་སྐུ་ངལ་ག་ཚད་ལྷོངས་འདུག་དེ་ཚོ་བོན་པོ་ཚོ་རེད།
ཁྱད་པར་དུ་རྒྱལ་སྲས་འུ་དམ་ལ་སྡིག་བློན་སྦུས་སྟག་སྣ་སོགས་ཀྱིས་ཇུས་ངན་བསླབས་ནས་གྱོང་གུད་ཆེན་པོ་བཏང་མྱོང་ཡོད། བར་ལམ་འུ་དམ་གྱིས་རང་ཉིད་ཇུས་ངན་གྱི་འོག་ཏུ་སོང་བ་མཁྱེན་ནས་སླར་ནང་ཆོས་དར་སྤེལ་བྱེད་མགོ་བརྩམས་པ་ན་བོན་བདུད་བློན་ཚོས་འུ་དམ་ལ་མདའ་རྒྱབ་པ་དང་འུ་དམ་གྱིས་ཀྱང་ཁོང་ཡང་ན་གསད་སྔ་སོང་ཡང་ན་གསད་འཕྱི་སོང་གསུངས་མྱོང་། དེ་མ་ཐག་ཇུས་ངན་གཉིས་བཤམས་པ་ནི། བོད་རྒྱལ་གསོད་པའི་ནག་ཉེས་ཆོས་པའི་མགོ་ལ་གཡུག་པ་དང་། ལམ་སང་བུ་ཕྲུག་མ་འབྱར་ཞིག་འཚོལ་པ་རེད། ཨེ་བདེན་ཏུན་ཧོང་ཡིག་རྙིང་ཁག་ལ་གཟིགས་དང་གོ་འོང་།
ཞང་ཞུང་གི་སྨར་ཡིག་ཟེར་བ་དེ་གཟུགས་ལ་བལྟས་པ་ཙམ་གྱིས་སྔ་མོའི་ཡིག་རིགས་ཤིག་མིན་པ་ཤེས་ཐུབ། ལོ་ངོ་སྟོང་ཕྲག་སྔོན་གྱི་ཡིག་རིགས་ནི་མི་རྣམས་ད་ལྟ་ནང་བཞིན་ཤེས་ཡོན་རྒྱས་པའི་སྐབས་མ་ཡིན་པས་ཡིག་གཟུགས་ཡང་སྔ་མོའི་ཡིག་གཟུགས་གཞན་ནང་བཞིན་སེམས་ཅན་གྱི་གཟུགས་རིས་སམ་རི་མོ་འཁྱར་འཁྱོར་ཙམ་ལས་གྲལ་བསྒྲིགས་པོ་དེ་འདྲ་བྱུང་མི་སྲིད་པ་རེད།
ཤར་རྫ་བཀྲ་ཤིས་ཟེར་བའི་འཇའ་ལུས་པ་དེ་རྙིང་མས་བོན་ལ་རྐུས་པ་ཡིན་ནམ་རྙིང་མར་བོན་གྱིས་རྐུས་པ་ཡིན་གནད་འགག་ངོ་མ་ནི། བོན་གྱིས་ཆོས་རྐུས་སམ་ཆོས་ཀྱིས་བོན་རྐུས་པ་ཡིན་དེ་ལ་ཐུག་ཡོད།
ཆོས་ཚིག་གང་ཞིག་ལེགས་སྤྱར་ལ་མེད་ན་རྒྱ་གར་གྱི་ཆོས་མིན་པར་འགྱུར་ན། ཆོས་ཚིག་གང་ཞིག་ལེགས་སྤྱར་ནང་ཡོད་པའི་ཆོས་རྣམས་རྒྱ་གར་ནས་ཡིན་པར་ཁས་ལེན་དགོས་པས་བོན་གྱི་རྩ་བའི་དམ་བཅའ་ཚར་བ་རེད།།
ཀླུ་སྨྱོན་ལགས་
སྨར་ཡིག་ལ་ལོ་ངོ་བཞི་སྟོང་ལྔ་སྟོང་གི་ལོ་རྒྱུས་ཡོད་པ་ཁྱེད་ཀྱི་མ་གོ་བ་ཡིན་རྒྱུ་མ་རེད།
དེས་ན་དེ་དུས་སྨར་ཆུང་བཟོ་མཁན་མི་ཞིག་གིས་དབྱིན་ཡིག་དེ་ལ་དཔེ་ལྟས་ཏེ་སྨར་ཆུང་ཇི་ལྟར་བྱེད་དེ་བཟོས་ཡོད་དམ།
ཉེ་བའི་བཟུང་དོན་བོར་ནས།
རིང་བའི་ཡུལ་ལ་འཇུག་དོན་མེད་པའི་ཕྱིར།
ཞེས་པ་དེ་མ་རེད་དམ། ཉེ་བའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་ཤེས་རིག་དར་ལ་རྒྱས་ཤིང་གནས་པའི་སྐབས་སུ་དེ་ལས་དཔེ་མི་ལེན་པར། རིང་བའི་དབྱིན་འཇིའི་རྒྱལ་ཁབ་ཤར་ནུབ་གོ་ལོག་གི་ཤེས་རིག་ཤིག་ལ་དཔེ་བྱས་ཏེ་སྨར་ཡིག་བཟོས་ཚུལ་ཇི་ལྟར་ཡིན་ནམ། གཅིག་ཤོད་དང།
འདི་ནི་རིག་པ་ཡིན་པ་ལས་ཚིག་རྩུབ་དེ་འདྲ་མ་ཡིན། མ་གཞི་ནས་སྨྱོན་པ་ཞེས་པ་ནི་ཁྱེད་རང་གི་མཚན་ལས་སྨོས་པ་ལས་ཚིག་རྩུབ་ཡིན་བསམ་པ་མེད།
མ་གཞི་ནས་ནམ་རྒྱུན་ཁྱེད་རང་བཟོད་སྒོམ་ཆེད་ཚུལ་ཞིག་སྟོན་བཞིན་ཡོད་མ་ཟད། ཁྱེད་ནས་རྩོམ་རེ་རྒྱ་མཚོར་འཕང་སྟེ་དེ་ནས་མཆན་བུ་ཚོར་མིག་ལྟས་མེད་པར་ལོག་ཕབེས་མཁན་ཞིག་ཡིན། འོན་ཀྱང་དེ་རིང་འདིར་ཟུག་སྟངས་འདི་ལ་རྒྱུ་མཚན་ལོས་ཡོད། དེ་གནད་འགག་མིན། ལོས་ཡོད། གཅིག་བསྒྱུར་གྱི་བསམ་བློ་དེ་ཡོད་ཡོད་པ་རེད།
ཀླུ་སྨྱོན་ལགས།
ཁྱེད་རིགས་པ་སྨྲ་བ་ཡིན་པས་ངས་ལན་ཅིག་འབྲི་འདོད།
བོད་ཀྱི་བླ་མའི་ཆོས་ལུགས་ཟེར་བ་དེ་དེ་འདྲ་ལ་བཤད་ཀྱི་མི་འདུག ཡིན་ནའང་ཁྱེད་རང་གིས་རང་གི་བསམ་ཚུལ་གྱི་འགྲེལ་བཤད་རྒྱབ་ན་འགྲིག་ཀྱང། ཐོག་མར་འདི་ལྟར་ཤོད་པ་པོ་དག་གིས་དེ་ལྟར་གོ་བ་མ་རེད།
དོན་ཚན་བཞི་ཡིས་སྒོ་ནས་མིང་དེ་ལྟར་བཏགས་པ་རེད། འདི་ལ་དགོངས་པ་འདྲ་ཡོད་ན་བཞེས་རོགས།
༡ བོད་ཀྱི་སངས་རྒྱས་ཆོས་ལུགས་དེ་ལ་འཛམ་གླིང་ཐོག་གི་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་སངས་རྒྱས་ཆོས་ལུགས་དང་རྩ་བ་ནས་མི་འདྲ་བའི་དམིགས་བསལ་ཁྱད་ཆོས་ཡོད་པ་རེད་ཟེར་བ་དང།
༢ བོད་ཀྱི་སངས་རྒྱས་ཆོས་ལུགས་སྔ་དར་སྐབས་ལ་སངས་རྒྱས་ཆོས་ལུགས་ངོ་མ་རང་ཡིན་ཀྱང། སངས་རྒྱས་ཆོས་ལུགས་དང་བོན་ཆོས་གཉིས་བར་རྫ་དྲག་ཆེ་བའི་འཐབ་རྩོད་ཐེངས་མང་དུ་བྱུང་བ་བརྒྱུད། ཕྱི་དར་སྐབས་བོད་ཀྱི་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་བོན་ཆོས་དང་སངས་རྒྱས་ཆོས་ལུགས་གཉིས་ཕན་ཚུན་མཉམ་བསྲེས་བྱས་པ་དཔེར་ན། མདོས་བཞེངས་པ། གླུད་གཏོང་བ། གཡང་སྒྲུབ་བྱེད་པ། གཏོར་ཟོར་འཕེན་པ། ལྕགས་མཁར་སྲེག་པ། རྔ་རྡུང་སྦུབ་དཀྲོལ། ཕུང་པོ་ཞུགས་འབུལ་བྱེད་པ་བཅས་ནི་བོན་ཆོས་ཡིན་རུང་བོད་ཀྱི་སངས་རྒྱས་ཆོས་ལུགས་པས་དེ་དག་ལག་ལེན་བྱེད་ཀྱི་ཡོད་པ་དེ་ནི་སངས་རྒྱས་ཆོས་ལུགས་ངོ་མ་མིན་ཟེར།
༣ བོད་དུ་བླ་མས་སྲིད་བཟུང་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཤིག་ཡོད་པ་དེ་ནི་ཆོས་སྲིད་མཉམ་བསྲེས་བྱེད་པའི་་བོད་ཀྱི་ཆོས་ཡིན་པ་ལས། སངས་རྒྱས་ཆོས་ལུགས་མིན་ཟེར།
༤ བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་དམིགས་བསལ་ཅན་དེ་ནི་བོད་ལ་མ་གཏོགས་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་སངས་རྒྱས་ཆོས་ལུགས་ལ་གཏན་ནས་མེད་པས་དེ་ནི་བོད་ཀྱི་ཆོས་ལུགས་ཁོ་ནའི་ཁྱད་ཆོས་རེད་ཟེར།
འོ་འདི་ཚོ་རེད།
དབང་ཆེན་ཟེར་མཁན་དེ་ཡིས།
ཐུར་ཁྱབ་བླངས་འདུག
དང་པོ་ཁྱབ་པ་ལེན་ཚུལ་ལ་སློབ། དེ་ནས་ཕེབས་ན་འགྲིག་གི་རེད། བྲེལ་བ་མ་བྱེད།
བོན་པོའི་བཀའ་བསྒྱུར་དཔེ་བཤུས། བསྟན་བསྒྱུར་དཔེ་བཤུས། མཚན་ཉིད་དཔེ་བཤུས། རྫོགས་ཆེན་དཔེ་བཤུས་པ་སོགས་ཧ་ཅང་མང་། ནང་པས་བསངས་གསོལ་དཔེ་བཤུས། དར་ལྕོག་དང་རླུང་རྟ་དཔེ་བཤུས་པ་སོགས་ཉུང་། གང་ལྟར་བོན་པོ་སྤྱང་པོ་བྱུང་འདུག བོན་པོ་ནང་པ་ཡིན་པ་མ་བརྫུས་ན་བོད་ནང་ཆེ་མཐོང་མ་སླེབས་པའི་རྐྱེན་གྱིས་དེ་ལྟར་གསར་བཟོ་བྱས་པ་རེད། གོང་གི་དཔེ་ཆ་ཞང་ཞུང་སྨར་ཡིག་གི་དབུར། དང་པོ་ཞང་ཞུང་སྐད་དང་། དེ་ནས་བོད་སྐད་དུ་ཞེས་གསལ་འདུག་པས་གང་ལྟར་བཀའ་བསྟན་གྱི་བྲི་སྲོལ་ལས་དཔེ་བཤུས་ཡིན་པ་ཧ་ཅང་གསལ།
ཀུན་མཁྱེན་ཤར་རྫ་བའི་སྐོར་ལ་གསལ་བཤད། བདུད་འཇོམས་ཆོས་འབྱུང་དུ། གཏེར་ཆེན་བདུད་འཇོམས་གླིང་པའི་བུ་སློབ་འཇའ་ལུས་ཐོབ་པ་བཅུ་གསུམ་བྱུང་བ་དང་ཤིན་ཏུ་ཉེ་བ་དེང་སང་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལ་མདོ་ཁམས་གླིང་ཚང་རྫ་པ་བཀྲ་ཤིས་འོད་ཟེར། དེ་རྗེས་མེ་གླང་ལ་དེའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚན།བྱབྱ༣ཞེས། ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་མཚན་ལ། རྫ་པ་བཀྲ༵་ཤི༵ས་འོ༵ད་ཟེ༵ར་ཞེས་མཚན་བསྒྱུར་ཞུས་ཏེ་ཁོང་གི་ཞལ་སློབ་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་དང་བཅས། སྔ་འགྱུར་རྙིང་མའི་ཆོས་སྒོར་ཞུགས་པའི་གྲུབ་ཆེན་གྱི་སྐྱེས་བུར་ངོས་འཛིན་བྱས་པར་མ་ཟད། བདུད་འཇོམས་པའི་བུ་སློབ་ལྟ་བུར་བཤད་པ་གནང་འདུག་ཀྱང༌། དམ་པ་དེ་གཉིས་གཡུང་དྲུང་བོན་གྱི་བསྟན་སྒོར་ཞུགས་ཏེ། རང་དོན་དུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་ཕུལ་དུ་ཕྱིན་པར་མཛད་ཅིང༌། ཁྱད་པར་གཞན་དོན་དུ་ཨ་སྙན་རྫོགས་གསུམ་གྱིས་མཚོན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར། འཆད་ཉན་སྒོམ་གསུམ་བྱེད་སའི་བསྟི་གནས་བཅུ་ཕྲག་མང་པོ་གསར་བཙུགས་ཀྱིས། སྟོད་གངས་རི་དཀར་པོ་ནས་སྨད་མདོ་སྨད་རྟ་ཡི་ཆོལ་ཁའི་བར། མདོར་ན་བོད་ཡུལ་ཁྱོན་ཡོངས་སུ་གང་གི་རྗེས་སུ་འཇུག་ཅིང་དད་དམ་ལ་གཡོ་བ་མེད་པའི་མཁས་ཤིང་གྲུབ་པ་ཐོབ་པའི་སློབ་མ་བརྒྱ་ཕྲག་མང་པོ་སྨིན་པར་མཛད་པ་མ་ཟད། ད་ལྟའང་བོད་ཡུལ་སྟོད་སྨད་ཀུན་ཏུ་དེ་དག་གི་སྒྲུབ་རྒྱུད་འཛིན་པའི་སྒྲུབ་པའི་སྡེའང་མི་ཉུང་བ་ཞིག་ཡོད་མུས་སུ་མཆིས།
དེས་ན་ཀུན་མཁྱེན་འཇའ་ལུས་པ་མཆོག་བཤད་པ་དང་ཐོས་པ་ཙམ་གྱིས་ཐུགས་ཡིད་མ་ཚིམས་པར་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཞང་ཞུང་སྙན་རྒྱུད་ཀྱིས་མཚོན་སེམས་ཕྱོགས་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་ལ་ཉམས་ལེན་རྩེ་གཅིག་ཏུ་གཞོལ་ཏེ། མཐར་འཇའ་ལུས་འཕོ་བ་ཆེན་པོའི་འོད་སྐུར་ཐིམ་སྟེ་སྐུ་གསུམ་གྱི་རྒྱལ་སར་མངོན་དུ་འཁོད་པ་སོགས་ནི། བོན་རང་ལུགས་ཀྱི་གདམ་པ་ཟབ་མོ་ཉམས་སུ་བླངས་པའི་ཕྱག་རྗེས་ཁོ་ན་ལས་བྱུང་བས། དེས་ན་དེ་ལྟའི་ལམ་ནས་དམ་པ་དེ་ཉིད་གྲུབ་མཐའ་གང་གི་ཁོངས་སུ་ཞུགས་མིན་སོགས་རྒྱས་བསྡུས་ཅི་རིགས་སུ་བཞུགས་པའི་གང་གི་རྣམ་པར་ཐར་བ་དག་ལས་ཀྱང་ཤེས་ཐུབ་ཅིང༌། གཞན་ཡང་གང་གིས་མཛད་པའི་གསུང་འབུམ་གླེགས་བམ་བཅུ་ཕྲག་མང་པོ་གཡུང་དྲུང་བོན་གྱི་བརྟེན་འགྱུར་རིན་པོ་ཆེའི་གྲས་སུ་ད་ལྟ་དངོས་སུ་བཞུགས་པས་དེ་དག་ལས་ཀྱང་ཁུངས་གང་ཡིན་གྲུབ་པས་སོ། །ད་དུང་གྲུབ་པ་ཐོབ་པའི་རྒྱུད་འཛིན་དངོས་སློབ་ད་ལྟའང་བཞུགས་ཡོད་པས། ཆོས་བརྒྱུད་གང་དུ་གཏོགས་མིན་དེ་ཙམ་གྱིས་གསལ་བཤད་མང་པོས་དགོས་པ་ཆུང༌། ཕྱོགས་གཅིག་ནས་འདི་ལྟར་བསམ་ཚེ་སྔ་རབས་ཀྱི་གཏེར་སྟོན་མང་པོ་ཞིག་ལའང་རྗེས་སུ་ཞིབ་འཇུག་སོགས་ཀྱི་གོ་སྐབས་མཆིས་ཚེ་བོན་ཆོས་དང་རྙིང་ཆོས་བར་དཔྱད་པ་བྱ་རྒྱུ་མང་པོ་ཞིག་ལྷག་འདུག་སྙམ།
དབང་ཆེན་ལགས།
ཆོས་ཀྱིས་བོན་རྐུས་རེད་འདོད་རྒྱུ་ཡིན།
ཆོས་ཀྱིས་བོན་རྐུས་ཏེ། བོན་གྱི་གཞུང་ལུགས་ཁག་ལ་མིང་སྣ་ཚོགས་བཏགས་ནས་རྐུས་པའི་ཕྱིར། མ་ཟད་ཆོས་ཀྱིས་བོན་པོ་ཡང་རྐུས་ཏེ་བོན་པོའི་མིང་བསྒྱུར་ཏེ་ཆོས་ཀྱིས་མཇའ་ལུས་པ་ཡིན་པར་བརྗོད་དེ་རྐུས་པའི་ཕྱིར།
ཆོས་ཀྱིས་བོན་རྐུས་པ་ནི།
དེ་ཡིན་ཏེ། བོདཀྱི་བླ་མའི་ཆོས་ལུགས་ལས་གཞན་པའི་ཤཀྱ་ཐུབ་པའི་རྗེས་འབྲེང་ས་ཁེབས་གནམ་ཁེབས་དེ་དག་གིས་རྫོགས་ཆེན་ད་ཕར་ཞོག་ཐེག་ཆེན་ཙམ་ཡང་ཁས་མི་ལེན་པའི་ཕྱིར།
རྐུ་མའི་དཔང་རྟགས་དེ་རེད།
ད་དུང་དཔལ་ན་ལན་ཌ་ཡི་ལུགས་ཟེར་བ་དེ་ཚོ་བོད་ཀྱི་བླ་མའི་ཆོས་ལུགས་རྗེས་འཛིན་དེ་ཚོས་བཟོས་པ་རེད།
བདུད་འཇོམ་གྱིས་་་་་བོན་གྱི་བླ་མ་འཁྲུལ་པ་མེད་པ་དུས་རབས་ཉི་ཤུའི་ནང་དུ་འཁྲུངས་ཤིང་ཀུན་གྱིས་རིག་རིག་གསལ་གསལ་དུ་གྱུར་བའི་་་་ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་མཚན་ལ། རྫར་པ་བཀྲ་ཤིས་འོད་ཟེར་ཅེས་མིང་གསར་དུ་བཏགས་ཏེ་་་་ད་དུང་རྙིང་མའི་མཇའ་ལུས་ཐ་མ་དེ་ཡིན་རབས་བཤད་པ་སོགས་ངོ་མ་ངོ་ཚ་རྒྱུ་མི་འདུག ་ཀུན་གྱིས་རིག་རིག་གསལ་གསལ་གོ་གོ་ལ་མི་རྐུས་མ་རྐུས་སོང།
ད་དུང་ངན་པ་རྒྱུན་འཇམ་དུ། རྒྱ་བོད་ཚིག་མཛོད་དུ་་ཅིག་ཅིག་མིག་མིག་ལོར་རྫར་པ་བཀྲ་ཤིས་འོད་ཟེར་འཇའ་ལུས་སུ་དེངས་ཞེས་འདི་ཚོས་སྔར་ཀྱང་དེ་འདྲ་རང་བྱས་ད་དུང་དཔེ་རྐུན་མི་རྐུན་བྱེད་སྟངས་འདི་ལ་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་པར་ཞུ་བཏུག་བྱེད་དགོས་པ་ཞིག་རེད།
ད་དུང་དེ་ཡིས་ག་ལ་ཚད། ཤར་རྫའི་སློབ་མ་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་ཡང་རྐུས་འདུག
ཨ་ཙི་བླ་མ་སློབ་བུ་ཚང་མ་རྐུ་སྟངས་འདི་ལ་བསམ་དུས། དུས་རབས་བདུན་པའི་སྐབས་སུ་ཅི་ཞིག་བྱས་མེད་དམ། འདི་ཚོས།
མུ་ཙུ་སྨར་རོ།
བོན་རྒྱལ་ལོ།
བོན་པོའི་མཆེད་ཁུངས་ནི་ཁ་ཤས་ཀྱིས་མུ་སྟེགས་དབང་ཕྱུག་པའི་ལྟ་བ་ཡིན་ལུགས་དང་ཡང་རྒྱ་ནག་གི་གནའ་བོའི་ཏོའོ་ལུགས་ཡིན་པ།སྟག་གཟིག་འོལ་མོ་ལུང་རིང་ཟེར་བ་དེའང་Persiaཀི་ས་ཆ་ཅིག་ཡིན་པ་དང་།ཞང་ཞུང་གི་གངས་ཏི་སེའི་ཉེ་འགྲམ་ཅིག་ཡིན་པ་སོགས་བཤད་ཚུལ་འདྲ་མིན་ཡོད་པ་གང་ལྟར་ཀྱང་།བོན་ནི་གནའ་རབས་བོད་མིའི་ཆོས་ལུགས་དང་གཞི་ལམ་འབྲས་བུའི་རྣམ་བཞག་སྟོན་རྒྱུ་ཡོད་པ་ཅིག་ཡིན་དུས།བོན་རྣམས་སོ་སོའི་ཆོས་ལ་ཐུགས་ཞེན་ཡོད་པ་དེ་རྒྱུ་མཚན་ལྡན་པ་ཅིག་ཆགས་ཡོད།
ནང་པ་ཁ་ཅིག་གིས་བོན་པོའི་ནང་ཆོས་བརྐུས་ལུགས་སོགས་བཤད་པ་བློ་གཟུ་བོར་གནས་པ་ཅིག་མ་རེད་སྙམ།སྤྱིར་ཆོས་ལུགས་ཁག་གི་ལྟ་གྲུབ་གང་ཡིན་ན་ཕན་ཚུན་ལ་དཔེ་བལྟས་ཏེ་ཡར་རྒྱས་འཐུས་ཚང་དུ་བཏང་ཡོད་པ་གསལ་བོ་རེད།དཔེར་ན་ནུབ་ཕྱོགས་པའི་ཡེ་ཤུས་དང་ཁ་ཆེ་ལྗོའུ་ཆོས་ལུགས་གསུམ་ལ་སྤུན་གྲོགས་གསུམ་ཞེས་འབོད་ཀྱི་ཡོད་ཅིང་།རྒྱུ་མཚན་ཆོས་ལུགས་དེ་ཚོར་སོ་སོའི་སྟོན་པ་ཡོད་མིན་ལ་མ་ལྟོས་པར་གཅིག་དཔེ་གཅིག་ལ་བླངས་ཏེ་དོན་དངོས་ཁྱད་པར་ཆེན་པོ་མེད་རེད།
ཤར་ཕྱོགས་སུ་ནང་ཆོས་དང་ཧིན་དུ།གཅེར་བུ་པ་སོགས་འདྲ་ཆོས་ཤིན་ཏུ་མང་བ་མ་ཟད།དེང་གི་ཧིན་དུ་ཚོས་སངས་རྒྱས་བཅོམ་ལྡན་འདས་ནི་ཁྱབ་འཇུག་གི་སྤྲུལ་བ་ཡིན་པ་དང་།ཧིན་དུ་ཁྱིམ་ཚང་ཅིག་ཏུ་འཁྲུངས་པས་ཁོང་ཧིན་དུ་རེད་ཅེས་ཨུ་ཚུགས་གནང་གི་འདུག
ལྷག་པར་ནང་པའི་མདོ་ཕྱོགས་ཀྱི་བསླབ་པ་གསུམ་གྱི་ཉམས་ལེན་དང་ཞི་ལྷག རྟེན་ཅིང་འབྲེལ་འབྱུང་དང་སྟོང་ཉིད་ཀྱི་ལྟ་བ།ལས་རྒྱུ་འབྲས་ཀྱི་རྣམ་བཞག་སོགས་འཛམ་གླིང་གི་ཆོས་ལུགས་ལོ་རྒྱུས་དེབ་གྲགས་ཅན་མང་ཆེ་བའི་ནང་མུ་སྟེགས་པའི་ལྟ་བ་ཡིན་ལུགས་བྲིས་འདུག་མ་གཏོགས།ནང་བའི་ཐུན་མོང་མ་ཡིན་པ་ཡིན་ལུགས་འབྲི་མཁན་ཧ་ལམ་མི་འདུག
ལར་ང་ཚོ་ནང་པ་རང་ཉིད་ལའང་རྒྱུ་ཕར་ཕྱིན་དང་འབྲས་བུ་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་གནད་མང་པོ་ཅིག་སངས་རྒྱས་ཀྱིས་གསུངས་པའི་ཁུངས་སྐྱེལ་གང་ཡང་མེད་པའི་ཐོག མུ་སྟེགས་པའི་གཞུང་ན་མདོ་ཕྱོགས་ཀྱི་རྟེན་འབྲེལ་སྟོང་ཉིད་དང་སྔགས་ཕྱོགས་ཀྱི་སྒྱུ་ལུས་དང་འོད་གསལ།འཇའ་ལུས་དང་འཕོ་བ།གྲོང་འཇུག
གཏུམ་མོ།རླུང་གི་རྣལ་འབྱོར་སོགས་བསྐྱེད་རྫོགས་ཀྱི་གནད་འགག་མང་པོ་གཅིག་མཚུངས་ཡོད་པས།ཁོང་ཚོས་ང་ཚོ་ལ་བརྐུས་རེད་ཟེར་དགོས་སམ་ང་ཚོས་ཁོང་ཚོ་ལ་བརྐུས་རེད་དམ།འདིའི་སྐོར་དགེ་ཆོས་ལའང་མགོ་རྙོག་ཤར་ཏེ་གསེར་ཐང་དུ་བརྒལ་བརྟག་བྱས་འདུག
ལོ་རྒྱུས་ཀྱི་ཆ་ནས་མུ་སྟེགས་པ་ཚོ་སྔ་བ་ཡིན་པས་ང་ཚོས་ཁོང་ཚོ་ལ་བརྐུས་རེད་ཅེས་ན་འདྲ་བོ་ཡོད་པ་རེད།གང་ལྟར་འདི་ཚོ་ཆོས་ལུགས་ཤིག་ཡར་རྒྱས་འཐུས་ཚང་འགྲོ་བའི་བརྒྱུད་རིམ་ཙམ་ཡིན་པས།ཕན་ཚུན་བརྐུས་རེད་སོགས་ཚིག་ངན་བཤད་རེས་བྱས་ན་དགེ་མཚན་ཅི་གང་མེད་པ་རེད།
དེ་ནས་ཨ་མདོ་ནས་བན་བོན་འཐབ་རྩོད་ཆེ་རབས་བཤད་མཁན་འདི་མི་གཡོ་སྒྱུ་ཅན་ཅིག་རེད་འདུག ཨ་མདོ་ན་གྲུབ་མཐའ་ཕན་ཚུན་ཧ་ཅང་མཐུན་ལམ་ཡག་པོ་ཡོད་པའི་དན་རྟགས་སུ་བོད་ཀྱི་བོན་པོ་མང་ཤོས་ཨ་མདོ་ན་ཡོད་ཅིང་།དབུས་གཙང་ཁམས་གསུམ་ན་རྗེས་ཆད་བསྡད་པའི་ཇོ་ནང་པའང་ཨ་མདོ་ལ་ཧ་ཅང་མང་པོ་ཡོད།གྲུབ་མཐའ་གཞན་ཚོ་བཤད་མ་དགོས་པ་རེད།ཐ་ན་ཁ་ཆེའང་དགེ་ལུགས་པའི་བླ་མའི་ལྷ་སྡེ་ཡིན་པ་གང་ཞིག་ཆོས་ལུགས་Islam རང་ཡིན་པ་མི་སྡེ་ཆེན་པོ་ཡོད།མདོར་ན་ས་ཆ་དེ་ཆོས་ལུགས་ཕན་ཚུན་བཙན་གནོན་བྱེད་རེས་ལས་ལྡོག་ཏེ་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ཡག་ཤོས་ཤིག་ཡིན།ཆོས་ལུགས་སྣ་ཚོགས་ལ་དད་མོས་བྱེད་མཁན་འདྲེས་བསྡད་ཡོད་ནའང་ཆོས་ལུགས་ཀྱི་ཆ་ནས་དམག་བརྒྱབ་རེས་བྱས་པ་ཧ་ལམ་ཐོས་མྱོང་མེད།
ཨུ་རྒྱན་ཉི་མས་ཆོག་ཤེས་བྱས་པ་ཡིན་ས་རེད།
གང་ཡིན་ཟེར་ན་ཁོས་ཆོག་ཤེས་ཞེས་པའི་དེབ་ཆ་ལ་ཆོ་ལེ་ཞིག་བྲིས་འདུག
ལན་མེད་དུས་ཆོག་ཤེས་བྱས་ཏེ་བསྡོད།
བོད་ལ་ཞེན་ནས། ཟེར་བ་སོགས་དྲ་འབུ་མང་དག་ཞྀག་འདུག་པ་འདི་དག་ནི་རྒྱལ་པོ་སྲོང་བཙན་ཡར་སྔོན་དུ་བོད་ཡིག་དང་ཞང་ཡིག་ན་དེ་རིང་ཁུར་འདིར་སྟོན་དགོས་དགོས་ཁུར་ཤོག་ཟེར་བ་དེ་རེད། སྲོང་བཙན་གྱི་དུས་སུ་རིག་གནས་གསར་བརྗེ་ཚད་མེད་བཏང་བ་དང་། ཡང་དེ་རྗེས་ཁྲི་སྲོང་གི་དུས་དུས་བོན་པོ་ཡིན་མིན་དང་པོ་ནས་ཞིབ་འཇུག་བྱེད་ཀྱི་ཡོད། ཆོས་བྱེད་རྒྱུ་དང་རིག་གཞུང་རང་སྐྱོང་བྱེད་རྒྱུའི་བདག་དབང་ཞྀག་ག་ཡོད། དཔེན་ན། དེང་དུས་རྒྱན་ཆགས་དུ་ལྷག་པའི་གུས་ལུགས་ལྕེ་དམར་པོ་མདུན་དུ་སྟོན་ཙམ་བྱེད་རྒྱུ་དེ། ང་བོན་པོ་མིན་ཟེ་རབའི་དོན་རེད། དེ་འདྲའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དང་། བཙན་གནོན་རིང་ལུགས་དང་། ཇག་ཚོགས་རིང་རིང་ལུགས། གཉའ་གནོན་བཤུ་གཞོགས་རིང་ལུགས། མི་གཅིག་དབང་འཛིན་རིང་ལུགས། ཆོས་སྲེིད་ཟུང་འབྲེལ་རིང་ལུགས་སོགས་ཀྱིས་ཕ་མེས་སྲོལ་བཟང་རིང་ལུགས་དང་། ས་སྐྱེས་ཀྱི་རྡོ་སྐྱེས་ཀྱི་ཕབ་མེས་གོང་མའི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཁོ་ནས་དུས་རབས་བདུན་པ་ནས་ད་ཆ་དུས་ཉེར་གཅིག་བར་མི་ལོ་གསར་༡༤༠༠་ཡས་མར་ཞིག་གི་ནང་དུ་གོད་ཆག་ཆེན་པོ་ཕོག་པའི་ཡི་གེ་དང་། རིག་གཞུང་། རང་གི་ཕ་མེས་ཀྱི་ཆོས་ལུགས་གཡུང་དྲུང་བོན་གསོན་པོ་གནས་པ་དེ་གཟི་བརྗིད་རེད་ལ། བོད་ཀྱི་ཕ མེས་ཀྱི་ལས་དབང་དེ་རཛོགས་མེད་པའི་རྟགས་རེད། དེ་རིང་ཞང་ཱུཞང་སྨར་ཆུང་ཡར་རྒྱས་ཀྱི་རྨང་གཞི་འདེང་ཐུབ་པ་དེས་ཕན་ཐོག་ཆེན་པོ་ཡོང་ངེས་རེད། ད་བར་རྒྱ་དཀར་ནག་གཉིས་ཀྱི་རྐུབ་རྐྱང་རྐྱང་བདག་སྟེ་རང་གི་རྒྱལ་ཁབ་མེད་པ་བཟོས་། རང་གི་ཆོས་ལ་སྡང་ཟུག་བྱས། རང་གི་ཡི་རིགས་རྩ་མེད་གཏོང་ཁོ་ནས་མི་༡༤༠༠་བསྐྱལ་ཡོད་པ་མགོ་རུལ་པ་སྣས་མ་ཚོར་བ་དེ་འདྲ་གང་ཡིན་ནམ།
ད་དུང་ངོ་ཚ་རྒྱུ་མེད་པའི་བོད་པ་འདི་ཚོས་འཇོན་རབས་བཤད་ཡོང་དུ་ཁ་མི་དགོས་རྐུབ་གང་མོ་ཤོར་ཡ་རེད། རང་ལ་ཡོད་པའི་ཆོས་དང་རིག་གཞུང་བདག་གཅེས་བྱེད་རྒྱུའི་ཚབ་ཏུ་རྒྱུ་དང་སྟོབས་པའི་ཆོས་དང་ལུགས་སྲོལ་དེ་རྩ་ཆེན་དུ་བརྩིས་ནས་རང་ཚུགས་མ་ཟིན་པར་བོད་པ་འདི་ཚོ་འཛམ་བུ་གླིང་གི་ཆབ་ཁང་འཁྲུ་མཁན་དང་། རྒྱོ་གདན་གཙང་མ་བཟོ་མཁན། དེ་བཞིན་འཛམ་གླིང་གང་སར་རྐུབ་གཡོག་ཁོ་ནར་རྒྱུག་དགོས་པ་ཆགས་པ་དེ་གནས་སྐབས་ཀྱི་ཁེ་ཕན་རྐྱང་རྐྱང་བསྒྲུབ་ཐབས་་དང་། ལས་འབྲས་ཁྱད་བསད་བཏང་བའིུ་གྲུབ་འབྲས་ཞིག་མ་རེད་དམ། དེ་མིན་མི་འབོར་བཞི་ཙམ་ལས་མེད་པའི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་པ་ལ་གཅིག་ལྟོས་དང་རང་བཙན་གཙང་མ་རེད་གདའ།
བོན་པོ་ཚོ་ལ་བོད་མི་མང་ཆེ་བས་གདོན་འདྲེ་ལྟར་ལྟ་དགོས་དོན་ཅི་ཡིན་ནམ་ད་ལྟ་ཁ་བརྡ་དྲ་བ་ནང་བོན་ལ་ལྟ་སྟངས་ལྟར་སྔོན་ཁྲི་སྲོང་སྐབས་སུ་བོན་གཤེན་རྣམས་མཐའ་རུ་བཅུག་བོན་དཔེ་རྣམས་ལ་ལ་ཆུ་ལ་སྐུར་ལ་ལ་མེ་ལ་སྲེགས་ལ་ལ་ས་འོག་ལ་སྦས་ནས་བོན་སྣུབ་དགེ་ལུགས་པའི་དུས་སུ་བོན་པོ་རྣམས་ལ་ལྟ་སྟངས་ནི་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་རྒྱ་ཡིག་པར་མའི་ནང་དུ་གསལ་བ་ནི་རྒྱ་ནག་མན་ཆིང་གོང་མ་ཆན་ལུང་གི་སྐབས་སུ། སྤྱི་ལོ1747ནས1749བར་དང་། སྤྱི་ལོ1771ནས1776བར་སྔོན་རྗེས་སུ་རྒྱལ་རོང་ཆུ་ཆེན་སོགས་ལ་དམག་བརྒྱབ་པའི་སྐོར། སྤྱི་ལོ1747ལོར་རྒྱལ་རོང་ཆུ་ཆེན་ཚ་ཁོ་རབ་བརྟན་རྒྱལ་པོ་དང་རྒྱ་ནག་མན་ཇུ་གོང་མའི་བར་དམག་འཁྲུག་ལངས། རྒྱ་ནག་ཞིང་ཆེན་བརྒྱད་ཀྱི་དམག་མི་ཁྲི་བརྒྱད་ལྷག་བཏང་ཞིང་འགྲོ་སོང་དངུལ་དཀར་པོ་སྲང་བྱེ་བ་གཉིས་ལྷག་བཏང་། དམག་འཁྲུག་ལོ་གཉིས་ཙམ་བྱས། རྒྱ་དམག་ཆིག་ཁྲི་ཉིས་སྟོང་ཉིས་བརྒྱ་ལྷག་ཙམ་ཤི། བོད་དམག་ཁྲི་གསུམ་ལྷག་ཙམ་ཤི། སྤྱི་ལོ1771ལོར་སླར་ཡང་རྒྱལ་རོང་དང་རྒྱ་ནག་བར་དམག་འཁྲུག་ཐེངས་གཉིས་པ་ལངས། རྒྱ་ནག་གོང་མས་བྱང་ཤར་ས་ཁུལ་ཚུན་ཆད་ཀྱི་རྒྱལ་ཡོངས་ཀྱི་དམག་ཕྱེད་བསྡུས་ཏེ་དམག་མི་འབུམ་ཕྲག་གཅིག་དང་ཁྲི་གཉིས་སྟོང་ཕྲག་ལྔ་ལྷག་ཙམ་རྒྱལ་རོང་ས་ཁུལ་དུ་བཏང་། འགྲོ་སོང་རྒྱ་དངུལ་དཀར་པོ་སྲང་བྱེ་བ་བདུན་ལྷག་ཙམ་བཏང་། སྤྱི་ལོ1776ལོའི་ཟླ་བ་བཞི་བའི་བར་ལོ་ལྔ་ལྷག་རིང་དམག་འཐབ་བྱས། རྒྱ་དམག་ཅིག་ཁྲི་བཞི་སྟོང་བདུན་བརྒྱ་ཙམ་ཤི། དེའི་ནང་རྒྱ་དཔོན་ཆེ་ཆུང་དགུ་བརྒྱ་ཙམ་ཤི། བོད་དམག་ཁྲི་གཉིས་ཤི། བོད་ཤིང་ཁང་ཅན་གྱི་གྲོང་ཚོ་ཉིས་བརྒྱ་ཙམ་མེར་བསྲེགས།
སྐབས་དེར་ཆིན་གོང་མས་རྒྱལ་རོང་བའི་སྲ་མཁྲེགས་ཀྱི་ཀླད་རྙིང་དེ་གནའ་བོའི་བོན་གྱི་རིག་གནས་དང་འབྲེལ་བ་ཡོད་པ་ངོས་འཛིན་བྱས་ཏེ་རྒྱལ་རོང་གི་མི་རྣམས་གོང་མའི་བཀའ་ལ་བརྩི་བཀུར་དང་བསམ་བློ་ཞི་ལྷོད་ཡོང་བའི་ཆེད་དུ་བོན་གྱི་དགོན་པ་རྣམས་དགེ་ལུགས་པར་བསྒྱུར་ཅི་ཐུབ་དང་། བོན་ཆོས་མེད་པར་བྱ་ཅི་ཐུབ་བྱས་ཀྱང་། ཡུལ་མི་མང་ཆེ་བས་བོན་ཕ་མེས་ནས་བརྒྱུད་བསྒྲགས་བྱས་པའི་བོན་གྱི་ཆོས་དང་རིག་གནས་དེ་དག་མ་གཏོང་བ་མ་ཟད། དགེ་ལུགས་པའི་ཆོས་ལ་དད་པ་མི་བྱེད་མཁན་མིང་ཙམ་ལས་ལྷགས་མེད། ། འདི་དག་དོན་དག་གང་ལ་ཐུག་ཡོད་མེད་སྐོར་དྲ་གྲོགས་ཚོས་ཞིབ་བཤེར་ཅིག་གནང་རོགས་གནང་།
བོད་རང་ས་ནས་ལོ་ངོ་སུམ་སྟོང་སྔོན་གྱི་ཞང་ཞུང་ངམ་བོད་བྱང་ཤར་གྱི་ཡི་གེ་རྙེད་པ་དེས་ད་ལྟའི་བོད་ཡིག་གི་མ་དཔེ་དེ་གར་ཡིན་པ་རང་ཤུགས་ཀྱིས་གྲུབ་པ་རེད། ཡང་མིན་ན་ཞང་ཡིག་མ་ཡིན་པས་ལོ་ངོ་སུམ་སྟོང་བརྒལ་བའི་ཡི་གེ་ཞིག་ད་ལྟའི་མ་ཕྱི་ལ་སྟོན་དགོས།
ངེད་ཅག་ཚོ། དོན་མེད་གཡང་ཐལ་ཆེ་བའི་འགལ་འདུའི་ཚིག་མཚོན་རིགས་ཀྱིས་ས་མིག་བཀང་པ་ལས་བོད་ཀྱི་ཡི་གེས་མཚོན་པའི་རིག་གཞུང་གི་ཁུངས་གང་ཐུག་འཚོལ་བར་སྨན་པའི་བསམ་ཚུལ་བགྲོ་གླེང་རེ་བྱས་ན་དེ་ཉིད་ཁོ་ན་རྨད་པར་སྙམ། གོང་གསལ་མཆན་འགོད་པ་རེ་འགའ་ལ་ཕུལ་བ་ཡིན། ཁྱེད་ཚོའི་དེབ་ཐེར་དུ་ཞང་ཡིག་དང་བོད་ཡིག་གཉིས་ཀ་སྲོང་བཙན་གོང་དུ་ཡོད་པར་གྲུབ་སྟེ། རྒྱལ་རབས་གསལ་བའི་མེ་ལོང་ལས་རྒྱལ་བློན་༼སྤུ་ལྡེ་དང་རུས་ལས་སྐྱེས་༽འདི་གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོ་ལུང་རིང་ན་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད། ཅེས་པ་འདིས་གོང་གསལ་རྒྱལ་བློན་དེ་གཉིས་ཀྱི་རིང་དུ་བོན་གཤེན་རྣམས་ཀྱིས་གདུལ་བར་བྱ་བ་བོད་པ་ཚོའི་ཆེད་དུ་ཞང་ཞུང་སྐད་ཡིག་གི་ཐོག་ཏུ་ཡོད་པའི་བོན་ཆོས་ཁམས་ཆེན་པོ་བརྒྱད་སོགས་བོད་ཀྱི་སྐད་ཡིག་ཐོག་ཏུ་ཕབས་བསྒྱུར་བྱས་ཏེ་བོད་ཡུལ་དུ་བོན་ཆོས་དར་ཞིང་རྒྱས་པར་མཛད་པའི་ལོ་རྒྱུས་གསལ་བར་བསྟན་པས་སོ། ཡང་། སྲོང་བཙན་རྒྱལ་སར་མ་བཞུགས་སྔོན་ནས་ཀྱང་བཟོ་རྩིས་སོགས་རིག་པའི་གནས་ལྔ་ལ་མཁས་པར་གྱུར་པས་བློན་པོ་རྣམས་ཀྱིས་རྗེ་འདི་ཐུགས་རིག་སྒམ་མོ་ཟེར་ཏེ། སྲོང་བཙན་སྒམ་པོ་ཞེས་པར་མཚན་གསོལ་བར་རྒྱལ་རབས་གསལ་བའི་མེ་ལོང་དུ་བཤད་འདུག་གོ ཡང་། བོད་དུ་གནའ་བོའི་ཡི་གེ་དང་རིག་གཞུང་ཡོད་དོ་ཅོག་རྣམས་བོན་དང་འབྲེལ་བ་སྟེ། སྐབས་དེར་བོད་དུ་བོན་ལས་གཞན་གང་ཡང་མ་གྲུབ་པའི་ཕྱིར་ཏེ། དེབ་ཐེར་དཀར་པོ་སོགས་ལས་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ། འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར། ཞེས་པ་སོགས་ཀྱིས་གྲུབ་བོ།