བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
དྲ་གྲོགས་རྣམ་པར་ཞུ་རྒྱུར། བོད་མི་རིགས་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཤེས་རིག་གིས་ཕྱུག་པའི་མི་རིགས་ཞིག་ཡིན་པར་མ་ཟད་ཁ་བའི་ལྗོངས་ཀྱི་ཤེས་རིག་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་ཅིག་ཡིན་པ་ལས་རྒྱལ་ཁབ་གཞན་ནས་བླངས་པ་དེ་འདྲ་མ་རེད། ལྷག་པར་དུ་དུས་རབས་བདུན་པ་དང་བརྒྱད་པའི་རྗེས་ནས་རྒྱ་གར་ནས་དམ་པའི་ཆོས་བོད་དུ་བསུས་ཤིང་ཞང་ཞུང་གི་རྒྱལ་པོ་བོད་ཀྱིས་བཏུལ་ཏེ་ཞང་བོད་མི་རིགས་གཅིག་དང་ཤེས་རིག་གཅིག་ཏུ་གྱུར་པ་ནི་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་ཏེ་བོད་མི་རིགས་འདི་ནི་འཛམ་གླིང་རྒྱལ་ཁབ་ཀྱི་ནང་ནས་ཤེས་རིག་གིས་ཕྱུག་པའི་ཡུལ་ཁམས་ཞིག་ཡིན་པ་ནི་ས་རིས་ཐང་གསལ་ཡིན་པས་གསལ་བཤད་དགོས་དོན་མ་མཆིས། ལྷག་པར་དུ་ཉེ་བའི་དུས་སུ་ཚན་རིག་གི་ལག་རྩལ་ལ་བརྟེན་ནས་ས་འོག་དང་བྲག་འོག་ལས་སོགས་ནས་སེམས་ཅན་རིགས་འདྲ་མིན་གྱི་གཟུགས་རུས་སོགས་རྙེད་ཅིང་དེ་དག་མི་ལོ་ས་ཡ་འགའི་གོང་ནས་བྱུང་བར་ངོས་འཛིན་དང་གཞན་ཡང་མི་ཡི་སྡོད་ཁང་དང་མིས་སྤྱད་པའི་དངོས་རྫས་སོགས་ཇི་སྙེད་ཅིག་རྙེད་པར་ཚན་རྩལ་གྱི་འཕྲུལ་ཆས་ཀྱིས་བརྟག་འབྲས་སུ་དེ་དག་ནི་མི་ལོ་ཁྲི་དང་བདུན་སྟོང་ལས་སོགས་ཕྱིན་པར་ཐག་བཅད་དང། དེ་བཞིན་སྟོད་མངའ་རིས་ནས་ཞང་ཞུང་གི་ཡི་གེ་རྡོ་རྐོས་སོགས་རྙེད་ཅིང་དེ་དག་ཀྱང་ལོ་ངོ་ལྔ་སྟོང་ལྷག་ཕྱིན་པའི་ངོས་འཛིན་རྒྱལ་ཕྱི་ནང་གི་ཚན་རིག་མཁས་ཆེན་ཚོས་གནང་བཞིན་པ་ནི་ངེད་ཅག་བོད་མི་རིགས་ལ་མཚོན་ན་དགའ་འོས་པའི་གཏམ་བཟང་ཞིག་ལས་དེ་ལ་འཕྲག་ཅིང་དོག་སྟེ་མིག་སེར་ལང་སྟེ་ངུ་རྒོད་བྱེད་དགོས་པའི་གནས་ཚུལ་ཞིག་ག་ནས་རུང། ལྷག་པར་དུ་བོན་གྱི་ཆོས་རིག་ནི་བོད་མི་རིགས་དང་ཁ་བྲལ་ཐབས་མེད་ཅིང་བོད་མི་རིགས་ནི་བོན་གྱི་ཆོས་རིག་དང་ཤ་འཐིམ་རུས་འཐིམ་ཞིག་ཏུ་ངོས་འཛིན་ལོས་ཀྱང་བྱེད།
བོད་ཀྱི་རྒྱལ་རབས་བཞི་བཅུ་ཞེ་གཉིས་སུ་གྲགས་པའི་རྒྱལ་པོ་སོ་གསུམ་རྣམས་ནི་བོན་ཆོས་ལ་སྤྱོད་པའི་རྒྱལ་པོ་ཤ་སྟག་ཡིན་པས་དེ་བས་ཀྱང་བོད་བོན་གཉིས་ནི་རྟེན་དང་བརྟེན་པའི་འབྲེལ་བ་གྲུབ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོན་ནི་ཞང་བོད་ཀྱི་ཡུལ་ཁམས་སུ་དར་ཏེ་མི་ལོ་སྟོང་ཕྲག་མང་པོར་འདས་ཟིན་མོད་ད་ལྟའང་ཞང་ཞུང་གི་ཡིག་རིགས་ཀྱིས་མཚོན་པའི་ཞང་བོད་ཀྱི་ཤེས་རིག་ནི་སྲོག་དབུགས་ཆད་ཟིན་པ་ཞིག་ནམ་ཡང་མིན། དཔེར་ན། བོན་གྱི་ཆོ་ག་དང་ལོ་རྒྱུས་བསྟན་འབྱུང་སོགས་ཀྱི་ནང་དུ་ཞང་ཞུང་གི་ཡི་གེ་དང་བོད་ཀྱི་ཡི་གེ་གཉིས་སྤེལ་མར་བཀོད་པའང་མི་ཉུང་བ་ཞིག་ང་ཚོས་མིག་མཐོང་ལག་ཟིན་དུ་ཡོད། ཞང་ཞུང་གི་སྐད་ཡིག་ནི་ཕྱིས་སུ་མི་ཆེ་གེ་མོས་བཟོས་པ་ཞིག་མིན་པར་ལོ་ངོ་སྟོང་ཕྲག་མང་པོ་འདས་ཟིན་ཅིང་ཞང་སྐད་རྒྱག་མཁན་གྱི་མི་རིགས་ཀྱང་ད་ལྟ་རྒྱ་བོད་བལ་གསུམ་སོགས་སུ་ཡོད་པ་མ་ཟད། མི་རིགས་དེ་དག་གིས་སྐད་དང་བོན་གྱི་དཔེ་ཆའི་ནང་དུ་ཡོད་པའི་ཞང་སྐད་གཉིས་ནི་སྒོ་ཀུན་ནས་གཅིག་མཚུངས་ཡིན་པ་ཕྱི་རྒྱལ་གྱི་ཞིབ་འཇུག་མཁས་པ་མང་པོས་ཐག་བཅད་ཟིན་ཡོད།
དེས་ན་དེ་རིང་འདིར་ངས་མི་ལོ་བརྒྱ་ཕྲག་གོང་དུ་བྲིས་པའི་བོན་གྱི་དཔེ་ཆ་བལ་ཡུལ་གྱི་བྱང་ཕྱོགས་དོལ་པོ་ནས་གཡར་པོ་ཞུས་ཏེ་རྒྱ་གར་རྒྱལ་ས་ལྡི་ལི་ནས་དཔར་སྐྲུན་བྱས་པའི་དྲ་བའི་རྒྱུད་ཅེས་པའི་དཔེ་གཞུང་དུ་ཡོད་པའི་ཞང་ཡིག་གི་པར་ཁ་ཤས་ཡོད། གཞན་ཡང་ཞང་ཞུང་དང་བོད་ཀྱི་སྒྲ་སྡེབ་ཀྱི་དཔེ་ཟུར་གཅིག་ཀྱང་སྤྱན་འབུལ་ཞུས་ཡོད་པས་ཁྱེད་རྣམས་ཐུགས་དགྱེས་པའི་རེ་བ་ཡོད། འོན་ཀྱང་འགའ་ཞིག་གི་ཐུགས་ལ་བབས་མིན་འབྱུང་སྲིད་པ་ནི་ངས་སྔོན་ཚུད་ནས་ཤེས་བཞིན་ཡོད་མོད་དེ་ལ་ཧ་ལས་ཧོན་འཐོར་དགོས་པ་ཅང་མེད། དེ་ནི་མི་ཡི་སྤྱི་ཚོགས་ཤིག་དང་མི་སོ་སོའི་ཁམས་གཤིས་མི་འདྲ་བ་རེ་ཡོད་པར་བརྟེན་དེ་ཚོར་ངས་ཀྱང་ཨུ་ནན་ཞུ་འདོད་མེད། མི་རིགས་སུ་ཞིག་ཡིན་རུང་རང་གི་རྒྱལ་ཁབ་དང་ཡུལ་ལུང་ཤེས་རིག་གི་ལོ་རྒྱུས་ཇི་ཙམ་གྱིས་ཕྱུག་པ་དང་ལོ་རྒྱུས་ཡུན་རིང་ཡོད་པར་བསྒྲུབ་རྒྱུར་དགའ་བ་ལས་དེ་ལྟར་ཡོད་པ་ལ་འཕྲག་དོག་མིག་སེར་ལང་སྟེ་ལོ་རྒྱུས་ཇེ་ཐུང་དང་ལོ་རྒྱུས་ཇེ་དབུལ་དུ་གཏོང་འདོད་ཡོད་པའི་མི་བུ་ཞིག་ནམ་ཡང་ཡོད་མི་སྲིད། ལྷག་པར་དུ་བོད་མི་རིགས་འདི་ནི་མི་རིགས་གཞན་དང་མི་འདྲ་བར་རྒྱ་གར་ནས་དར་བའི་འཚེ་མེད་ཞི་བའི་ལྟ་སྤྱོད་ཉམས་སུ་ལེན་མཁན་ཞིག་ཡིན་དུས་དེ་བས་ཀྱང་ཆོས་ལུགས་ཕན་ཚུན་དབར་ལ་ཆགས་སྡང་རྨོངས་པའི་བློ་ཞིག་སྐྱེ་མི་སྲིད། ཆོས་ལུགས་དེའི་ལྟ་སྤྱོད་ལེགས་དང་མི་ལེགས་བཟང་དང་མི་བཟང་ནི་དེ་ལ་སྤྱོད་པའི་མི་བུ་དག་གི་རྒྱུད་ལ་སྙིང་རྗེ་དང་བྱམས་པ་ལྷག་བསམ་མཛའ་བརྩེ་དག་སྣང་འོ་ཆུ་ལྟ་བུའི་བློ་སེམས་ཡོད་མེད་ཀྱིས་ཐག་གཅོད་བྱེད་ངེས་ཡིན། འཇིག་རྟེན་གྱི་གཏམ་དཔེ་ལའང། དགེ་རྒན་བཟང་པོའི་དགེ་ཕྲུག ཕ་མ་བཟང་པོའི་བུ་ཕྲུག ཅེས་བཤད་སྲོལ་ཡོད་པ་ལྟར་དགེ་རྒན་ལེགས་མིན་ནི་དགེ་ཕྲུག་གི་སྤུས་ཀ་ལས་ཤེས་པ་དང། ཕ་མ་བཟང་མིན་ནི་བུ་ཕྲུག་ལ་བརྟེན་ནས་རྗེས་སུ་དཔོག་ནུས་པ་ཞིག་ཡིན་པས། དེས་ན་ངས་འདིར་ཁྱེད་རྣམས་དགའ་བ་བསྐྱེད་པའི་སྐྱེས་སུ་ཕུལ་བ་ལས། རང་རྒྱུད་འཁྲུགས་པའི་གཞི་རུ་ཕུལ་བ་མིན་པས་དེ་དོན་དགོངས་དབྱིངས་སུ་འཇགས་པར་ཞུ། །
གསལ་བཤད། གོང་དུ་བཀོད་པའི་བོན་གཞུང་དྲ་བའི་རྒྱུད་ཞང་བོད་ཡིག་རིགས་གཉིས་ལྡན་དེའི་མ་ཕྱི་ད་ལྟའི་ཆར་རྒྱ་བལ་གང་རུང་གི་དགོན་སྡེ་ཞིག་ཏུ་གསང་བ་བྱས་ཏེ་ཉར་ཡོད་འདུག
གསལ་བཤད། གོང་དུ་བཀོད་པའི་བོན་གཞུང་དྲ་བའི་རྒྱུད་ཞང་བོད་ཡིག་རིགས་གཉིས་ལྡན་དེ་བསྐྱར་པར་བྱས་པ་ཞིག་ཡིན། མ་ཡིག་ངོ་མ་ད་ལྟའི་ཆར་རྒྱ་བལ་གང་རུང་གི་དགོན་སྡེ་ཞིག་ཏུ་གསང་བ་བྱས་ཏེ་ཉར་ཡོད་འདུག
ཁྱོད་ཚོས་མི་གསད་་ཡས་བསད། རྟ་བརྐུ་ཡས་བརྐུས། ད་འདིར་ཡོང་ནས་རྐུ་རྫས་ཁྲོམ་སྟོན་བྱས་པ་འདི་གང་མིན་ཚད་རེད། དྲ་བའི་རྒྱུད་དེ་ང་ཚོ་རྙིང་མའི་རྒྱུ་འཕྲུལ་དྲ་བ་ནས་བཤུས་པ་རེད་འདུག དེ་ལ་སྨར་ཡིག་བཏབ་ནས་བོན་གྱི་ཡིན་པར་གྲུབ་པ་ནི་ངོ་མ་ཁྲམ་པའི་ལས་མ་རེད་དམ།
ཁ་སྔོན་ཁྱོད་ཚོ་རྒྱ་གར་དང་བལ་ཡུལ་གྱི་བོན་པོ་རྣམས་ཁ་མཐུན་བྱས་ནས་ས་ག་ཟླ་བའི་ཚེ་བཅོ་ལྔ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་ཆེན་དེར་བོད་དང་ཕྱི་རྒྱལ་དྲ་རྒྱ་གང་སར་ཕྱིན་ནས། དམིགས་སུ་བཀར་ནས་ནང་པ་ཚོར་སེམས་ལ་རྨ་སྦྱིན་པ་དེ་ངོ་མ་ཐབས་སྡུག་རེད། དམིགས་བསལ་སངས་རྒྱས་ལ་བསྟོད་པ་དང་འབྲེལ་ཡོད་ཀྱི་རྩོམ་རྣམས་འོག་ལ་སྐུར་འདེབས་ཚད་མེད་བྱེད་པ་འདི་ངོ་མ་བདུད་ཁོག་ལ་བཞུགས་པའི་ལས་ངན་རེད། ངོ་མ་བློ་ཕམ་བྱུང་། ད་བོན་ཞེས་གོ་དུས་སྐྱུག་དམན་གཏིང་ནས་ཡོང་བར་བྱེད།
བྱ་འཕུར་ལྷུན་འགྲུབ་རྒྱ་མཚོ་ལགས་ནས།
ལྷག་པར་དུ་བོད་མི་རིགས་འདི་ནི་མི་རིགས་གཞན་དང་མི་འདྲ་བར་རྒྱ་གར་ནས་དར་བའི་འཚེ་མེད་ཞི་བའི་ལྟ་སྤྱོད་ཉམས་སུ་ལེན་མཁན་ཞིག་ཡིན་དུས་དེ་བས་ཀྱང་ཆོས་ལུགས་ཕན་ཚུན་དབར་ལ་ཆགས་སྡང་རྨོངས་པའི་བློ་ཞིག་སྐྱེ་མི་སྲིད། གསུངས་འདུག
བོད་པས་ཉམས་སུ་ལེན་པའི་འཚེ་བ་མེད་པའི་ལྟ་སྤྱོད་འདི་བོན་ལུགས་ལྟར་ན་ཞང་ཞུང་ངམ་བོད་ས་རང་ནས་ས་དར་རྡོ་དར་དུ་བྱུང་བའི་ལྟ་སྤྱོད་ཅིག་ལ་ངོས་འཛིན་གནང་གི་མེད་པ་རེད་དམ།
འདི་སྟིང་ཚིག་གམ་ཟུར་ཟ་ལྟ་བུ་གང་ཡང་མིན་དྲི་བ་རང་ཡིན།
བན་དེ་ཟེར་བ་དང་Bonpoཟེར་བའི་མཆན་མིང་འོག་ལ། ཁོ་གཉིས་ཀྱི་ཁ་བརྡའི་ནང་ལ་ས་ག་ཟླ་བའི་ཚེས་བཅོ་ལྔའི་གཡས་གཡོན་ལ་དམིགས་སུ་བཀར་ནས་སྟོན་པའི་བསྟོད་པ་དང་འབྲེལ་ཡོད་ཀྱི་རྩོམ་འོག་ལ་སྟོན་པ་དང་ནང་པ་ཚོར་ངན་སྨྲས་ཚད་མེད་བྱེད་པ་འདི། ཁ་ཆེ་དང་ཇེའུ་ཡི་འཐབ་རྩོད་ལས་རྣོ་ངར་ཅན་དུ་བཏང་སོང་། ཁ་ཆེའི་དུས་ཆེན་ར་མར་ཌ་ཞེས་སྙུང་གནས་བྱེད་པའི་སྐབས་ལ། ཁོང་ཚོའི་དགྲ་ཇེའུ་མི་རིགས་དེ་ཚོས་ཁ་ཆེར་ངོ་རྒོལ་མཚམས་འཇོག་བྱེད་སྲོལ་ཡོད་པ་དང་།སྙུང་གནས་དུས་ཆེན་འདིའི་རིང་ལ་ཨེ་སི་རལ་དམག་མིས་ཁ་ཆེའི་གྲོང་ལ་བསྔོག་བཤེར་བྱེད་མཚམས་འཇོག་གི་ཡོད།
ཁྱོད་ཚོ་བོན་པོ་ཚོས་འདི་ལས་ཟློག་ཏེ། ནང་པའི་དུས་ཆེན་ཁྱད་པར་ཅན་ལ་དགྲ་ཡི་ནང་ནས་ཕ་གསོད་མཁན་གྱི་དགྲ་ལྟ་བུའི་འདུ་ཤེས་ཁྱེར་ནས་ནང་པ་ཚོར་འདི་ལྟར་རྒོལ་བ་འདི་ངོ་མ་སེམས་སྐྱོ་དགོས་པའི་བོད་པས་ལས་ངན་ཞིག་མ་རེད་དམ། ནང་པར་གཏོར་འཇོམས་ཀྱི་ལས་འགན་འཁུར་མཁན་འདི་གཙོ་བོ་མཆན་པ་བན་དེ་ཟེར་བ་ཞིག་དང་Bonpoཟེར་བ་འདི་གཉིས་རེད། ཁོང་གཉིས་མི་ངོ་མ་ཤེས་མཁན་ཡོད་ན་ངོ་སྤྲོད་བྱས་ནས་ཁྲིམས་མཐུན་གྱི་གཏུགས་བཤེར་བྱས་ན་མི་འགྲིགས་པ་མེད།
ཁ་བརྡར་འདྲ་བཤུས་འདི་ཡི་ངོ་གདོང་ཙམ་ཡང་གསལ་པོ་སྟོན་མི་ཐུབ་པ་འདིས་གང་གམཚོན་ནམ། ཧཧཧ།
དྲ་བའི་རྒྱུད་དེ་བོན་གྱི་བསྟན་སྲུང་ཞིག་གི་རྒྱུད་ཡིན་པ་ལས་ཁྲོ་བོ་རྒྱུད་དྲུག་ནང་གི་སྤྱོད་པ་རྫུ་འཕྲུལ་དྲ་བའི་རྒྱུད་ཅེས་པ་དེ་མིན་པས། མགོ་མཐོང་རྭ་མཐོང་ཙམ་གྱིས་ཅོལ་གཏམ་མི་སྨྲ་བར་བཞུགས་ན་མཛེས། ཡང་རྙིང་དྲི་འཐུལ་ལེར་སླེབ་སོང།
བོད་ཉེན་འཕྲང་གི་དུས་འདིར་ད་རུང་ཆོས་དམག་འདྲེན་རེས་བྱེད་པ་འདི་ནི་ཞེ་ཕམ་གྱི་གནས་རེད།
་་་་་་་་དེ་བཞིན་སྟོད་མངའ་རིས་ནས་ཞང་ཞུང་གི་ཡི་གེ་རྡོ་རྐོས་སོགས་རྙེད་ཅིང་དེ་དག་ཀྱང་ལོ་ངོ་ལྔ་སྟོང་ལྷག་ཕྱིན་པའི་ངོས་འཛིན་རྒྱལ་ཕྱི་ནང་གི་ཚན་རིག་མཁས་ཆེན་ཚོས་གནང་བཞིན་པ་ནི་ངེད་ཅག་བོད་མི་རིགས་ལ་མཚོན་ན་དགའ་འོས་པའི་གཏམ་བཟང་་་་་་་ཞེས་པ་འདི་ཁ་བརྡར་སུས་མཁོ་སྤྲོད་ཐུབ་བམ། ལགས།
དྲང་མིང་གིས་དྲང་པོར་བཤད་མ་སོང། ངས་ས་ག་ཟླ་བའི་སྟོན་པའི་དུས་ཆེན་དེར་སྟོན་པ་ཤཀྱ་ཐུབ་པ་ལ་བསྟོད་པ་ཕུལ་བ་ལས་སྐུར་བ་བཏབ་མེད་ཡག་པོ་བྱས་དེ་གཟིགས་དང།
BONPO དང་། བན་དེ་བ་གཉིས་ནི། བློ་གཟུ་བོར་གནས་པའི་བོན་གྱི་སྨྱུག་འཛིན་པ་གཉིས་སུ་ངོས་འཛིན་བཞིན་ཡོད་ལགས། དེ་ལྟར་མུ་མཐུད་ནས་ཁ་བརྡར་ཕེབས་པའི་སྨོན་འདུན་ཡང་ཡོད།
རང་གི་འདོད་པར་མཐུན་ན་ལུང་འདྲེན་བྱེད། །སངས་རྒྱས་ཆོས་ལུགས་བསྔགས་ན་བཏང་སྙོམས་འཛིན། །བོད་པའི་རིག་གཞུང་དར་ན་བོན་གྱིས་ཞེས། །མངོན་སུམ་བསྙོན་པའི་ལུགས་འདི་སུ་ཡི་གཞུང་། །
མངའ་རིས་ནས་རྡོ་བརྐོས་ཡི་གེ་རྙེད་པ་དེའི་འདྲ་པར་འདྲ་ཡོད་ན་འགོད་རིགས། དེ་མིན་ཕ་ཡིས་དཔང་པོ་བུ་ཡིས་བྱས་པ་འདྲ་བ་འདི་རིགས་ཀྱིས་ས་རྒྱ་ཅང་ཆོད་ནི་མ་རེད།
༄༅། །རང་གི་ལག་ཏུ་ཡོད་དུས་འཚེ་བས་འདའ། །ཅུང་ཟད་འདོད་པ་མཐུན་ན་ལུང་འདྲེན་བྱེད། །སངས་རྒྱས་ཆོས་ལ་གཏུགས་ན་བཏང་ཕྲག་དོག་
བྱེེད། །བོད་པའི་རིག་གཞུང་དར་ན་བོན་དུ་བཅོས། །མངོན་སུམ་བསྙོན་པའི་ལུགས་འདི་སུ་ཡི་གཞུང་། །
གསལ་བཤད། གོང་དུ་བཀོད་པའི་བོན་གཞུང་དྲ་བའི་རྒྱུད་ཞང་བོད་ཡིག་རིགས་གཉིས་ལྡན་དེའི་མ་ཕྱི་ད་ལྟའི་ཆར་རྒྱ་བལ་གང་རུང་གི་དགོན་སྡེ་ཞིག་ཏུ་གསང་བ་བྱས་ཏེ་ཉར་ཡོད་འདུག་་་ཟེར་་
བོན་པོ་ཚོའི་ཞེན་ཁོག་ཁོ་ནས་བོད་ལ་གང་ཡོད་པ་ཚང་མ་འདྲ་བོ་འདྲ་བོ་འདྲ་རྐྱང་བོན་ལའང་ཡོད་ཚུལ་སྟོན་ཡོང་གི་འདུག བོན་པོ་ཚོ་ལ་རྨར་ཆེན་རྨར་ཆུང་དང་སྤོས་ཆེན་སྤོས་ཆུང་ཟེར་བའི་ཡིག་གཟུགས་རེ་སྟོན་རྒྱུ་ཡོད། དེ་དག་ཚང་མ་རྗེས་སུ་ལག་བདེ་ཞིག་གིས་བོན་ཞེན་གྱིས་བཟོས་བ་རེད་གཏོགས། ཡིག་རྙིང་ཡིན་པའི་ཁུངས་སྐྱེལ་ཚད་ཐུབ་གང་ཡང་མེད།
ཡང་དྲང་པོ་ སླེབ་ཐལ ༼རྐུན་མས་གཡག་མགོ་ལ་ཞོན་ནས་ཤག་རྭ་རྩེ་གཡས་པ་ནས་རྒྱག་༽ཟེར་བའི་དཔེ་དང་ཅིས་མ་མཚུངས་ སྔ་རབ་ཀྱི་ལོ་རྒྱུས་ལ་བསྔོག་དང་་་རྒྱལ་པོ་ལྷ་སྲས་དར་མ་དང་་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ག་འདྲ་ཞིག་ཆག་མིནགསལ་དིང་དིང་རེད་དེའང་བན་དེ་བ་དང་bongo. གཙོས་པའི་བོན་གྱི་དྲྭ་འབུ་དེ་ཚོ་ཡིན་རྒྱུ་རེད་ད་ལོབ་ཧཧཧ
རྩོམ་པ་པོས་དཔྱད་རྩོམ་འབྲི་སྟངས་སྦྱངས་དགོས་འདུག ངས་དེ་ལྟར་ཟེར་དོན་ནི་རྩོམ་པ་པོས་ཅིག་ཅིག་ཡོད་རེད་ཉིག་ཉིག་ཡོད་རེད་མང་པོ་ལབ་འདུག དེ་ཚོ་ཁུངས་སྐྱེལ་སྟངས་སེམས་ཚོར་གྱི་སྒང་ལ་ཕྱིན་འདུག དེ་འགྲིག་མི་འདུག ཁུངས་སྐྱེལ་ཡོད་ན་ང་ནི་དགའ་བསུ་ཞུ་མཁན་གྱི་རིགས་ཡིན་མ་གཏོགས་དེ་ལ་ཕྲག་དོག་དང་མི་དགའ་བ་བྱེད་མཁན་མིན། སང་ཉིན་རྩོམ་པ་པོར་དཔྱད་བརྗོད་སྤེལ་སྟངས་སྐོར་ལ་ལམ་སྟོན་ཆུང་ཆུང་འགའ་ཡོད།
འདི་ནས་བོན་གྱི་ཐེག་པ་རིམ་དགུའི་མིང་ལ་ལྟོས་དང་། བྱིས་པ་ལོ་བརྒྱད་ཅིག་གཏམ་འདྲ་བོ་རྐྱང་རྐྱང་།
བོན་ཐེག་པ་རིམ་དགུ་གཏན་ལ་ཕབ་ལུགས།
དང་པོ་ཕྱྭ་གཤེན་ཐེག་པ།
རྣམ་མཁྱེན་སྟོན་པ་གཤེན་རབས་ཀྱིས་བོན་ཐེག་པ་རིམ་དགུ་གཏན་ལ་ཕབ་ལུགས་ནི། ཡབ་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་ལ་སྐུ་འཁྲུངས་ནས། མི་ལོ་བརྒྱ་གཤེན་ལོ་གཅིག་ལོན་པའི་ཚེ། བར་པོ་སོ་བརྒྱད་མཁར་ནང་དུ་གཤེགས་ནས། ཐེག་པ་ཐ་མ་ཕྱྭ་གཤེན་བོན་རྣམས་མཛད། ཕྱྭ་གཤེན་བོན་གྱི་གཞུང་ནི། གཏོ་ཐབས་སུམ་བརྒྱ་དྲུག་ཅུ་དང༌། དཔྱད་བརྒྱད་ཁྲི་བཞི་སྟོང་སྟེ། འབྱུང་བའི་སྙིང་ཕུར་འཁྲུག་པའི་གཏོ་དྲུག་ཅུ་ཐམ་པ། འཁྲུག་པ་གནས་སུ་མཉམ་པའི་གཏོ་དྲུག་ཅུ་ཐམ་པ། ཧོས་ཆ་རྟེན་འབྲེལ་བརྟག་པའི་གཏོ་དྲུག་ཅུ་ཐམ་པ། བབ་ཕུར་ཡུལ་གཉེར་ཟློག་པའི་གཏོ་དྲུག་ཅུ་ཐམ་པ། པྲ་མཚན་རིག་པས་བསྣུན་པའི་གཏོ་དྲུག་ཅུ་ཐམ་པ། མཉམ་གཉིས་གོ་བསོར་གྱི་གཏོ་དྲུག་ཅུ་ཐམ་པའོ། དཔྱད་བརྒྱད་ཁྲི་བཞི་སྟོང་ནི། ནད་རླུང་མཁྲིས་བད་ཀན་འདུ་བ་བཞི་ལ་དབྱེ་བ་སྟེ། དེ་རེ་རེའི་གཉེན་པོ་ལ་དཔྱད་ཉིས་ཁྲི་དང་གཅིག་སྟོང་སྟེ། བརྒྱད་ཁྲི་བཞི་སྟོང་གིས་གཏན་ལ་འབེབ་པའི་གཞུང་སྟེ། ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་གཏད་དོ།
གཉིས་པ་སྣང་གཤེན།
དེ་ནས་གཤེན་ལོ་གཉིས་ལོན་པའི་ཚེ། གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ། ཐེག་པ་གཉིས་པ་སྣང་གཤེན་མཛད་དེ། གྱེར་སྒོ་བཞི་དང༌། སྐད་གཅོང་དགུ་སྤྲོས་ཏེ། གྱེར་ནི་བོན་སྒོ་བཞི་ལ་བྱས་ཏེ། ཆབ་ནག་ཆུ་བོ་སེལ་སྒོ་རུ་གྱེར་བ། ཆབ་དཀར་སྲི་དང་འདྲེ་སྒོ་རུ་གྱེར་བ། འཕན་ཡུལ་མཉམ་རྗེས་གླུད་སྒོ་རུ་གྱེར་བ། དཔོན་གསས་ཕྱྭ་གཉེན་གཏོ་སྒོ་རུ་གྱེར་བ་དང་བཞིའོ། སྐད་གཅོང་དགུ་ནི། ཆབ་ནག་སེལ་གསས་སྟག་མོའི་ངར་སྐད་ཀྱི་གཅོང་ལ་དྲངས་བ་དང༌། སེལ་སྨྲང་སིལ་བུ་བྱ་ཁྱི་རྟའི་གཅོང་སྐད་ལ་དྲངས་བ་དང༌། ཆབ་དཀར་ཁྱུང་གི་གཅོང་སྐད་ལ་དྲངས་བ་དང༌། འདྲེ་དགུ་སྲིད་པ་ནེ་ཙོའི་གཅོང་སྐད་ལ་དྲངས་བ་དང༌། གླུད་གསས་སེང་གེའི་གདང་སྐད་ཀྱི་གཅོང་ལ་དྲངས་བ་དང༌། ལྷ་སྲིན་སྐོས་ལ་འདེབས་པ་བྱ་ཅོ་གའི་འགྱུར་སྐད་ཀྱི་གཅོང་ལ་དྲང་བ་དང༌། དཔོན་གསས་གཡུ་འབྲུག་སྐད་ཀྱི་གཅོང་ལ་དྲང་བ་དང༌། ཕྱྭ་གཉེན་གནས་སུ་སྟིམ་པ་ཁུ་བྱུག་གི་གཅོང་སྐད་ལ་དྲང་བ་དང༌། འགྱུར་ཁུག་དང་གཏང་རག་གི་གཞུང་འདྲེས་ཏེ། སྣང་གཤེན་གཙུག་ཕུད་ལ་གཏད་དོ།
གསུམ་པ་འཕྲུལ་གཤེན།
དེ་ནས་གཤེན་ལོ་གསུམ་ལོན་པའི་ཚེ། འཕྲུལ་གཤེན་གྱི་བོན་རྣམས་གཏན་ལ་ཕབ་སྟེ། ལྷ་དང་བྱད་ཀྱི་གཞུང་སྟེ། ལྷ་རྒོད་ཀྱི་སྨོད་བྱད། མ་མོའི་ཟོར་བྱད་ལ་སོགས་ཏེ། དབལ་བོན་སྟག་ལ་མེ་འབར་ལ་གཏད། གཤེན་རབ་ཉིད་ཡབ་དང་མཐུན་པར་གྲོང་ཁྱེར་ལང་ལིང་དུ་ཞང་མྱེས་ལ་ཞེ་ས་འབུལ་བ་དང༌། རྒྱ་མཚོ་ལ་ཁྲུས་ལ་གཤེགས། ཞང་མྱེས་དང་གྲོང་ཁྱེར་གྱི་མི་རྣམས་ནི། སྐྱེ་བ་སྔ་མའི་ལས་འཕྲོ་དང༌། སྟོན་པའི་ཞལ་མཐོང་ཐུགས་རྗེ་ཡིས། གཅིག་ཀྱང་མ་ལུས་སངས་རྒྱས་སོ།
བཞི་པ་སྲིད་གཤེན།
དེ་ནས་གཤེན་ལོ་བཞི་ལོན་པའི་ཚེ། གྲོང་ཁྱེར་ལང་ལིང་དབུས་དཀྱིལ་ན། ཐེག་པ་བཞི་པ་སྲིད་གཤེན་བོན་རྣམས་གཏན་ལ་ཕབ། ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང༌། འདུར་ཐབས་བརྒྱད་ཅུ་རྩ་གཅིག་གི་གཞུང་སྟེ། རྒས་པ་དབྱེན་སྡེ་བརྒྱ་ཉི་ཤུ་དང་བསེན་ཏེ་ཤི་བ་དང༌། གཞོན་པ་མ་བྱུང་བའི་གདོན་དྲུག་ཅུས་བདག་བྱས་ཏེ་ཤི་བ་དང༌། ཆུང་སྲི་གཅན་དྲུག་ཅུས་བཞེན་བཏབ་སྟེ་ཤི་བ་དང༌། ཉམས་ང་བའི་གྲི་རྒོད་དྲུག གྲི་གཡེན་བརྒྱ་ཉི་ཤུས་དབྱེན་གཡོས་ཏེ་ཤི་བའོ། དེ་ལ་འདུར་ཐབས་བརྒྱད་ཅུ་རྩ་གཅིག་ནི། དོན་རྟགས་རྩིས་ཀྱི་བོན་རྒྱུད་བཅུ། གཏད་ཉན་རྟོས་ཆིང་གི་བོན་རྒྱུད་བཅུ། སྲིད་པ་ཤི་རབས་ཀྱི་བོན་རྒྱུད་བརྒྱད། གདོས་པ་ཐག་ཆོད་ཀྱི་བོན་སྡེ་བཅུ་གཉིས། འཁོར་བ་གག་སེལ་གྱི་བོན་རྒྱུད་བཅུ། དཔེ་དོན་ཤི་རབས་ཀྱི་བོན་སྡེ་བདུན། བླ་ཡིད་སེམས་སྡུད་ཀྱི་བོན་སྒོ་གསུམ། ཡུལ་ཤེས་འདོད་སྤྱོད་ཀྱི་བོན་སྒོ་བརྒྱད། གསོན་གཤིན་ཡུལ་བགོས་ཀྱི་བོན་སྒོ་བཅུ་གཉིས། ལག་ཕྱྭ་གཡང་དབྱེན་ཁམས་དང་བརྒྱད་ཅུ་རྩ་གཅིག་གོ འདུར་གཤེན་རྨ་བོ་དང༌། འབྱུང་བའི་གཤེན་བཞི་ལ་དབང་པོ་ཐ་མའི་བློ་ཡོད་པས། འོད་ཟེར་སྤྲོ་བའི་བོན་བསྟན་ནས། གྲོང་ཁྱེར་ལང་ལིང་དབུས་དཀྱིལ་ན། གསས་མཁར་ཁོ་མ་རུ་རིང་བཞེངས་ནས། དེའི་བདག་ཏུ་བསྐོས་སོ།
ལྔ་པ་དགེ་བསྙེན།
དེ་ནས་གཤེན་ལོ་ལྔ་ལོན་དུས། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ཤར་གཡུང་དྲུང་བཀོད་པའི་གླིང་གི། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་གཡོན་ཕྱོགས། འདུལ་ཁྲིམས་ཀྱི་གླིང་དུ་གཤེགས། རང་འབྱུང་མཆོད་རྟེན་འབུམ་ཕྲག་དྲུང་དུ་བཞུགས། ཐེག་པ་དགེ་བསྙེན་བོན་རྣམས་མཛད། རྒྱུ་འབྲས་དཀའ་སླ་དང༌། མདོ་སྡེའི་གཞུང་ངོ༌། རྒྱུ་དད་པ་སྔོན་དུ་བཏང་བས་འབྲས་བུ་བརྩོན་འགྲུས་འབྱུང་བ་དང༌། རྒྱུ་བརྩོན་འགྲུས་སྔོན་དུ་བཏང་བས། འབྲས་བུ་ཤེས་རབ་རྣམ་གསུམ་འབྱུང་བ་དང༌། རྒྱུ་ཤེས་རབ་སྔོན་དུ་བཏང་བས། འབྲས་བུ་དགེ་བ་བཅུ་ལ་བསྙེན་པའོ། རྐ་སླ་ནི། དང་པོ་ཡིག་རྩིས་རྒྱུད་ལ་འཇུག་པ་དཀའ་ཡང༌། འདུན་པའི་གྲོགས་ཀྱིས་བཀྲིད་པར་སླ་བ་དང༌། སེམས་བསྐྱེད་མ་བཞི་སྐྱེ་རྐ་ཡང༌། རང་ལ་དཔེས་པའི་སྙིང་རྗེ་སྐྱེ་སླ་བ་དང༌། སྦྱིན་པ་ཕྱོགས་མེད་དུ་གཏང་རྐ་ཡང༌། རྐྱེན་དྲག་པོས་སེར་སྣ་བཀྲོལ་སླ་བའོ། མདོ་སྡེ་ནི། སྣོད་བཅུད་འབྱུང་ཟློག་གི་མདོ་སྡེ་དང༌། དྲག་རྩུབ་ཞི་བྱེད་ཀྱི་མདོ་སྡེ་དང༌། སྲུང་ཁྲིམས་ངོས་སྟོན་གྱི་མདོ་སྡེ་དང༌། སེམས་སྒྲུབ་སེལ་བུའི་མདོ་སྡེ་དང༌། བསྐལ་སྲིད་འབྲོས་དེད་ཀྱི་མདོ་སྡེ་རྣམས་གཏན་ལ་ཕབས་ནས། ཚངས་པ་གཙུག་ཕུད་ལ་སོགས་པ་རྣམས་དེར་བསྐོས་སོ།
དྲུག་པ་དྲང་སྲོང་།
དེ་ནས་གཤེན་ལོ་དྲུག་ལོན་པའི་ཚེ། འོད་ཀྱི་ལྷ་རི་སྤོ་མཐོན་ན། ཨར་མོ་ལི་ཀའི་རྡོ་ལེབ་བཏིང༌། གསལ་བ་འོད་ཀྱི་ཧོས་གུར་ནང་དུ་བྱོན། དག་པའི་སློབ་བུ་འབུམ་ཕྲག་ལ། ཐེག་པ་དྲུག་པ་དྲང་སྲོང་གི་ཐེག་པ་དྲང་སྲོང་ཞིང་གཏན་ལ་ཕབས་ནས་བཤད་དེ། འདུལ་བ་རྒྱུད་དྲུག་ལ་སོགས་དང༌། འབུམ་སྡེ་བཞིའི་གཞུང་སྤྲོས་ཏེ། ཀྱ་ཏོལ་ལྷ་འབུམ་པང་ཀོང་དས་ཆད་ཀྱི་འབུམ་དང༌། བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་དང༌། ཁམས་བརྒྱད་གཏན་ལ་ཕབས་པ་འཁོར་འདས་མཉམ་པ་ཉིད་ཀྱི་འབུམ་དང༌། མུ་ཏྲ་མཐོང་བཞི་བྱེད་ལས་ཀྱི་འབུམ་དང་བཞི་གཏན་ལ་ཕབས་ནས། དག་པའི་སློབ་བུ་རྣམས་དེར་བསྐོས་སོ།
བདུན་པ་ཨ་དཀར།
དེ་ནས་གཤེན་ལོ་བདུན་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི་ལྷོ་ཕྱོགས་ཚད་མེད་གླིང་ན། བདུད་འདུལ་སྡགས་གླིང་ན། དུར་ཁྲོད་གཞལ་ཡས་ཆེན་པོར་བྱོན། གསང་འདུས་སྟག་ལ་ལ་སོགས་ཏེ། གསང་སྔགས་འཛིན་པའི་འཁོར་རྣམས་ལ། ཐེག་པ་བདུན་པ་ཨ་དཀར་གཏན་ལ་ཕབ་ནས་བཤད་དེ། གསང་སྔགས་ཀྱི་ལྷ་རྒྱུད་ལུས་ལ་བཀྲམ་སྟེ། རང་རྒྱུད་ལྷ་རུ་བསྒྲུབས། སྲིད་པ་གསུམ་དུ་བསྒྲགས་པ་སྐོར་གསུམ་སྤེལ། སྟོང་ཁམས་གསུམ་ལ་སྔགས་ཀྱི་དབལ་མེ་སྤར་ཏེ། གསང་སྔགས་འཛིན་པའི་གཤེན་པོ་རྣམས་དེར་བསྐོས་སོ།
བརྒྱད་པ་ཡེ་གཤེན།
དེ་ནས་གཤེན་ལོ་བརྒྱད་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ལྷོ་ཕྱོགས་ཚད་མེད་བྱམས་པའི་གླིང་ན། བེ་དུར་ས་གཞི་མཛེས་པའི་རིན་ཆེན་གུར་ཁང་ནང་དུ་བྱོན། ཡེ་གཤེན་གཙུག་ཕུད་ལ་སོགས་ཏེ། དཔག་པའི་སློབ་མ་མང་པོ་ལ། ཐེག་པ་བརྒྱད་པ་ཡེ་གཤེན་གཏན་ལ་ཕབས་ནས་བཤད་དེ། ཏིང་ངེ་འཛིན་ཡན་ལག་སྒོ་རུ་ཞུགས། རང་སེམས་འགྱུར་མེད་གཏན་ལ་ཕབས་པའོ། དཔག་པའི་སློབ་བུ་འབུམ་ཕྲག་གིས། རང་རྒྱུད་ཚད་མེད་བཞིས་སྦྱངས་ཏེ། དེར་བསྐོས་པའོ།
དགུ་པ་བླ་མེད།
དེ་ནས་མི་ལོ་དགུ་བརྒྱ་གཤེན་ལོ་དགུ་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ནུབ་ཕྱོགས་མི་གཡོ་བསམ་བརྟན་གླིང༌། རིན་ཆེན་ནགས་ཚལ་བཀྲ་བའི་བྱང་ཆུབ་ཤིང་གི་སྐྱིལ་པོར་བྱོན། གཞན་གྱི་གྲོགས་མེད་གཅིག་པུར་བསྒོམས། གཡུང་དྲུང་ཀུན་འབྱུང་ལུང་གིས་སེམས་རྒྱལ་པོ་བཙོན་དུ་བཟུང་ལ་སེམས་ཀྱི་གཞི་བཙལ། གཡུང་དྲུང་ཀུན་སྣང་ལུང་གིས་རང་སེམས་སངས་རྒྱས་སུ་ངོ་སྤྲད་སེམས་ཀྱི་རྩལ་སྦྱངས། དངོས་མེད་སྤྲོས་བྲལ་སེམས་ཀྱི་ལུང་གིས་སེམས་ཀྱི་བཞག་ས་བཙལ་ཏེ་ལ་བཟླས་པའོ། ཁྱད་པར་ཐེག་པ་ཆེན་པོའི་དོན་རྟོགས་ཏེ། སྐྱེ་ཤི་མེད་པའི་སངས་རྒྱས་རང་ལ་བྱུང༌། བདེ་ཆེན་དོན་ལ་མ་བཙལ་ལྷུན་གྱིས་གྲུབ། འབད་རྩོལ་བསྒྲུབ་རྒྱུ་གང་ཡང་མེད། འགྲོ་བའི་དོན་དུ་ངེས་མེད་སྤྲུལ། བདག་དོན་ལྷུན་གྲུབ་གཞན་དོན་མཐའ་རུ་ཕྱིན་པའོ། དེ་ནས་སྟོན་པ་རང་འབྱུང་མཆོད་རྟེན་དྲུང་དུ་བྱོན། ཉི་ཟླའི་གདན་བཏིངས། སྙན་པའི་སྒྲ་བཏང་སྟེ། མེ་ཏོག་གི་ཆར་ཕབ། ཐེག་དགུའི་གཤེན་དང་གཞན་ཡང་གཤེན་ཕྲན་མང་པོ་ལ། ཐེག་པ་གང་མོས་ལ་སྤྱོད་ཐབས་ཀྱིས། བོན་གྱི་འཁོར་ལོ་བསྐོར། ཁྱད་པར་གྱི་ཐེག་པ་ལ་ལྟ་དགོངས་ཀྱི་ཕུག་གཏད་ནས་ཐེག་པ་ཕྱི་མ་རིས་སུ་མི་འབོར་ཏེ། ཁྱད་པར་ལྟ་སྒོམ་གྱི་ངང་ལ། ཐེག་པ་ཕྱི་མ་ཐབས་ཀྱི་ཆ་རུ་སྤྱོད། ཁྱད་པར་གྱི་ཐེག་པ་ལ་ཀུན་རྫོགས་པ་བཅས་སོ།།
བོན་པོ་ཇི་ལྟར་མགོ་མཐོ་ན་བོད་ཀྱི་རིག་གཞུང་ལ་ལྷད་ཞུགས་པ་དང་། བོད་མིའི་ནང་ཁུལ་འགལ་ཟླ་ཆེ་རུ་འགྲོ་བ། མ་འོངས་པར་བོད་ཀྱི་ཆབ་སྲིད། རིག་གཞུང་དང་བཅས་པར་བརྟན་ལྷིང་མེད་པར་འགྱུར་ངེས་རེད། དེ་ཕྱིར་བོན་པོ་མིང་ཅན་འདི་དག་རྒྱུ་མཚན་རྣམ་དག་དང་འབྲེལ་བར་ཚར་གཅོད་བྱ་དགོས། ལོ་རྒྱུས་དང་འབྲེལ་བར་ཐག་གཅོད་བྱ་དགོས། ལྟོས་དང་། སོམས་དང་། ཧཧཧཧཧཧཧ
ད་ངུས་ངུས་སྨྱོ་སྨྱོ་སྨོད་སྨོད་བྱད་མ་རང་གཤེད་རང་ལ་མ་བབ་བར་དུ་སྨོད། ཇི་ཙམ་གྱིས་ངུས་པ་ཙམ་གྱིས་དེ་རྩིས་ཀྱིས་རང་སེམས་སྐྱིད་ལ་བབ་ཀྱི་རེད། ད་ངུ་དགོས་པ་རེད་ད། ངུ་བའི་དུས་ལ་བབ་པ་རེད། ཕོ་སྡར་མ་ངུ་དུས་ལྟད་མོ་འདུག
སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས།
སེམས་ཅན་མི་སྲུན་གང་ཞིག་གིས། །
བདག་ལ་ཇི་སྲིད་གནོད་བྱས་ཀྱང་། །
བསམ་ངན་སྦྱོར་བ་མ་ཡིན་པར། །
སླར་ཡང་དེ་ལ་ཕན་ཐོགས་ཤོག །
སྐྱབས་སུ་མཆི་སངས་རྒྱས་དངོས་ཀྱིས་འདི་ལྟར་གསུངས།
བན་དེ་ལ་ཡོད་པའི་གཞུང་དཔེ་དང་སྒྲུབ་ཐབས་ཕལ་ཆེར་བོད་པོ་ལའང་འདྲ་མཚུངས་རེ་ཡོད་པའི་ཚུལ་བསྟན་ཀྱིན་འདུག བན་དེས་བོན་པོ་ལས་བརྐུས་པའམ་ཡང་ན་བོན་པོས་བན་དེ་ལས་བརྐུས་པ་གང་ཡིན་དོན་གྱི་ཡིག་རྙིང་སོགས་ཚད་ལྡན་གྱི་དཔང་པོ་ལ་རགས་ལས་པ་རེད།
དེས་ན་རང་རང་སོ་སོས་དོན་མེད་ཀྱི་སྨྲ་བ་མི་མང་བར་ཚད་ལྡན་ཚུལ་མཐུན་གྱི་དཔྱད་པ་གཏོང་རྒྱུ་གལ་ཆེ་བ་ཡིན། དེང་གི་དུས་འདིར་ཚན་རིག་དར་བའི་རྩེ་མོར་ཕྱིན་ཏེ། ཕལ་ཆེར་མི་ལོ་སྟོང་ཕྲག་མང་པོའི་སྔོན་གྱི་སྐད་ཆའང་རྡུལ་གྱི་ཀློང་ནས་བཏོན་ལ་ཉེ་བའི་སྐབས་སུ་བསླེབས་ཡོད། དེས་ན་ཞེན་ཁོག་དང་ཕྱོགས་རེས་གཙོ་བོ་མི་བྱེད་པར་དོན་གྱི་གནད་ལ་རེགས་པའི་བརྗོད་པ་ལ་ཞུགས་རྒྱུ་གལ་ཆེ་བར་མཐོང་།།
དབང་འདུས་ཀྱི་སྐད་ཆ་དེ་ལ་རྒྱབ་སྐྱོར་%ཡོད།
ཆོས་ལུགས་དང་། རིག་གཞུང་། མི་རིགས་ཞེན་འཁོགས་ཞེས་པ་དེ་རྒྱུ་མཚན་ཡོད་མེད་ལ་རག་པ་ཞིག་གཏན་ནས་མ་རེད། གང་ཟག་རང་རང་གིས་འདོད་མོས་བསྟུན་དགོས་པ་ཞིག་དང་། ཡོངས་སུ་གྲགས་མིན་ལ་ལྟོས་དགོས་པ་ཞིག་རེད། དེ་ཕྱིར་ཁྱེད་ཅག་བོན་མིང་འཛིན་པ་ཚོར་གདོད་མིའི་བོན་གྱི་དྲི་ཙམ་ཡང་ལུས་མི་འདུག་མོད། ད་དུང་ཤི་འཐམ་བྱེད་པ་ནི་དེ་ལས་སྐྱབས་གཞན་མེད་པས་ལོས་ཡིན། གང་ལྟར་ཡང་ཞང་བོད་རིག་གཞུང་དབྱེར་མེད་དུ་འདྲིས་པ་དང་། འདྲེས་ན་ཕན་ཐོགས་ཡོད་པའི་རིག་གཞུང་ཞིག་ཞང་ཞང་ལ་ཡོད་པའི་ཟོལ་མི་འདུག ལོ་བྱེ་བ་མི་ཚད་དུང་ཕྱུར་གོང་གི་དངོས་པོ་ཡོད་སྲིད་པ་རེད། འགྲོ་བ་མིའི་རིགས་འཚོ་སྡོད་བྱས་ཏེ་ལོ་བྱེ་བ་ཙམ་ཞིག་གིས་ཚད་ཐུབ་པ་ཁག་པོ་རེད། བྲག་རྩ་དང་། རི་རྩ་ནས་དངོས་པོ་རྙིང་པ་ལོན་པ་ཙམ་གྱིས་བོན་པོའི་ཡི་གེ་དང་། རིག་གཞུང་ཡོད་པར་སྒྲུབ་བྱེད་ཁག་པོ་རེད། དེ་ལ་བོན་པོའི་ཡི་གེ་མི་འདུག ཇི་ལྟར་བོན་ཡིག་ཡོད་པར་སྒྲུབ་བསམ་པ་ཡིན། ཁ་བའི་ལྗོངས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་ཞུང་སྒྲུང་དང་། ལྡེའུ། བོན་གསུམ་རེད། སྒྲུང་ནི་ད་དུང་གྲོང་གསེབ་ཁག་ཏུ་ལྷ་འདྲེའི་སྒྲུང་བཤད་དུ་ཡོད་པ་དག་རེད། ལྡེའུ་ཡང་གྲོང་གསེབ་ཁག་ཏུ་ཁེད་ཅེས་པའི་གབ་ཚིག་འདྲ་བོ་དེ་རེད། བོན་ནི་དམར་མཆོད་ཀྱིས་རི་བསང་དང་། ཕྱ་་གཡང་འགུག་པ་དག་རེད། ཕྱི་མ་འདི་གུ་རུ་རིན་པོ་ཆེ་བོད་དུ་ཕེབས་ཏེ། ལྟ་སྒོམ་སྤྱོད་ནང་པ་དང་འབྲེལ་ཏེ་སེམས་ཅན་དངོས་སྲོག་གཅོད་མི་དགོས་པར་རྩམ་པ་དང་། སས་མི་དང་། དུད་འགྲོའི་འདྲ་གཟུགས་བྱས་ཏེ་གླུད་གཏོང་ཚུལ་དང་། རི་བསང་དག་ནང་པའི་ཁྲོད་དུ་བཞག་པ་རེད། གདོད་མའི་བོན་གྱི་རི་བསང་དང་། གླུད་གཏོང་བ། ཕྱ་གཡང་འགུག་པ་དག་མིང་ཙམ་འདྲ་ཡང་དོན་གྱི་ཆ་ནས་ཁྱད་པར་ཆེན་པོ་རེད། དེང་སང་གི་མདོས་གླུད་དང་། རི་བསང་། ཕྱ་གཡང་གི་ཆོ་ག་དག་ནང་པའི་ལྟ་སྒོམ་སྤྱོད་གསུམ་ནང་ཁྱད་པར་འཕགས་པ་བྱམས་དང་། སྙིང་རྗེ། སྟོང་ཉིད་ལྟ་བ་དང་འབྲེལ་བ་དང་། ཁྱད་པར་གསང་སྔགས་ཀྱི་ལྟ་སྒོམ་འབྲེལ་བ་མང་པོ་རེད། དེ་ཕྱིར་སྲོང་བཙན་གོང་རྒྱལ་རབས་དག་བོན་དང་འབྲེལ་ཡང་། བོད་ལ་དེ་དུས་ཤེས་ཡོན་དང་། ཆབ་སྲིད། དཔལ་འབྱོར་གང་ཅིའི་ཐད་ནས་རྒྱ་ཆེན་པོ་ཞིག་ཡོད་པའི་ཟོལ་མི་འདུག སྲོང་བཙན་སྒམ་པོས་ཕྱོགས་ཀྱི་རྒྱལ་ཕྲན་དབང་དུ་བསྡུས་ཏེ། ཤེས་རིག་དང་། དཔལ་འབྱོར་ནང་འདྲེན་བྱས་པ་དང་། ཁྱིམ་མཚེས་ཀྱི་རྒྱལ་ཁབ་རིམ་པ་ཁག་ལ་དཔེ་ལྟས་ཏེ་ཆོས་སྲིད་གཉིས་ཀའི་བྱ་བ་ཡོད་དགུ་གོང་མཐོར་བཏང་ཡོད་པ་ནི། གླེན་པའི་ཨུ་ཚུགས་མི་དགོས་པར་ལོ་རྒྱུས་ཚད་ལྡན་དག་གིས་ཞལ་གྲགས་བཞིན་པ་འདི་དག་གོ། །
དེང་སང་མཁར་རྨེའུ་དང་ནམ་མཁའི་ནོར་བུ་སོགས་ཀྱིས་ཀྱང་ཞང་སྒྲུང་བཟོ་བར་འབད་ཀྱིན་འདུག་ག
སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས།
སེམས་ཅན་མི་སྲུན་གང་ཞིག་གིས། །
བདག་ལ་ཇི་སྲིད་གནོད་བྱས་ཀྱང་། །
བསམ་ངན་སྦྱོར་བ་མ་ཡིན་པར། །
སླར་ཡང་དེ་ལ་ཕན་ཐོགས་ཤོག །
སྐྱབས་སུ་མཆི་སངས་རྒྱས་དངོས་ཀྱིས་འདི་ལྟར་གསུངས། ་་་་་་ཟེར།
དྲན་བསྐུལ་དུ།
དྲ་གྲོགས་བོན་པོ་ཚོས་་་་་་་ཨོ་ཉི་ཟེར་བ་དང་པདྨ་ཟེར་བ་བོད་ལ་ཞེན་ཟེར་བ་དགྲ་འདུལ་ཟེར་བ་དེ་རིགས་ལ་ལན་མ་གནང་རོགས་་་་་དེ་ཚོ་རྙིང་དྲི་ཐུལ་ལེར་གཡུག་ཞོག དབྱར་ཚ་དུས་སུ་ཟས་རྙིང་ཟས་ན་འཕྲོད་བསྟེན་ལ་གནོད་ཡོང། གཡུག་རྐྱང་གནང་རོགས།
བོད་ཀྱི་གཏམ་དཔེར།
བཟང་པོ་ལ་དམའ་ཕབ་ན།
ངན་པ་ལ་ཁ་རྩེད་གྱིས།
ཟེར་བ་རེད།
མཁས་པའི་གསུང་ཟེར་བ་འདི་འདྲ་ཞིག་ལ་ཟེར་བ་རེད།
ཐེག་དགུའི་རྣམ་བཞག་མདོར་བསྡུས།
Print | དྲྭ་ཡིག | བཀླགས་གྲངས། 397
དེ་ལ་འདིར་བདག་ཅག་གི་སྟོན་པ་སྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོམཆོག་གིས། གདུལ་བྱའི་ཁམས་དང་དབང་པོ་བསམ་པའི་ཁྱད་པར་རྗེས་སུ་མཐུན་པར་རྒྱུ་དང་འབྲས་བུའི་ཐེག་པའི་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་ཞིག་གསུང་པ་དེ་དག་དབྱེ་གཞི་ཐེག་པ་གསུམ་དང་། དབྱེ་ཆོས་ཐེག་པ་དགུར་འདུ་བ་ཡིན་ཏེ། དེ་ཡང་ཇི་སྐད་དུ། སྤྱི་མདོ་ལས་དོན་དམ་ངེས་པའི་ཐེག་པ་ནི།།
གསུམ་དུ་ངེས་པར་སྣང་བ་སྟེེ།། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག། དབང་སྒྱུར་ཐབས་ཀྱི་ཐེག་པའོ།། ཞེས་དང་། དྲི་མེད་བཤགས་རྒྱུད་ལས།། མཚན་ཉིད་སྡེ་སྣོད་གསུམ་ལ་ཐེག་པ་གསུམ།། ཕྱི་པ་ཐུབ་པའི་རྒྱུད་ལ་ཀྲི་ཡོག་གསུམ།། ཐེག་པ་རིམ་པ་དགུ་ཡི་དམ་ཚིག་རྣམས།། ཞེས་གསུངས་པ་ལྟར། ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པའམ་མཚན་ཉིད་སྡེ་གསུམ། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་སྔགས་ཕྱི་རྒྱུད་སྡེ་གསུམ། གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པའམ་སྔགས་་ནང་རྒྱུད་སྡེ་གསུམ། གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པའམ་སྔགས་ནང་རྒྱུད་སྡེ་གསུམ་བཅས་རེ་རེ་ལའང་གསུམ་གསུམ་དུ་དབྱེ་བས་སྔ་འགྱུར་རྙིང་མའི་ལུགས་སུ་ཐེག་པ་རིམ་དགུ་ཞེས་པའི་རྣམ་གཞག་མཛད་དོ། །
དེ་དག་གི་དོན་ཅུང་བཀྲོལ་དེ་འབྲི་བ་ལ། ཐོག་མར་ཐེག་པ་ཞེས་པའི་དོན་གང་ཡིན་ཞེ་ན། ཇི་སྐད་དུ། མདོ་སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་དེ། དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་བཟླ།། ཞེས་གསུངས་པ་ལྟར། ལེགས་སྦྱར་སྐད་དུ་ཡཱ་ན་ཞེས་པའི་སྒྲ་ལས་དྲངས་ན་བཞོན་པ་ལ་འཇུག་སྟེ། ས་དང་ལམ་གྱི་ཡོན་ཏན་རྣམས་གོང་ནས་གོང་དུ་འདེགས་པར་བྱེད་པའི་ཕྱིར་རོ། །ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་ནི། ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་མོ། །དེ་དག་ལ་ཅིའི་ཕྱིར་ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་སུ་བཏགས་སོ་ཞེ་ན། དེ་ནི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་སྒོ་ནས་འབྲས་བུ་འཁོར་བ་ལས་ཐར་པའི་ལམ་དུ་འདྲེན་པར་བྱེད་པས་ན་ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བྱའོ།། དང་པོ། དེ་ལ་ཉན་ཐོས་ཀྱི་ཐེག་པ་ནི། སྤྱིར་ཉན་ཐོས་ཞེས་པ་ལེགས་སྦྱར་སྐད་དུ་ཤྲ་བ་ཀ་ཞེས་ཉན་པ་དང་ཐོས་པ་གཉིས་ཀར་འཇུག་པས་ཉན་ཐོས་ཞེས་བྱ་ཞིང་། ཡང་ན་ཐོས་སྒྲོགས་ཞེས་ཀྱང་བྱ་སྟེ། སློབ་དཔོན་གཞན་ལ་བསྟེན་ཞིང་དེ་དག་གི་ཞལ་ནས་གསུང་བའི་ཆོས་གང་དག་གཞན་ལའང་སྒྲོགས་པར་བྱེད་པའོ། །འོ་ན་ཉན་ཐོས་ཀྱི་ཐེག་པའི་འཇུག་སྒོ་དང་། ལྟ་སྒོམ་སྦྱོད་འབྲས་ཀྱི་རྣམ་བཞག་ཇི་ལྟ་བུ་འོ་ཞེ་ན། འཇུག་སྒོ་ནི། འཁོར་བ་མཐའ་དག་ལས་རང་ཉིད་གཅིག་པུ་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ། དགེ་བསྙེན་ཕ་མ་དང་། དགེ་ཚུལ་ཕ་མ། དགེ་སློབ་མ། དགེ་སློང་ཕ་མ་སོགས་སོགས་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱས། ཐོབ་པ་མི་ཉམ་པར་སྲུང་། ཉམས་པ་ཕྱིར་བཅོས་བྱེད་པ་སོགས་ཀྱིས་རང་རྒྱུད་ལེགས་པར་བསྡོམས་པའོ། །
གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། ཕུང་པོ་ལྔས་བསྡུས་པའི་ཆོས་ཐམས་ཅད་ལ་དམིགས་ནས་གང་ཟག་གི་བདག་མེད་ལེགས་པར་རྟོགས་ཤིང་། བེམ་ཤེས་ཀྱི་ཆོས་རྣམས་རང་བཞིན་མེད་པར་མ་རྟགས་པས་གཟུང་བ་རྡུལ་ཕྲན་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་བདེན་གྲུབ་ཏུ་འདོད་པས་ཆོས་ཀྱི་བདག་མེད་མ་རྟོགས་པའོ། །
ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། སེམས་གནས་བཞག་ཐབས་དགུ་སོགས་ཏིང་ངེ་འཛིན་བསྒོམ་པ་ལ་འགལ་སྤོང་མཐུན་སྒྲུབ་ཀྱི་སྒོ་ནས་ཞི་གནས་མངོན་དུ་བྱེད་པ་དང་། བདེན་བཞི་རྣམ་པ་བཅུ་དྲུག་བསྒོམས་པས་ལྷག་མཐོང་གི་ཤེས་རབ་བསྐྱེད་དེ་ཞི་ལྷག་གཉིས་ཀ་སྒོམ་པའོ། །
སྤྱོད་པ་ནི། འཚོ་བ་བསོད་སྙོམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་པའི་སྦྱང་བའི་ཡོན་ཏན་བཅུ་གཉིས་ལ་གནས་པའོ། །
འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། ཁམས་གསུམ་གྱི་ཉོན་མོངས་མཐའ་དག་སྤང་བའི་རིམ་པ་དང་བསྟུན་ཏེ། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་སྟེ་བཞི་པོ་རེ་རེ་ལ་ཞུགས་གནས་གཉིས་རེ་བྱས་པས་སྐྱེས་བུ་ཟུང་བཞི་ཡ་བརྒྱད་གང་རུང་ཐོབ་པའོ། །
གཉིས་པ་རང་རྒྱལ་གྱི་ཐེག་པ་ནི། ཉན་ཐོས་ལས་ཤེས་རབ་ཟབ་པས། སློབ་དཔོན་གཞན་ལ་ལྟོས་མི་དགོས་པར་རང་གི་བྱང་ཆུབ་རང་གི་ཤེས་རབ་ཀྱི་རྩལ་གྱིས་མངོན་དུ་རང་རྒྱལ་ཞེས་བྱའོ། །
དེ་ལ་འཇུག་སྒོ་དང་། ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་ཅུང་ཟད་སྤྲོ་བར་བྱ་སྟེ། འཇུག་སྒོ་ནི། ཉན་ཐོས་ཀྱི་འཇུག་སྒོ་དང་འདྲ་བར་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་ཡང་དག་པར་བླངས་ནས་མི་ཉམས་པར་སྲུང་བའོ། །
གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། གང་ཟག་གི་བདག་མེད་ཡོངས་སུ་རྟོགས་པ་དང་། ཆོས་ཀྱི་བདག་མེད་ལ་གཟུང་བ་རྡུལ་ཕྲན་ཆ་མེད་དེ་བདེན་པར་མ་གྲུབ་པར་རྟོགས་ཤིང་། ཤེས་པ་སྐད་ཅིག་ཆ་མེད་བདེན་གྲུབ་ཏུ་འདོད་པས་ཆོས་ཀྱི་བདག་མེད་ཕྱེད་ཙམ་ལས་ཡོངས་སུ་མ་གཏོགས་པའོ། །
ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་ལམ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་བཀག་ནས་ལུགས་ལྡོག་ཁྲིགས་ཆགས་སུ་བསྒོམ་པའོ། །
སྤྱོད་པ་ནི། ཉན་ཐོས་དང་འདྲ་བར་སྦྱང་བའི་ཡོན་ཏན་བཅུ་གཉིས་ལ་གནས་པའོ། །
འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། རང་རྒྱལ་དགྲ་བཅོམ་དབང་རྣོན་བསེ་རུ་ལྟ་བུ་དང་། དབང་རྟུལ་ནེ་ཙོ་ལྟ་བུ་ཐོབ་པའོ། །
དེ་ཡང་སྲིད་མཐར་སྨོན་ལམ་གསུམ་གྱིས་མཚམས་སྦྱར་བ་སྟེ། སྲིད་པ་ཐ་མ་བའི་ཚེ། སངས་རྒྱས་དང་ཉན་ཐོས་ཀྱིས་སྟོངས་པའི་འཇིག་རྟེན་དུ་སྐྱེ་བ་དང་། སློབ་དཔོན་ལ་མ་བརྟེན་པར་རང་གིས་བྱང་ཆུབ་མངོན་ཏུ་བྱེད་པ་དང་། སྒྲ་མེད་པར་ལུས་ཀྱི་བརྡ་ཐབས་ཀྱིས་ཆོས་སྟོན་པར་སྨོན་ལམ་བཏབ་སྟེ་གཤེགས་པའོ། །
གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་ནི། ཐེག་པ་ཆེན་པོའི་ནང་གསེས་རྒྱུ་མཚན་ཉིད་ཀྱི་ཐེག་པ་སྟེ། ཐེགས་པ་འདིར་ཞུགས་ན་བྱང་ཆུབ་ཆེན་པོར་བགྲོད་པའི་སྟོབས་ཡོད་པ་དང་། ཐབས་རྒྱ་ཆེ་ཞིང་ཤེས་རབ་ཟབ་ལ་སྤྱོད་ཡུལ་ཡངས་པ་དང་། གནས་སྐབས་དང་མངོན་མཐོ། མཐར་ཐུག་ངེས་ལེགས་ཀྱི་ཕན་བདེ་སྒྲུབ་པར་བྱེད་པ་དང་། ས་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འདེགས་པར་བྱེད་པས་ན་བྱང་ཆུབ་སེམས་དཔའི་ཐེག་པ་དང་། འབྲས་བུའི་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་བྱེད་པའི་དངོས་རྒྱུའི་ལམ་ཡོངས་སུ་མཚོན་པར་བྱེད་པར་བྱེད་པས་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཞེས་བྱའོ། །ཐེག་པ་ཆེན་པོ་འདི་ཉིད་ཀྱི་འཇུག་སྒོ་དང་། ལྟ་སྒོམ་སྦྱོད་འབྲས་ཀྱི་རྣམ་བཞག་མདོ་ཙམ་འབྲི་བར་བྱ་སྟེ། འཇུག་སྒོ་ནི། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས། རྣམ་པ་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་དང་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་པའི་རྒྱུད་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། ཟབ་མོ་ལྟ་བའི་སྲོལ་དང་། རྒྱ་ཆེན་སྤྱོད་པའི་སྲོལ་གཉིས་གང་རུང་གི་ཆོ་ག་ལ་བརྟེན་ནས་སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོམ་པ་ཚུལ་བཞིན་བླངས་ནས། སྤང་བླང་གི་བསླབ་བྱ་རྣམས་མི་ཉམས་པར་སྲུང་ཞིང་། ཉམས་པ་གསོ་སྦྱོང་བཅས་ཀྱིས་སྒོ་ནས་གཞན་ཕན་གཞི་དང་བཅས་པ་སྒྲུབ་པའོ། །
གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། གྲུབ་མཐའི་དབང་དུ་བྱས་ན། ཆོས་རྣམ་ཕྱི་དོན་དུ་མ་གྲུབ་པར་ནང་སེམས་ཙམ་དུ་འདོད་པ་དང་། གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པ་སེམས་ཙམ་པའི་ལུགས་དང་། ཆོས་ཐམས་ཅད་སྣང་ཚུལ་རྟེན་འབྲེལ་དུ་རྟོགས་པ་དང་། གནས་ལུགས་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་གཏན་ལ་འབེབས་པ་དབུ་མའི་ལུགས་ཀྱིས། གཞི་བདེན་གཉིས་ཀྱི་རྣམ་བཞག་ལ་བརྟེན་ནས། གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་པོ་རྫོགས་པར་རྟོགས་པའོ། །
ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། བདེན་གཉིས་དབྱེར་མེད་ཀྱི་དོན་ལ་རྟོགས་གོམས་སྦྱོར་བས་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྟེན་ནས། སློབ་ལམ་དུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་རིམ་བཞིན་བསྒོམ་པའོ། །
སྤྱོད་པ་ནི། ཕ་རོལ་དུ་ཕྱིན་པ་དྲུག་དང་། གཞན་དོན་དུ་བསྡུ་བའི་དངོས་པོ་བཞི་ཡོངས་སུ་སྤྱོད་པའོ། །
འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སྤང་། རྟོགས་བྱ་ཇི་ལྟ་ཇི་རྙེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟོགས་ཏེ། སྤང་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བརྙེས་ཏེ། རང་དོན་དུ་ཆོས་སྐུ་རྣམ་པ་གཉིས་དང་། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་མཐར་ཕྱིན་པའོ། །
ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་ནི། བྱ་རྒྱུད་ཀྱི་ཐེག་པ་དང་། སྤྱོད་རྒྱུད་ཀྱི་ཐེག་པ་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པ་རྣམས་ཏེ་ཕྱི་རྒྱུད་སྡེ་གསུམ་མོ། །
ཅིའི་ཕྱིར་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་བྱ་ཞེ་ན། ཕྱི་རྒྱུད་སྡེ་གསུམ་ནི། ཁྲུས་དང་གཙང་སྦྲ་ལ་སོགས་དཀའ་ཐུབ་ཀྱི་སྤྱོད་ལམ་བྲམ་ཟེ་རིག་བྱེད་སྨྲ་བ་དང་ཚུལ་མཐུན་པར་སྤྱོད་དགོས་དེ་སྐད་ཅེས་བྱའོ། །
བཞི་པ་བྱ་རྒྱུད་ཀྱི་ཐེག་པ་ནི། ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་ཀྱི་སྤྱོད་པ་གཙོབོ་སྟོན་པས་ན་བྱ་བའི་རྒྱུད་ཅེས་བྱའོ། །
དེ་ལ་འཇུག་སྒོ་དང་། ལྟ་སྒོམ་སྤྱོད་འབྲས་ཀྱི་རིམ་པ་ཇི་ལྟར་ཡོད་ཅེ་ན། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་ཡིན་པས། ཆུ་དབང་གིས་ཆོས་སྐུ་དང་། ཅོད་པན་གྱི་དབང་གིས་གཟུགས་སྐུ་སྨིན་བྱེད་ཀྱི་ནུས་པ་རྒྱུད་ལ་བཞག་སྟེ། བྱ་རྒྱུད་སྤྱིའི་དམ་ཚིག་རྣམས་རང་གཞུང་དུ་བཤད་པ་ལྟར་ཚུལ་བཞིན་སྲུང་བའོ། །
གཞི་གཏན་ལ་འབེབས་ཚུལ་ནི། སྦྱང་གཞི་རང་གི་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་དེ་དོན་དམ་པར་ཡོད་མེད་སྣང་སྟོང་གི་སྤྲོས་པའི་མཐའ་དང་བྲལ་བར་རྟོགས་ནས། སྦྱང་བྱ་ཀུན་རྫོབ་ཀྱི་སྣང་ཆ་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བའོ། །
ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། བདག་གི་དེ་ཁོ་ཉིད་དང་། ལྷའི་དེ་ཁོ་ན་ཉིད་ལྷ་དྲུག་གི་སྒོ་ནས་བདག་དམ་ཚིག་པར་བསྐྱེད་པའི་མདུན་དུ་ལྷ་ཡེ་ཤེས་པ་སྤྱན་དྲངས་ཏེ་རྗེ་ཁོལ་གྱི་བསྙེན་པ་དང་། ཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དེ་སྒྲ་དང་སེམས་རང་གཞི་ལ་གཞོལ་བ་དང་། བསམ་གཏན་གྱི་དེ་ཁོ་ན་ཉིད་དེ་མེར་གནས་དང་སྒྲ་གནས་དང་སྒྲ་མཐའི་དེ་ཉིད་བཅས་ཀྱིས་བསམ་གཏན་བསྒོམ་པ་སྟེ། དེ་ཁོ་ན་ཉིད་བཞི་སྒོམ་པའོ། །
སྤྱོད་པ་ནི། ཁྲུས་གསུམ་བྱེད་པ་དང་། གོས་གསུམ་བརྗེ་བ། ཟས་དཀར་གསུམ་བསྟེན་པ་དང་། སྙུང་གནས་དང་བཟླས་བརྗོད་བྱེད་པའོ། །
འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། གནས་སྐབས་སུ་འདོད་པའི་རིག་འཛིན་འགྲུབ་ཅིང་། མཐར་ཐུག་སྐུའི་རིགས་རྣམ་པར་སྣང་མཛད། གསུང་གི་རིགས་འོད་དཔག་མེད། ཐུགས་ཀྱི་རིགས་མི་བསྐྱོད་པ་བཅས་རིགས་གསུམ་རྡོ་རྗེ་འཛིན་པའི་བྱང་ཆུབ་ཀྱི་གོ་འཕང་གང་ཡང་རུང་བ་ཐོབ་པར་འགྱུར་བའོ། །
ལྔ་པ་སྤྱོད་རྒྱུད་ཀྱི་ཐེག་པ་ནི། ཕྱི་ལུས་ངག་གི་བྱ་བ་དང་། ནང་སེམས་ཀྱི་ཏིང་ངེ་འཛིན་གཉིས་ཆ་མཉམ་པར་སྤྱོད་པས་ན་སྤྱོད་རྒྱུད་དང་། ལྟ་བ་ཡོ་ག་མཐུན་ལ་སྤྱོད་པ་ཀྲི་ཡ་ལྟར་སྤྱོད་པས་གཉིས་ཀའི་རྒྱུད་ཅེས་ཡོངས་སུ་འང་གྲགས། འདི་ཉིད་ཀྱི་འཇུག་སྒོ་དང་། ལྟ་སྒོ་སྤྱོད་འབྲས་ཀྱི་ཁྱད་པར་ཅུང་ཟད་འབྲི་ན། འཇུག་སྒོ་ནི། ཆུ་དང་ཅོད་པན་གྱི་སྟེང་དུ། རྡོ་རྗེ། དྲུལ་བུ། མིང་དབང་དང་བཅས་ལྔས་སྨིན་པར་བྱས་ཏེ། སྤྱོད་རྒྱུད་ཀྱི་དམ་ཚིག་རྣམས་རང་གཞུང་ལྟར་མ་ཉམས་པར་སྲུང་བའོ། །
གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། རྣལ་འབྱོར་གྱི་རྒྱུད་དང་འདྲ་བས་གཤམ་དུ་འཆད་པར་འགྱུར་རོ། །
ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། བདག་དམ་ཚིག་པར་བསྐྱེད་པའི་མདུན་དུ་ལྷ་ཡེ་ཤེས་པ་སྤུན་ནམ་གྲོགས་པོའི་ཚུལ་དུ་བལྟས་ནས། མཚན་བཅས་ཡི་གེ་དང་། ཕྱག་རྒྱ། གཟུགས་གསུམ་གྱི་ལྷ་དང་། མཚན་མེད་འཇུག་གནས་ལྡང་གསུམ་གྱིས་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པའོ། །
སྤྱོད་པ་ནི། བྱ་རྒྱུད་ཀྱི་སྤྱོད་པ་དང་མཚུངས་སོ། །
འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། གནས་སྐབས་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་། མཐར་ཐུག་རིགས་གསུམ་དང་། རིན་པོ་ཆེའི་རིགས་བཅས་རིགས་བཞི་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པའོ། །
དྲུག་པ་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ནང་གི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་སྒོམ་པ་གཙོ་བོར་བྱེད་པས་ན་དེ་སྐད་ཅེས་བྱའོ། །
དེ་ལ་འཇུག་སྒོ་དང་། ལྟ་སྒོམ་སྤྱོད་འབྲས་ཀྱི་རིམ་པ་འདི་ལྟ་སྟེ། འཇུག་སྒོ་ནི། ཆུ་དང་ཅོད་པན་རྡོ་རྗེ་དང་དྲིལ་བུ་མིང་བཅས་སློབ་མའི་དབང་ལྔ་དང་། ཕྱིར་མི་ལྡོག་པའི་དབང་དང་། གསང་བའི་དེ་ཁོ་ན་ཉིད་མཐོང་བའི་དབང་། རྗེས་གནང་། ལུང་བསྟན། དབྱུགས་དབྱུང་། གཟེངས་བསྟོད་བཅས་སློབ་དཔོན་གྱི་དབང་དྲུག་སྟེ་དབང་བཅུ་གཅིག་གིས་རྒྱུད་སྨིན་པས་བྱས། དམ་ཚིག་གཞུང་བཞིན་སྲུང་བའོ། །
གཞི་ལྟ་བ་གཏན་ལ་འབེབ་ཚུལ་ནི། དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་མེད་པའི་འོད་གསལ་སྟོང་པ་ཉིད་ཀྱི་བྱིན་རླབས་ལས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་ལྟ་བའོ། །
ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་བདག་ལྷར་སྒོམ་པ་ལ་ཡེ་ཤེས་པ་དགུག་ཅིང་བསྟིམས་ཏེ་ཕྱག་རྒྱ་བཞིའི་རྒྱས་འདེབས་པ་སོགས་ཐབས་ཀྱི་རྣལ་འབྱོར་དང་། དོན་དམ་མཚན་མ་མེད་པའི་ཡེ་ཤེས་དང་། ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷ་སྣང་གཉིས་ཀ་གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པའོ། །
སྤྱོད་པ་ནི། ཁྲུས་དང་གཙང་སྦྲ་གྲོགས་ཙམ་དུ་རྟེན་པའོ། །
འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། འཇིག་རྟེན་པའི་དོས་གྲུབ་མཁའ་སྤྱོད་ཀྱི་རིག་འཛིན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྔར་གྱི་རིགས་བཞིའི་སྟེང་དུ་དོན་གྲུབ་འཕྲིན་ལས་ཀྱི་རིགས་བསྣན་པས་རིགས་ལྔ་སྟུག་པོ་བཀོད་པར་འཚང་རྒྱ་བའོ། །
གསང་བ་དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་ནི། མ་ཧཱ་ཡོ་གའི་ཐེག་པ་དང་། ཨ་ནུ་ཡོ་གའི་ཐེག་པ། ཨ་ཏི་ཡོ་གའི་ཐེག་པ་རྣམས་ཏེ། ནང་རྒྱུད་སྡེ་གསུམ་མོ། །
དེ་དག་ལ་ཅིའི་ཕྱིར་དབང་སྒྱུར་ཐབས་ཀྱི་ཐེག་པ་ཞེས་བྱ་ཞེ་ན། ཆོས་ཐམས་ཅད་དག་མཉམ་ཆེན་པོར་དབང་བསྒྱུར་བའི་ཐབས་ལ་མཁས་པས་ན་དེ་སྐད་ཅེས་བྱའོ། །
བདུན་པ། རྒྱུད་མ་ཧཱ་ཡོ་གའི་ཐེག་པ་ནི། ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པས་རྣལ་འབྱོར་རྒྱུད་ལས་ཁྱད་དུ་འཕགས་པས་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །
དེལའང་འཇུག་སྒོ་དང་། ལྟ་སྒོམ་སྦྱོད་འབྲས་ཀྱི་རྣམ་བཞག་མདོ་ཙམ་བརྗོད་ན། འཇུག་སྒོ་ནི། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་གྱིས་རྒྱུད་སྨིན་པར་བྱས། དམ་ཚིག་རྣམ་གཞུང་བཞིན་དུ་སྲུང་བའོ། །
གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། རིག་པ་སྤྲོལ་བྲལ་ལ་སྣང་བ་དོན་དམ་དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་ཅིང་། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་གདན་གསུམ་ལྷའི་དཀྱིལ་འཁོར་དུ་རང་སྣང་བ་ལྷག་པའི་བདེན་པ་དབྱེར་མེད་ཇི་ལྟ་བར་ཐུན་མིན་གྱི་གཏན་ཚིགས་ལ་བརྟེན་ནས་གཏན་ལ་ཕབ་སྟེ་རྟོགས་པའོ། ལམ་བསྒོམ་པས་ཉམས་སུ་ལེན་ཚུལ་ནི། བསྐྱེད་རིམ་གཙོ་བོར་བཟུང་སྟེ། ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ། ཇི་ལྟར་བསྐྱེད་པའི་ངོ་བོར་དག་རྫོགས་སྨིན་གསུམ་ཚང་བར་བྱས། བསྐྱེད་ཟིན་པ་དེའང་སྲོག་སྡོམ་གཟེར་བཞིའི་མན་ངག་གིས་རྒྱས་འདེབས་པ་བཅས་བསྐྱེད་རིམ་གྱི་རྣལ་འབྱོར་དང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་རླུང་དང་ཐིག་ལེ་འོད་གསལ་སོགས་རྫོགས་རིམ་གྱི་རྣལ་འབྱོར་བསྒོམ་པའོ། །
སྤྱོད་པ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྐྱོང་བའོ། ། འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། གནས་སྐབས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང་། མཐར་ཐུག་འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའོ། །
བརྒྱད་པ། ལུང་ཨ་ནུ་ཡོ་གའི་ཐེག་པ་ནི། ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་ཤིང་། ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོར་སྟོན་པས་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །
དེལའང་འཇུག་སྒོ་དང་། ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་ཅུང་བརྗོད་ན། འཇུག་སྒོ་ནི། ཕྱི་ནང་སྒྲུབ་གསང་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་རྩ་དྲུག་གིས་རྒྱུད་སྨིན་དམ་ཚིག་བཞིན་སྲུང་བའོ། །
གཞི་གཏན་ལ་འབེབས་ཚུལ་ནི། ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་གསུམ་དུ་གནས་པ་ཉིད་ཀྱི་ཆོས་ཅན་ཤེས་བྱའི་དོན་ལ་ཤེས་བྱེད་རིགས་པའི་གཏན་ཚིགས་རྣམས་ཀྱིས་ཇི་ལྟ་བར་གཏན་ལ་ཕབ་སྟེ་རྟོགས་པའོ། །
ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་ངང་ལ་མཉམ་པར་འཇོག་པ་མཚན་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། བསྐྱེད་སྔགས་བརྗོད་པ་ཙམ་གྱིས་རྟེན་དང་བརྟེན་པའི་འཁོར་ལོར་བསྒོམ་པ་མཚན་བཅས་ལྷའི་ཏིང་འཛིན་བསྒོམ་པ་གྲོལ་ལམ་དང་། ཐབས་ལམ་སྟེང་འོག་གི་སྒོ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པའོ། །
སྤྱོད་པ་ནི། སྣང་སེམས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་ཤེས་ནས་བླང་དོར་མེད་པའི་སྤྱོད་པ་སྤྱད་པའོ། །
འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། ཨ་ནུ་ཡོ་གའི་ཐུན་མོང་གི་ལམ་ལྔའི་ངོ་བོར་གྱུར་པའི་རྣལ་འབྱོར་ལྔ་དང་། དེས་བསྡུས་པའི་ས་བཅུ་མཐར་ཕྱིན་ཏེ་ཀུན་དུ་བཟང་པོའི་གོ་འཕང་ཐོབ་པའོ། །
དགུ་པ། མན་ངག་ཨ་ཏི་ཡོ་གའི་ཐེག་པ་ནི། ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པ། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པས་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། དེ་ལ་ཐེག་པ་འདི་་ཉིད་ཀྱི་འཇུག་སྒོ་དང་། ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་མདོ་ཙམ་བརྗོད་ན། འཇུག་སྒོ་ནི། རིག་པའི་རྩལ་དབང་བཞིའི་རྒྱུད་སྨིན་པས་བྱས། དམ་ཚིག་གཞུང་བཞིན་སྲུང་བའོ། །
གཞི་གཏན་ལ་འབེབས་ཚུལ་ནི། སེམས་ལས་འདས་པའི་རིག་པ་རྗེན་པ་འདི་ཀའི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ། སྐུ་གསུམ་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་ཀྱི་རང་ཞལ་ལྟ་བའོ། །
ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ནི། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེག་ཆོད་ཀྱི་ལམ་དང་བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་བརྒལ་གྱི་ལམ་སྒོམ་པའོ། །
སྤྱོད་པ་ནི། ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱི་རོལ་བར་ཤར་པས་སྤང་བླང་རེ་དོགས་དང་བྲལ་བར་སྤྱོད་པའོ། །འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། ལམ་གྱི་སྣང་བ་བཞི་མཐར་ཕྱིན་ཏེ། འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའམ་བཅུ་གསུམ་ཡེ་ཤེས་བླ་མའི་ས་ཐོབ་པའོ། །
རྩོམ་པ་པོ། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ།
བོན་ཐེག་པ་རིམ་དགུའི་མདོར་དོན།
རྩོམ་པ་པོ། ཁྱུངཿསྨོན་ལམ།
༡ .ནད་གདུང་བཟང་ངན་པྲ་ལྟས་མོ་ཡིས་བརྟག་ནས། ལེགས་ཉེས་བླང་དོར་རྣོ་མཐོང་རྩིས་ཀྱིས་གཞལ་ཏེ། སྣང་ཡུལ་བདེ་སྡུག་ནད་གསོ་གཏོ་ཡིས་སེལ་ཞིང༌། དུས་མིན་འབྱུང་འཁྲུག་འཆི་བསླུ་དཔྱད་ཀྱིས་གསོ་བར་བྱེད་པའི་ཕྱྭ་གཤེན་ཐེག་པ།
༢ .གྱེར་སྒོ་བཞི་དང་སྐད་གཅོང་དགུ་ཡི་སྒོ་ནས་སྨེ་མནོལ་མི་གཙང་འབག་གྲིབ་བསལ་ཞིང་འདྲེ་དགུ་སྲི་བཅུ་ཐབས་ཀྱིས་འདུལ་བ་དང༌། ཀླུ་གཉན་ས་བདག་གི་འགྲམ་འཁྲུག་བསྡུམ་ཞིང་མཁའ་ཀློང་དབྱིངས་གསུམ་གྱི་མ་ཚོགས་རྣམས་མཆོད་མདོས་བསྐང་རྫས་ཀྱིས་མཉེས་ནས་བསྟན་འགྲོའི་བདེ་སྐྱིད་ཀྱི་ལེགས་ཚོགས་འཕེལ་ཏེ་མི་མཐུན་སྙིགས་མའི་གུད་པ་ཞི་བར་བྱེད་པའི་སྣང་གཤེན་ཐེག་པ།
༣ .རྫུ་འཕྲུལ་བཅུ་གསུམ་གྱི་བརྡ་ཐབས་ལ་བརྟེན་ནས་བསྙེན་བསྒྲུབ་ལས་སྦྱོར་གྱི་གཞུང་བསྲང་སྟེ་བསྟན་པའི་དགྲ་བགེགས་རྣམས་སྒྲོལ་བར་བྱེད་པའི་འཕྲུལ་གཤེན་ཐེག་པ།
༤ .ཚེ་འདས་ཀྱི་བླ་ཡིད་སེམས་གསུམ་ཐུགས་རྗེས་བཟུང་ཞིང་འདུར་ཐབས་སུམ་བརྒྱ་དྲུག་ཅུའི་སྒོ་ནས་ལུས་སེམས་གཅིག་ཏུ་བསྡུ་ཞིང་བར་ས་བདེ་ལ་ཡངས་པའི་གནས་སུ་བཀོད་པར་བྱེད་པའི་སྲིད་གཤེན་ཐེག་པ་བཅས་རྒྱུ་ཡི་ཐེག་པ་བཞི།
༥ .དད་བརྩོན་ཤེས་རབ་ཀྱིས་རྒྱུད་སྦྱངས་ཤིང་བོན་སྤྱོད་སྣ་ཚོགས་ཀྱིས་གཞུང་བསྲང་ནས་རྩ་བ་དང་ཡན་ལག་གི་ཁྲིམས་རྣམས་སྲུང་བར་བྱེད་པའི་དགེ་བསྙེན་ཐེག་པ།
༦ .ལུང་སྡེ་སྣོད་གསུམ་གྱི་བོན་ལ་འཆད་ཉན་དང༌། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ཉམས་སུ་ལེན་པའི་སྒོ་ནས་བདེན་མེད་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དོན་གཏན་ལ་དབབ་ཅིང་ཐེག་པ་ཆེན་པོ་ལམ་ལྔ་ས་བཅུའི་ཡོན་ཏན་མཐར་ཕྱིན་ནས་སྐུ་གསུམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བརྙེས་པར་བྱེད་པའི་དྲང་སྲོང་ཐེག་པ།
༧ .བསྙེན་པའི་གཞི་མ་སྒོ་དགུ་དང༌། བསྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་ཀྱི་མཆོང་ཆེན་སྡེ་དགུ་སོགས་ཀྱིས་ཡི་དམ་གསས་མཁར་གྱི་གཞུང་བསྲང་ནས་ཡེ་ཤེས་ཀྱི་སྣང་བ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་བསྒྱུར་བར་བྱེད་པའི་ཨ་དཀར་ཐེག་པ།
༨ .དབྱིངས་ཤེས་གཉིས་སུ་མེད་པའི་བདེ་སྟོང་ཡེ་ཤེས་ཀྱི་རྫོགས་རིམ་ཉམས་སུ་ལེན་པ་ལ་བརྟེན་ནས་ཟུང་འཇུག་སྒྱུ་ལུས་མངོན་དུ་བྱེད་ཅིང༌། སྣང་སྟོང་གཉིས་མེད་ལྷག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་རྩོལ་མེད་ལྷུན་གྲུབ་ཀྱི་གསས་མཁར་ཡོངས་སུ་རྫོགས་པར་བྱེད་པའི་ཡེ་གཤེན་ཐེག་པ་སྟེ་འབྲས་བུའི་ཐེག་པ་བཞི།
༩ .ཡེ་སྟོང་སྤྲོས་བྲལ་ཇི་བཞིན་ཉིད་ཀྱི་གནས་ལུགས་བླ་མེད་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་གི་དོན་གཏན་ལ་དབབ་པར་བྱེད་པའི་ཡང་རྩེ་བླ་ན་མེད་པའི་ཐེག་པ་བཅས་སོ། །
ཨ་ཨ་་་་་་་་་་་་་ད་དངོས་གནས་བགྲོ་གླེང་གནང་འདུག བན་བོན་སྐོར་ནས་རེད་འདུག
ནམ་རྒྱུན་ཁ་བརྡར་མཆན་འགོད་པོ་ཡག་གྲས་རིགས་ཕེབས་འདུག
༡༽ སྤོབས་པ་མཐའ་ཡས་ལགས། ཁྱེད་ནས་ཅུང་རྒྱུ་ཚད་ལྡན་པའི་སྐད་ཆ་འདྲ་བཤད་ཀི་འདུག བོན་ཕྱོགས་ལས་སྤྱིར་མཐོང་རྒྱ་ཡག་པོ་འདུག ཕྱི་གླིང་གི་མཐོ་སློབ་གྲགས་ཆེན་ལ་བཞུགས་པ་དོན་གོ་ཆོད་པོ་འདྲ་མཐོང་སོང་། མ་འོངས་བོད་ལ་སྤྱི་སྨན་གྱི་ཕྱག་ལས་འདྲ་གནང་བའི་རེ་བ་ཆེ།
༢༽ བན་དེ་བ་ལགས། བོན་པོའི་མཁས་དབང་ཞིག་ཡིན་པ་ཐག་ཆོད། སྤྱི་རྒྱ་རླབས་ཆོད་ཀྱིས་སྐད་ཆ་བཤད་ཀི་འདུག ཡི་རངས་ཡོད། ཧ་ཅང་གི་དམོད་མོ་དེ་རིགས་འདིར་མི་འོས་པས་གཟབ་དགོས་འདྲ་འདུག
༣༽ བོན་པོ་ལགས། བོན་པོའི་གཞུང་ལུགས་བྱང་ཐག་ཆོད་པའི་དགེ་བཤེས་འདྲ་ཞིག་རེད་བསམ་པ་བྱུང་། སྤྱི་ཕན་ཚད་ལྡ་གྱི་སྐད་ཆ་མོད་པོ་གནང་གི་འདུག དྲ་བའི་རིག་གནས་ལ་ཐུགས་སྣང་ཆེ་བར་དགའ་བསུ་ཞུ།
༤༽ ཀརྡོ་གཉེར་ཕྱག་པ་ལགས། ཆོས་ལུགས་ཀྱི་ཞེན་པ་ཆེར་མེད་པ་འདྲ་ཞིག་རེད། ཕྱོགས་གཉིས་ལ་སྙོམས་པའི་སྐད་ཆ་འདྲ་བཤད་ཀི་འདུག ཁ་མཁས་པོ་དཔེ་རེད། དགའ་བསུ་ཞུ།
༥༽ཨོ་རྒྱན་ཉི་མ། གྲུབ་མཐའ་རྙིང་མ་ཡིན་པ་ཐག་གིས་ཆོད། མ་ཟད་རྣམ་གྲོལ་གླིང་གི་ལོས་བསམ་པ་འདྲ་བྱུང་། ཕྱོགས་ཞེན་ཆེ་དྲག་འདུག གནའ་དེང་གི་རིག་གནས་བན་བོན་གྱི་གཞུང་ལུགས་གང་ལ་ཡང་རྒྱུས་མངའ་མེད་པ་ཁྱུང་ཐོང་གནམ་ཟུག་འདྲ་ཞིག་རེད། རབ་བྱུང་ན་དྲ་བའི་རིག་གླེང་ལས་རེ་ཞིག་ཕྱིར་ཕེབས་ནས་གཞུང་ལུགས་འདྲ་སྦྱངས་གནང་ན་བསམ། ཐུགས་རྗེ་ཆེ།
ད་རུང་བོན་ཕྱོགས་ནས་ཡིན་པ་འདྲ་ལ་སྟོད་བུ་ཟེར་བ་ཞིག་ཡོད། ཕེབས་མི་འདུག རིག་ལམ་དང་གཞུང་ལུགས་ལ་མཁས་པ་དཔེ་རེད། དབྱིན་ཡིག་སོགས་སྐད་རིགས་ཀྱང་མང་པོ་མཁྱེན་རྒྱུ་ཡོད། ཁ་བརྡའི་རྐང་འཛིན་པ་རྙིང་གྲས་ཤིག་རེད། དེ་མིན་ད་རུང་གྲགས་ཆེན་ཁ་ཤས་ཡོད་མོད།་ད་ལན་འདིར་ཕེབས་མི་འདུག་པས་ཅང་ཞུ་གི་མིན།
གཞན་པའི་མཆན་པོ་རྣམས་གསར་འབྱོར་རེད། ག་ལེར་ཞིབ་དཔྱོད་བྱ་རྒྱུ་ཡིན། དགོངས་པ་མ་ཚོམ་ཞུ།
༣༡༽ BONPO ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༠ གི་ཆུ་ཚོད་ ༦ སྐར་མ་ ༤༧ བོན་ཐེག་པ་རིམ་དགུའི་མདོར་དོན། རྩོམ་པ་པོ། ཁྱུངཿསྨོན་ལམ། འདིར་དྲངས་པ་བློ་བསྐྱེད་ཆེན་པོ་བྱྱུང་། གང་ཡིན་ཟེར་ན། ངས་བོན་ཐེག་པ་རིམ་དགུའི་མིང་ཙམ་བོད་རྒྱའི་ཚིག་མཛོད་ཆེན་མོར་མཐོང་བ་ལས་དེ་དག་སོ་སོའི་གོ་དོན་མ་ཤེསཔར་ལུས་བསྡད་སྐབས་ཁ་བརྡར་འདིར་བོན་པོས་མཁ་སྤྲོད་གནང་བར་བཀའ་དྲིན་ཆེའོ། །དེ་རིང་ནས་བཟུང་བོན་ཆོས་ལ་དག་སྣང་བྱེད་བདེ་རུ་ཕྱིན་སོང་། ཐུགས་རྗེ་ཆེ་ཞེས་ཞུའོ། །
གཡག་ཤ་མ་བཟས་རྒྱུན་རིང་ཕྱིན། །
ཁ་བརྡའི་གཡག་གི་གཡག་ཤ་བཟང་། །
ཡང་གཏམ་ཨེ་མ་ཧོ་ལས།
་་་་་ རྫོགས་ཆེན་རྒྱུད་ལུང་རྣམས་ནས་ཀྱང་དེ་འདྲ་རྐྱང་མཐོང་། དེ་འདྲ་ཡིན་སྟབས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཕྱོགས་དང་རིས་སུ་མ་ཆད་པ་ཐམས་ཅད་རང་རིག་པའི་རྩལ་དུ་ཡོངས་སུ་རྫོགས་ཆོག་པ་ལ། བོནཔོ་ཕར་གཅད་དགོས་པ་གང་ཞིག་ཀྱང་མ་མཐོང་།
དེར་མ་ཟད་བོན་གྱོ་ཁོངས་སུའང་ཞང་ཞུང་སྙན་བརྒྱུད་གཙོས་པའི་རྫོགས་ཆེན་གྱི་གདམས་པ་ཟབ་མོ་དུ་མ་ཞིག་བཞུགས་བཞིན་པ་དང་། དེའང་བཞུགས་པ་ཙམ་དུ་མ་ཟད་གདམས་པའི་བརྒྱུད་མ་ཆད། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ།
ཕྱིས་བོན་གྱི་རྣལ་འབྱོར་བ་ཆེན་པོ་ཞིག་ལ་དཔེར་མཚོན་ན་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་༼༡༨༥༩ ་་་ ༡༩༣༥༽མཆོག་ཡུལ་མི་གྲོང་འཁོར་ཀུན་གྱི་ཐུན་མོང་བའི་སྣང་ངོར་མངོན་སུམ་དུ་འཇའ་ལུས་འོད་སྐུར་ཕེབས་པས། ཟབ་ལམ་བཞུགས་ངེས་པའི་བདེན་དཔང་བྱུང་བ་དེ་ལྟར་ན། ནམ་མཁའི་ནོར་བུ་བོན་པོ་ཡིན་དུ་ཆུགས་ཀྱང་མ་འགྲིགས་པ་ཅི་ཞིག་ཀྱང་མེད། ་་་་ཟེར།
བོད་ཀྱི་ཤེས་ཡོན་ཅན་རྣམས་པ་་་ཁམས་བཟང་།
༼ཀྲུང་གོའི་བོད་ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བཏུས༽ཞེས་པའི་དེབ་དེའི་ནང་དུ་འདི་ལྟར་བཀོད་འདུག
རྡོ་རིང་གི་ཡི་གེ་ངོ་བཤུལ་ཁག་གཅིག་དང་། བོད་ཀྱི་གནའ་རབས་ཤོག་དྲིལ་ཁག་གཅིག་བཀོད་འདུག ཤོག་དྲིལ་དེ་ཡང་མང་ཆེ་བ་ནི་ཏུན་ཧོང་བྲག་ཁུང་ནས་ཐོན་པ་དང་། ཉུང་ཤས་ཤིག་ནི་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ནུབ་ཆུང་གི་མི་རང་མཁར་རྫོང་རྙིང་པའི་ཤུལ་མལ་ནས་ཐོན་པ་རེད་ཅེས་དང་།
སྤྱི་ལོ་1907་དང་1908ལོར་དབྱིན་ཇིའི་བ་སི་ཐན་དབྱིན་དང་། ཧྥི་རན་སི་ནས་ཡིན་པའི་པུའུ་ཞི་ཧོ་ཟེར་བ་གཉིས་ཀྱིས་སྔ་རྟིང་དུ་ཤོག་དྲིལ་༥༠༠༠་ཙམ་ཁྱེར་ཕྱིན་ནས་མི་ལོ་བརྒྱད་ཅུའི་རིང་ལ་ཞིབ་འཇུག་བྱས་སྐད། དེང་སང་ཧྥི་རན་སིའི་སློབ་གྲྭ་ཆེན་མོའི་བོད་ཀྱི་རིག་གནས་ཞིབ་འཇུག་ཁང་གིས་ཤོག་དྲིལ་ཁག་གཅིག་ཕྱོགས་བསྒྲུགས་ཀྱིས་དཔེ་མཚོན་དེབ་གཉིས་པཪ་དུ་བསྐྲུན་ཡོད་པ་དེའི་ནང་དུ་་་་ནང་པའི་ཆོས་ལུགས་དང་། ལོ་རྒྱུས། དཔལ་འབྱོར། ཁྲིམས་སྲོལ་། གསོ་རིག སྐར་རྩིས། གནའ་སྒྲུང་། གནའ་པོའི་རྒྱ་བོད་ཤན་སྦྱར་གྱི་ཐ་སྙད། མོ་རྩིས། གནའ་རབས་ཀྱི་བསྒྱུར་ཡིག་སོགས་ཡིག་ཆ་རིན་ཐང་ཅན་འདྲ་མིན་སྣ་ཚོགས་བཀོད་ཡོད་འདུག
ཏན་ཧོང་བྲག་ཁུང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་གང་མང་ཞིག་དབྱིན་ཇིའི་རྒྱ་གར་ལས་དོན་ཚན་ཁག་གི་དཔེ་མཛོད་ཁང་གིས་ཉར་ཡོད་འདུག་པ་དང་། དབྱིན་ཇིའི་དངོས་མང་བཤམ་སྟོན་ཁང་ཁོངས་ཀྱི་དཔེ་མཛོད་ཁང་གི་པུའུ་ཤར་མས་ཉར་ཡོད་འདུག
༡་་་བོད་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་པ་རྣམས་ཏུན་ཧོང་བྲག་ཁུང་ནས་ཐོན་ཡོད་པ་ལས་པོ་ཏ་ལའི་ནང་ནས་ཐོན་མེད་པ་འདིས་ང་ཚོ་ལ་གསལ་བཤད་ཤིག་བྱས་པ་ནི་རྒྱལ་པོ་དར་མ་བསད་པ་དང་། ཆོས་ལུགས་པས་ཞྭ་མོ་གཡོགས་ནས་མགོ་ལ་གླང་རྭ་བཙུགས་པ། སྤྱི་ཚོགས་ནང་དུ་བོད་བཙན་པོའི་རིགས་རྒྱུད་བདུད་དང་འདྲེ་རུ་བརྩིས་པས་སྐྱོན་གྱིས་ཡིག་ཆ་བཞག་ས་མ་རག་ནས་བྲག་ཁུང་ནང་དུ་བསྐུངས་དགོས་ཐུག་པ་རེད་འདོད།
༢་་་ལོ་རྒྱུས་ལ་ཞིབ་འཇུག་བྱ་ཐུབ་མཁན་གྱི་ཤེས་ཡོན་ཅན་ཚོས་ཧྥི་རན་སི་ཡི་བྲིས་པའི་དེབ་དང་དབྱིན་ཇིའི་དཔེ་མཛོད་ནང་དུ་ཡོད་པའི་ཡིག་རྙིང་ཁག་དངོས་སུ་མཇལ་ཐུབ་པའི་གོ་སྐབས་བྱུང་ན་སྔར་མ་ཤེས་པ་གང་མང་ཞིག་ཤེས་ཐུབ་པའི་རེ་བ་ཆེན་པོ་འདུག་འདོད། དེ་ནས་སྲོང་བཙན་རྒྱལ་པོའི་གོང་དུ་བོད་ཡིག་ཡོད་མེད་གསལ་པོ་ཆགས་ངེས་རེད་འདོད་དོ།།།
ངས་མཐོང་མྱངས་བའི་ཏུན་ཧོང་གི་ཡིག་རྙིང་ཁག་གི་ནང་དུ་ཐོན་མིའི་དབྱངས་གསལ་སུམ་ཅུ་ལས་མང་བ་འདུག་ལ་ཀློག་མི་ཤེས་པའི་ཡི་གེ་འདུག དབྱངས་ལྔ་ཡོད་པ་ནི་ཆ་མཉམ་འདྲ་ཞིག་རེད་འདུག
ཨོ་ཉི་ཁྱོད་རང་དབྱིན་ཇིའི་དཔེ་མཛོད་ནང་དུ་ཡིག་རྙིང་འཚོལ་མཁན་རྒྱུགས་་་་་དེ་ནས་་་་་ཤོག
་་་་་ ༢་་་ལོ་རྒྱུས་ལ་ཞིབ་འཇུག་བྱ་ཐུབ་མཁན་གྱི་ཤེས་ཡོན་ཅན་ཚོས་ཧྥི་རན་སི་ཡི་བྲིས་པའི་དེབ་དང་དབྱིན་ཇིའི་དཔེ་མཛོད་ནང་དུ་ཡོད་པའི་ཡིག་རྙིང་ཁག་དངོས་སུ་མཇལ་ཐུབ་པའི་གོ་སྐབས་བྱུང་ན་སྔར་མ་ཤེས་པ་གང་མང་ཞིག་ཤེས་ཐུབ་པའི་རེ་བ་ཆེན་པོ་འདུག་འདོད། དེ་ནས་སྲོང་བཙན་རྒྱལ་པོའི་གོང་དུ་བོད་ཡིག་ཡོད་མེད་གསལ་པོ་ཆགས་ངེས་རེད་འདོད་དོ།།།་་་་་་ཟེར།
དང་པོ། དྲ་གྲོགས་ཚོས་དྲང་ལྡོག་ཅི་རིགས་ཀྱི་ལམ་ནས་མཆན་སྤེལ་བར་དགའ་བསུ་ཞུ། ལྷག་པར་དུ་དེ་རིང་འདིར་དྲ་ལམ་ཁག་ནས་ཡང་ཡང་མཇལ་མྱོང་བའི་ཅོ་རི་ཉི་མ་ལགས་ཀྱང་ཕེབས་འདུག འཚམས་འདྲི་ཡོད། གཉིས་པ། མཆན་ཨང་ ༡༧ དགྲ་འདུལ་གྱིས་ངའི་དཔྱད་རྩོམ་འབྲི་སྟངས་སྦྱོང་དགོས་སྐོར་བཤད་པར་ལན་དུ། ད་ལྟའི་ཆར་ངས་འདི་ནས་ལེའུ་དང་པོར་ཞང་ཞུང་དང་གཡུང་དྲུང་བོན་གྱི་ལོ་རྒྱུས་ཇི་ལྟར་གསལ་བའི་དབྱིན་དེབ་ལེའུ་བདུན་གྱི་བདག་ཉིད་ཅན་ཞིག་དཔར་བསྐྲུན་བྱ་བ་ལ་ཉེ་ཡོད། མི་རིགས་ཀྱི་སེམས་དང་ལོ་རྒྱུས་ཀྱི་དངོས་ལ་ཕན་པའི་རྩོམ་འབྲིའི་ཉམས་མྱོང་དང་ལེགས་བཤད་དེ་འདྲ་ཡིན་ན་མྱུར་དུ་གནང་རོགས། དེ་མིན་བོད་ཀྱི་གྲུབ་མཐའི་དབར་དུ་ཆགས་སྡང་སློང་བྱེད་དང་མི་སེམས་གཅོག་ཐབས་གཟུགས་མེད་ཀྱི་དབྱུག་པ་དེ་འདྲ་ཡིན་ན་འཛམ་གླིང་ཐོག་ཁྱབ་གདལ་དུ་མ་བཏང་ན་ཡག་གི་རེད། ད་ལན་དེ་ཙམ་ཡིན།
མི་རིགས་ཀྱི་སེམས་ཁམས་དང་ལོ་རྒྱུས་ཀྱི་དོན་དངོས་ལ་ ཞེས་བཅོས།
ཅོ་རི་ཉི་མ་ལགས་འདིར་ཕེབས་པ་བཟང་ང་དྲ་ཐོག་འདིར་ཡང་ཡང་ཡོང་གི་ཡོད་དེར་མི་འགའ་ཞིག་ཡིན་མིན་གང་གི་ཁོང་གཏོགས་མེད་པར་ཡིན་ལ་མིན་ལ་ཁ་མཁས་པོ་བྱས་དེ་སྡོད་ཀྱི་རེད། འགའ་ཞིག་ནི་ཆགས་སྡང་གིས་སྨྱོས་ཏེ་སྨྱོ་གཏམ་བཤད་རྒྱུ་རྐྱང་རེད། གང་ལྟར་རྣམ་དཔྱོད་དང་རང་ཚུགས་བརྟན་པ་ཅོ་རི་ལགས་ནི་ངས་སྣང་བ་འགྲོ་སའི་དྲ་གྲོགས་ཤིག་ཡིན། ཁོང་གི་སྐད་ཆ་ནི་ཁ་རི་ཁ་ཐུག་ཡིན་ལ་དེ་ཡང་དྲང་བདེན་སྨྲ་བ་པོ་ཞིག་ཡིན། ལྷག་པར་དུ་ཆོས་ལུགས་དང་ཆོལ་ཁའི་དབར་གྱི་དམག་འཁྲུགས་ཀྱི་གཡུལ་དུ་ནམ་ཡང་ཕེབས་ཀྱི་མེད། གལ་ཏེ་ཕེབས་ཀྱང་ཆགས་སྡང་ཕྱོགས་གཅིག་ལྷུང་བའི་སྐད་ཆ་ནམ་ཡང་ཤོད་པ་མ་མཐོང། གང་ལྟར་ངས་སྣང་བ་འགྲོ་སའི་དྲ་གྲོགས་ཞིག་ཡིན།
དེ་ནས་གཡག་གི་མཆན་བུ་བ་རྣམས་ལ་ཁ་དམར་གྱི་སྡོམ་ཚིག་ཅིག་ཀྱང་བཞག་གནང་འདུག་དེ་ལའང་ཡི་རངས་ཞུ། ཁ་བརྡའི་དྲ་ཁང་འདི་ནི་བོད་དང་བོད་དོན་ཆབ་སྲིད་ཆོས་ལུགས་རིག་གཞུང་འདོད་གཏམ་ལས་སོགས་འདི་བཤད་མི་བཤད་མེད་པའི་སྣ་མང་སྣ་ཚོགས་ཀྱི་འཇིག་རྟེན་གྱི་ཞིང་ཁམས་ཞིག་ཡིན། འདི་ཡི་ནང་དུ་སྨྱོན་པ་ཡང་ཡོང་གི་ཡོད་ལ་མཁས་པའང་ཕེབས་ཀྱི་ཡོད། ཆོས་ལུགས་དབར་ལ་འཁྲུགས་གཞི་སློང་མཁན་དང་ཆོལ་ཁའི་དབར་ལ་འཐེན་འཁྱེར་སློང་དུ་ཡོང་མཁན་ཀྱང་མི་ཉུང་བ་ཡོད། འདིར་བཟང་ཆ་ལེན་རྒྱུ་ཡོད་ལ། འདི་ཡི་ནང་ནས་མཐར་ཆོས་ལུགས་ཆོལ་ཾཁའི་སྨྱོན་པ་ར་བཟི་ཆགས་པའང་མི་ཉུང་བ་བྱུང་མྱོང། སྐབས་རེར་ར་བཟི་དང་སྨྱོན་པའི་ལྷན་དུ་ཡིད་ཐང་ཆད་ནས་དྲ་ཁང་འདི་ཡི་འཇིག་རྟེན་ལས་ཞིང་གཞན་དུ་གཤེགས་པའང་མང་དུ་ཡོད། དཔེར་ན། དཔལ་དགྱེས་དང། ལ་སྟོད་བུ། ལས་སོགས་ལྟ་བུ་རེད། ང་ཡང་སྨྱོན་པ་དང་ར་བཟི་དང་ལྷན་དུ་ཡུན་རིང་བསྟེན་ཆེ་ནས་སྐབས་རེར་སྨྱོན་པ་ཆགས་གྲབས་བྱེད་ཀྱི། དེར་བརྟེན་སྨྱོན་པ་མ་ཆགས་པའི་སྔོན་ནས་བགྲེས་ཡོལ་ཞུས་ན་བསམ་པ་ཡོད། གཅིག་ཏུ་ནི་ལོ་རྒྱུས་ལས་སོགས་ཤེས་བྱ་ཡོན་ཏན་ཆེན་པོ་དེ་འདྲའི་བློ་བསྐྱེད་ཐོབ་རྒྱུའི་རེ་བ་མི་འདུག གཉིས་སུ་ནི་སྔར་མེད་ཆགས་སྡང་མང་དུ་མང་དུ་འཕེལ་གྲབས་བྱེད་ཀྱི་འདུག གསུམ་དུ་ནི་རང་ལ་ཕན་མེད་གནོད་མེད་ཀྱི་བྱ་བ་ལ་མགོ་འཁོར་ནས་རྩ་ཆེ་བའི་དུས་ཚོད་གསེར་ལྟ་བུ་དེ་ཆུད་ཟོས་སུ་འགྲོ་བའི་ཉེན་ཁ་འང་མཐོང་གི་འདུག བྱས་ཙང་དེ་འདྲ་ཡིན།
སྒྲུང་། ལྡེའུ། བོན་གསུམ་ལས་བོན་པོ་ལ་ཡོད་རབས་ཤིག་མེད། ཧཧཧཧཧཧཧཧཧཧཧཧཧ
གཅིག་བྱས་ན་གར་འགྲོའི་ཆ་མེད་ཀྱང་། གང་ལྟར་བོན་དང་ཆོས་གཉིས་ལས་གསང་སྔགས་ཟབ་ཟབ་མོ་དང་དད་པ་རྐྱང་པས་དེད་དགོས་པའི་བླ་མེད་ཟབ་གསལ་དབྱིངས་རིག་ཉག་གཅིག་གསང་བ་བསམ་མི་ཁྱབ་ཀྱི་བཀའ་མོལ་དེ་རེ་ཞིག་རྩོད་པའི་གཞིར་འོང་ཧ་ཅང་དཀའ་བས།
ཡོངས་གྲགས་གཞིར་བཞག་ཐོག་ནས་བོན་གྱི་ལྟ་སྤྱོད་དེ་སངས་རྒྱས་ཤཀྱཱ་ཐུབ་པའི་ལྟ་སྤྱོད་དང་མཉམ་པ་ཡིན་ནམ། ཡང་ན་དེ་ལས་ལོགས་སུ་ཡོད་པ་ཞིག་ཡིན་ནམ། བོན་པོར་གཞུང་ཆེན་ཁག་ཡོད་པ་དང་། བོན་པོའི་དབུ་ཚད་ཀྱི་གཞུང་ཡོད་ན། དེ་དག་དཔལ་མགོན་ཀླུ་སྒྲུབ་དང་ཕྱོགས་གླང་ཡབ་སྲས་ཀྱི་དགོངས་དོན་ཚིག་ཙམ་ལས་དོན་ལ་གཅིག་པ་ཨེ་ཡིན་ནམ།
བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ཚིགས་གལ་ཆེ་ཤོས་དེ་དུས་རབས་༦ ༧ ༨ ཆགས་ཡོད་ལ་དེའི་སྐབས་བོད་ལ་ནང་ཆོས་ཕེབས་ཡོད་པས། དེའི་གོང་དུ་བོན་སྤུས་དག་པོ་ནང་ཆོས་དང་མཉམ་པ་འདི་འདྲ་ཡོད་བཞིན་དུ་རྒྱ་གར་ནས་གདན་འདྲེན་ཞུ་དགོས་པ་མ་མཐོང་བས་དགོས་པ་གང་ཡིན་ནམ། ཆོས་རྒྱལ་རྣམ་པས་མ་མཁྱེན་པ་ཡིན་ནམ། ཡང་ན་ལྟ་སྤྱོད་ཟབ་པ་ཡོད་དབང་གིས་ཡིན་ནམ།
ཡང་ན་སྔོན་དུ་དར་བ་ཞིག་ནུབ་སླར་ཡང་དར་བ་ཡིན་ནམ།
ཡང་ལྷ་སྲས་དར་མའམ་གླང་དར་མས་བསྟན་པ་སྣུབ་མེད་ཚུལ་དང་། ཆོས་རྒྱལ་ཁྲི་རལ་ཅན་ཆོས་ཐལ་དང་སྲིད་དོན་མཁྱེན་རྒྱ་མེད་ཚུལ་གྱི་བསམ་པའི་ཚུལ་སོགས་ངེས་བརྟན་འཕེར་བ་ཨེ་ཡིན་སྙམ། བོད་རྒྱལ་རབས་ལོ་རྒྱུས་ལ་གཟབ་དཔྱད་ཀྱིས་འཇུག་པར་མ་གནང་ན་ནོར་འཛོལ་རུ་འཛིངས་འོག་གང་ལའང་གཏད་སོ་མེད་པའི་རབས་ཤིག་སྒང་སླེབས་ཉན་མིན་འདུག་གམ།
བོན་ཐེག་རིམ་དགུའི་ནང་སྡེ་སྣོད་གསུམ་བསླབ་པ་གསུམ་གྱི་ཉམས་ལེན་བདེན་མེད་སྤྲོས་བྲལ་སྟོང་ཉིད་དེ་དཔལ་ལྡན་ཐལ་འགྱུར་བའི་ལུགས། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་བཞེད་དང་མ་མཐུན་པ་ཞིག་ཡན་ན། དཔལ་ལྡན་ཟླ་བས་ཀླུ་སྒྲུབ་བཞེད་གཞུང་ལས་ཕྱི་རོལ་དུ་གྱུར་པ་ལ་ཞི་བ་མེད་གསུངས་པའི་དགོངས་པ་གང་ཡིན་ནམ། ཡང་དེ་ཞལ་བཞེས་ཀྱི་ལུང་དུ་མ་བཀུར་ན། དཔལ་མགོན་ཀླུ་སྒྲུབ་ལུགས་ལས་ལོགས་སུ་བདེན་འཛིན་གང་ལ་འཇོག་དགོས་མིན་དང་བདག་འཛིན་གི་བདག་དེ་ཇི་འདྲར་ངོས་འཛིན་གནང་གི་ཡོད་དམ།
དེ་མིན་བོན་ཇོ་ནང་ས་དགེ་བཀའ་རྙིང་ཡོངས་ཀྱི་དགོངས་བཞེད་ཟབ་ཙམ་གནང་དགོས་པ་ལས་སྐབས་དོན་སྟོར་ནས། རང་གི་ལྟ་ཚུལ་ཙམ་གྱི་སྟེང་ནས་ལྟ་ན་རང་བདེན་གཞན་ནོར་སྣང་ཚུལ་འོག་ཕན་ལས་གནོད་ཆེ་བ་ཡོང་མི་སྲིད་མིན་སྙམ་མོ།།
དེང་རབས་་་༦་་་༧་་་༨་་་སོགས་ཀྱི་སྐབས་སུ་བོད་རྒྱལ་རིམ་པ་རྣམས་གཡུང་དྲུང་བོན་གྱི་རྒྱལ་པོ་ཡིན་པ་ལས་ཤཀྱའི་ལུགས་པའི་ཆོས་རྒྱལ་མ་རེད་འདོད།། སྤྱི་ལོ་༨༢༢་ལོར་བོད་རྒྱ་མནའ་གན་བཞག་པའི་རྡོ་རིང་གྱི་ཤར་ངོས་སུ་བཀོད་པའི་ཡི་གེའི་ནང་དུ་འདི་འདྲ་འདུག
ཡིག་ཕྲེང་་་11 པ་ནས་མར་བཀོད་ན།
༡༡་་་དགྲ་ཐབས་མཁས་ནས། ཕྱྀའི་དགྲ་བཏུལ་ཏེ། ཆབ་སྲིད་ནི་ཕྱིར་ཞིང་ཆེ།
༡༢་་་དབུ་རྨོག་ནྀ་སླར་ཞིང་བརྩན་པ་ནམ་ཞར་མྱི་འགྱུར། བྱིན་མྱི་ཉམས་པའྀ་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ནྀ་ཆེ། དེའྀ་ཕྱིར། ལྷོ་ཕྱོགས་ཀྱྀ་མོན་རྒྱ་གར་དང་། ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་། བྱང་ཕྱོགས་ཀྱྀ་དྲུ་གུ་ནེ་སྨེལ་ལ་སྩོགས་པ།་་་་ཅེས་བཀོད་འདུག་པ་འདི་ལ་བལྟས་ན་བཙན་པོ་ཁྲི་རལ་པ་སོགས་ནི་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ཡིན་ཞེས་གསལ་འདུག་་་གཅིག་རེད།
གཉིས་ནས་་་རྡོ་རིང་གྱི་ནུབ་ངོས་ཀྱི་གཡོན་ཕྱོགས་སུ་འདི་འདྲ་བཀོད་འདུག
ཡིག་ཕྲེང་་་༦༡་ལས། དཀོན་མཆོག་གསུམ་དང་། འཕགས་པའྀ་རྣམས་དང་གཉི་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་གསོལ་ཏེ། ཞེས་བཀོད་འདུག་པ་ལས་བལྟས་ན་བོད་ཀྱི་རྒྱལ་བློན་རྣམས་ཀྱིས་བོན་ལུགས་ལྟར་ཉི་ཟླ་སྐར་གསུམ་ལ་དཔང་བཙུགས་ནས་མནའ་གན་བཞག་འདུག
ཐུགས་བསམ་ཡག་པོ་ཞིག་བཞེས་དང་། བོད་ཀྱི་ཕ་མེས་ཚོའི་ཆོས་ལུགས་ནི་བོན་ཆོས་ཡིན་གསལ་པོ་རེད། བོད་ཀྱི་རྒྱལ་པོ་ཚང་མ་གཡུང་དྲུང་བོན་གྱི་རྒྱལ་པོ་རེད་འདོད།
གསུམ་ནས་་་་བོད་ཀྱི་ཤཀྱའི་ཆོས་ལུགས་པ་ཚོས་ཤུགས་རྐྱེན་ལ་བརྟེན་ནས་བྲིས་པའི་རྒྱལ་རབས་ཁག་གི་ནང་དུ་ཆོས་རྒྱལ་དང་ཆོས་རྒྱལ་ཞེས་བཀོད་འདུག་པ་འདི་དག་དྲང་བདེན་ཅང་ཡིན་ས་མ་རེད་བསམས་ཀྱི་འདུག
མི་གྲངས་ས་ཡ་གསོད་མཁན་སྲོང་བཙན་ལ།
ཆོས་རྒྱལ་ཡིན་ཞེས་མགོ་ལ་ལྷ་སྐུ་བཞག
ཉེས་མེད་ལྷ་སྲས་འུ་དུམ་བཙན་པོ་ལ།
བདུད་རྒྱལ་རེད་ཅེས་མགོ་ལ་གླང་རྭ་བཙུགས།་་་་་་་་་ཧཧཧཧཧཧཧཧ
རི་བོང་རྭ་མེད་ཡིན་ཞེས་ཐལ་སྐད་བསྒྲགས།
རྒྱལ་པོ་རྭ་ཅན་ཡིན་ཞེས་སྒྲུབ་བྱེད་བཀོད།
དྲང་བདེན་རྟོག་གེ་མདའ་མོའི་གཏན་ཚིགས་འདིར།
བཀོར་བདག་དབང་ཤུགས་ཅན་ཚོས་གཞུ་ལྟར་གུག
དྲང་བདེན་དྲང་བདེན་ཟེར་བའི་ཚིག་སྐམ་འདི།
བཀོར་བདག་བླ་མའི་ཁ་ཡི་རླུང་པོ་ཞིག
རྒྱུ་འབྲས་རྒྱུ་འབྲས་ཟེར་བའི་ཆོས་བཤད་འདི།
གཡོ་ཅན་རྟོག་གེ་བ་ཚོའི་སླུ་ཁྲིད་ཤིག་་་་་་་་
ཨ་ཇོ་ཅོ་རིལ་ལགས།
དེ་སྔོན་ངས་ཁྱོད་ལ་སྤྱོད་རིལ་ཞེས་བོས་མྱོང་པ་བཞིན་དེ་རིང་ཡང་ཁྱེད་རྐང་བཙུགས་ནས་བན་བོན་དབར་ལ་གྱོད་གཏུགས་གི་དུག་རྩ་འཕེན་དོན་ག་རེ་ཡིན་ནམ།
སྲོང་བཙན། ཁྲི་སྲུང་། ཁྲི་རལ་གསུམ་ནི་ཆོས་ཀྱི་རྒྱལ་པོ་ཆེན་པོ་རེད་ཟེར་ཆོག་ལ་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་རེད་ཟེར་ཡང་ཆོག ཆེ་བསྟོད་ཚིག་དེ་གཉིས་ལ་འགལ་པ་གང་ཡང་མེད། ཁྱེད་ཀྱི་སེམས་ལ་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ཡིན་ན་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡིན་རྒྱུ་མ་རེད་བསམ་པ་དེ་ནི་རང་གི་ཤེས་ཚད་དང་གོ་རྟོགས་གཞན་གྱི་མདུན་ལ་རྒྱུགས་སྤྲོད་བཏང་བ་ཙམ་ལས་གཞན་ཅང་མ་རེད།
གཞན་ཡང་།
སྲོང་བཙན་སྒམ་པོ་ཆོས་རྒྱལ་ཡིན་པ་དེ། །
ཉེ་འཁོར་རྒྱལ་ཕྲན་ཀུན་ལ་རླུང་ལྟར་གྲག །
གླང་དར་མགོ་ལ་རྭ་ཅོ་མེད་ན་ཡང་། །
འདུལ་བསྟན་རྨང་ནས་བཤིག་པ་དངོས་བདེན་ཡིན། །
ཤཀྱའི་ཆོས་ལུགས་ཀྱི་ལྟ་གྲུབ་ནང་དུ་ཉི་ཟླ་སྐར་གསུམ་ལ་སྐྱབས་གནས་འཛིན་མཁན་ཡོད་དམ། ཐུ་བོ་་་ལོ་ལོ
དར་མ་འུ་དུམ་བཙན་པོའི་མགོ་ལ་གླང་རྭ་མེད་པར་ཁས་ལེན་ན་་ང་བློ་བདེ་སོང་་ཁོ་རེ་་་་ཉལ་ས་བདེ་་་སང་ཉིན་མཇལ་འོང་།་ཧཧཧ་་སྤྱོད་བཟང་ཁྱོད
རྣམ་པ་ཚོས་མ་རྩོམ་རང་གི་སྟེང་ལ་བགྲོ་གླེང་གྱིས་དང་། ཞང་ཞུང་སྨར་ཡིག་ཟེར་བ་དེའི་མ་དཔེ་རྙིང་ཤོས་དེ་གང་ཞིག་ཡིན་ནམ།
ཞང་ཞུང་སྨར་ཡིག་ཟེར་བ་ནི་ངག་རྒྱུན་ཙམ་ལས་དངོས་གནས་བཤད་ན་ཡོད་་མ་རེད།
ཁ་སང་དེ་རང་གི་སྨར་ཡིག་ཡིན་ཟེར་བ་འདི་སྨན་རིའི་གླིང་གི་ཡོངས་འཛིན་ནས་བྲིས་པའི་ཡིག་རྡིན་དེ་རེད།
དེ་བོན་སློབ་ཚོས་ཀློག་ཤེས་ཀྱི་མེད།
དེས་རྐྱེན་གྱིས་ཡིག་རྫུན་དེ་མོ་ལོ་སྟོང་ཕྲག་བརྒྱད་ཀྱི་ཡར་སྔོན་གྱི་ཡིག་རྙིང་དུ་གྱུར་བ་རེད།
ད་དུང་བརྡ་སྤྲོད་རྫུན་མ་ཞིག་ཀྱང་བརྩམས་པའི་སྐད་ཆ་འདུག
ཞང་ཡིག་གི་མ་རྩོམ་དེ་བོན་ཕྲུག་མང་བོས་མཐོང་མ་མྱོང་ལ་
བྱ་འཕུར་བས་ཀྱང་མཐོང་མྱོང་མེད།
དེ་ལ་བགྲོ་གླེང་ཅི་ལྟར་བྱེད།
དེ་བས་མོ་ཤམ་བུ་ཡི་ཡག་ཉེས་ལ་བགྲོ་གླེང་བྱས་ན་མ་རེད་པས།
སྨར་ཡིག་གི་མ་དཔེ་དགོས་ན།།
ར་སྦིན་འགྲེམ་སྟོན་ཁང་ལ་རྒྱུགས།།
ལོ་ངོ་དགུ་བརྒྱ་སོང་བའི་དཔེ་ཐུང་ཞིག་འདུག།
ཁ་གསལ་བོ་བྱས་ནས་བཀོད་ཡོད།།
བལྟ་ཐུབ་མིན་མི་ཤེས།།
དཔེ་མཛོད་ལས་བྱེད་ལྟེ་བ་དང་འབྲེལ་བ་ཡོད་ན་བལྟ་ཐུབ།
བོད་རྒྱ་དབར་གྱི་སྙོག་གླེང་ཚབ་ཆེན་འདི
སྤྱན་རས་རྣམ་སྤྲུལ་སྲོང་བཙན་ཉིད་ཀྱིས་དྲིན
ཞང་པོས་ཚ་བོར་བརྡུང་བའི་མནར་སྤྱོད་དག
བསམ་བཞིན་བསམ་ན་ཡིད་སེམས་སྐྱོ་བའི་རྒྱུ
བོད་དུ་བོན་དར་བ་ལ་རྩོད་པ་མེད་ལ། མེས་དབོན་རྣམ་གསུམ་གྱི་སྐུ་དུས་སུ་ནང་ཆོས་དབུ་བརྙེས་དར་འཕེལ་བྱུང་བའི་ལོ་རྒྱུས་ཀྱང་བདེན་པ་ཡིན། ཆོས་རྒྱལ་ལས་བོན་རྒྱལ་རང་ཨེ་ཡིན་ནམ། བཀྲིན་ཟླ་མེད་་པའི་མེས་པོ་རྣམ་གསུམ་ནང་ཆོས་ལ་དད་པ་ཞུ་བ་ལས་བོན་ལ་དད་པ་ཞུ་གི་ཨེ་ཡོད། ༼བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལོ་རྒྱུས་དང་ཆོས་རྒྱལ་རྣམ་གསུམ་གླང་དར་ལྷ་ལུང་བཅས་ཀྱི་སྨོན་འབྲེལ་ཡོད་པ་གོ་ཐོས་བཞིན་བདེན་པ་ཁྱོན་ནས་མེད་པ་ཨེ་ཡིན།༽
བོད་པའི་གནའ་ཆོས་ལ་བོན་ཡིན་ལ་ཆོས་རྒྱལ་ཚོའི་སྐུ་དུས་སུ་འགྱུར་བ་བྱུང་བ་དེ་བདེན་པ་མིན་པ་གང་ཡིན་ནམ།
ཆོས་རྒྱལ་སྲོང་བཙན་སྒམ་པོར་འདི་འདྲའི་སྡང་ཟུག་གནང་བ་ནི་ཡ་རེ་མཚན།
(མི་གྲངས་ས་ཡ་གསོད་མཁན་སྲོང་བཙན་ལ།
ཆོས་རྒྱལ་ཡིན་ཞེས་མགོ་ལ་ལྷ་སྐུ་བཞག
ཉེས་མེད་ལྷ་སྲས་འུ་དུམ་བཙན་པོ་ལ།
བདུད་རྒྱལ་རེད་ཅེས་མགོ་ལ་གླང་རྭ་བཙུགས།་)
སྤྲུལ་པའི་ལྷ་དམག་བསྟན་པ་སྟོབས་ཀྱིས་བཙུགས།།
སྤྱན་རས་གཟིགས་སྤྲུལ་འོད་དཔག་མེད་ཀྱིས་བརྒྱན།།
ཆོས་རྒྱལ་སྲོང་བཙན་ཆོས་རྒྱལ་མ་ཡིན་ན།།
འུ་དུམ་བཙན་པོས་རྒྱལ་རབས་ཅི་ཕྱིར་བཅད།།
རི་བོང་ར་དེ་ཡོད་ཀྱང་གནོད་མི་བྱེད།།
གླང་དར་ར་མེད་བོད་ཡུལ་སིལ་བུར་ཐོར།།
དྲང་བདེན་སྒྲུབ་པའི་ཚད་མའི་རྣམ་གཞག་འདི།།
གངས་ཅན་པ་ཡི་གཞན་མེད་ཁྱད་ནོར་ལགས།།
ཉིན་ཟླ་སྐར་གསུམ་དཔང་པོར་བཞག་ན་ཉིན་ཟླ་སྐར་གསུམ་སྐྱབས་གནས་སུ་འཇོག་མི་དགོས་ལ། བོན་པོས་ཉིན་ཟླ་སྐར་གསུམ་སྐྱབས་གནས་སུ་འཇོག་གི་ཨེ་ཡོད་སྙམ།
དྲིན་ཅན་གྱི་ཆོས་རྒྱལ་སྲོང་བཙན་རྗེ།།
དྲིན་འཁོར་མེད་མཁན་སློབ་ཆོས་གསུམ་རྒྱལ།།
དྲིན་འཁོར་དཀའ་ལོ་པཎ་མཁས་གྲུབ་རྣམས།།
བོད་གངས་ཅན་མུན་པ་གསལ་བྱེད་ཡིན།།
དམ་པ་དགེ་ཆོས་མཆོག་གི་འདོད་ཚུལ། དེབ་དཀར་ལས།།།
འདིར་བོད་ཡིག་བྱུང་ཚུལ་གྱི་རྒྱལ་རབས་དང་འགྲེལ་བར་ཅུང་ཟད་དཔྱད་ན། དེ་ཡང་རྗེ་བུ་སྟོན་སོགས་ཀྱིས། ནཱ་ག་རའི་ཡི་གེ་ལ་དཔེ་བྱས་ནས་ཐུ་མིས་མཛད་པར་བཞེད། (རཉྫ་མདོག་ལྡན་བྱ་བ་ཟུར་ཆག་པའི་)ལཉྫ་དང་ཝརྟུ་(འཁྱིལ་བ་)གཉིས་ལ་དཔེ་མཛད་ནས་དབུ་ཅན་དང་དབུ་མེད་མཛད་དོ་ཞེས་མཁས་པ་གཞན་དག་གིས་གསུངས། བོན་རྣམས་ཀྱི་ལྟར་ན། སྲོང་བཙན་གྱི་གོང་དུ་བོན་ཆོས་དེ་ཙམ་དར་བས་ཡི་གེ་མེད་ཟེར་བ་མི་བདེན་ཞིང་། དེ་ཡང་སྟག་གཟིག་གི་སྤུངས་ཡིག་བྱ་བ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨན་བྲག་ཏུ་འགྱུར། དེ་རིམ་གྱིས་དབུ་ཅན་དང་འབྲུ་མར་འགྱུར་སོགས་ཟེར། གང་ལྟར་ཡང་ཐུ་མི་དེ་རྒྱ་གར་ན་གུཔྟའི་རྒྱལ་བརྒྱུད་དག་གིས་སྲིད་སྐྱོང་པའི་སྐབས་སུ་བྱོན་པ་ཡིན་ཞིང་། ཤིན་ཏུ་ངོ་མཚར་བ་ནི། ཐུ་མི་དང་དུས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧཪྵ་དང་། ཀུ་མཱ་ར་གུཔྷ་(གཞོན་ནུ་སྦས་པ་དང་།)སུརྱ་ཝརྨན་(ཉི་མའི་གོ་ཆ།)སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ་ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ། ཡི་གེ་བཀོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཆེ་ཞིང་༑ ཅུང་ཟད་རྒྱང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར༑ ཡིག་འབྲུ་ཕལ་ཆེར་མ་བསླབ་ཀྱང་ཐོར་རེ་བ་ཞིག་ཀློག་ཐུབ་པར་འདུག དཔེ་མཚོན་ཙམ་བཀོད་ན། གཞོན་ནུ་སྦས་པའི་ཟངས་ཀྱི་གླེགས་བུ་ལ་འདི་ལྟར་སྣང་། ལྷ་ཆེན་པོ་ལ་ཕྱག་འཚལ་ལོ།།དཔལ་ཟླ་བ་སྦས་པའི་རྣམ་པར་རྒྱལ་པའི་རྒྱལ་སྲིད་ཀྱི་ལོ་བཅུ་པའི་སྨིན་དྲུག་གི་ཟླ་བ་ལ།
དེས་ན་བོད་ཡིག་གང་ལ་དཔེར་བཅད་པའི་ཕྱི་མོ་དེ་ཡང་གུཔྟའི་ཡི་གེ་འདི་ཡིན་ནམ་སྙམ། དེར་མ་ཟད་རྙིང་མའི་གཏེར་ཡིག་གི་གྲས་ཀྱི་བརྡ་ཡིག་དེ་དག་ཀྱང་གུཔྟའི་ཡི་གེ་ལ་ཤིན་ཏུ་འདྲ་བ་མང་། གཞན་ཡང་ཞིབ་ཏུ་བརྟག་ཚེ། དབུ་ཅན་དབུ་མེད་གཉིས་ཀྱང་ཐོག་མ་ཞིག་ནས་མཉམ་དུ་མཛད་པ་མིན་པར། དབུ་ཅན་འདི་ཀ་རང་མགྱོགས་པར་བྲིས་པ་ལས་དབུ་མེད་རང་་བཞིན་གྱིས་བྱུང་བ་ལྟར་མངོན་ཏེ། སྔོན་གྱི་ཡིག་རྙིང་མང་པོ་དང་། ད་ལྟ་ཡང་འབྲུག་ཡུལ་ན་དར་སྲོལ་ཆེ་བའི་ལྷོ་ཡིག་ཏུ་གྲགས་པའི་གཟུགས་རྣམས་ལ་བལྟས་ན། དབུ་ཅན་དབུ་མེད་དུ་འགྱུར་ཚུལ་མངོན་སུམ་དུ་མཐོང་བ་ལྟར་འདུག་སྟེ། དཔེར་ན།
འདི་འདྲར་འདུག་ཅིང་། ཡི་གེ་གཞན་རྣམས་ནི་འགྱུར་ཚུལ་གོ་སླ། དེ་ཡང་སྔ་མོའི་ཡི་གེ་ཕལ་ཆེར་ལ། བརྩེགས་མ་རྣམས་སྟེང་འོག་ཐད་ཀར་མེད་ཅིང་། ཅུང་ཟད་སྔ་ཕྱིའི་ཚུལ་དུ་ཡོད་པ་རྒྱ་གར་གྱི་ཡི་གརེ་བཞིན་དུ་སྣང་ཞིང་། དབུ་མེད་ལ་ནི་ད་དུང་ཡང་ས་དང་ར་གཉིས་མདུན་དུ་བྲི་སྲོལ་ཡོད་པ་དེ་ཡིན་ལ། དེའི་ཕྱིར་ས་དང་པ་གཉིས་མཉམ་དུ་སྦྲེལ་བ་ལས། དབུ་མེད་ཀྱི་སྤ་ཡིག་ཡ་ཡིག་འདྲ་བ་ཞིག་བྱུང་དོན་ཡང་དེར་འདུག་ཅིང་། དོན་ལ་ཡིག་འདིའི་ཕྱེད་སྔ་མ་ཡིག་དང་ཕྱེད་ཕྱི་མ་ཡིག་ཏུ་སྣང་།
གཞན་ཡང་ཡིག་མགོའི་དང་ཀྱོག་འདི་ཡང་ཨོཾ་ཡིག་གི་གཟུགས་རིམ་གྱིས་འགྱུར་བར་ཤེས་ཏེ། རྒྱ་དཔེརྣམས་ཀྱི་ལྡེབ་དང་པོ་ལ་ཨོཾ་ཡིག་རེ་བྲི་སྲོལ་འདུག་ཅིང་། རྒྱ་ཡིག་གི་ཨོཾ་གྱི་གཟུགས་ནི་ད་ལྟའི་བར་འདི་འདྲར་སྣང་ལ། རང་རེའི་དཔེ་རྙིང་འགའ་རེའི་དབུ་ལ་ཡང་དང་ཀྱོག་འདི་འདྲ་འདུག རྙིང་མའི་གཏེར་ཆོས་དག་གི་དབུ་ལ་འདི་བྱུང་བ་དེ་ཡང་ཨོཾ་དུ་འདུག་སྙམ། གཏེར་ཚེག་བྱ་བ་དེ་ལ་ཡང་། འབྲི་གུང་དཔལ་འཛིན་གྱིས། སྒྲ་མདོ་དང་འགལ་ཞེས་དགག་པ་མཛད་མོད། དེ་སྒྲ་མདོའི་རྣམ་བཅད་དུ་མི་འདུག་གི་བོད་ཡིག་རྙིང་པ་རིགས་ལ་རྐང་པའི་མཐར་ཚེག་དྲག་གཉིས་རེ་དང་། འགའ་རེ་ལ་ཚིག་རེ་རེ་བཞིན་ཚེག་དྲག་གཉིས་རེའི་བར་དུ་བཙུད་པ་སོགས་ལྷ་སའི་རྡོ་རིང་ལ་ཡང་འདུག་པས། དོན་ལ་བོད་ཡིག་རྙིང་པའི་སྲོལ་དུ་སྣང་ལ། ཚེག་སྟེང་འོག་གཉིས་མཉམ་དུ་སྦྲེལ་བ་ལས་དབུ་མེད་ཀྱི་བར་ཚེག་ནར་མོ་དེ་བྱུང་བར་འདུག དེས་ན་བོད་ཡིག་གི་སྲོལ་གསར་དུ་ཕྱེས་ནས་བཟུང་། ད་བར་ལོ་ཆིག་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་བར་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་རེ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད། རྒྱ་གར་ན་ལོ་ཆིག་སྟོང་གི་སྔོན་གྱི་གུཔྟའི་ཡི་གེ་དང་། དིང་སང་གི་ཡི་གེ་གཉིས་ཤིན་ཏུ་མི་འདྲ་བར་འགྱུར་ནས་སྣང་། ལྷག་པར་ཡང་རྗེ་རིན་པོ་ཆེའི་སྐུ་དུས་ཙམ་ནས་བཟུང་དཔེ་རྣམས་དཔར་འདེབས་བྱེད་པའི་སྲོལ་དེ་དར་ཁྱབ་ཆེ་བར་་གྱུར་ཅིང་། དིང་སང་ཤིང་དཔར་འབོར་ཆེན་བོད་ཡུལ་ན་ཡོད་པ་འདི་ཙམ་ས་སྟེང་གཞན་གང་དུ་ཡང་མེད་པར་གྲགས། དཔར་ལས་བྱེད་པའི་མགོ་ཚུགས་པ་དེ་ནས་བཟུང་ཡིག་གཟུགས་དང་དག་ཆ་སོགས་ཀྱང་ཕལ་ཆེར་སྲོལ་ལུགས་གཅིག་ལས་ཅུང་ཟད་ཀྱང་མ་འགྱུར་བར་གནས་པ་ཙམ་བྱུང་། དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན།
དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ༑ མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
དེ་ལྟར་བོད་ཀྱི་ཡི་གེ་ནི་གུཔྟའི་ཡི་གེ་ལ་དཔེ་བཅད་ནས། ཐུ་མིས་གསར་བཟོ་མཛད་པར་སྣང་ལ། ལར་ཆོས་དང་འབྲེལ་བའི་བོད་ཀྱི་སྲོལ་ལུགས་གང་ཡིན་དག་ལ། རྒྱ་གར་ན་དེ་དང་དེའི་ཐོག་མའི་ཕྱི་མོ་འདི་ཡིན་ནོ་སྙམ་པ་རེ་རྙེད་རྒྱུ་ཡོད་ཅིང་། དཔེར་ན་ལྷ་སའི་གཙུག་ལག་ཁང་བཞེངས་ཚེ་ཡང་། ཟུར་བཞི་གཡུང་དྲུང་གི་རིས་དང་། ཀ་བ་རྣམས་ཕུར་བུའི་དབྱིབས་སུ་མཛད་ཅེས་གྲགས་པ་ལྟར་ཡིན་ལ། རྒྱ་གར་ན་སྔོན་གྱི་དགོན་གནས་ཞིག་རལ་དུ་སོང་བ་དག་མཇལ་བའི་ཚེ་ཡང་། ཟུར་བཞི་གཡུང་དྲུང་གི་རིས་དང་ཀ་བ་ཕུར་བུའི་དབྱིབས་སུ་བྱས་པ་སོགས་རྒྱན་དང་བཀོད་པ་ཐམས་ཅད་འདྲ་བར་མ་ཟད། ཐ་ན་ཀ་བ་དེ་དག་གི་ཆེ་ཆུང་གི་ཚད་ཀྱང་། རང་རེའི་ཇོ་ཁང་གི་ཀ་བ་འདི་རྣམས་དང་ཕན་ཚུན་གཅིག་གི་ཤུལ་དུ་གཅིག་འཛུགས་ནུས་པ་ཙམ་དུ་འདྲ་བར་སྣང་། དེས་ན་ལྷ་སའི་གཙུག་ལག་ཁང་འདི་ཡང་བིཀྲམཤིལའི་ལྷ་ཁང་ལ་དཔེ་བྱས་ནས་བཞེངས་སོ་ཞེས། དཔའ་བོ་གཙུག་ཕྲེང་སོགས་ཀྱིས་གསུངས་པ་དེ་བདེན་པར་སེམས།
མི་དབང་སྲོང་བཙན་སྒམ་པོའི་དཔའ་སྤོབས་འདིས།
གངས་ཅན་བོད་ཀྱི་མི་ལ་སྤོབས་པ་ཞིག
བོད་མི་ས་ཡ་དྲུག་ལ་སྙིང་སྟོབས་ཤིག
རང་བཞིན་ངང་གིས་སྤྲད་ལ་སྙིང་ནས་གུས།།
གངས་རིའི་ལོ་རྒྱུས་ཐོག་གི་དཔའ་བོ་ཞིག
དགྲ་མགོ་ཐོ་བས་རྡུང་བའི་སྐྱེས་མཆོག་ཞིག
མི་རྗེ་སྲོང་བཙན་སྒམ་པོའི་གཤིས་སྤྱོད་ལ།
བུ་སྡུག་ཅོ་རིས་སྙིང་ནས་བཀུར་བཞིན་ཡོད།།
དགེ་ཆོས་ལགས་ཀྱིས།
་་་་་ བོན་རྣམས་ཀྱི་ལྟར་ན། སྲོང་བཙན་གྱི་གོང་དུ་བོན་ཆོས་དེ་ཙམ་དར་བས་ཡི་གེ་མེད་ཟེར་བ་མི་བདེན་ཞིང་། དེ་ཡང་སྟག་གཟིག་གི་སྤུངས་ཡིག་བྱ་བ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨན་བྲག་ཏུ་འགྱུར། དེ་རིམ་གྱིས་དབུ་ཅན་དང་འབྲུ་མར་འགྱུར་སོགས་ཟེར། གང་ལྟར་ཡང་ཐུ་མི་དེ་རྒྱ་གར་ན་གུཔྟའི་རྒྱལ་བརྒྱུད་དག་གིས་སྲིད་སྐྱོང་པའི་སྐབས་སུ་བྱོན་པ་ཡིན་ཞིང་། ་་་་ཟེར།
བོན་པོའི་མཁས་པ་བོན་ཆོས་ཆེད་དུ་ཤི།
བན་དེའི་མཁས་པ་བན་ཆོས་ཆེད་དུ་ཤི།
རང་རང་ཆོས་ལུགས་ཆེད་དུ་ཤི་བ་ལས།
སྤྱི་དོན་བསམ་མཁན་འདི་རུ་མི་འདུག་གོ།