བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
སྤྱི་ཡོངས་ནས་བཤད་ན། བོན་པོ་ཚོས་མི་ལོ་བརྒྱ་ཕྲག་མང་པོའི་རིང་ཉར་ཚགས་བྱས་པའི་ཞང་ཞུང་སྨར་ཆེན་དང་སྨར་ཆུང་གི་དཔེ་རིས་རྣམས་མིག་སྔར་ཅི་ཙམ་བསྟན་ཡང་ངེད་བོད་པ་ཚང་གི་གྲུབ་མཐའི་ཕྱོགས་རིས་ཀྱི་ཀླད་རྩ་གཞན་ལས་དོག་དྲགས་པས་ཁས་ལེན་བྱེད་མཁན་ཧ་ཅང་དཀོན་པོ་རེད། དེས་ན་འགྲོ་བའི་སྣང་ངོར་སངས་རྒྱས་དངོས་ཀྱི་འདུ་ཤེས་བརླགས་མ་མྱོང་བའི་སྐྱེས་བུ་ཐམས་ཅད་མཁྱེན་གཟིགས༧གོང་ས་ཡིད་བཞིན་ནོར་བུའི་ཡེ་ཤེས་ཀྱི་སྣང་ངོར་ས་ལེར་གསལ་བའི་བཀའ་སློབ་དུམ་བུ་ཞིག་འདིར་དྲངས་ན་འདོད།
༧གོང་ས་མཆོག་གིས་ “དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་དུ་ཡོད་པ་གསལ་བོ་ཞེ་དྲགས་ཆགས་འདུག དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་བཀའ་བསྩལ། །
དེ་ནི་བོད་མིའི་རང་དབང་བདུན་རེའི་གསར་ཤོག་སྟེང་སྤེལ་མྱོང་བའི་༧གོང་ས་མཆོག་གི་གསུང་དུམ་ཞིག་རེད། སྲོང་པོར་སྨྲས་ན་བོད་ཀྱི་ཡི་གེའི་བྱུང་ཁུངས་ཞང་ཞུང་སྨར་ཡིག་ལ་བཅོལ་བས་བོད་ཀྱི་བོན་པོ་ཚོར་ཁེ་བཟང་རེག་པ་གང་ཡང་མེད་པ་མཁྱེན་པར་མཛོད། ལྷག་པར་དུ་དྲ་འབུ་ནག་པོའི་རིགས་དང་གྲུབ་མཐའི་ཕྱོགས་འཛིན་སྒེར་ནད་ཅན་དག་གི་ངོ་གདོང་དུ་ལངས་ཏེ་གྲུབ་མཐའི་ཆགས་སྡང་བགྲང་བས་རང་སྡིག་ཚབ་ཆེན་རེ་བསགས་དང་གསོག་བཞིན་པ་སྨྲོས་ཅི།
ལར་ནས་ང་ཚོས་ད་བར་བོད་རྒྱལ་གཉའ་ཁྲིའི་འཁྲུངས་ཚུལ་དང་། སྲོང་བཙན་གྱི་ལོ་ཚིགས། བོད་ཡིག་གི་བྱུང་ཁུངས། བྱེད་འབྲེལ་དང་པ་བ་གཉིས་ཀྱི་སྒྲ་གདངས། པད་འབྱུང་དང་ཁྲི་སྲོང་སོགས་ཀྱི་བྱས་རྗེས་བཟང་ངན་བརྩད་དེ་ལོ་བརྒྱ་ཕྲག་མང་པོ་ཕྱིན་པ་རེད། ཞིབ་ཏུ་བསམ་བློ་བཏང་ན་ཚར་རྒྱུ་དང་འཇགས་རྒྱུ་མེད་པའི་ནང་ཁུལ་རྩོད་རྙོག་དེ་དག་གིས་བོད་ཀྱི་སྤྱི་ཚོགས་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོག་གམ་གནོད་སྐྱེལ་བཞིན་ཡོད་བསམ་གཞིགས་བྱེད་པའི་དུས་ལ་བབ་འདུག་སྙམ།
གསལ་བཤད། གསར་ཤོག་དེ། སྨན་རིའི་སློབ་དཔོན་རིན་པོ་ཆེས་ཉར་ཚགས་གནང་བའི་སྐུ་སྒེར་ཡིག་མཛོད་ལས་ཐོབ།
དགེ་བཤེས་བྱ་འཕུར་ཚང་གིས་ལེགས་པོ་ཞིག་བྲིས་གནངས་འདུག་པས་རྗེས་སུ་ཡི་རངས་ཡོད།།
བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།
ལར་ནས་ང་ཚོས་ད་བར་བོད་རྒྱལ་གཉའ་ཁྲིའི་འཁྲུངས་ཚུལ་དང་། སྲོང་བཙན་གྱི་ལོ་ཚིགས། བོད་ཡིག་གི་བྱུང་ཁུངས། བྱེད་འབྲེལ་དང་པ་བ་གཉིས་ཀྱི་སྒྲ་གདངས། པད་འབྱུང་དང་ཁྲི་སྲོང་སོགས་ཀྱི་བྱས་རྗེས་བཟང་ངན་བརྩད་དེ་ལོ་བརྒྱ་ཕྲག་མང་པོ་ཕྱིན་པ་རེད། ཞིབ་ཏུ་བསམ་བློ་བཏང་ན་ཚར་རྒྱུ་དང་འཇགས་རྒྱུ་མེད་པའི་ནང་ཁུལ་རྩོད་རྙོག་དེ་དག་གིས་བོད་ཀྱི་སྤྱི་ཚོགས་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོག་གམ་གནོད་སྐྱེལ་བཞིན་ཡོད་བསམ་གཞིགས་བྱེད་པའི་དུས་ལ་བབ་འདུག་སྙམ།
བྱ་འཕུར་ལྷུན་གྲུབ་རྒྱ་མཚོས།
སྲོང་པོར་སྨྲས་ན་བོད་ཀྱི་ཡི་གེའི་བྱུང་ཁུངས་ཞང་ཞུང་སྨར་ཡིག་ལ་བཅོལ་བས་བོད་ཀྱི་བོན་པོ་ཚོར་ཁེ་བཟང་རེག་པ་གང་ཡང་མེད་པ་མཁྱེན་པར་མཛོད། ཟེར་
རྒྱལ་བ་རིན་པོ་ཆེའི་གསུངས་པ་ཙམ་གྱིས་ཚང་མ་བདེན་པ་ཆགས་ཀྱིན་མ་རེད། རྫུན་མ་ཡང་ཆགས་རྒྱུ་མ་རེད། རྒྱལ་བ་ཡིན་ཀྱང་གཙོ་བོ་རྒྱུ་མཚན་ཡོད་དགོས་རེད། འདི་དག་རྒྱུ་མཚན་མེད་པར་བོན་པོ་ཚོས་རྫུན་གྱིས་བསླུས་པའི་གྲུབ་འབྲས་ཤིག་རེད། ཕ་མགོ་བུས་བསྐོར། བུ་མགོ་དགྲ་བསྐོར་ཟེར་དེ་དྲན་སོང་། བོན་ཡིག་དང་རྒྱ་བོད་བར་གྱིས་གྲོས་ཐག དགེ་ལུགས་བར་གྱི་རྩོད་རྙོགས། ཀརྨ་པའི་སྤྲུལ་སྐུ་ངོས་འཛིན། རང་བཙན་དང་དབུ་མ་སོགས་ལ་བཤད་སྟངས་ཁེ་ཚར་དུ་མ་བྱུང་ཡོད། མི་ཆེན་ཚོས་བསམ་བློ་དང་དཔྱད་པ་སྔོན་དུ་མ་སོང་ནས་གང་དྲན་དང་གང་ཐོས་བཤད་ན་ཆོ་ཡོ་མ་རེད། དག་སྣང་སྦྱང་ན་རྒན་མོ་ཁྱི་སོས་སངས་རྒྱས་ཟེར་བ་དེ་ཡང་རྫུན་ཡིན་ཡང་སངས་རྒྱས་དང་ནང་པའི་ཡོན་ཏན་ཞིག་ལས་རྫུན་གྱིས་ཡོན་ཏན་མིན་པར་ཤེས་དགོས། ། མ་རྒན་མོ་དེས་བོད་མི་ཡོངས་ལ་ཁྱི་སོ་ཡིན་ན་སངས་རྒྱས་ཀྱི་ཚེམས་ཡིན་པས་ཁྱབ་ཟེར་ན་ལགས་སོ་ཞེས་ཁས་བླངས་ན་བླུན་པོས་ལུགས་རང་རེད། དྲིན་ཆེན་ཐོན་མི་ལ་དྲིན་ལན་ལོག་མཇལ་ཞིག་ཏུ་དོ་བདོ་བ་ཙམ་དུ་ཟད་དོ། །
དོན་ལ་ང་ཚོའི་བོད་ཡིག་འདི་སྲོང་བཙན་སྒམ་པོའི་སྔོན་ཡོད་རེད་དམ་ཡོད་པ་མ་རེད།
རྒྱལ་བ་རིན་པོ་ཆེས་གསུངས་བ་དེ་གཞི་བཅོལ་ས་ཞིག་ཡོད་ན་གསུངས་རེད་དྲན། དེ་ཡང་རྒྱ་ནག་དང་ཨུ་རུ་སུ་ཡི་ཚན་རིག་ཞིབ་འཇུག་པས་དཔྱད་དོན་བྱས་པ་ལས་བྱུང་བའི་སྡོམ་ཚིག་རེད། དེ་རྒྱལ་བ་རིན་པོ་ཆེས་མང་ཚོགས་ལ་གསུངས་པ་ཙམ་ལས་དེ་ལ་བཟོ་བཅོས་གང་ཡང་མ་རེད། དེ་བོད་ལྗོངས་ཀྱི་དྲ་རྒྱ་དང་དུས་དེབ་སོགས་སུའང་བཀྲམས་པ་རེད། དངོས་ཡོད་ལོ་རྒྱུས་ནི་ལོ་རྒྱུས་རང་རེད། དེ་ལ་མི་འདོད་ན་བྱེད་རྒྱུ་ཡོད་པ་མ་རེད་དྲན། དེ་དུས་ཀྱིས་འདེད་པའི་གནས་ཚུལ་རེད།
དོན་ལ་ང་ཚོའི་བོད་ཡིག་འདི་སྲོང་བཙན་སྒམ་པོའི་སྔོན་ལ་ཡོད་རེད་དམ་ཡོད་པ་མ་རེད།
༧གོང་ས་མཆོག་གིས་གསུངས་པའི་དོན་ནི་བོད་དང་ཞང་ཞུང་གི་ཁྱད་པར་མ་ཕྱེས་པར་བོད་ཆེན་པོ་འདི་གཞི་ལ་བཞག་ནས་བོད་ལ་བྱུང་བའི་ཡིག་རིགས་ཀྱི་སྐོར་དང་ཐོག་མ་ཅིག་གསུངས་བཞིན་ཡོད་པ་འདྲ།
དེ་འདྲ་ནི་སྨར་ཡིག་མ་ཟད་དེའི་སྔོན་ལ་ཡང་ཡི་གེ་འདྲ་མིན་ཡོད་སྲིད་པ་རེད་ལ། སྨར་ཡིག་མ་བྱུང་བའི་སྔོན་ལ་ཡང་བོད་ལ་ཡི་གེ་བྱུང་མྱོང་ཡོད་མ་རེད་ཅེས་སུས་ཀྱང་ལབ་ཐུབ་ཀྱིས་མ་རེད།
ཡིན་ཡང་དེ་ནི་ཉི་ཚེ་བའི་ཡི་གེ་ཞིག་ཡིན་པ་ལས་བོད་སྤྱི་ཡོང་ལ་ཁྱབ་པའི་ཡེ་གེ་ཞིག་གཏན་ནས་ཡིན་མི་སྲིད།
སྨར་ཆེན་དང་སྨར་ཆུང་མིང་གང་ཞིག་བཏགས་ཀྱང་ཞང་ཞུང་གི་ཡི་གེ་ཡིན་པས་ན་བོད་ཀྱི་ཡི་གེ་ཡིན་པར་ཁས་བླངས་ཀྱང་འགྲིག་གི་ཡོད་རེད་སྙམ།
ཡིན་ན་ཡང་དེ་ཙམ་གྱིས་བོད་སྤྱི་ཡོངས་ལ་གྲགས་པའི་ཡི་གེ་ཡིན་མི་སྲིད་ལ་ད་ལྟའི་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་འདིའི་འབྱུང་ཁུངས་ཡིན་པར་ནམ་ཡང་སྒྲུབ་ཐུབ་ཀྱི་མ་རེད།
ད་ལྟ་ང་ཚོས་བཤད་བཞིན་པ་ནི་བོད་སྤྱི་ཡོངས་ལ་དབང་བའི་ཡི་གེ་ཞིག་དུས་ནམ་ཞིག་ལ་བྱུང་བ་རེད་དམ་ཟེར་བ་དེ་རེད། བོད་ཡིག་གི་འབྱུང་ཁུངས་སྨར་ཡིག་ཡིན་ལབ་ན་ཁས་ལེན་ཐུབ་ཀྱི་མ་རེད་ལ། སྨར་ཡིག་མ་བྱུང་བའི་སྔོན་ལ་བོད་ལ་ཡིག་གེ་མེད་ལབ་ན་དེ་བས་ཀྱང་ཁས་ལེན་ཐུབ་ཀྱི་མ་རེད།
ལོ་ངོ་སྟོང་ཕྲག་འགའི་ཡར་སྔོན་ནས་བོད་ཀྱི་ས་གནས་མ་འདྲ་བ་ལ་སྐད་རེ་ཡོད་ལ་ཡི་གེ་རེ་ཡང་ཡོད་སྲིད་པ་རེད།
བོད་ཀྱི་ཡི་གེའི་ཐོག་མ་ཡིན་ན་ཞུང་ཞུང་གི་སྨར་ཡིག་ཡིན་པའི་མ་ངེས་ལ་སྐབས་དེ་དུས་ཀྱི་སྨར་ཡིག་དེ་བོད་ཡིག་ཡིན་པའི་ཁས་ལེན་ཐུབ་ཁག་པོ་རེད། དེ་ནི་ཞང་ཞུང་ཁོ་ན་ལ་གྲགས་པའི་ཡི་གེ་ཉི་ཚེ་བ་ཞིག་རེད།
ཁྱོད་ཚོས་བོད་ཡིག་རྙིང་བ་ཡིན་ན་ཞང་ཞུང་གི་སྨར་ཡིག་ཡིན་པར་ཁས་ལེན་གྱིན་འདུག
དེ་ལྟར་ཁས་བླངས་ན་ག་ལ་འགྲིག དེ་དུས་སྐབས་ལ་ཞང་ཞུང་ནི་བོད་ཀྱི་ནུབ་མངའ་རིས་ཕྱོགས་ལ་ཡོད་པའི་ས་ཁུལ་ཆུང་ཆུང་ཞིག་ཡིན། ཁོ་ལ་ཡི་གེ་ཡོད་ཆོག་ལ་བོད་ས་གཞན་ལ་ཡི་གེ་ཡོད་མི་ཆོག་པ་ག་རེ་ཡིན་ནམ།
ངས་བལྟས་ན་ཞུང་ཞུང་ལ་ཡི་གེ་མ་དར་བའི་སྔོན་ལ་ཡི་གེ་བོད་ལ་ཡི་གེ་གཞན་ཡོད་སྲིད་པ་རེད་སྙམ། ཐག་གཅོད་མ་སྔ་བར་ད་དུང་འཚོལ་སྒྲུབ་བྱེད་དགོས་ཀྱི་ཡོད་རེད།
ད་ལྟའི་ཅར་བོད་སྤྱི་ལ་ཁྱབ་པའི་བོད་ཡིག་འདི་ནི་སྲོང་བཙན་དུས་སུ་ཐོན་མིས་བཟོས་པ་སུ་ལ་ཡང་བསྙོམས་དུ་མེད།
ངས་བལྟས་ན་རྒྱལ་བ་རིན་པོ་ཆེས་གསུངས་པ་དེ་ནི་བོན་པོ་ཚོའི་འདོད་ཚུལ་བཀོད་པ་རེད་ལ་
ད་ལྟ་ཚན་རིག་ཞིབ་འཇུག་པ་ཚོའི་བཤད་བཞིན་པ་དག་དཔྱད་གཞིར་བཀོད་པ་རེད།
མ་གཏོགས་རྒྱལ་བ་རིན་པོ་ཆེས་རང་ལུགས་ཐག་བཅད་ནས་གསུངས་པ་ཞིག་ཨེ་ཡིན་སྙམ།
ཡིན་ན་ཡང་བོན་པོ་ཚོས་ལམ་སང་བཀའ་སློབ་དེར་འཇུས་ནས་བོད་པའི་ལོ་རྒྱུས་དག་ནག་བསུབས་གཏོང་རྒྱུའི་ཀུན་སློང་འཁྱེར་ཡོད་རེད།
ཁོ་ཚོ་རྒྱལ་བ་རིན་པོ་ཆེ་ལ་དད་ནས་བཀའ་སློབ་ལ་བདག་པོ་བརྒྱབ་པ་ཡིན་མི་སྲིད།
བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་དུ་ཡོད་པ་གསལ་བོ་ཞེ་དྲགས་ཆགས་འདུག དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་བཀའ་བསྩལ། །
འདི་ནི་གོང་ས་མཆོག་གི་སྨར་ཡིག་ལ་གསུང་གི་ཡོད་རེད།
༧་གོང་ས་མཆོག་གིས་སྨར་ཡིག་རྙིང་བ་ཡིན་པར་གསུངས་ཡོད་ན་ཡང་ད་ལྟའི་ཡི་གེ་འདི་སྨར་ཡིག་ལས་བྱུང་བ་པ་དང་ཐོན་མིས་བཟོས་པ་མ་རེད་གསུངས་མི་འདུག ད་ལྟ་བོད་ཡིག་འདི་ཞང་ཞུང་གི་ཡི་གེ་ཞིག་བོད་ཡིག་ཏུ་བསྒྱུར་བ་རེད་དེ་བས་ཀྱང་གསུངས་མི་འདུག
ཐོན་མིའི་འདི་ནི་བོད་ཡིག་ཙམ་མ་ཟད་བརྡ་སྤྲོད་དང་བཅས་པའི་གཞུང་ཚད་ལྡན་ཞིག་རེད།
དང་པོ་ཞང་ཞུང་སྨར་ཡིག་ཡོད་མེད་གང་ཤེས། ཡོད་ན་ལོ་ཁྲི་མི་དགོས་འབུམ་སྔོན་ནས་ཡོད་ནའང་ཁྱད་པར་ཅི་ཡོད། བོད་ཡིག་ནི་རེད་མིན་་འདུག་བ། བོད་ཡིག་ནི་སྲོང་བཙན་སྐབས་ནས་བཟོས་ཞིང་དར་བ་རེད། བོན་པོའི་ལབ་བརྡོལ་ལ་ཡིད་རྟོན་འོས་པ་གང་ཡང་མེད་པ་གསལ་གསལ་ཐིང་ཐིང་རེད།
ཞང་ཞུང་གི་ཡི་གེའམ་དེ་བོད་ཡིག་ནི་རེད་མིན་འདུག་དེས་ན་དེ་ལ་དཔྱད་པ་ཉོན་རེ་མོངས། གལ་ཏེ་སྤྱིར་བཏང་གི་ཡི་གེ་ཞིག་ཏུ་འདོད་ནས་ག་དུས་དར་མིན་དང་བོད་ཡིག་གི་སྔ་རྗེས་ག་དུས་དར་མིན་བརྟག་ན་མི་འགྲིག་རྒྱུ་ཅི་ཡོད། དེ་འདྲའི་དུས་ཚོད་གཏོང་དགོས་བྱུང་ན་བོན་པོ་ལས་ལྷག་པ་སུ་ཡང་མེད། འདི་ཚོས་མི་རབས་ནས་རབས་བར་འཆར་གཞི་དང་ལྡན་པའི་སྒོ་ནས་དཔེ་ཤུས་བྱས། དེ་རྗེས་ཞང་ཞང་ཡིན་ན་ཞིག་གིའོ། སྨར་སྨར་ཡིན་ན་ཞིག་གོ་ཞེས་མུ་ཅོར་སྨྲ་བྱེད་དོ།།
གང་ལྟར་ད་ལྟ་བར་དུ་ཕྱི་སྡོད་བོན་པོས་༧གོང་ས་མཆོག་གི་ཐུགས་དཀྲུགས་ནམ་ཡང་བྱས་མེད་ལ་ཕྱིས་སུ་འང་མགོན་པོ་གང་གིས་མཛུབ་བསྟན་ཤར་ཡིན་པར་ངོས་འཛིན་ཞུ་ངེས་རེད། ལྷ་སྲུང་གིས་ཐུགས་དཀྲུགས་དང། སྤྲུལ་སྐུས་ཐུགས་དཀྲུགས་དང། ཐེ་བོད་ཀྱིས་ཐུགས་དཀྲུགས་ལས་སོགས་ལྟ་བུས་ནམ་ཡང་ཐུགས་དཀྲུགས་མེད། དེ་ཆོས་དོན་ལྷན་ཁང་ལས་སོགས་བོད་ཀྱི་སྒྲིག་འཛུགས་ཀྱི་གཞུང་ཞབས་པ་རྣམས་ནས་མཁྱེན་ངེས་རེད།
ཐོན་མིས་བོད་ཡིག་བཟོས་རབས་ཀྱི་གཏམ་བརྗོད་དགོད་བྲོ་བོ་དེ་འདྲ་ང་ཐོག་མར་རྒྱ་གར་ན་སླེབས་དུས་སློབ་གྲ་ལས་སོགས་སུ་འཁྲབ་བཞིན་འདུག་དེ་རྗེས་བོད་ནས་གནའ་རྫས་མང་པོ་ཞིག་རིམ་གྱིས་ཐོན་པར་བརྟེན་འཁྲབ་སྟོན་དེ་རིགས་གོ་མེད་ཚོར་མེད་བྱུང་སོང། ཝར་ནའི་ཆེས་མཐོའི་གཙུག་ལག་ཁང་དུའང་ཡང་ཡང་འཁྲབ་བཞིན་ཡོད་སྐུ་ངོ་ཟམ་གདོང་བླ་མ་ཡོད་དུས་རེད། ད་ནི་གོ་རྒྱུ་རིག་རྒྱུ་མེད་པར་ཆགས་པ་འདི་གཏན་གཏན་གོ་རྒྱུ་ཞིག་འདུག
མེ་ཏོག་ལགས་ཞང་ཞུང་གི་ཚབ་དུ་རྙིང་ཡིག་ཟེར་ན་འགྲིག་པ་འདུག་གམ། ཨ་ལགས་ཀུ་རྩེད་ཞུས་ཡིན།
ད་ཡང་སྙིང་ལ་མདའ་ཞིག་ཟུག་སོང། སྡིག་པ་བསགས་སོང།
༧རྒྱལ་བ་རིན་པོ་ཆེ་བོད་མིའི་ཆོས་ཀྱི་དབུ་འཁྲིད་རེད་མ་གཏོགས་ལོ་རྒྱུས་མཁས་པ་མ་རེད། འདི་ཚོར་ཚན་རིག་དང་མཐུན་པའི་སྒང་ནས་ཞིབ་འཇུག་བྱེད་དགོས་རེད་མ་གཏོགས་༧རྒྱལ་བ་རིན་པོ་ཆེས་གསུངས་བ་རྒྱུ་མཚན་དུ་བཟུང་ནས་ཁུངས་སྐྱེལ་བྱེད་ཀྱི་ཡིན་ཟེར་ན་ལོ་རྒྱུས་ཟེར་བ་དེ་ད་དུང་ངོ་ཡག་པོ་འཕྲོད་ཀྱི་མེད་པའི་རྟགས་རེད། ད་དུང་ཞིབ་ཚགས་སུ་བཏང་ནས་བརྗོད་ན་༧རྒྱལ་བ་རིན་པོ་ཆེ་ནང་ཆོས་ཀྱི་སྒང་ལ་མཁས་བ་ཆེན་པོ་རེད་མ་གཏོགས་སྐད་ཡིག་གི་ལོ་རྒྱུས་ལ་མཁས་བ་ཆེན་པོ་མ་རེད།
དགྲ་འདུལ་གྱིས་བཤད་པ་བདེན། རྒྱལ་བ་རིན་པོ་ཆེས་གསུངས་ཙང་དཔྱད་གཞིར་བཞག་ཆོག་པ་ལས། རྒྱུ་མཚན་དུ་བྱས་ནས་སྒྲུབ་བྱེད་དུ་ག་ལ་རུང་།
མདའ་གང་ཤེས་ཏེ་བོད་པ་ཁག་ཅིག་གིས་ལྷ་སྒྲུང་ལོ་རྒྱུས་ལ་སྦྱར་ནས་ཡིད་ཚིམ་མདོག་བསྟན་པ་འདིས་ལུས་ཀྱི་སྤུ་ཟེངས་ཡོང་གིས་ཡ།
ཞང་ཞུང་གི་སྨར་ཡིག་ཟེར་བ་དེ་རེད་ཟེར་ནས་བརྟན་པོ་ཞིག་ཡིད་ཆེས་འཕེར་ངེས་ཤིག་ད་བར་བསྟན་རྒྱུ་མེད།
ང་བོན་པོ་ཚང་ལ་དགོད་བྲོ་གི་འདུག ཁོ་རང་ཚོས་འབྲི་རྒྱུ་དང་ཀློག་རྒྱུ། གཤེན་རབ་ཀྱི་གསུང་རབ་དང་རིག་གནས་ཡོད་ཚད་ད་ལྟའི་བོད་ཡིག་དེའི་སྟེང་ཡོད་བཞིན་དུ་དེ་རྩ་ཆེན་དུ་མི་བཟུང་བར་མཐོང་རྒྱུ་མེད་པའི་སྨར་ཡིག་ཟེར་བ་ཞིག་ལ་ཞེན་ནས་འདུག
སུམ་རྟགས་གཉིས་ཀྱི་ད་ཡོད་རྩ་བ་དེ་ཐོན་མི་ཟེར་བ་ཁོང་གཅིག་པུས་བརྩམས་མིན་ལ་དོགས་པ་ཆེ་ཙམ་འདུག ལྷག་པར་དུ་བོད་ཀྱི་བཤད་སྲོལ་ལྟར་བྱས་ན་བརྡ་སྤྲོད་པའི་གཞུང་བརྩམས་ཟིན་རྗེས་སྲོང་བཙན་སྒམ་པོ་སོགས་ལ་བསླབ་པའི་བཟོ་འདྲ་བཤད་འདུག དེ་ཡིན་ན་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་ཆོས་ཉིད་དང་མི་མཐུན་པ་འདྲ།
ཞང་ཞུང་སྨར་ཡིག་གི་མ་དཔེ་ཞིག་ག་ཤེད་ནས་རྙེད་པ་བོར་སྟོར་སོང་བ་འདྲ། དེང་སང་རིག་གནས་དངོས་རྫས་རྙིང་ལ་རྐུན་མ་སྡང་པོ་ཡོད་རེད། སེམས་མ་འཚབས་དང་ཉིན་ཞིག་ཕྱི་རྒྱལ་གྱི་གནའ་རྫས་ཉར་ཚགས་ཁང་ཆེན་པོ་ཞིག་ནས་མཐོང་ཡོང་གི་རེད།
རྒྱལ་བ་རིན་པོ་ཆེས་བོན་པོ་ཚོས་བཤད་པ་ནང་བཞིན་ཡོད་ན་དགའ་འོས་པ་ཞིག་རེད་གསུངས་པ་ཡིན་གྱི། གལ་སྲིད་བོན་པོ་ལ་དུས་རབས་བདུན་པའི་སྔོན་དུ་ཡིག་རྙིང་དང་། ཚད་ལྡན་གྱི་ལོ་རྒྱུས་སྟོན་དུ་མེད་ན་སུ་ཡིད་ཆེས། གང་ལྟར་ཡང་ཆོས་པའི་ལོ་རྒྱུས་ཚད་ལྡན་གཅིག་གི་ནང་དུས་རབས་བདུན་པའི་སྔོན་དུ་ཡི་གེ་ཚད་ལྡན་ཡོད་པར་མི་འདུག་པས། ཁྱེད་ཅག་གིས་ཉིན་མཚན་གཉིས་ཀ་ངུ་སྐད་རྒྱག་འདུག་ན་ཡང་ཡིད་ཆེས་རྩ་བ་ནས་མེད། ཆོས་པའི་ལོ་རྒྱུས་འགའ་ཞིག་ཆོས་ཞེན་གྱིས་བྲིས་པ་དང་། ལོ་རྒྱུས་རྩོམ་པ་པོ་འགའ་ཞིག་སོ་སྐྱེས་ཡིན་སྲིད་ཀྱང་ཚང་མ་དེ་འདྲ་ཡིན་ག་ལ་སྲིད། ལོ་རྒྱུས་འབྲི་མཁན་ནང་ཕུལ་བྱུང་གི་མཁས་པ་དང་། ཚད་ལྡན་ལྡན་གྱི་ཆོས་པ་མང་དུ་མཆིས་ན། ཡོད་ཚད་རྫུན་མ་ག་བ་ཡིན་ཏེ། ཡིན་མི་སྲིད་པ་རེད། དེ་ཕྱིར་བོན་པོའི་སྨར་ཡིག་ནི་ཐོན་མི་ཨ་ནིའི་ཡི་གེ་ཁ་སྤུ་སྣ་སྤུ་བཏགས་ཏེ། གསར་བཟོ་བྱས་པ་ལས་གཞན་ཞིག་མེད་ཀྱང་། བོན་པོ་འདི་ཚོའི་གདོང་ལ་ཁྲག་མེད་པས། དཔུང་རྟགས་མདུན་ལ་ཡོད་ཀྱང་ཁས་ལེན་མི་སྲིད་ལ། ལོ་རྒྱུས་ཀྱི་བདེན་དཔུང་ཡོད་ཀྱང་ཡིད་ཆེས་ཡོད་མི་སྲིད། རྐུན་རྒན་ཁྲམ་པ་དང་གཅིག་པ་རེད།
བྱ་འཕུར་གྱིས་གསལ་ལ་མི་གསལ་བའི་ཡིག་རྫུན་དེ་གསལ་པོ་བཟོ་བྱེད་ཀྱི་པར་ཆས་ཤིག་ཀྱང་མེད་པས། ཤོག་གི་གསར་པ་ཞིག་གི་ཐོག་པར་དུ་བཏབ་སྟེ། རྙིང་པ་ཡིན་ཟེར་བའི་བོན་པོའི་ཡིག་རྙིང་ཞེན་པ་གཏིང་ནས་ལོག་སོང་། མ་གཞི་ནས་ཁོ་ཚོ་གྲུབ་མཐའི་ཆགས་སྡང་བཟི་སྟེ། ཡོད་ཚད་སྨར་ཡིག་འབའ་ཞིག་ཏུ་མཐོང་བཞིན་ཡོད་ས་རེད། དུས་ནམ་ཞིག་ནས་རྒྱ་ཡིག་དང་། དབྱིན་ཡིག་དག་ཀྱང་བོན་ཡིག་ཡིན་པར་མཐོང་ངེས། གང་ལ་གོམ་ན་དེ་ཉིད་ཀྱི་བགས་ཆགས་བརྟན་དུ་འགྲོ་བ་དངོས་པོའི་རང་གཤིས་རེད།
བྱ་འཕུར་གྱིས་གསལ་ལ་མི་གསལ་བའི་ཡིག་རྫུན་དེ་གསལ་པོ་བཟོ་བྱེད་ཀྱི་པར་ཆས་ཤིག་ཀྱང་མེད་པས། ཤོག་གུ་གསར་པ་ཞིག་གི་ཐོག་པར་དུ་བཏབ་སྟེ། རྙིང་པ་ཡིན་ཟེར་བའི་བོན་པོའི་ཡིག་རྙིང་དེ་ཚོར་ཞེན་པ་གཏིང་ནས་ལོག་སོང་། མ་གཞི་ནས་ཁོ་ཚོ་གྲུབ་མཐའི་ཆགས་སྡང་བཟི་སྟེ། ཡོད་ཚད་སྨར་ཡིག་འབའ་ཞིག་ཏུ་མཐོང་བཞིན་ཡོད་ས་རེད། མཁྲིས་ནད་ཅན་ལ་ཡོད་ཚད་སེར་པོ་མཐོང་བ་བཞིན། དུས་ནམ་ཞིག་ནས་རྒྱ་ཡིག་དང་། དབྱིན་ཡིག་དག་ཀྱང་བོན་ཡིག་ཡིན་པར་མཐོང་ངེས། གང་ལ་གོམ་ན་དེ་ཉིད་ཀྱི་བགས་ཆགས་བརྟན་དུ་འགྲོ་བ་དངོས་པོའི་རང་གཤིས་རེད།
སྤོབས་མཐའ་ལགས་གང་གསུང་གི་ཡོད་དམ། ཞང་ཞུང་སྨར་ཡིག་གི་མ་དཔེ་བརླག་རབས་གང་ནས་བཤད་འདུག་གཅིག་གསུང་རོགས། ད་ལྟ་བོན་གྱི་དཔེ་ཆ་མང་པོའི་ནང་དུ་སྨར་ཡིག་གི་ཡི་གེ་བྲིས་པ་མཐོང་རྒྱུ་ཡོད། ཡི་གེའི་མགོ་བརྗོད་དང་བར་གྱི་གཞུང་ཚིག་ནང་དུ་སྨར་ཡིག་མང་པོ་བྲིས་པ་ཡོད་འདུག ད་སྨར་ཡིག་གི་མ་དཔེ་བརླག་རབས་ཟེར་བ་གང་ཟེར་གྱི་ཡོད་དམ། ངས་ཁྱེད་ཅུང་རིག་པ་ཡོད་མཁན་དང་ལོ་རྒྱུས་ལ་ཅུང་རྒྱུས་མངའ་ཡོད་པ་ཞིག་ལ་བརྩི་བཞིན་ཡོད། དེ་མིན་ཁྱི་ཐོང་ནམ་མཁའི་བྱ་ལ་ཟུག་མཁན་དེ་ཚོར་ཡ་བྱེད་འདོད་མེད་ལྟོས་དང། ཨོ་ཉི་དང་བོད་ལ་ཞེན་ཟེར་བ་ཨག་ཨག་ཨག་ཟེར་ནས་མཆན་བུ་གཅིག་ཚར་བཞི་ལྔ་རེ་དུས་མཉམ་གཏོང་བ་འདི་ལ་ལྟས་ན་ཁོང་ཚོ་རྙིང་མའི་སྙིང་ལ་མདའ་འདི་གཉིས་དེ་ཟུག་པ་ཡིན་པ་འདྲ། ཉེ་སྔོན་བོད་ལ་ཞེན་ནས་རྩོམ་ཅི་ཞིག་བྲིས་མ་སོང་ངམ། ཏ་ལི་བླ་མའི་མཐོ་སློབ་དུ་དགེ་ལྡན་པའི་ལྷ་རམས་པ་ལ་དབྱིན་འཇི་སྦྱོང་རྒྱུའི་གོ་སྐབས་སྤྲད་པར་ཁོས་ལམ་སང་བཤད་སོང་། ཨོ་ཉིས་དགེ་ལྡན་པ་ལ་ཅི་ཞིག་བྲིས་མ་སོང་ངམ། སྔར་དུས་བབས་རྩོམ་སྒྲིག་པ་རབ་གསལ་གྱིས་ཞང་སྐད་ཞང་ཡིག་ལས་སོགས་བོན་གཞིས་ནས་གསར་དུ་བཟོས་རབས་བཤད་སོང་ང། རྗེས་སུ་ཁུ་ནུ་ལས
སོགས་ནས་ཞང་སྐད་རྒྱབ་མཁན་དཔང་རྟགས་སྟོན་དུས་ཁོ་ཅི་ལབ་མེད་པར་ལུས་པ་ཤེས་ཤེས་ཀ་རེད་པ།
སྨར་ཡིག་བརླག་ནས་འུ་ཐུག་རབས་མ་གོ། ཞ་ཟ་འ་ཇ་མ་རྙེད་ནས་ལམ་དུ་འུག་ཐུག་དུས་རྒྱ་ལམ་གྱི་མགྲོན་པོས་ཞང་ཞུང་ནས་སླེབས། ཟ་འོར་ནས་སླེབ། ཇ་ཉོ་ག་ལ་འགྲོ་གི་ཡོད་ཟེར་ནས་ཡི་གེ་དེ་ཚོ་རྙེད་རབས་འདུག་ག། ཨ་རྩི་འདི་འདྲའི་སྒྲུང་དགོད་རྒྱུ། དེ་སྔོན་ཁོས་ཇ་འཐུང་མྱོང་མེད་པ་འདྲ། དེ་སྔོན་ཁོས་ཞྭ་མོ་ཟེར་བའི་བོད་སྐད་ཀྱང་མི་གོ་བ་འདྲ། སྒྲུང་དེ་འདྲ་རེད། ད་གང་ཡོད་པ་མ་རེད། ག་ལེ་བྱས་ཏེ་དཔང་རྟགས་མདུན་དུ་སྤུངས་ཡོང་གི་རེད། སྐུ་མདུན་གྱིས་གསུང་གི་འདུག་ག་བདེན་པ་ནི་བདེན་པ་ཡིན་པས་ནམ་ཡང་བསླུ་བ་མེད་ཅེས་གསུང།
༼༣༧༽ དགྲ་འདུལ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ གི་ཆུ་ཚོད་ ༡༩ སྐར་མ་ ༢༨
ཆོས་ཀྱི་ཐད་ནས་༧སྐྱབས་མགོན་རིན་པོ་ཆེ་བོད་མི་རིགས་ཀྱི་འདི་ཕྱིའི་སྐྱབས་གནས་དམ་པ་དེ་ཡིན།
ཆབ་སྲིད་ཀྱི་ཐད་ནས་ད་ལྟའི་ཆར་ངའི་སེམས་ཀྱི་སྐྱབས་གནས་དམ་པ་དེ་གཞིས་ལུས་རྒྱ་ཆེའི་མི་མང་ཡིན། ང་ལ་མཚོན་ན་བོད་ཀྱི་རྩ་དོན་དང་པོ་དང་༧སྐྱབས་མགོན་རིན་པོ་ཆེ་གཉིས་པ་ཡིན། ལྷག་པར་དུ། བླ་མས་ཆབ་སྲིད་མང་པོ་མང་པོ་གསུངས་བཞིན་པ་དེ་ལ་དགའ་བསུ་དེ་ཙམ་མེད་པར་མ་ཟད་ཆབ་སྲིད་པས་ཆོས་གསུངས་བཞིན་པ་ཡང་དགའ་མོས་མེད། གསེར་འབྲུག་སྡེ་ལྔའི་སྐད་ཆ་ལ་མོས་མཐུན་ཡོད།༽
དགྲ་འདུལ་ཟེར་བའི་མི་དེ་ཡི་ལྟ་གྲུབ་འདི་འདྲ་རེད། ཁོ་ཆོས་ལུགས་གྲུབ་མཐའ་གང་ཞིག་ཡིན་པ་དེས་རང་རྟགས་མངོན་དུ་བསྟན་མི་འདུག་གམ།
ངས་བསམ་ན་དེང་ཆོལ་ཁ་གསུམ་སྨྲོས་པའི་ས་ཁོངས་གང་ཞིག་ནས་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་བྱུང་བའི་ཡི་གེའམ་ཤེས་རིག་དང་འབྲེལ་བའི་གནའ་རྫས་རྙེད་ཀྱིན་ཡོད་ན། དེ་ནི་བོད་རང་ས་ནས་དར་བའི་ཤེས་རིག་གི་གྲུབ་ཆའི་ཟུར་ཞིག་ཡིན་སྟབས་ངོམ་རིན་ཆོག་པ་ཞིག་རེད་དྲན།
ཡང་འདིར་ཁ་ཤས་ཞིག་གིས་དེ་བོན་ཆོས་དང་འབྲེལ་སོང་བས་རྫུན་མ་རེད་ཟེར། ལོ་སུམ་སྟོང་གོང་གི་བོད་ཀྱི་ཤེས་རིག་གི་གྲུབ་ཆ་ཞིག་ཡིན་ན་རྫུན་ནམ་བདེན་པ་གང་ཡིན་དེ་བོན་ཆོས་དང་འབྲེལ་དགོས་པ་ལས་བན་ཆོས་དང་འབྲེལ་ཐབས་རྩ་བ་གཉིས་ནས་མེད་པ་རེད། ལར་བོན་ཆོས་དང་འབྲེལ་སོང་ན་སྡུག་དགོས་པ་ཅི་ཞིག་ཡིན་ནམ། གལ་སྲིད་བོན་པོ་དེ་ཚོ་ཕྱི་རོལ་བ་ཡིན་ནའང་དེར་ཧ་ལས་རྒྱུ་གང་ཡང་མི་འདུག་དྲན།
ལོ་ངོ་ལྔ་བཅུ་དྲུག་ཅུའི་རིང་ནང་པ་ཚོས་ཕྱི་རོལ་བར་ཁ་ལག་ཟད་ནས་ཡོང་བ་མ་ཡིན་ནམ། བོད་པའི་སྤྱི་ཚོགས་ནང་ཕྱི་རྒྱལ་གྱི་རོགས་ཚོགས་ཞིག་རག་ན་དེ་དག་བརྒྱ་ཆ་བརྒྱད་ཅུ་ཡི་ཤུ་དང་ཕྱི་རོལ་བའི་ཐེབས་རྩ་ཚོགས་པ་དེ་དག་ཡིན་པ་ང་ཚོས་ངེས་པར་དུ་ཤེས་དགོས་རེད་དྲན།
ཡང་འདིར་ཁ་ཤས་ཞིག་གིས་༸རྒྱལ་བ་རིན་པོ་ཆེས་གསུངས་ཚད་བདེན་པ་མིན་པ་དང་། དེ་དག་སྐབས་བསྟུན་དབང་གིས་ཡིན་པ་དང་། གོང་གི་གསུངས་དེའི་བསྟན་བྱ་ཞང་ཡིག་ལས་བོད་ཡིག་རེད་མི་འདུག་སོགས་ཨུ་ཚུག་གིས་འབྲེལ་བཞིན་འདུག འོན་ཀྱང་ཁོང་གིས་“བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་དུ་ཡོད་པ་གསལ་བོ་ཞེ་དྲགས་ཆགས་འདུག (དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་)བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད།” གསལ་པོར་གསུངས་འདུག་དྲན། གང་ལྟར་༸རྒྱལ་བ་རིན་པོ་ཆེ་ལོ་རྒྱུས་ལ་མཁས་པ་ཡིན་མིན་སུས་ཀྱང་བཤད་མི་ནུས་ཀྱང་། ཁོང་གིས་གསུངས་པ་དེར་ཚན་རིག་གི་ཐོག་ནས་གཞི་བཅོལ་ས་ཞིག་ཡོད་ནས་གསུངས་པ་རེད་དྲན།
གཡུང་དྲུང་གི་བོན་པོ་དེ་ཚོས་ཀྱང་༸རྒྱལ་བ་རིན་པོ་ཆེའི་གསུང་དེ་གཅིག་པུ་འདིར་འཁྱེར་མི་ཡོང་ནས་ཁོང་གིས་གསུང་སའི་སྨར་ཡིག་གི་པར་རིས་དེ་སྟོན་ཐུབ་ན་ཡག་པོ་འདུག དེ་མིན་མུན་ནག་ནང་གི་མདའ་འཕེན་འདྲ་བོ་ཆགས་ཉེས་འདུག
སྨར་ཡིག་ཟེར་པ་དེའི་མ་དཔེ་ཞིག་འདིར་བཀོད་ཐུབ་པ་བྱུང་ན་ཡར་བཤད་མར་བཤད་མང་པོ་ཞིག་ལས་སླ་བོར་ཐག་ཆོད་འགྲོ་བ་ཞིག་མ་རེད་པས།
དོན་དག་ཆུང་ཆུང་དེས་རྩོད་པ་ཆེན་པོ་ཞིག་ཞི་བར་གཏོང་ཡང་ཐུབ་ཀི་རེད། སྨར་ཡིག་ལ་ཤ་ཚ་སྙིང་ཉེ་ཡོད་མཁན་ཞིག་གིས་ལས་ཀ་ཆུང་ཆུང་དེ་དང་དུ་ལེན་ཐུབ་པ་གནང་ན་མི་ཡག་གམ།
ངས་བསམ་ཚུལ་ནོར་མེད་ན། འོད་སྟོང་འབར་བའི་བོད་ཀྱི་ནང་བསྟན་འདི་བོན་པོ་འཁེ་འཆེ་བ་ཁྲམ་པ་འདི་ཚོས་གཏད་སོ་གང་ཡང་མེད་པ་ཞིག་ཏུ་བསྒྱུར་ངེས་རེད་ལ། ཕྱིས་འབྱུང་གི་བོད་ཀྱི་གཞོན་སྐྱེས་ཚོ་སྲོལ་རྒྱུན་གྱི་རིག་གཞུང་ཡོངས་སུ་དོར་ཏེ། ནུབ་ཕྱོགས་པའི་རིག་གཞུང་གི་རྗེས་སུ་འཇུག་པ་ཞིག་བྱ་ངེས་རེད། འདི་ཚོ་སྨྱོན་པ་ཁྲོག་ལང་པ་ནང་བཞིན་གང་ན་རྫུན་མ་དང་། གཡོ་སྒྱུ་ཞིག་བཟོ་རྒྱུ་ཡོད་ན་དྲན་ནས་མཆོང་བཞིན་པ་རེད། ལོ་ངོ་སྟོང་ཕྲག་གོང་གི་རྡོ་དང་། རྫ་མ་ཡོད་པ་ཙམ་གྱིས་བོད་རིག་གཞུང་ཐུན་མིན་ཡོད་པ་སུས་གཅིག་གིས་འཆད་ཁག་པོ་རེད། གང་ལྟར་ཡང་བོད་མི་ནང་ལོག་མི་བདེ་བ་དང་། མི་མཐུན་པ་བཟོ་བྱེད་ཀྱི་ལག་ཆ་དང་པོ་དེ་ལྟ་གྲུབ་བསྒྱུར་བཅོས་དང་། ལོ་རྒྱུས་རྫུན་མ་བཟོ་བ་དང་། ཆོས་པའི་གཟུགས་ལ་ཆོས་མིན་བྱེད་བཞིན་པའི་ཕུང་གསུམ་པ་འདི་དག་རེད།
ཐུ་བ་ལགས་ངས་བསྐུར་ཤེས་མ་སོང་འོན་ཀྱང་མི་གཞན་ཞིག་གིས་བསྐུར་གནང་བའི་རེ་བ་ཡོད།
ཐུ་བ་རྒྱ་མཚོ་ལྟ་བུའི་མཆན་བུ་བ་ཡོད་ན་བགྲོ་གླེང་གི་གཞི་གཅིག་འདུག་བསམ། དེ་མིན་རྒྱོས་བཟི་ར་མིན་ལུག་མིན་སྐྱ་མིན་སེར་མིན་ཁོག་སྟོད་ཡོན་ཏན་མེད་པ། ཁོག་སྨད་ལ་སྡོམ་པ་མེད་མཁན་དེ་ཚོར་ཁ་ལག་གི་འབྲེལ་བ་བྱེད་རྩིས་མེད། ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་ཟིན། མི་དེའི་རིགས་འདི་ན་ཡོང་བ་ལས་ནང་མི་བུ་ཕྲུག་གསོ་སྐྱོངས་བྱེད་ན་ལེགས་ཤོས་རེད།
བན་དེ་བ་ཟེར་དང་བོན་པོ་ཟེར་བ་ཚོ་ལ་དྲི་བ་ཞིག་ཡོད། རྒྱལ་བ་རིན་པོ་ཆེའི་ཅི་གསུངས་དེ་བཞིན་ཡིན་ན། ཁྱེད་ཚོ་ལ་དམིགས་བསལ་གྱིས་སློབ་དཔོན་པདྨ་འབྱུང་གནས་ལ་ངན་སྨོད་དང་། ཆོས་རྒྱལ་རྣམ་ལ་སྒྲོ་བསྐུར་འདེབས་དགོས་སྔ་འགྱུར་རྙིང་མ་ལ་སྡང་ཟུག་དགོས་ག་དུས་གསུངས་སོང་ངམ། །བོད་མི་ངོ་ཚ་མེད་པ། དྲིན་ལན་ལ་དྲིན་ལོག གཡང་ལྷ་ལ་རྡོ་ལོག་ཏུ་མ་སོང་ངམ།
ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཛད་པའི་བཀའ་ཤོག་ལས།
༼རྫོགས་ཆེན་མིང་བཏགས་ཆོས་ལོག་མང་དུ་དར། ༽
ཞི་བ་འོད་ཀྱིས་དགོངས་དོན་ལྟར་ན།
ཀུན་བྱེད་རྒྱལ་པོ་ཞེས་པའི་དཔེ་ཆ་དེ་ནི་བོད་རིགས་ཤིག་གིས་བརྩམས་པའི་དཔེ་ཆ་ཁུངས་མེད་ཀྱི་གྲས་ཤིག་ཡིན། ཞེས་བཤད་འདུག
་་་་་ ༧གོང་ས་མཆོག་གིས་ “དེ་ཡིན་དུས་ནམ་རྒྱུན་བོན་པོའི་བཤད་སྲོལ་ཞིག་ལ་ཆོས་རྒྱལ་སྲོང་བཙན་སྐབས་སུ་བོད་ཡིག་ཡར་རྒྱས་ཕྱིན་པ་ཞིག་རེད་མ་གཏོགས་བོད་ཡིག་གི་རྩ་བ་དེའི་གོང་ལ་སྨར་ཡིག་ཞེས་པ་དེ་ཡོད་ཅེས་བཤད་འདུག དེ་ནང་བཞིན་ལོ་སུམ་སྟོང་གོང་ལ་ཡོད་པའི་དངོས་པོ་རྙིང་པ་ཞིག་ལ་སྨར་ཡིག་གི་ཡི་གེ་ཡོད་པ་རེད། བྱས་ཙང་ནམ་རྒྱུན་བོན་གཞུང་གི་ཐོག་ནས་བཤད་པའི་སྨར་ཡིག་ཟེར་བ་བོད་པའི་ཐོག་མའི་ཡི་གེ་དེ་སྨར་ཡིག་དེ་བཞིན་ལོ་སུམ་སྟོང་གོང་དུ་ཡོད་པ་གསལ་བོ་ཞེ་དྲགས་ཆགས་འདུག དེ་འདྲ་ཡིན་དུས་ང་རང་ཚོའི་བོད་ཡིག་དེ་བཞིན་ཧ་ཅང་རྙིང་པ་ཡིན་པའི་ཡི་གེ་ཞིག་ཆགས་བསྡད་ཡོད་པ་རེད།” ཅེས་བཀའ་བསྩལ། །་་་་་ཟེར།
མཁས་པ་ཚོས་གསུངས་ཚུལ་ལ་བལྟས་ན་ཞང་ཞུང་གི་སྨར་ཡིག་ཟེར་བ་ཞིག་ཡོད་ནི་ཡོད་པ་འདྲ།
བོད་ཀྱི་ཡི་གེ་རྙིང་བ་ས་ནས་རྙེད་པ་དང་གནམ་ནས་རྙེད་ཀྱང་རུང་དེ་ཡིན་ན་བོན་པོའི་ཡི་གེ་ཡིན་དགོས་པའི་ཨེ་ཁྱབ་སྙམ།
སྲོང་བཙན་ཡར་སྔོན་ལ་ཞང་བོད་གཉིས་ཐ་དད་རེད། དོ་ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་གི་རེད། ལི་མི་ཀྱཱ་བསད་པ་ནས་བཟུང་ཞང་བོད་གཉིས་གཅིག་ཏུ་བསྒྲིལ་བ་རེད།
ད་ལྟའི་བོན་ནི་འདས་ལོག་གམ་རྒྱལ་སངས་པ་ལས་སོས་པའི་ཆོས་ལུགས་ཕྱིར་དར་ཞིག་རེད། དེ་ཁོ་ཚོའི་ལོ་རྒྱུས་བྱུང་རབས་ལ་བལྟས་ན་གསལ་བོ་ཡིན། སྔར་བོད་ཀྱི་ཆོས་ལུགས་རྙིང་བ་གང་ཡིན་ཚང་མ་ཡང་བོན་ཡིན་པའི་ཁྱབ་ཨེ་དགོས། བོན་མ་དར་བའི་སྔོན་ལ་བོད་ལ་ས་དང་རི་བྲག་ལ་མཆོད་པ་དང་སྐྱབས་སུ་འགྲོ་བའི་ཆོས་ལུགས་ཉི་ཚེ་བ་དེ་འདྲ་མང་བོ་ཡོད་པའི་བཟོ་འདུག ཆོས་ལུགས་དེ་ཚོ་ཚང་མ་བོན་མ་རེད། གདོད་མའི་ཆོས་ལུགས་སམ་སྒེར་ཆོས་དེ་འདྲ་རེད
སྨར་ཡིག་ནི་ཕྱིས་སུ་བཟོ་བ་ཞིག་ཡིན་པས་བོད་ཡིག་ལས་རྒན་པ་མ་རེད་ཅེས་ཚེ་ཏན་ཞབས་དྲུང་གིས་གསུངས་ཡོད། ཚེ་ཏན་འདི་ལོ་རྒྱུས་ལ་མཁས་པ་མ་ཟད་ཡིག་རིགས་ལ་ཡང་མཁས་པ་ཞིག་ཡིན་པས་གང་བྱུང་གསུངས་ཨེ་ཡོང་།
ང་ཚོས་ཤེས་དགོས་པ་ཞིག་ལ་བོད་པའི་ས་ཐོག་གམ་ས་འོག་གང་ནས་རྙེད་པའི་ཡི་གེ་དེ་བོད་ཡིག་ཡིན་ན་ཞང་ཞུང་གི་ཡིན་དགོས་དོན་མེད་ལ་བོན་པོས་དེ་བས་ཀྱང་ཡིན་དོན་མེད།
ཞང་ཞུང་ལ་ཡི་གེ་ཡོད་དང་མེད་ང་ཚོ་ལ་ཇུས་གཏོགས་མེད། ལོ་ཁྲི་འགའི་སྔོན་གྱི་ཡི་གེ་ཡོད་ན་ཡང་ད་ཆ་ཕན་ཐོག་ཏིལ་འབྲུ་ཙམ་ཡང་མེད།
ཐོན་མིས་བོད་ཡིག་གསར་དུ་གསུངས་པ་ལ་བསྙད་ནས་བོན་པོ་ཚོ་འུར་ལངས་ཀྱང་དོན་ཆུང་། སྲོང་བཙན་ཡར་སྔོན་ལ་བོད་ལ་ཡི་གེ་མེད་པའམ་ཡོད་ཀྱང་མཉམ་ནས་བེད་སྤྱོད་ཆུང་། ཐོན་མིས་བོད་ཡོངས་པ་ཁྱབ་ནུས་པའི་ད་ལྟའི་བོད་ཡིག་འདི་བརྩམས་པ་དང་དེའི་རྩ་བའམ་བཅའ་ཁྲིམས་ལྟ་བུར་བརྡ་སྤྲོད་སུམ་རྟགས་སོགས་བརྩམས་པ་རེད།
དེའི་ཡར་སྔོན་དུ་བོད་ལ་ཡི་གེ་དེ་ཞང་ཞུང་གི་ཡི་གེ་ཡོད་པའི་ཕྱིར་ཟེར་ན་གོ་རྒྱུ་ཅི་ཡང་མེད། ཞང་ཞུང་ལ་ཡི་གེ་ཡོད་པའི་དབང་དུ་བཏང་ཡང་དེས་བོད་ལ་ཕན་ཐོག་མེད་ལ་བོད་ཀྱི་ཡི་གེ་རྙིང་བ་གང་ཡིན་ཞང་ཞུང་དང་བོན་པོའི་ཡི་གེ་ཡིན་ཟེར་ན་དེ་བས་ཀྱང་དགོད་བྲོ་བ་ཞིག་མ་རེད་དམ།
དེ་རང་གི་ངའི་དམ་བཅའ་བཞི།
མི་ཡི་ཐོག་མ་ཡིན་ན་ཞང་ཞུང་གི་མི་ཡིན་པའི་ཁྱབ།
ཆོས་ལུགས་རྙིང་བ་ཡིན་ན་ཞང་ཞུང་བོན་ཡིན་པའི་ཁྱབ།
ཡི་གེ་རྙིང་བ་ཡིན་ན་ཞང་ཞུང་གི་སྨར་ཡིག་ཡིན་པའི་ཁྱབ།
བརྡ་རྙིང་ཡིན་ན་ཞང་ཞུང་གི་སྐད་ཡིན་པའི་ཁྱབ།
འདི་ལྟར་ཁས་བླངས་པ་སུས་རྒོལ་ནུས་སམ།
རྩོད་པ་བྱེད་མཁན་ཡོད་ན་ཤོག
་་་་་ སྨར་ཡིག་ནི་ཕྱིས་སུ་བཟོ་བ་ཞིག་ཡིན་པས་བོད་ཡིག་ལས་རྒན་པ་མ་རེད་ཅེས་ཚེ་ཏན་ཞབས་དྲུང་གིས་གསུངས་ཡོད། ཚེ་ཏན་འདི་ལོ་རྒྱུས་ལ་མཁས་པ་མ་ཟད་ཡིག་རིགས་ལ་ཡང་མཁས་པ་ཞིག་ཡིན་པས་གང་བྱུང་གསུངས་ཨེ་ཡོང་། ་་་་ཟེར།
དཔེ་ཆ་འདིའི་ཇུས་འགོད་ལ་ལྟས་ན། དུས་རབས་གསར་བའི་གསར་རྟགས་ལྷང་ངེར་ཤར། ཡིག་འབྲི་ནི་མི་གསལ། དཔེ་རྙིང་ཞིག་ཡིན་མདོགས་བསྟན་པ་ལོས་ཡིན། ད་འདི་ཚོ་ཆི་ཟིག་ཡིན་ནས་ཡུམ་ཤེས་ན།
མཆན་རྣམས་རོབ་ཙམ་བཀླགས། ཁྱི་མགོ་ལ་རྡོ་ཡིས་གཞུས་པ་ལྟར་རྒྱུན་དུ་ངུ་སྐད་རྒྱག་མཁན་དག་ལ་ལན་རྒྱག་རིན་མ་མཆིས། དོན་གྱི་གནས་ལུགས་འཚོལ་མཁན་རྣམས་ལ་རིམ་པས་ལན་སྟབས་བདེ་རེ་འབུལ་ཡོང་། །གོང་དུ་བཀོད་པའི་པར་རིས་དེ་ཞང་ཡིག་རེེད་ཅེས་ཞུས་མེད། དེ་ནི་༧གོང་ས་མཆོག་གི་གསུང་དུམ་དེ་གསལ་བའི་བོད་མའི་རང་དབང་གསར་ཤོག་རེད། ད་ལན་དེ་ཙམ་ཡིན།
དགེ་འདུན་རྒྱ་མཚོ་ལགས བོད་ཡུལ་མུན་པའི་གླིང་དུ་སྒྲུབ་མཁན་དེ་སུ་རེད་བོད་མི་དུད་འགྲོ་ལས་བྱུང་བར་འདོད་མཁན་དེ་སུ་རེད་བོད་ཀྱི་ཆོས་དང་རིག་གཞུང་ཚང་མ་གཞན་ལ་བཅོལ་ཅི་བྱེད་པ་འདི་ངོ་མཚར་དགོས་པ་ཞིག་རེད ད་དུང་བོད་ཆོས་ལྡན་ཞིང་ཟེར་ནས་ག་རེ་རྫིག་རྫིག་བཤད་རྒྱུ་འདུག ད་དུང་དེ་ཡི་ག་ལ་ཚ་ད་ལྟ་བགྲང་གི་མིན་བགྲང་ཚོད་ཡང་མིམའདུག་ལ་དུས་ཚོད་ཡང་མེད
ཅི་ཐུབ་ཞེས་བཅོས་རོགས
སྨྲར་ཡིག་ཟེར་བ་དེ་སྔོན་ང་ཚོའི་བོད་པས་བེད་སྤྱོད་གནང་གི་ཡོད་རེད་བས།
སྲོང་བཙན་སྔོན་ལ་བོད་ཡིག་གི་མ་དཔེ་ལྟ་བུའི་ཡེགི་ཞིག་ནི་ངེས་པར་ཡོད་དགོས་། སྲོང་བཙན་ལོ་༣༤་ཐོག་བཤིགས་པ་དང་། ལོ་༡༣་ཐོག་སྲིད་དབང་བཞེས་པ་དང་་། ལོ་ངོ་ཉི་་ཤུའི་ནང་ལ་ཐོན་མི་རྒྱ་གར་དུ་བཏང་ནས་མཁས་པ་ཆགས་། དེ་ནས་བོད་ལ་ལོག་ནས་བོད་ཡིག་བཟོས་། དེ་ནས་རྒྱལ་པོ་སོགས་ཀྱིས་བོད་ཡིག་སྦྱངས་ནས་ཡིག་གི་འབྲི་ཀློག་བྱས་རེད་བཤད་ན་། བཤད་མི་བདེ་བ་མ་ཚད་། ཉན་ཡང་མི་བདེ་ལ་། དངོས་ཡོད་གནས་སྟོངས་ཐད་དུ་སྐད་ཆ་ན་གཅིག་བཤད་ཡག་མེད་རེད་།
སྲོང་བཙན་སྔོན་ལ་བོད་ཡིག་ཡོད་ངེས་ཅན་རེད་འདོད། དཔང་རྟགས་སྟོན་རྒྱུ་ཡོད་མེད་མི་ཤེས། གང་ལྟར་རུང་། སྔ་རབས་ལོ་རྒྱུས་ལ་ཉར་ཚགས་བྱས་ཡོད་མཁན་ཞིག་ཡོད་ན་དེ་ནི་བོན་གྱི་མཁས་པ་དག་ཡིན་ངེས་རེད།
བེད་ཆོད་གཏོང་གི་ཡོད་རྒྱུ་རེད། ཡི་གེ་ཟེར་བ་དེ་རྗོད་བྱེད་རེད། རྗོད་བྱེད་མེད་ན་བརྗོད་བྱ་ག་ལ་རྟོགས། ཡིན་ན་ཡང་ཡི་གེ་མཚན་ཉིད་ཚང་བ་ཞིག་ཡིན་དགོས་ན། བློར་ངེས་པ། ངག་ནས་བརྗོད་པ། ལུས་ཀྱི་འཇུག་ཚུལ་ཏེ། ཡུལ་དང་ཡུལ་ཅན་ཇི་བཞིན་སྟོན་ནུས་པ་ཞིག་དགོས་པ་ལས། ལྐུགས་པའི་ལབ་བརྡོལ་དང་། ཞྭ་ཀྱོག་གི་འཐིང་འགྲོས། དྲན་པ་མི་གསལ་བའི་འཆར་སྣང་ལྟ་བུའི་ཡི་གེ་དུས་ནམ་ཡང་དགོས་མཁོ་མེད་དོ།
ང་ཚོ་ཆོས་དང་བོན་གང་རུང་ཁས་ལེན་མཁན་ཚོ་ལ་སོ་སོའི་ཆོས་ལུགས་གང་འདྲ་རྩ་ཆེན་ཞིག་དང་སྙིང་པོ་ཡོད་པ་ཤེས་ཀྱི་ཡོད་པས་དེར་ཁ་བརྡ་དང་བགྲོ་གླེང་བྱེད་པའི་ཐོབ་ཐང་དང་འོས་བབ་ཡོད། དེ་མིན་ཆོས་བོན་གང་ཡང་ཁས་མི་ལེན་པའི་དམར་པོའི་རིང་ལུགས་པ་དང་ཅི་ཡང་བྱེད་ཆོག་པའི་ཌ་རུ་མགོ་ཚོ་ཕྱིར་སོང་ཤིག
བོན་པོ་ཚོས་སྲོང་བཙན་གོང་དུ་བོད་ཡིག་ཡོད་རེད་ཅེས་བཤད་དུས་དྲ་འབུ་ནག་རིལ་འགའ་རུབ་རུབ་བྱས་ཏེ་ད་ལྟ་རང་སྟོན་ཤོག་ཅེས་འུར་འདྲ་ལང་གི། ང་ལ་དྲི་བ་ཞིག་ཡོད། སྲོང་བཙན་སྐབས་བྲིས་པའི་བོད་ཡིག་ལག་བྲིས་ཅན་ཞིག་ང་ལ་སྟོན་དང་། དེ་དུས་ངེད་ཚོས་བསྡུར་ཆོག
བྱ་འཕུར་ལགས་ཀྱི་རིགས་ལམ་རྣོ་ལུགས་དེ་ལ་གཟིགས་དང་། ད་ལྟ་ང་ཚོས་འབྲི་བཞིན་པའི་བོད་ཡིག་དེ་སྲོང་བཙན་སྐབས་བྱུང་བའི་ཡི་གེ་དེ་ཡིན་པ་མ་ཤེས་སམ། ཁྱེད་ཀྱིས་ཟེར་ན་ཆོས་རྒྱལ་སྲོང་བཙན་སྐུ་ངོ་མའི་ཕྱག་བྲིས་འཁྱེར་ཤོག་ཟེར་བ་ཨེ་རེད།
དབོན་ཞང་རྡོ་རིང་ནི་ལྷ་སའི་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་དེ་སྔོན་རྒྱ་བཟའ་ཝུན་ཁྲེན་ཀོང་ཇོས་བཙུགས་པའི་རྒྱ་ལྕང་ཞིག་ཡིན་པ་དེའི་མཁྲིས་སུ་གནས་ཤིང་། རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ་༤དང་གྲང་ཆུང་༧༨དང་ཞེང་ཚད་ལ་སྤྱི་ཁྲེ༠དང་གྲངས་ཆུང༩༥། མཐུག་ཚད་ལ་སྤྱི་ཁྲེ༠དང་གྲངས་ཆུང༥༠བཅས་ཡོད་པ་དང་། རྡོ་རིང་གི་རྩེ་མོར་ཆར་ཁེབས་དང་ཏོག་ཞབས་འོག་རྡོའི་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ངོས་བཞི་ཀར་འོག་ཏུ་རྡོའི་རུས་སྦལ་གྱི་སྟེགས་བཅས་ཡོད། རྡོ་རིང་གི་ངོས་བཞི་ཀར་ཡི་གེ་བཀོད་ཅིང་། ཤར་ངོས་སུ་བོད་ཡིག་ཡིག་ཕྲེང་༧༡དང་ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་ཡིག་ཕྲེང་༧༧དང་། གཡས་སུ་རྒྱ་ཡིག་ཡིག་ཕྲེང་༦། བྱས་ངོས་སུ་ཆིངས་འགྲིགས་ལ་ཞུགས་མཁན་བོད་ཕྱོགས་ཀྱི་དཔོན་རིགས་བཅུ་བདུན་གྱི་མིང་རྒྱ་བོད་ཤན་སྦྱར་དང་། ལྷོ་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་རྒྱ་ཕྱོགས་ཀྱི་དཔོན་རིགས་བཅོ་བརྒྱད་ཀྱི་མིང་རྒྱ་བོད་ཤན་སྦྱར་བཅས་བཀོད་ཡོད།
བོད་རྒྱའི་དེབ་ཐེར་ཁག་ཏུ་འཁོད་པར་གཞིགས་ནས་བཙན་པོའི་དུས་སྐབས་སུ་རྒྱ་བོད་དབར་དུ་ཆིང་འགྲིག་ཐེབས་མང་བྱས་ཡོད་ཚོད་ཀྱང་ཆིངས་ཡིག་གི་ནང་དོན་ཡིག་ཐོག་འཁོད་པ་ནི་ཐེངས་གཉིས་ལས་མེད་པའི་དང་པོ་ནི་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཐང་རྒྱལ་རབས་ཀྱི་གོང་མ་ཏེ་ཙུང་གི་དུས་སུ་སྤྱི་ལོ་༧༨༣ལོར་བོད་རྒྱ་ཕྱོགས་གཉིས་པོས་ཕོ་ཉ་མངགས་ནས་རྒྱའི་ཆིང་ཧྲུའི་ཟེར་བའི་ས་ཆར་ཆིངས་འགྲིག་བྱས་པ་དེ་རེད། སྐབས་དེའི་ཆིངས་ཡིག་གི་ནང་དོན་རྒྱའི་ཡིག་ཚང་ཚེ་ཧྥུའུ་ཡོན་ཀའི་ཟེར་བའི་ནང་གསལ་ཡང་བོད་ཡིག་ཏུ་འཁོད་པ་མ་མཐོང་། ཐེངས་གཉིས་པ་ནི་འདིར་འཆད་རྒྱུའི་དབོན་ཞང་རྡོ་རིང་ཐོག་འཁོད་པ་སྟེ། དེ་ནི་བོད་ཀྱི་བཙན་པོ་ཁྲི་གཅིག་ལྡེ་བཙན་དང་ཐང་རྒྱལ་རབས་ཀྱི་གོང་མ་མུའི་ཙུང་གི་དུས་སུ་བོད་རྒྱ་ཕྱོགས་གཉིས་པོས་ཕོ་ཉ་མངགས་ནས་བཙན་པོ་ཁྲི་རལ་པ་ཅན་གྱི་ཁྲི་ལོ་བདུན་པ་ལྕགས་གླང་༨༢༡ལོར་ཐང་གི་རྒྱལ་ས་ཁྲང་ཨན་དང་། ཆུ་སྟག་༨༢༢ལོར་བོད་ཀྱི་ལྷ་ས་སོ་སོར་སྔ་རྗེས་སུ་ཆིངས་འགྲིག་བྱས་པ་མ་ཟད། བཙན་པོ་ཁྲི་རལ་པ་ཅན་གྱི་ཁྲི་ལོ་དགུ་པ་ཆུ་ཡོས་༨༢༣ལོར་ལྷ་ས་ཆིངས་ཡིག་གི་ནང་དོན་རྡོ་རིང་ལ་བཀོད་དེ་གཙུག་ལག་ཁང་གི་མདུན་དུ་བཙུགས་ཡོད།
ཐང་གི་རྒྱལ་ས་ཁྲང་ཨན་དུའང་རྡོ་རིང་དེ་འདྲ་ཞིག་བཙུགས་པར་འཁོད་ཀྱང་ད་ལྟ་བསྡད་མེད། རྡོ་རིང་གི་ཡི་གེའི་ནང་དུ་དེ་སྔོན་སྲོང་བཙན་སྒམ་པོ་དང་ཁྲི་ལྡེ་གཙུག་བཙན་རྒྱལ་ཐོག་གཉིས་ཀྱི་སྐབས་སུ་ཐང་རྒྱལ་རབས་ཝུན་ཁྲེན་ཀོང་ཇོ་དང་ཀིམ་ཤིང་ཀོང་ཇོ་གཉིས་སྔ་རྗེས་སུ་བཙན་པོའི་ཇོ་མོར་བསུས་ནས་བོད་རྒྱ་གཉེན་འབྲེལ་ཏེ་དོབན་ཞང་དུ་གྱུར་བའི་ལོ་རྒྱུས་དོན་ཆེན་ལ་དྲན་གསོ་དང་། ཐང་བོད་གཉིས་སྔར་ནས་ཆབ་སྲིད་གཅིག་ཏུ་མོལ་ཏེ་བོད་རྒྱ་མི་རིགས་དབར་མཛའ་མཐུན་དམ་ཟབ་ཀྱི་འབྲེལ་བ་ཆགས་པ་མ་ཟད། ཐ་ན་སྐབས་རེ་མཐའ་མཚམས་སོ་བློན་གྱིས་ས་ཆ་ཆ་ཤས་སུ་དམག་འཁྲུག་བསླངས་ནས་ཟིང་ཆ་བྱུང་བའི་སྐབས་ཀྱང་ཕན་ཚུན་འགྲོ་འོང་རྒྱུན་མི་ཆད་པའི་མཛའ་བཤེས་འབྲེལ་བར་ནན་བཤད་བྱས་པ་ཕྱོགས་གཉིས་ཀས་དུས་གཏན་དུ་འཁོན་རྩོད་ཞི་བར་བྱས་ནས་གཉེན་རྙིང་བའི་སྲི་ཞུ་དང་དེ་སྔའི་ཁྱིམ་མཚེས་དགྱེས་པའི་ཚུལ་སླར་དུ་བརྩེགས་ཏེ་རབས་ཁྲིར་སྐྱིད་པའི་མཇལ་དུམ་ཆེན་པོ་མཛད་པ་དེ་བོད་རྒྱ་མི་རིགས་གཉིས་པོའི་མི་དམངས་ཀྱི་རེ་འདོད་དང་བསམ་འདུན་མཚོན་པར་གསལ་བཤད་བྱུང་བ་མཚོན་པའི་ལོ་རྒྱུས་ཀྱི་དཔང་རྟགས་གནད་ཆེ་བ་ཞིག་རེད། རྡོ་རིང་འདི་དག་གི་ངོས་སུ་ཡིག་གཟུགས་ལ་ལྟོས་དང་ཤེས་ངེས།
འོ་ན་བོན་ཆོས་དག་མ་ཉམས་གནས་པ་དེ་ཡི་གེ་གང་ཞིག་གི་ཐོག་གནས་པ་རེད། བེད་ཡིག་ནི་དེ་དུས་མེད་པས་རྒྱལ་ཁབ་གཞན་ཞིག་གི་ཡི་གེ་ཐོག་དེ་བས་ཀྱང་ཁག་པོ་ཡིན་པས་ངའི་བསམ་པར་སྲོང་བཙན་སྔོན་ལ་བོད་ཡིག་འདི་ཡོད་ས་རེད་སྙམ་གྱི་འདུག་གོ།།
རྡོ་རིང་ཡི་གེ། རྡོ་རིང་ཡི་གེ་ནི་དུས་རབས་བརྒྱད་པ་ནས་དགུ་བའི་བར་བོད་ཡུལ་དུ་བཞེངས་ཤིང་ད་ལྟའི་བར་གནས་པའི་ལྷ་སའི་གཙུག་ལག་གི་རྡོ་རིང་སོགས་རྡོ་རིང་བཅུ་ལྷག་ལས་བྱུང་བའི་ཡི་གེ་རྣམས་ལ་བྱ་ཞིང་། དེ་དག་གི་ནང་དོན་ནི་རྒྱ་བོད་མི་རིགས་མཇལ་དུམ་མཛད་པའི་མནའ་ཚིག་དང་། མཆོད་ཚིག སྨོན་ཚིག་སོགས་ཡིན་ལ། ཡིག་གཟུགས་ནི་སྐད་གསར་བཅད་ཀྱི་གོང་གི་མནའ་བོའི་ཡི་གེ་ཡིན་པས། བོད་ཀྱི་ལོ་རྒྱུས་དང་། རྒྱ་བོད་གཉིས་ཀྱི་ཡུན་རིང་བོའི་འབྲེལ་བ་དང་། བོད་ཀྱི་ཡི་གེ་སོགས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ལ་མེད་དུ་མི་རུང་བའི་ཡིག་ཆ་རིན་ཐང་ཆེ་བ་ཞིག་རེད། བློ་མཐུན་ཝང་ཡའོ་ནས་མཛད་པའི་སྤུར་རྒྱལ་བོད་ཀྱི་ཅོང་དང་རྡོ་རིང་ཡི་གེ་ཞེས་བྱ་བར། ལྷ་སའི་གཙུག་ལག་ཁང་གི་རྡོ་རིང་སོགས་རྡོ་རིང་བཅུ་དང་། བསམ་ཡས་གཙུག་ལག་ཁང་གི་ཅོང་སོགས་ཅོང་གསུམ་གྱི་སྟེང་གི་ཡི་གེ་ཕྱོགས་གཅིག་ཏུ་བསྡུས་ནས། རྒྱ་ཡིག་ཏུ་བསྒྱུར་ཅིང་དཔྱད་འགྲེལ་ལེགས་པར་མཛད། གཤམ་དུ་བཀོད་པ་ནི་དེ་ལས་བཤུས་པའི་ལྷ་སའི་གཙུག་ལག་ཁང་གི་རྡོ་རིང་ནུབ་ལོགས་ཀྱི་ཡི་གེ་ཡིན། བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱྀ་ལྷ་བཙན་པོ་དང་།། རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ་དབོན་ཞང་གཉིས།། ཆབ་སྲིད་གཅྀག་ཏུ་མོལ་ནས།།མཇལ་དུམ་ཆེན་པོ་མཛད་དེ་གཙྀགས་བཅས་པ།། ནམ་ཞར་ཡང་མྀ་འགྱུར་བར་ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་ཏེ།། ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའྀ་ཕྱིར།། མཇལ་དུམ་གྱི་གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ།། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་ཀྱྀ་ཞལ་སྔ་ནས།། རྒྱ་རྗེ་བྰུན་བྰུ་ཧེའུ་ཏག་ཧྭང་ཏེ་དང་།། དབོན་ཞང་གཉིས། སྒམ་དཀྱེལ་ཆེན་པོས་ནི།། འཕྲལ་ཡུན་ཡུལ་གྱྀ་ལེགས་ཉེས་ཅྀ་ཡང་བསྲུང་སྟེ།། ཐུགས་རྗེ་ཆེན་པོས་ནི།། བཀའ་དྲྀན་གྱིས་དགབ་པ་ཕྱྀ་ནང་མྱེད་པར།། མང་པོ་ཀུན་བདེ་སྐྱིད་པར་བྱ་བ་ལ་ནྀ་དགོངས་པ་གཅྀག་ཡུན་རྀང་པོར་ལེགས་པའྀ་དོན་ཆེན་པོ་ལ་ནྀ་བཀའ་གྲོས་མཐུན་ཏེ།། གཉེན་རྙིང་པའྀ་སྲི་ཞུ་ནྀ་དང་སྔའི་ཁྱྀམ་ཚེས་དགྱེས་པའི་ཚུལ་སླར་དུ་བརྩེགས་པར་མོལ་ནས།། མཇལ་དུམ་ཆེན་པོ་ནི་མཛད་དེ།། བོད་རྒྱ་གཉིས། ད་ལྟར་དུ་མངའ་བའི་ཡུལ་དང་མཚམས་སྲུང་ཞིང་། ། དེའི་ཤར་ཕྱོགས་ཐམས་ཅད་ནྀརྒྱ་ཆེན་པོའི་ཡུལ།། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ།། དེ་ལས་ཕན་ཚུན་དགྲར་མྱྀ་འཐབ།། དམག་མྱྀ་དྲང་།། ཡུལ་མྱྀ་མརྣམ། ། ཡྀད་མ་ཆེས་པ་ཞྀག་ན།། མྱྀ་བཟུང་ཞིང་གཏམ་དྲྀས་ཏེ།། བརྫངས་ནས་ཕྱྀར་བཏང་ངོ།། ད་ཆབ་སྲྀད་གཅིག་ཅྀང་།། མཇལ་དུམ་ཆེན་པོ་འདྀ་ལྟར་མཛད་པས།།དབོན་ཞང་དགྱེས་པའི་བཀའ་ཕྲིནད་སྙན་པས་ཀྱང་འདྲུལ་དགོས་ཏེ།། ཕན་ཚུན་གྱྀ་ཕོ་ཉ་འདོང་བ་ཡང་།། ལམ་རྙིང་བར་བྱུང་ནས།།སྔ་ལུགས་བཞིན་བོད་རྒྱ་གཉིས་ཀྱྀ་བར།། ཙང་ཀུན་ཡོག་ཏུ་རྟ་བརྗེས་ལ།། སྩེ་ཞུང་ཆེག་ཏུ་རྒྱ་དང་ཕྲད་པ་མན་ཅད་ནི་རྒྱས་ཕུ་དུད་བྱ།། ཙེང་ཤུ་ཧྱྭན་དུ་བོད་དང་ཕྲད་པ་ཡན་ཆད་ན་བོད་ཀྱིས་ཕུ་དུད་བྱ་སྟེ།། དབོན་ཞང་ཉེ་ཞྀང་གཉེན་པའྀ་ཚུལ་བཞིན་དུ།། སྲྀ་ཞུ་དང་བཀུར་སྟྀའི་ལུགས་ཡོད་པར་སྦྱར་ཏེ།།ཡུལ་གཉིས་ཀྱི་བར་དུ་དུད་རྡུལ་ནྀ་མྱྀ་སྣང་།། གློ་བུར་དུ་སྡང་བ་དང་དགྲའི་མྱྀང་ནྀ་མྱི་གྲག་སྟེ་ས་མཚུམས་སྲུང་བའི་མྱི་ཡན་ཅད་ཀྱང་དོགས་ཤིང་འཇིགས་པ་མྱེད་པར་ས་ས་མལ་མལ་ན་བག་བརྐྱང་སྟེ།། བདེ་བར་འཁོད་ཅིང་།། སྐྱིད་པའྀ་བཀའ་དྲྀན་ནི་རབས་ཁྲྀའི་བར་དུ་ཐོབ།། སྙན་པའྀ་སྐྲ་སྐད་ནི་གཉི་ཟླས་སླེབས་སོ་ཆོག་ཏུ་ཁྱབ་སྟེ།། བོད་བོད་ཡུལ་ན་སྐྱིད་རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་སྦྱར་ནས་གཙྀགས་བཅས་པ་འདྀ།།ནམ་ཞར་མྱྀ་འགྱུར་བར།། དཀོན་མཆོག་གསུམ་དང་།། འཕགས་པའྀ་རྣམས་དང་གཉི་ཟླ་དང་གཟའ་སྐར་ལ་ཡང་དབང་དུ་གསོལ་ཏེ།། ཐ་ཚྀག་གི་རྣམས་པས་ཀྱང་བཤད།། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས།། གཙིགས་བཅས་སོ།། གཙིགས་འདི་བཞིན་དུ་མ་བྱས་སམ།། བཤིག་ན།བོད་རྒྱ་གཉིས་གང་གིས་སྔར་ཉེས་པ་ལ་སྡྀག་ཅིང་། ལན་དུ་དཀུ་སྒྱུ་ཅྀ་བྱས་ཀྱང་གཙྀགས་གཤྀག་པ་ལ་མ་གཏོགས་སོ།། འདི་ལྟར་བོད་རྒྱ་གཉྀས་ཀྱྀ་རྗེ་བློན་གྱིས་ཞལ་གྱིས་བཤགས་མནའ་བོར་ཏེ།། གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས།། རྒྱལ་པོ་ཆེན་པོ་གཉིས་ཀྱྀ་ནི་ཕྱག་རྒྱས་བཏབ།། བློན་པོ་གཙྀགས་འཛིན་པ་ལ་གཏོགས་པ་རྣམས་ཀྱྀ་ལག་ཡྀག་ཏུ་བྲིས་ཏེ།། གཙིགས་ཀྱི་ཡྀ་གེ་ཡང་སོ་སོའི་ཕྱག་སྦལ་དུ་བཞག་གོ།།
འདི་དག་འཕྲུལ་ཡིག་ཏུ་ཕབས་ཟིན་ཡང་། ཡིག་གཟུགས་འདི་དང་གཅིག་པ་རེད། ནོར་ས་མེད། ཤ་ཚ། བྱ་འཕུར་ཚང་།
ལྷ་སའི་ནང་གི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་རྡོ་རིང་ཁག་ལྔ་ངོ་སྤྲོད།
[ 2012-9-7 15:04:50 | By: chume ]
ཞོལ་རྡོ་རིང་ཕྱི་མ་ནི།
ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་བཙུགས་ཤིང༌། ཞབས་སྟེགས་རྡོ་བརྩིགས་ཀྱི་བང་རིམ་གསུམ་ཅན་གྱི་རྡོ་རིང་འདིའི་རིང་ཚད་ལ་སྤྱི་ཁྲེ་བདུན་ཙམ་ཡོད་ལ། རྩེ་མོར་རྡོའི་ཆར་ཁེབས་རྩེ་མོ་ཏོག་དང་བཅས་པ་དང༌། རྡོ་རིང་གི་ནུབ་ངོས་སུ་ཡིག་ཕྲེང་དྲུག་ཅུ་ཡོད་ལ། ཤར་དུ་ཡིག་ཕྲེང་བཅུ་དྲུག ལྷོར་ཡིག་ཕྲེང་བདུན་ཅུ་དོན་བཞི་བཅས་ངོས་གསུམ་ལ་བོད་ཡིག་བཀོད་ཡོད་པ་ལས་བྱང་ངོས་སྟོང་བ་ཡིན། རྡོ་རིང་འདི་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སོང་ལྡེ་བཙན་གྱི་སྐུ་དུས་སུ་བཙུགས་པ་ཞིག་ཡིན་པ་དུང་དཀར་ཚིག་མཛོད་དུ་གསུངས་ལ། འདིའི་ངོས་ཡིག་འབྲུའི་ནང་དོན་ནི་བློན་པོ་སྟག་སྒྲ་ཀླུ་ཁོང་ལ་གནང་བའི་བཀའ་གཙིགས་ཡིན། རྡོ་རིང་གི་ནང་དོན་ལྟར་ན་འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཆེས་སྔ་ཤོས་ཀྱི་རྡོ་རིང་ཡིན་ལ། འདི་ནི་དགྱ་ནག་གི་རྒྱལ་ས་ཁྲང་ཨན་བར་དམག་འཐབ་ཀྱིས་བླངས་པའི་བྱས་རྗེས་ལ་བསྔགས་པ་དང་རྟེན་འབྲེལ་གྱི་རྡོ་རིང་ཞིག་ཡིན་ནོ།།
གཉིས། ཞོལ་རྡོ་རིང་ནང་མ་ནི།
གཞུང་ས་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་མི་ཐོག་ལྔ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏཱ་ལའི་ཕོ་བྲང་དམར་བོ་འཛུགས་སྐྲུན་གནང་ནས་ཡོངས་རྫོགས་ལེགས་གྲུབ་ཟིན་པའི་དྲན་ཆེད་དུ་པོ་ཏཱ་ལའི་མདུན་གྱི་རི་ལྡེབས་རྡོ་སྐས་ཀྱི་གཤམ་དུ་བཙུགས་པའི་རྡོ་རིང་དེ་ཉིད་ཞོལ་ལྕགས་རིའི་ཕྱི་ལོགས་སུ་གནས་པས་ཞོལ་རྡོ་རིང་ཕྱི་མ་ཞེས་མིང་ཐོགས་པ་དང༌། དེས་ན་རྡོ་རིང་ཕྱི་མར་བལྟས་ནས་རྡོ་རིང་འདིར་རྡོ་རིང་ནང་མ་ཞེས་མིང་དེ་ལྟར་ཆགས་པར་གྲགས་པ་ནི་ལྷ་སའི་དངོས་བྱུང་བདེན་དཔང་དུ་གསལ།
གསུམ། དབོན་ཞང་རྡོ་རིང་ནི།
དབོན་ཞང་རྡོ་རིང་ནི་ལྷ་སའི་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་དུ་ཡོད་ལ། མཐོ་ཚད་ལ་སྤྱི་ཁྲེ་༤ལྷག་དང་ཞེང་ཚད་ལ་སྤྱི་༠༩༥ ཡོད། མཐུག་ཚད་ལ་སྤྱི་ཁྲེ་༠༥༠ བཅས་ཡོད། རྡོ་རིང་གི་རྩེ་མོར་ཆར་ཁེབས་དང་ཏོག ཞབས་སྟེགས་སུ་རྡོའིརྡོའི་རུས་རལ་ཆེན་པོ་ཞིག་ཡོད། རྡོ་རིང་གི་ངོས་བཞི་ཀར་ཡི་གེ་བཀོད་ཅིང༌། ཤར་ངོས་སུ་བོད་ཡིག་ཡིག་ཕྲེང་༧༡ དང་ནུབ་ངོས་ཀྱི་གཡོན་དུ་བོད་ཡིག་ཡིག་ཕྲེང་༧༧ དང་གཡས་སུ་རྒྱ་ཡིག་ཡིག་ཕྲེང་༦ ཡོད། བྱང་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་བོད་ཕྱོགས་ཀྱི་དཔོན་རིགས་བཅུ་བདུན་གྱི་མིང་དགྱ་བོད་ཤན་སྦྱར་དང༌། ལྷོ་ངོས་སུ་ཆིངས་འགྲིག་ལ་ཞུགས་མཁན་དགྱ་ཕྱོགས་ཀྱི་དཔོན་རིགས་བཅོ་བརྒྱད་ཀྱི་མིང་དགྱ་བོད་ཤན་སྦྱར་གྱིས་བཀོད་ཡོད། རྡོ་རིང་འདི་ལ་མིང་གི་རྣམ་གྲངས་བཞི་ཡོད་དེ། དབོན་ཞང་རྡོ་རིང་དང༌། ཁྲང་ཆིང་རྡོ་རིང༌། དགྱ་བོད་མཐུན་སྒྲིལ་རྡོ་རིང༌། ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་བཙུགས་པར་བརྟེན་ལྷ་སའི་རྡོ་རིང་ཞེས་འབོད། སྔར་བཙན་པོ་སྲོང་བཙན་སྒམ་པོས་སྤྱི་ལོ་༦༤༡ ལོར་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་ཁབ་ཏུ་བསུས་པ་དང༌། ཁྲི་ལྡེ་གཙུག་བཙན་གྱིས་སྤྱི་ལོ་༧༡༠ ལོར་དགྱ་བཟའ་གྱིམ་ཤིང་ཀོང་ཇོ་བཙུན་མོར་བསུས་ནས་བོད་དགྱ་གཉེན་དུ་འབྲེལ་ཏེ་དབོན་ཞང་དུ་གྱུར་བས་དབོན་ཞང་རྡོ་རིང་ཞེས་མིང་དེ་ལྟར་བཏགས་སོ།།
བཞི། སྐར་ཆུང་རྡོ་རིང་ནི།
སྐར་ཆུང་རྡོ་རིང་ནི་ལྷ་སའི་ལྷོ་ནུབ་ངོས་སྐྱིད་ཆུའི་ཕ་རོལ་ར་མ་སྒང་གྲོང་དབུས་སུ་བཙུགས་ཤིང༌། བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་ངམ་སྐར་ཆུང་གཙུག་ལག་ཁང་གསར་བཞེངས་སྐབས་བཙུགས་རྡོ་རིང་ཞིག་ཡིན་ཅིང༌། རྡོ་རིང་གང་བསླངས་པའི་ལྷ་ཁང་དེ་ཉིད་ཀྱི་མིང་རྡོ་རིང་ལ་ཐོགས་ནས་སྐར་ཆུང་རྡོ་རིང་ཞེས་གྲགས། རྡོ་རིང་འདི་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་སྟེ་སྤྱི་ལོ་༧༩༨ ནས་༨༡༥ བར་གྱི་ལོ་ཞིག་ལ་བཙུགས་པ་ལྟར་ན། ཕལ་ཆེར་ལོ་ངོ་ཆིག་སྟོང་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ནོ།།
ལྔ༌། ཞོལ་ཁང་སེར་རྡོ་རིང་ནི།
ཞོལ་གྱི་ཁང་སེར་རྡོ་རིང་ངམ་ལན་བཅུ་ཡོངས་སུ་རྫོགས་པའི་ལས་དོན་གྱི་མིང་བྱང་ཞེས་པའི་རྡོ་རིང་ནི། སོག་པོ་ཇུན་གར་བས་བོད་ལྗོངས་སུ་ཟིང་ཆ་བསླངས་པ་ལྷིང་འཇགས་བཏང་སྐབས་དང༌། གོར་བོད་སྡེ་གཟར་སྐབས་མན་ཇུ་གོང་མས་བོད་ལ་དམག་རོགས་བཏང་སྐོར་འཁོད་པའི་རྡོ་རིང་ཡིན་ཞིང༌། དེ་ཡང་ཞོལ་གྱི་ལྕགས་རིའི་ཕྱི་ངོས་རྒྱལ་སྒོའི་མདུན་ངོས་ཤར་ནུབ་གཉིས་སུ་ཁང་སེར་རྫ་གཡམ་གཡུ་རྩིའི་ཐོག་ལྡན་གཉིས་ཀྱི་ནང་བཟོ་དབྱིབས་དགྱ་ལུགས་དང་མཚུངས་པའི་རྡོ་རིང་རེ་ཡོད་པའི་ཤར་མ་དེར་རྒྱལ་བོས་བྲིས་ཞེས་པའི་ཡིག་ཆེན་འཁོད་པའི་རུས་སྦལ་གྱི་སྟེགས་བུ་ཅན་དེ་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཁྲི་ལོ་དྲུག་ཅུ་ཕྱི་ལོ་ ༡༧༡༩ བོད་རབ་བྱུང་༡༢ བའི་ས་ཕག་ལོ་བཙུགས་པ་ཞིག་ཡིན། རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ་༣ དང་ཚག་དོན་བཞི་ཡོད་དེའི་མདུན་ངོས་སུ་དགྱ་ཡིག་ཡིག་ཕྲེ་༡༥ དང༌། བོད་ཡིག་ཡིག་ཕྲེང་༤༦ ཡོད། རྒྱབ་ཏུ་སོག་ཡིག་ཡིག་ཕྲེང་༡༥ དང༌། མན་ཡིག་ཡིག་ཕྲེང་༡༥ ཡོད་པའི་ནང་དོན་ནི་སོག་པོ་ཇུན་གར་བ་གོང་མའི་དཔུང་གིས་མཐར་སྤྲད་པའི་སྐོར་བཀོད་ཡོད་ཅིང༌། དེ་ནི་གོང་མ་ཁང་ཤིས་དགོང་ལོ་དྲུག་ཅུ་བས་ཕྱག་བྲིས་ཕྱག་བསྟར་མ་གནང་བ་དེ་ཡིན་སྐད།
ཁང་སེར་རྡོ་རིང་ནུབ་མ་དེ་བོད་རབ་བྱུང་༡༣ པའི་ཆུ་སྒང་ལོ་སྟེ་ཆིང་གོང་མ་ཆན་ལུང་ཁྲི་ལོ་བདུན་པ་སྤྱི་ལོ་༡༧༩༣ ལོར་བཙུགས་ཤིང༌། མགོ་ཡིག་ཏུ་ལུང་གིས་བཙུགས་ཞེས་འཁོད་པའི་རྡོ་རིང་དེའི་མདུན་ངོས་སུ་དགྱ་ཡིག་ཡིག་ཕྲེང་༡༧ དང༌། མན་ཡིག་ཡིག་ཕྲེང་༡༧ རྒྱབ་ངོས་བོད་ཡིག་ཡིག་ཕྲེང་༣༩ དང༌། སོག་ཡིག་ཡིག་ཕྲེང་༡༧ ཡོད་པའི་ནང་དོན་དུ་གོང་མའི་དཔུང་གིས་གོར་ཁའི་བཙན་འཛུལ་མཐར་བསྐྲད་པའི་བརྒྱུད་རིམ་དང་དོན་སྙིང་བཀོད་ཡོད་ལ། རྡོ་རིང་འདི་ཉིད་དེང་སྐབས་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པ་འདི་ཉིད་ཡིན་པ་བཅས་སོ།།
འདིར་ལྷ་སའི་ལོ་རྒྱུས་ལྡན་པའི་རྡོ་རིང་དག་ངོ་སྤྲོད་བྱེད་དོན་ནི། མི་མང་བོ་ཞིག་གམ། ཡང་ན་ལོ་རྒྱུས་ལ་དོ་སྣང་ཡོད་ཀྱང་ལྟ་རྒྱ་མཐོང་རྒྱ་ཆུང་བའི་ན་གཞོན་ཁ་ཤས་ཤིག་གིས་ལྷ་སའི་རྡོ་རིང་ཟེར་དུས། གཅིག་མ་གཏོགས་མང་བོ་ཞིག་མེད་པར་འདོད་ཅིང༌། སྐབས་ལ་ལར་རྡོ་རིང་གི་ཚིག་འབྲུ་དྲངས་སྐབས་རྡོ་རིང་ངོས་སུ་ཟེར་བ་ཙམ་ལས། ཁ་གསལ་གྱི་རྡོ་རིང་གང་ཡིན་མིན་མ་གསལ་བའི་སྟབས་ཀྱིས་ལོ་རྒྱུས་ལ་དཀའ་རྙོག་ཐོལ་བ་ཞིག་ཡོང་གི་འདུག གོང་དུ་ངོ་སྤྲོད་ཞུས་པའི་རྡོ་རིང་འདི་དག་བཙུགས་པའི་དུས་ཚོད་མི་འདྲ་བ་མ་ཟད། འཛུགས་མཁན་གྱི་གང་ཟག་མི་འདྲ་བས་ཕན་ཚུན་ནོར་བ་ནི་ཧ་ཅང་ཕངས། དེའི་སྟབས་ཀྱིས་ངས་དེ་རིང་འབད་པ་ཆེན་པོས་དུང་དཀར་ཚིག་མཛོད་དང་ལྷ་སའི་དངོས་བྱུང་བདེན་དཔང་སོགས་ཚད་ལྡན་ཡིག་ཚགས་ཁག་ཅིག་ལས་ཆེད་དུ་བསྡུས་ནས་འདིར་ངོ་སྤྲོད་ཙམ་ཞུས་པ་ལགས།
ལྷ་ཆབ་ཀྱི་ཟིན་བྲིས་ལས་བཤུས།
འོ་ན་བོན་ཆོས་དག་མ་ཉམས་པར་གནས་པ་དེ་ཡི་གེ་གང་ཞིག་གི་ཐོག་གནས་པ་རེད། བེད་ཡིག་ནི་དེ་དུས་མེད་པས་རྒྱལ་ཁབ་གཞན་ཞིག་གི་ཡི་གེ་ཐོག་གནས་དགོས་ཀྱང་དེ་ཧ་ཅང་ཁག་པོ་ཡིན་པས་ངའི་བསམ་པར་སྲོང་བཙན་སྔོན་ལ་བོད་ཡིག་འདི་ཡོད་ས་རེད་སྙམ་གྱི་འདུག་གོ།།
སྲོང་བཙན་སྔོན་ལ་བོད་ཡིག་ཡོད་ན་དགའ་དགོས་རྒྱུ་ཞིག་རེད་མ་གཏོགས་དེ་ལ་མི་དགའ་ནས་ཅི་བྱེད།འོན་ཀྱང་། སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པའི་ཁུངས་སྐྱེལ་དེ་༧རྒྱལ་བ་རིན་པོ་ཆེ་འཇོག་པ་འདི་ལོ་རྒྱུས་དཔྱད་སྟངས་ཤིག་རེད་དམ། ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་སྐྱེལ་རོགས།
༡) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་བྲག་ལ་བརྐོས་བ་དེ་འདྲ་རྙེད་སོན་བྱུང་ཡོད་དམ།
༢) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་སྲོང་བཙན་སྔོན་གྱི་རྫ་ཆས་དེ་འདྲའི་སྒང་ལ་ཐོན་ཡོད་དམ།
༣) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་རྡོ་རིང་དང་དྲིལ་རྙིང་། རྩིགས་ལྡེབས་(ཕལ་ཆེར་འདི་དག་སྲོང་བཙན་སྔོན་ལ་ཡོད་མེད་ཁ་ཚོན་གཅོད་དཀའ) སོགས་སུ་བརྐོས་བ་དེ་འདྲ་རྙེད་ཡོད་དམ།
༤) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་སྦ་བཞེད་ཀྱི་ནང་དུ་བྲིས་འདུག་གམ།
༥) སྲོང་བཙན་སྔོན་ལ་བོད་ཡིག་འདུག་ཟེར་བའི་ལོ་རྒྱུས་ཁུངས་སྔ་ཤོས་དེ་གང་ཡིན།
བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་གོང་གི་དྲི་བ་འདི་དག་ལ་རེ་རེ་བཞིན་ཚན་རིག་དང་མཐུན་པའི་ལན་རེ་བསྐྱོན་རོགས་གནང་།
སྨར་ཡིག་ཟེར་བའི་ར་མགོ་ལུག་སྦྱར་དེ་ལ་རིན་ཐང་གཅིག་ཀྱང་མི་འདུག་གོ། །དགེ་མཚན་སྐར་གང་མི་འདུག ཕན་ཐོགས་ཡོད་ན་ཁྱེད་ཅག་གིས་བེད་ཆོད་ཐོངས་ལ། སྨར་ཡིག་ཁོ་ན་དང་། ཞང་ཞུང་གི་སྐད་གཅིག་པུ་བེད་ཆོད་ཀྱིས་བོད་ཡིག་རྒྱབ་ཏུ་བསྐྱུར་དང་། ལྟད་མོ་ལྟ་ཆོག ཧཧཧཧ རང་གཞན་གཉིས་ལ་ཕན་ཐོགས་མེད་པའི་སྐད་ཡིག་རྫུན་མ་དེ་མེད་པ་བཟོས་ཞོགས།
རྙོག་དྲ་དང་ཕྱོགས་རིས། ཧམ་བཤད་སོགས་ནི་ཆོས་ལུགས་པའི་རྒྱུན་གནས་གོམས་གཤིས་ཡིན་པས་ཧང་སངས་དགོས་དོན་གང་ཡང་མེད། འོན་ཀྱང་མགོ་རང་ལ་ཡོད་བཞིན་དུ་གཞན་གྱིས་ཡིན་ཞེས་བཙན་གནོད་བྱས་པ་ལ་ཧང་སངས་སོང་། མ་ཟད་མི་རིགས་ཤིག་གི་གྱོང་གུད་ཡིན་པ་ཤེས་བཞིན་དུ་ད་དུང་ཨུ་ཚུགས་ཀྱིས་མེ་དཔུང་ལ་སྣུམ་བླུགས་ན་ངོ་མ་ཧང་སངས་ཀི
བྱ་འཕུར་ལགས་དོན་ངོ་མ་དེང་སང་རང་བློ་དང་མ་མཐུན་ན་༧གོང་ས་མཆོག་ལ་གུས་བཀུར་བྱེད་མཁན་ཡོད་ནི་མ་རེད་ཡ།
ལོ་ངོ་ལྔ་སྟོང་ལྷག་གི་གོང་དུ་བྲིས་པའི་ཞང་ཞུང་གི་སྨར་ཡིག་ཐོན་པར་༧ གོང་ས་མཆོག་གིས་དེ་ཡི་སྐོར་ལ་གསལ་བཤད་གནང་བ་རེད། དེ་མིན་༧ གོང་ས་མཆོག་གིས་ཁུང་དང་ལུང་མེད་ཅིང་འབྲེལ་མེད་དོན་གཞན་གྱི་གསུང་ཅི་ལྟར་འབྱོན་སྲིད་དམ། སྲོང་བཙན་བྱུང་ནས་ལོ་ངོ་ག་ཚོད་ཕྱིན་ཡོད་དེ་ལྟར་ཤེས་ན་འདི་ལྟར་དྲི་བ་ཡང་ཡང་ཡོང་དགོས་དོན་མེད། གོང་དུ་གསལ་བཤད་བྱས་ཟིན་ཡོད་མོད། སླར་ཡང་མ་མཐོང་མདོག་མདོག་བྱེད་པ་ནི་དགོད་བྲོ་བྱེད་རང་རེད། ཁྱི་ཐོང་གིས་ཟུག་ཟུག་དེ་ཚོར་ལན་འདེབ་ཀྱི་མེད། ཆགས་སྡང་གི་བཟི་དངས་དུས་བལྟ་རྒྱུ་རེད།
ཧཧཧ་ཨོ་ཉི་ནས་ སྨར་ཡིག་དེ་རང་གཞན་གཉིས་ཀས་བེ་སྤྱོད་མི་འདུག་ཕན་ཐོག་མི་འདུག་ཟེར་ རྒྱུ་མཚ་ན་ནི་ཁོ་རང་གིས་ཀློགས་མ་ཤེས་པ་ཙམ་ལས་གཞན་ཅི་ཡོད་་དེ་ལྟར་ན་ཁྱེད་རང་གིས་མ་ཤེས་པའི་རྒྱབ་ཁབ་གཞན་གྱི་ཡི་གེ་དུ་མ་ཞིག་ཡོད་པ་དེ་དག་བེ་སྤྱོད་མེད་པ་འདྲ་ཧཧཧ་ད་ལྐུགས་རྟགས་འདྲ་སྟོན་སོང་་་་ད་རྩོད་མི་རྒྱག་ཕན་པ་མི་འདུག་རྒྱུ་མཚན་དེ་དག་ལ་གཟིགས་དང་་་་དེ་ལས་གཉིད་ན་ལེགས་འདུག་་་་་
ངས་མ་ཤེས་པའི་རྒྱུ་མཚན་གྱིས་མརེད། ཤེས་ན་གནས་སྐབས་དང་མཐར་ཐུག་གང་ལ་ཡང་དགོས་པ་མེད་པའི་རྒྱུ་མཚན་གྱིས་རེད།
བོན་གྱིན་དྲ་གྲོགས་ཚོས་ཨོ་ཉི་དང་དེ་ཡི་རིགས་རྙིང་དྲི་ཁ་བ་ཁ་ཤས་འདུག་་དེ་ཚོར་ཆོས་དང་ཟང་ཟིང་ཁ་ལག་གི་འབྲེལ་བ་གཅོད་རོགས་གནང། དེ་ལས་དྲི་བ་དངོས་དང་བགྲོ་གླེང་དངོས་ལ་འཇུག་མཁན་ཡོད་ན་དེ་རིགས་ལ་གང་ཐུབ་ཀྱི་གསལ་བཤད་གནང་འོས།
ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་སྨར་ཡིག་དེ་གཅིག་ལྟ་ན་འདོད་ང་ལ་གཅིག་བསྐུར་རོགས། tulkuogyen@gmail.com
ཨོ་ཉི་ཁོ་་་་་་ངོ་དེབ་Facebook དང་wechat སོགས་ཀྱི་ལྷན་ཚོགས་group སོགས་་སུ་ཁོ་འགྲོ་ས་མེད་པར་ཆགས་འདུག་ཟེར།
འཛམ་གླིང་གི་ཡིག་རིགས་གྲགས་ཆེན་མང་པོ་ཞིག་ནི་ལོ་ངོ་སྟོང་ཕྲག་ལྔ་དྲུག་ནས་བཅུ་ཕྲག་ཡན་གྱི་ལོ་རྒྱུས་ལྡན་ཡོད་ཟེར་མི་རིགས་གཞན་ལ་གླེང་རིན་ཡོད་པ་ཞིག་རེད།
སྤྱི་ལོ་ 617 ཡར་སྔོན་དུ་རང་རེའི་བོད་ཡིག་གི་རྨང་ཙམ་ཡང་མེད་པར་བསྒྲུབ་འདོད་པའི་ཁྱེད་ཅག་གི་སེམས་ལ་ཁེ་ཕན་གང་གི་ཕྱིར་དུ་ལས་དོན་འདི་ལ་འབད་འབུངས་རྒོལ་རྡུང་བྱེད་པར་ཡིད་སྤྲོ་བ་རེད།
གལ་སྲིད་སྲོང་བཙན་ཡན་དུ་བོད་ཡིག་ཅིག་ཡོད་སོང་ན་དེས་ཁྱོད་དང་བོད་མི་རིགས་ལ་མི་བཟོད་པའི་ན་ཟུག་ཅིག་འབྱིན་པ་ཡིན་ནམ།
མི་རིགས་དོང་ནང་དུ་འཕེན་མཁན་གཙོ་བོ་ནི་རྨོངས་པའི་དད་པ་ཟེར་པ་དེ་དང་། རྨོངས་པའི་ཞེན་ཁོག་ཟེར་པ་དེ་གཉིས་གནད་འགག་གཙོ་བོའི་ནང་གི་གཙོ་བོ་ཡིན། ཁྱེད་རྣམ་པའི་དོན་དེ་ཡིད་ལ་བཟུང་རོགས།
ཞང་ཞུང་སྨར་ཡིག་ཅིག་ཡོད་ན། སྟོད་མངའ་རིས་སུ་བོད་ཡིག་ཡོད་དུས། བར་དབུས་གཙང་གཅིག་དང་། སྨད་ཨ་མདོ་དང་གཉིས། ཁམས་ཕྱོགས་གསུམ་ལ་ཡི་གེ་མེད་པ་དོན་གྱིས་ཁས་བླངས་སོང་བ་རེད་དོ།
བོན་བན་གཉིས་དབར་གྱིས་བོད་ཡིག་གི་རྩོད་གཞི་འདིར་རྩོད་པས་མཐར་རྫོགས་རྒྱུ་ཞིག་མེད། ཕྱོགས་གཉིས་ཀས་རང་རང་གི་ཞེན་ཁོག་དང་ལར་རྒྱ་རྐྱང་བཤད་སྡོད་པས་རེད། དེས་ན་རང་རང་གི་ལར་ཞེན་གྱིས་བོད་ཀྱི་སྐད་ཡིག་ཁུངས་དག་གཙང་གསུམ་གྱི་ཆེ་བ་རེ་གླེང་སྡོད་པ་ཡིན་ན་ཕྱོགས་གཉིས་ཆར་དོན་ཕན་གང་ཡང་མེད། བོན་བན་གཉིས་ཀྱི་རང་རང་གི་སྐད་ཡིག་དེར་རང་རང་གིས་ལོང་སྤྱོད་རེ་གནང་ན་མ་ཆོག་རྒྱུ་ཅི་ཡོད། ད་ནས་གཟུང་བོན་པོས་སྨར་ཆེན་དང་སྨར་ཆུང་གང་ཞིག་བཀོལ་སྤྱོད་ཀྱི་རང་ཉིད་ཀྱི་རིགས་གཞུང་སྲུང་སྤེལ་མཛད་རྒྱུ་དང་། བན་སྡེས་དབྱངས་གསལ་སུམ་བཅུ་བཀོལ་སྤྱོད་ཀྱིས་རང་གི་རིགས་གཞུང་སྲུང་སྤེལ་མཛད་རྒྱུ་དེར་རང་དབང་དང་འདེམས་ཀ་རེ་ལོས་ཡོད། བོན་པོས་སྨར་ཆེན་སྨར་ཆུང་ལས་དབྱངས་གསལ་སུམ་བཅུ་པོ་འདི་མི་སྤྱོད་རྒྱུ་དང་། བན་སྡེས་དབྱངས་གསལ་སུམ་བཅུ་པོ་ལས་བོན་པོའི་ཡིག་རིགས་གང་ཡང་མི་སྤྱོད་རྒྱུ་བྱེད་ན་རྩོད་པ་འདི་དག་ཡོང་དོན་མི་འདུག་གོ། ཀུ་རེ་དང་ངོ་མ་གཉིས་འབྲེལ་ཡིན། ཧཧཧཧཧཧཧཧ།
ཚ་ཕྲུག་གིས་གསུངས་པ་དེ་ཡིན་ད། བན་དེ་ནས་བསྒྱུར་བ་ཚང་མ་ཚུར་ཁུར་ཤོག སྒྲུང་། ལྡེའུ། བོན་གསུམ་གྱི་བསྟན་པ་ཞང་ཡིག་གིས་སྐྱོངས་ཤིག ་་་་་
སྲོང་བཙན་སྔོན་ལ་བོད་ཡིག་ཡོད་ན་དགའ་དགོས་རྒྱུ་ཞིག་རེད་མ་གཏོགས་དེ་ལ་མི་དགའ་ནས་ཅི་བྱེད།འོན་ཀྱང་། སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པའི་ཁུངས་སྐྱེལ་དེ་༧རྒྱལ་བ་རིན་པོ་ཆེ་འཇོག་པ་འདི་ལོ་རྒྱུས་དཔྱད་སྟངས་ཤིག་རེད་དམ། ཚན་རིག་དང་མཐུན་པའི་སྒོ་ནས་ཁུངས་སྐྱེལ་རོགས།
༡) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་བྲག་ལ་བརྐོས་བ་དེ་འདྲ་རྙེད་སོན་བྱུང་ཡོད་དམ།
༢) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་སྲོང་བཙན་སྔོན་གྱི་རྫ་ཆས་དེ་འདྲའི་སྒང་ལ་ཐོན་ཡོད་དམ།
༣) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་རྡོ་རིང་དང་དྲིལ་རྙིང་། རྩིགས་ལྡེབས་(ཕལ་ཆེར་འདི་དག་སྲོང་བཙན་སྔོན་ལ་ཡོད་མེད་ཁ་ཚོན་གཅོད་དཀའ) སོགས་སུ་བརྐོས་བ་དེ་འདྲ་རྙེད་ཡོད་དམ།
༤) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་སྦ་བཞེད་ཀྱི་ནང་དུ་བྲིས་འདུག་གམ།
༥) སྲོང་བཙན་སྔོན་ལ་བོད་ཡིག་འདུག་ཟེར་བའི་ལོ་རྒྱུས་ཁུངས་སྔ་ཤོས་དེ་གང་ཡིན།
བྱ་འཕུར་ལྷུན་གྲུབ་རྒྱ་མཚོས་གོང་གི་དྲི་བ་འདི་དག་ལ་རེ་རེ་བཞིན་ཚན་རིག་དང་མཐུན་པའི་ལན་རེ་བསྐྱོན་རོགས་གནང་།
སྲོང་བཙན་གོང་བོད་ཡིག་ཡོད་པའི་སྒྲུབ་བྱེད་དུ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཐད་ཀར་འཇོག་དོན་ནི། རྒྱལ་བ་རིན་པོ་ཆེ་བོད་མི་ཡོངས་རྫོགས་ཀྱི་སྣང་ངོར་སངས་རྒྱས་དངོས་སུ་བྱོན་པ་ཞིག་ཡིན་པས་ཁོང་གིས་གསུངས་པ་གང་ཞིག་བཀའ་ཚད་མར་བརྩི་བ་དང་། གསུང་དེ་ཚོའང་གཙོ་བོ་དངོས་ཁམས་རིག་པའི་རྒྱབ་ལྗོངས་ཡོད་པ་ཞིག་ཡིན་པས་དེ་ལྟར་བཀོད་པ་ཡིན། དེ་མིན་བོན་ཕྱོགས་ཀྱི་ལོ་རྒྱུས་ཡིག་ཚང་སྔོག་སྟེ་འགྲེལ་བཤད་ཅི་ཙམ་བཤད་ཀྱང་བོང་བུའི་རྣ་བར་རྡོ་བླུག་པ་དང་གསེར་བླུག་པ་ཁྱད་མེད་དུ་འགྱུར་བས་སོ། དེ་མཁྱེན་པར་མཛོད།
དགྲ་འདུལ་སོགས་དྲ་གྲོགས་ཚོ། རྣམ་རིག་གཞན་དུ་མི་གཡེང་བར་ཐུགས་ལྷོད་ལྷོད་བྱས་ཏེ་གཤམ་གྱི་ལུང་ཚིག་ཁག་ལ་ཞིབ་མོར་དཔྱོད་ཨ། ཁྱོའི་ཁ་དང་ངའི་སྣ་ཞེས་ཕན་ཚུན་འཁྱལ་གཏམ་བསྒྲགས་པ་དང་གྲུབ་མཐར་དམོད་ཚིག་བགྲང་བས་ཅང་ཕན་ཐོག་ཡོད་ནི་མ་རེད། ད་ཡིན་ད། །
བཻཌུརྱ་དཀར་པོ་ལས། “ཞང་ཞུང་བོན་གྱི་འདུལ་དགོངས་ནས། སྟོན་པ་གཤེན་རབ་མི་བོ་སྤྲུལ། བོན་གྱི་ཐེག་པ་རིམ་དགུ་བསྟན། འགྲོ་རྣམས་གཡུང་དྲུང་ས་ལ་བཀོད།” ཅེས་དང༌། ས་བླ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས། ལྡིང་གཉིས་ཀྱི་ལོ་རྒྱུས་འཆད་སྐབས། “རྒྱལ་བློན་འདི་གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་བྱ་བ་རྟག་གཟིགས་འོལ་མོ་ལུང་རིང་དུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞིག་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད།” ཅེས་དང༌། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས། “བོད་ཀྱི་ཡི་གེ་དེ་ཉིད་གནམ་གྱི་ཁྲི་དྲུག་པ་གདགས་ཁྲི་བཙན་པོའི་དུས་སུ་བྱུང་”ཞེས་དང༌། འབྲོག་རི་བོ་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པའི་དེབ་ཐེར་དམར་པོ་གསར་མ་ལས། རྒྱལ་སྲས་སྤུ་ལྡེ་གུང་རྒྱལ་གྱི་ལོ་རྒྱུས་འཆད་སྐབས། “འདིའི་དུས་སུ་མཐའ་འཁོབ་ཏ་ཟིག་གི་ཡུལ་དུ་སྐྱེས་པའི་སྟོན་པ་གཤེན་རབ་ཀྱིས་ཞང་ཞུང་ཡུལ་ནས་བོན་བསྒྱུར་ཏེ་དར་བར་བྱས་པ་ཡིན་འདུག བོན་རང་གི་ཡིག་ཆ་ཁག་ལས་ནི་གཉའ་ཁྲི་བཙན་པོའི་དུས་སུ་བྱུང་བར་བཤད།” ཅེས་དང༌། གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་ལས། “ཞང་ཞུང་གི་ལུགས་ལ་ནད་དུ་སྦྱོང་བ་བཤལ་གྱི་རྒྱུད།” ཅེས་དང༌། “གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་སྨན་གསུམ་གྱི་རྒྱུད།” ཅེས་དང༌། བཀའ་རྒྱུད་འབྲི་གུང་འཇིག་རྟེན་མགོན་པོས་ཀྱང༌། “རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི་རིང་ལ་བོན་དར་”ཞེས་དང༌། མདོ་སྨད་བྱང་ཁའི་ཡུལ་དུ་འཁྲུངས་ཞིང་དུས་རབས་གསར་པའི་ནང་མཁས་སྙན་ཆེ་བ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས། “ཐོ་ཐོ་སྙན་བཙན་གྱི་དུས་སུ་བོན་པོའི་ཆོས་ཕྱོགས་སུ་སྤྱོད་པའི་ཡི་གེ་རེ་ཡོད་པའང་སྲིད། དེ་ནི་ཆོས་ཁོ་ནར་བཀོད་ན་བཀོལ་ཐུབ་པ་ཙམ་ལས། ཆོས་སྲིད་གཉིས་ཀར་བཀོལ་བའི་ཡི་གེ་ཁྱབ་བདལ་དུ་ཡོད་པར་མི་འདོད། ”ཅེས་དང༌། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ་ཞེས་པའི་ནང༌། “རྒྱལ་པོ་སྲོང་བཙན་པོ་སྒམ་པོའི་གོང་དུ་བོད་ལ་བོན་པོའི་ཆོས་ལུགས་དར་རྒྱས་ཆེན་པོ་བྱུང་ཡོད་སྟབས་ཡི་གེ་མེད་ཟེར་བ་དངོས་ཡོད་གནས་ཚུལ་དང་མི་མཐུན་ཞིང༌། ཕྱིས་ཀྱི་ལོ་རྒྱུས་མཁས་པ་འགས་སྲོང་བཙན་གོང་དུ་ཡི་གེ་མེད་ཅིང་ཐོན་མིས་རྒྱ་གར་གྱི་ནཱགརའི་ཡི་གེར་དཔེ་བྱས་ནས་ཡིག་གཟུགས་གསར་གཏོད་བཏོད་བྱས་པ་ཡིན་ཟེར་བ་ནི་དེའི་གོང་དུ་བོད་ས་གནས་ཡོངས་ལ་སྤྱི་ཁྱབ་ཏུ་སྤྱོད་པའི་ཡི་གེ་མེད་པ་བཅས་ཀྱི་གོ་དོན་ཡིན་པ་མ་གཏོགས། དེའི་གོང་དུ་ཡི་གེ་གཏན་ནས་མེད་པ་དང་ཐོན་མིས་རྒྱ་གར་གྱི་ཡེ་གེར་དཔེ་བྱས་ནས་བོད་ཡིག་བཟོས་པ་ཡིན་ཟེར་བའི་གོ་དོན་མིན།” ཞེས་དང༌། སོགས་དྲ་གྲོགས་རྣམས་ལ་གཞུང་བརྒྱ་བཀླགས་པའི་ཉམས་མྱོང་ལེགས་སྐྱེས་སུ་ཕུལ་བའོ། །
གསལ་བཤད། ངས་ནམ་རྒྱུན་སྐད་ཆ་བཤད་པ་དང་རྩོམ་ཡིག་འབྲི་སྐབས་གཞན་ལ་ཕོག་ཐུག་མི་འགྲོ་བར་ཐབས་ཤེས་གང་དྲགས་བྱེད་བཞིན་ཡོད། གང་ཡིན་ཟེར་ན་ངའི་བླ་མས་”ཚིག་ལ་མཚོན་ཆ་མེད་ཀྱང་མི་སེམས་དུམ་བུར་གཏུབ་”ཅེས་བོད་ཀྱི་གཏམ་དཔེར་ཡོད་པས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གང་ལ་རང་གིས་བདག་པོ་རྒྱག་དགོས་ཞེས་ཡང་ཡང་གདམས་མྱོང་། དེས་ན་གོང་དུ་བཀོད་པའི་ངའི་རྩོམ་ཡིག་དང་རང་མཆན་གང་གི་སྐབས་མི་སེམས་ལ་ཟུག་པའི་སྐྱོན་ཁབ་རྩེ་ཙམ་ཚུན་ཆད་ལ་ངའི་ངོས་ནས་བཟོད་གསོལ་ཞུ། །
ངས་བཏང་བའི་དྲི་བ་ལྔ་དེ་ཚོར་ལན་འདེབས་མཁན་གྱི་མཁས་པ་བོན་ཕྱོགས་ན་མེད་པ་རེད་དམ་ལན་ལ་གཡོལ་གི་ཡོད་པ་རེད་དམ། ཁྱེད་ཀྱིས་གོང་དུ་བཀོད་པའི་ཁུངས་དེ་ཚོ་ནི་ཡིག་ཐོག་གི་ཁུངས་སྐྱེལ་འགའ་རེད་ལ་དེ་ཚོ་བྱུང་བ་ཧ་ཅང་འཕྱི་བོ་རེད། མི་འདུག་ན་མི་འདུག མི་ཤེས་ན་མི་ཤེས། མ་རྙེད་ན་རྙེད་མ་སོང་ཟེར་མི་ཐུབ་པ་ནི་ད་དུང་ཡང་ཕྱོགས་ཞེན་གྱིས་སེམས་ཁམས་ཅུང་ཟད་བརླན་ཡོད་པའི་རྟགས་ཤིག་མིན་ནམ་དྲན། མདོར་དོན་གོང་དུ་ངས་བཏང་བའི་དྲི་བ་ལྔ་དེ་ལ་བོན་ཕྱོགས་ནས་ལན་དྲང་པོར་འདེབས་ཐུབ་མཁན་གྱི་མཁས་པ་ཞིག་ཁ་བརྡ་དྲ་བར་བྱོན་པའི་རེ་བ་ཆེའོ།
http://www.khabdha.org/?p=32684#comments
དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར། གོང་དུ་མཆན་ཨང་༦༩པ་དེ་ལ་གཟིགས་རོགས་གནང་། སྲོང་བཙང་གོང་དུ་བོད་ལ་ཡི་གེ་ཡོད་པའི་སྒྲུབ་བྱེད་ལུང་འགའ་ཤས་བཀོད་ཡོད།
དགྲ་འདུལ་གྱིས་དྲིས་པར་ལན་རྒྱབ་ཡོད་དེ་ད་དུང་རིག་ཡོད་ས་མ་རེད།
ཤེས་བྱའི་གསར་ཤོག་ནང་བྲིས་པ་ལྟར་༧ གོང་ས་མཆོག་གི་གསུང་དུམ་ཅིག་དེ་འབྲི་རྒྱུ་ཡིན།
༼བོད་ནི་ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད་པ་ཞིག་ཡིན། བོད་མི་རིགས་ནི་ནང་ཆོས་དར་རྗེས་ཀྱི་ཆོས་འབྱུང་དང་འབྲེལ་བའི་ལོ་རྒྱུས་ནས་བཤད་ན་ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་ལོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང། ཡང་ནང་ཆོས་མ་དར་གོང་གི་བོན་ཆོས་དང་འབྲེལ་བའི་ལོ་རྒྱུས་ནས་བཤད་ན་དེའི་གོང་དུ་རྒྱལ་རབས་ཉི་ཤུ་ཙམ་དང་ལོ་ཉིས་སྟོང་སྐོར་སོང་བ་བཅས་བོད་འདི་ཕལ་ཆེར་མི་ལོ་བཞི་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་ཞིག་ཡིན་པ་བར་ལམ་བོད་ནས་ཐོན་པའི་དུས་དེབ་གཅིག་ཐོག་འཁོད་འདུག དེ་ཡང་ཉེ་ལམ་བོད་ཀྱི་མངའ་རིས་ཁུལ་ནས་རྡོ་ལ་བརྐོས་པའི་ཡི་གེ་ཞིག་རྙེད་ཡོད་འདུག དེ་ནི་ད་ལྟའི་བོད་ཡིག་འདི་མ་བྱུང་གོང་དུ་བོད་ལ་ཡི་གེ་ཡོད་པ་དེར་བོན་གཞུང་ནས་སྨར་ཡིག་ཅེས་བརྗོད་ཀྱི་ཡོད། ཞང་ཞུང་གི་སྐད་ནས་བོད་་སྐད་ལ་བསྒྱུར་བ་མིན་ནམ། སྨར་ཡིག་ལ་ལོ་སུམ་སྟོང་གི་ལོ་རྒྱུས་ཡོད་པ་དུས་དེབ་དེའི་ནང་དུ་བཀོད་འདུག ༽
ཅེས་གསུངས་འདུག དེ་ཡིས་འགྲིག་སོང་ངམ། ཚན་རིག་དང་མཐུན་པའི་ལན་ཡིན། རྡོ་ལ་བརྐོས་པའི་སྨར་ཡིག་དེ་ད་ལྟ་བོད་རང་སྐྱོངས་ལྗོངས་ཀྱི་གནའ་རྫས་གཏེར་མཛོད་ཀྱི་ནང་དུ་བཤམས་འདུག པར་རྒྱབ་ཆོག་གི་མི་འདུག་བལྟ་འདོད་ཡོད་ན་ཁྱོད་རང་དེར་སོང་དང་མཐོང་རྒྱུ་འདུག
པདྨ་ལགས་དེ་ལྟ་བྱེད་དགོས་ཀྱི་རྒྱུ་སྔོན་དུ་སོང་བ་ཡིན་རྒྱུ་རེད། མ་གཞི་ནས་ཨོ་ཉི་བཟོ་འདྲ་བ་རྙིང་མ་བ་དེ་ཚོས་བོན་ལ་དམའ་འབེབས་བྱེད་པ་ལ་བརྟེན་ནས་བོན་པོ་འགའ་ཞིག་གིས་དེ་ལྟར་བཤད་ཡོད་སྲིད་འོན་ཀྱང་དེ་བོན་པོ་ཡོངས་ཀྱི་བསམ་ཚུལ་མཚོན་མི་ཐུབ།། དཔེར་ན་ཁྱོད་དང་ཨོ་མེ་དཀར་བོད་ལ་ཞེན་སོགས་ཀྱིས་བོན་ལ་ངན་སྨྲས་བཤད་པ་དེ་རྙིང་མ་ཡོངས་ཀྱི་བསམ་ཚུལ་མཚོན་པར་བྱེད་མི་ནུས་པ་བཞིན་ནོ།
སྲོང་བཙན་གོང་གི་བོད་ཡིག་བྲག་ལ་རྐོས་པ་དང་རྡོ་ལ་ཕབ་པ་སོགས་བཤད་པར་དང་པོར་འདི་ཤེས་དགོས། བོད་རྒྱལ་བཙན་པོ་རིམ་བྱོན་གྱིས་བོན་གྱི་ཐོག་ཏུ་རིག་གནས་གསར་བརྗེ་ཐེངས་འགའ་ཤས་སྔ་མོ་ནས་བཏང་ཟིན་པས་བོན་གྱི་ཡིག་འགྲོས་ཇི་ལྟར་ས་ཐོག་ཏུ་བཞུགས་པའི་བསྐལ་བ་བོད་ལ་བྱུང་མེད། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་བོན་གྱི་མཁས་གྲུབ་ཁག་ཅིག་ཕྱི་རོལ་གྱི་རྒྱལ་ཕྲན་འགའ་ལ་སྐྱབས་བཅོལ་བ་ལྟ་བུའི་གནས་སྟངས་འོག་བོན་དཔེ་ཁག་ཅིག་མ་ནུབ་པར་ག་ལེར་རྗེས་སུ་རྙེད་པ་དང་རེ་འགའ་བོད་ས་ཐོག་རང་ལ་གཏེར་དུ་སྦས་དགོས་བྱུང་བ་སོགས་གནས་སྟངས་ཡ་ང་བ་དེ་འདྲ་བྱུང་ཡོད་པས་ཁྱོད་ཀྱི་དྲི་བ་མང་ཆེ་བར་ལན་འདི་དག་གིས་འཐུས། སྲོང་བཙན་སྔོན་ལ་བོད་ཡིག་ཡོད་ཅེས་པའི་ཡིག་ཁུངས་སྔ་ཤོས་བོན་དཔེ་ཁག་ཅིག་ཡོད། ཡིན་ན་ཡང་ཁྱེད་ཀྱིས་ཁས་ལེན་མིན་མི་ཤེས། འོ། ཁྱོད་ཀྱིས་བཤད་པའི་སྦ་བཞད་ཅེས་པ་སྦ་བཞད་ཞབས་བཏགས་མ་ཡིན་རྒྱུ་རེད། སྔོན་མ་ཞིག་ལ་དཔེ་དེབ་དེ་བཀླགས་མྱོང་། ད་ལྟ་དྲན་ཡུལ་དུ་མི་འདུག དཔེ་ཆ་དེ་ཁྱོད་ལ་ཡོད་ན་དེའི་ནང་དུ་གཟིགས་དང་གོ་བ་ལོན་མདོག་རེད། ངས་བཤད་པ་རྣམས་ཚན་རིག་དང་མཐུན་མིན་གང་ལྟར་ཚུལ་གསུམ་རིག་པའི་མདའ་ལམ་ནས་དྲངས་པའི་མདེའུ་རྡོག་རེ་རེ་ཡིན། ད་ལན་དེ་ཙམ་ཡིན། །
ངས་གོང་དུ་བྲིས་པའི་ལན་དེ་དྲ་གྲོགས་དགྲ་འདུལ་ལ་ཡིན། དགྲ་ཕྱི་དགྲ་མ་རེད་ནང་དགྲ་རེད། ཀུ་རེ་དང་བཅས། །
ང་བྱ་འཕུར་ཡིན་ན་ལན་དྲང་པོ་འདི་ལྟར་འདེབས་སྲིད།
༡) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་བྲག་ལ་བརྐོས་བ་དེ་འདྲ་རྙེད་སོན་བྱུང་ཡོད་དམ།
ལན། ངས་མི་ཤེས། ད་ལྟ་ཚུན་ལ་སྲོང་བཙན་སྔོན་དུ་བྲག་ལ་བརྐོས་བའི་ཡི་གེ་རེད་ཟེར་བ་དེ་འདྲ་རྙེད་སོན་བྱུང་མི་འདུག གང་ལྟར་ངས་མ་རིག་ཐ།
༢) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་སྲོང་བཙན་སྔོན་གྱི་རྫ་ཆས་དེ་འདྲའི་སྒང་ལ་ཐོན་ཡོད་དམ།
ལན། རྫ་ཆས་དེ་འདྲ་ཡང་ད་ལྟ་ཚུན་ལ་རྙེད་མི་འདུག མ་འོངས་པར་གནའ་རྫས་ཞིབ་འཇུག་པ་དང་ས་དཔྱད་རིག་པ་དེ་འདྲས་རྙེད་སྲིད།
༣) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་རྡོ་རིང་དང་དྲིལ་རྙིང་། རྩིགས་ལྡེབས་(ཕལ་ཆེར་འདི་དག་སྲོང་བཙན་སྔོན་ལ་ཡོད་མེད་ཁ་ཚོན་གཅོད་དཀའ) སོགས་སུ་བརྐོས་བ་དེ་འདྲ་རྙེད་ཡོད་དམ།
ལན། ད་ལྟ་ཚུན་ལ་མི་འདུག རྗེས་མར་གོང་དུ་བཤད་པ་བཞིན་རྙེད་སྲིད།
༤) སྲོང་བཙན་སྔོན་ལ་བོད་ཡིག་ཡོད་པ་སྦ་བཞེད་ཀྱི་ནང་དུ་བྲིས་འདུག་གམ།
ལན། སྦ་བཞེད་དུ་མི་གསལ། སྦ་བཞེད་བོད་ཀྱི་ཡིག་ཐོག་གི་ལོ་རྒྱུས་དཔེ་དེབ་དང་པོ་ཡིན། འོན་ཀྱང་། དེའི་ནང་ན་སྲོང་བཙན་སྔོན་ལ་བོད་ཡིག་འདུག་ཞེས་མི་གསལ།
༥) སྲོང་བཙན་སྔོན་ལ་བོད་ཡིག་འདུག་ཟེར་བའི་ལོ་རྒྱུས་ཁུངས་སྔ་ཤོས་དེ་གང་ཡིན།
ལན། གསལ་བོ་བཤད་རྒྱུ་མེད། གོང་དུ་དྲངས་པའི་ཡིག་ཐོག་གི་ཁུངས་འགའ་ཡོད་པ་རེད། འོན་ཀྱང་། ཡིག་ཐོག་གི་ཁུངས་དེ་ཚོ་སྲོང་བཙན་རྗེས་ཀྱི་ལོ་ངོ་ཉུང་མཐར་ཡང་དྲུག་བརྒྱ་བདུན་བརྒྱའི་རྗེས་ཀྱི་སྐད་ཆ་རེད། དེ་ཚོ་ཁུངས་ཅི་ཙམ་འཕེར་བ་ཡོད་མེད་བཤད་ཚོད་དཀའ་བ་རེད། གང་ལྟར། ཚན་རིག་དང་མཐུན་པའི་ཁུངས་ཟེར་བ་འདི་ཧ་ཅང་དཀའ་མོ་རེད། ད་ལྟ་ཅིག་ཡོད་རེད་ཟེར་བ་དེ་ངག་ཐོག་དང་ཡིག་ཐོག་ཙམ་པོ་བ་ཞིག་རེད། ཡིན་ན་ཡང་། ས་བསྔོགས་རྡོ་བསྔོགས་བྱེད་རྒྱུ་ཡོད་དྲན་གི
དགོད་བྲོ་བའི་བོན་པོ་ཚོའི་རང་ལུགས་དང་དམ་བཅའ་ནི་འདི་རེད
དགོད་ཁ་ཤོར་གྱི་མི་འདུག་གམ།
༣༤༽ དགེ་འདུན་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༩ གི་ཆུ་ཚོད་ ༩ སྐར་མ་ ༡༤
དེ་རང་གི་ངའི་དམ་བཅའ་བཞི།
མི་ཡི་ཐོག་མ་ཡིན་ན་ཞང་ཞུང་གི་མི་ཡིན་པའི་ཁྱབ།
ཆོས་ལུགས་རྙིང་བ་ཡིན་ན་ཞང་ཞུང་བོན་ཡིན་པའི་ཁྱབ།
ཡི་གེ་རྙིང་བ་ཡིན་ན་ཞང་ཞུང་གི་སྨར་ཡིག་ཡིན་པའི་ཁྱབ།
བརྡ་རྙིང་ཡིན་ན་ཞང་ཞུང་གི་སྐད་ཡིན་པའི་ཁྱབ།
འདི་ལྟར་ཁས་བླངས་པ་སུས་རྒོལ་ནུས་སམ།
རྩོད་པ་བྱེད་མཁན་ཡོད་ཤོག་་་
བོན་པོ་ཚོས་རྟག་པར་གླན་བཤད་འདི་འདྲ་བརྒྱབ་བསྡད་ཡོད་རེད།
སྲོང་བཙན་ཡར་སྔོན་ལ་བོད་ཡིག་ཡོད་མ་རེད་ཅེས་ལབ་མེད།
དེ་འདྲའི་ཡི་གེ་ཞིག་ཡོད་ཀྱང་དེ་ད་ལྟའི་ཡི་གེ་འདི་མིན་ཅེས་ལབ་པ་ཡིན།
ཡིན་ན་ཡང་བོན་པོ་ཚོས་བོད་ཡིག་གི་འབྱུང་ཁུངས་ཞང་བའི་སྨར་ཡིག་ཡིན་པ་དང་སྔ་རབས་ཀྱི་བོད་ཀྱི་ཡིག་རྙིང་གང་རྙེད་ཞང་ཡིག་ཡིན་པར་སྨྲ་མོད།
དེ་ལ་ལུང་རིགས་ཀྱི་སྒྲུབ་བྱེད་རི་བོང་ར་ཡིན་ལབ་ཀྱི་ཡོད།
མིན་ན་སྒྲུབ་བྱེད་འཁྱེར་ནས་ཤོག
དེ་སང་ཞང་ཞུང་གི་སྨར་ཡིག་དུ་བཤད་པ་འདི་ཐོན་མིས་བོད་ཡིག་བརྩམས་ཟིན་པའི་རྗེས་ལ་བཟོ་བ་གསལ་བོ་རེད།
དང་པོར་སྨར་ཡིག་སྟོན་དང་།
དེ་ནས་སྨར་ཡིག་དེ་རྙིང་བ་ག་འདྲ་རེད།
སྨྲར་ཡིག་ལ་བལྟས་ཏེ་བོད་ཡིག་བཟོས་པ་རེད་དམ། བོད་ཡིག་ལ་བལྟས་ཏེ་སྨར་ཡིག་བཟོས་པ་རེད་ཞིབ་བསྡུར་བྱས་ཏེ་བལྟ་ཆོག་གི་རེད།
བན་དེས་སྤྱང་བཤད་བརྒྱབ་མང་དྲག་ནས་ཁུངས་མ་འཁྱོལ་བ་མང་དུ་མང་དུ་ཐོན་ཡོང་གི་འདུག། བོན་པོས་གླན་བཤད་བརྒྱབ་ཉུང་བ་ཡིན་ན་ལས་ཁུངས་ལྡན་གཙང་མ་རེད།
དམར་ཡིག་གི་དམར་མཆོད་དཔེ་ཆ་འདྲ་རྙེད་སྲིད་ཀྱང་། སྨར་ཡིག་གི་བྲག་རྐོས་མེད་པ་ཐག་ཆོད་པ་འདྲ། ཧ་ཧ། ཀུ་རེ་ཡིན་ནོ།
དམར་ཡིག་སྨར་ཡིག་ལ་བཅོས་ནས་ཀློགས།
འདི་ནས་བོན་གྱི་ཐེག་པ་རིམ་དགུའི་མིང་ལ་ལྟོས་དང་། བྱིས་པ་ལོ་བརྒྱད་ཅིག་གཏམ་འདྲ་བོ་རྐྱང་རྐྱང་། མིང་བཏགས་ན་ཡང་སྙན་པོ་ཞིག་བཏགས་ན་ཡག་པོ་ཡོད་རེད་དེ། ཧཧཧཧཧ
བོན་ཐེག་པ་རིམ་དགུ་གཏན་ལ་ཕབ་ལུགས།
དང་པོ་ཕྱྭ་གཤེན་ཐེག་པ།
རྣམ་མཁྱེན་སྟོན་པ་གཤེན་རབས་ཀྱིས་བོན་ཐེག་པ་རིམ་དགུ་གཏན་ལ་ཕབ་ལུགས་ནི། ཡབ་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་ལ་སྐུ་འཁྲུངས་ནས། མི་ལོ་བརྒྱ་གཤེན་ལོ་གཅིག་ལོན་པའི་ཚེ། བར་པོ་སོ་བརྒྱད་མཁར་ནང་དུ་གཤེགས་ནས། ཐེག་པ་ཐ་མ་ཕྱྭ་གཤེན་བོན་རྣམས་མཛད། ཕྱྭ་གཤེན་བོན་གྱི་གཞུང་ནི། གཏོ་ཐབས་སུམ་བརྒྱ་དྲུག་ཅུ་དང༌། དཔྱད་བརྒྱད་ཁྲི་བཞི་སྟོང་སྟེ། འབྱུང་བའི་སྙིང་ཕུར་འཁྲུག་པའི་གཏོ་དྲུག་ཅུ་ཐམ་པ། འཁྲུག་པ་གནས་སུ་མཉམ་པའི་གཏོ་དྲུག་ཅུ་ཐམ་པ། ཧོས་ཆ་རྟེན་འབྲེལ་བརྟག་པའི་གཏོ་དྲུག་ཅུ་ཐམ་པ། བབ་ཕུར་ཡུལ་གཉེར་ཟློག་པའི་གཏོ་དྲུག་ཅུ་ཐམ་པ། པྲ་མཚན་རིག་པས་བསྣུན་པའི་གཏོ་དྲུག་ཅུ་ཐམ་པ། མཉམ་གཉིས་གོ་བསོར་གྱི་གཏོ་དྲུག་ཅུ་ཐམ་པའོ། དཔྱད་བརྒྱད་ཁྲི་བཞི་སྟོང་ནི། ནད་རླུང་མཁྲིས་བད་ཀན་འདུ་བ་བཞི་ལ་དབྱེ་བ་སྟེ། དེ་རེ་རེའི་གཉེན་པོ་ལ་དཔྱད་ཉིས་ཁྲི་དང་གཅིག་སྟོང་སྟེ། བརྒྱད་ཁྲི་བཞི་སྟོང་གིས་གཏན་ལ་འབེབ་པའི་གཞུང་སྟེ། ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་གཏད་དོ།
གཉིས་པ་སྣང་གཤེན།
དེ་ནས་གཤེན་ལོ་གཉིས་ལོན་པའི་ཚེ། གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ། ཐེག་པ་གཉིས་པ་སྣང་གཤེན་མཛད་དེ། གྱེར་སྒོ་བཞི་དང༌། སྐད་གཅོང་དགུ་སྤྲོས་ཏེ། གྱེར་ནི་བོན་སྒོ་བཞི་ལ་བྱས་ཏེ། ཆབ་ནག་ཆུ་བོ་སེལ་སྒོ་རུ་གྱེར་བ། ཆབ་དཀར་སྲི་དང་འདྲེ་སྒོ་རུ་གྱེར་བ། འཕན་ཡུལ་མཉམ་རྗེས་གླུད་སྒོ་རུ་གྱེར་བ། དཔོན་གསས་ཕྱྭ་གཉེན་གཏོ་སྒོ་རུ་གྱེར་བ་དང་བཞིའོ། སྐད་གཅོང་དགུ་ནི། ཆབ་ནག་སེལ་གསས་སྟག་མོའི་ངར་སྐད་ཀྱི་གཅོང་ལ་དྲངས་བ་དང༌། སེལ་སྨྲང་སིལ་བུ་བྱ་ཁྱི་རྟའི་གཅོང་སྐད་ལ་དྲངས་བ་དང༌། ཆབ་དཀར་ཁྱུང་གི་གཅོང་སྐད་ལ་དྲངས་བ་དང༌། འདྲེ་དགུ་སྲིད་པ་ནེ་ཙོའི་གཅོང་སྐད་ལ་དྲངས་བ་དང༌། གླུད་གསས་སེང་གེའི་གདང་སྐད་ཀྱི་གཅོང་ལ་དྲངས་བ་དང༌། ལྷ་སྲིན་སྐོས་ལ་འདེབས་པ་བྱ་ཅོ་གའི་འགྱུར་སྐད་ཀྱི་གཅོང་ལ་དྲང་བ་དང༌། དཔོན་གསས་གཡུ་འབྲུག་སྐད་ཀྱི་གཅོང་ལ་དྲང་བ་དང༌། ཕྱྭ་གཉེན་གནས་སུ་སྟིམ་པ་ཁུ་བྱུག་གི་གཅོང་སྐད་ལ་དྲང་བ་དང༌། འགྱུར་ཁུག་དང་གཏང་རག་གི་གཞུང་འདྲེས་ཏེ། སྣང་གཤེན་གཙུག་ཕུད་ལ་གཏད་དོ།
གསུམ་པ་འཕྲུལ་གཤེན།
དེ་ནས་གཤེན་ལོ་གསུམ་ལོན་པའི་ཚེ། འཕྲུལ་གཤེན་གྱི་བོན་རྣམས་གཏན་ལ་ཕབ་སྟེ། ལྷ་དང་བྱད་ཀྱི་གཞུང་སྟེ། ལྷ་རྒོད་ཀྱི་སྨོད་བྱད། མ་མོའི་ཟོར་བྱད་ལ་སོགས་ཏེ། དབལ་བོན་སྟག་ལ་མེ་འབར་ལ་གཏད། གཤེན་རབ་ཉིད་ཡབ་དང་མཐུན་པར་གྲོང་ཁྱེར་ལང་ལིང་དུ་ཞང་མྱེས་ལ་ཞེ་ས་འབུལ་བ་དང༌། རྒྱ་མཚོ་ལ་ཁྲུས་ལ་གཤེགས། ཞང་མྱེས་དང་གྲོང་ཁྱེར་གྱི་མི་རྣམས་ནི། སྐྱེ་བ་སྔ་མའི་ལས་འཕྲོ་དང༌། སྟོན་པའི་ཞལ་མཐོང་ཐུགས་རྗེ་ཡིས། གཅིག་ཀྱང་མ་ལུས་སངས་རྒྱས་སོ།
བཞི་པ་སྲིད་གཤེན།
དེ་ནས་གཤེན་ལོ་བཞི་ལོན་པའི་ཚེ། གྲོང་ཁྱེར་ལང་ལིང་དབུས་དཀྱིལ་ན། ཐེག་པ་བཞི་པ་སྲིད་གཤེན་བོན་རྣམས་གཏན་ལ་ཕབ། ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང༌། འདུར་ཐབས་བརྒྱད་ཅུ་རྩ་གཅིག་གི་གཞུང་སྟེ། རྒས་པ་དབྱེན་སྡེ་བརྒྱ་ཉི་ཤུ་དང་བསེན་ཏེ་ཤི་བ་དང༌། གཞོན་པ་མ་བྱུང་བའི་གདོན་དྲུག་ཅུས་བདག་བྱས་ཏེ་ཤི་བ་དང༌། ཆུང་སྲི་གཅན་དྲུག་ཅུས་བཞེན་བཏབ་སྟེ་ཤི་བ་དང༌། ཉམས་ང་བའི་གྲི་རྒོད་དྲུག གྲི་གཡེན་བརྒྱ་ཉི་ཤུས་དབྱེན་གཡོས་ཏེ་ཤི་བའོ། དེ་ལ་འདུར་ཐབས་བརྒྱད་ཅུ་རྩ་གཅིག་ནི། དོན་རྟགས་རྩིས་ཀྱི་བོན་རྒྱུད་བཅུ། གཏད་ཉན་རྟོས་ཆིང་གི་བོན་རྒྱུད་བཅུ། སྲིད་པ་ཤི་རབས་ཀྱི་བོན་རྒྱུད་བརྒྱད། གདོས་པ་ཐག་ཆོད་ཀྱི་བོན་སྡེ་བཅུ་གཉིས། འཁོར་བ་གག་སེལ་གྱི་བོན་རྒྱུད་བཅུ། དཔེ་དོན་ཤི་རབས་ཀྱི་བོན་སྡེ་བདུན། བླ་ཡིད་སེམས་སྡུད་ཀྱི་བོན་སྒོ་གསུམ། ཡུལ་ཤེས་འདོད་སྤྱོད་ཀྱི་བོན་སྒོ་བརྒྱད། གསོན་གཤིན་ཡུལ་བགོས་ཀྱི་བོན་སྒོ་བཅུ་གཉིས། ལག་ཕྱྭ་གཡང་དབྱེན་ཁམས་དང་བརྒྱད་ཅུ་རྩ་གཅིག་གོ འདུར་གཤེན་རྨ་བོ་དང༌། འབྱུང་བའི་གཤེན་བཞི་ལ་དབང་པོ་ཐ་མའི་བློ་ཡོད་པས། འོད་ཟེར་སྤྲོ་བའི་བོན་བསྟན་ནས། གྲོང་ཁྱེར་ལང་ལིང་དབུས་དཀྱིལ་ན། གསས་མཁར་ཁོ་མ་རུ་རིང་བཞེངས་ནས། དེའི་བདག་ཏུ་བསྐོས་སོ།
ལྔ་པ་དགེ་བསྙེན།
དེ་ནས་གཤེན་ལོ་ལྔ་ལོན་དུས། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ཤར་གཡུང་དྲུང་བཀོད་པའི་གླིང་གི། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་གཡོན་ཕྱོགས། འདུལ་ཁྲིམས་ཀྱི་གླིང་དུ་གཤེགས། རང་འབྱུང་མཆོད་རྟེན་འབུམ་ཕྲག་དྲུང་དུ་བཞུགས། ཐེག་པ་དགེ་བསྙེན་བོན་རྣམས་མཛད། རྒྱུ་འབྲས་དཀའ་སླ་དང༌། མདོ་སྡེའི་གཞུང་ངོ༌། རྒྱུ་དད་པ་སྔོན་དུ་བཏང་བས་འབྲས་བུ་བརྩོན་འགྲུས་འབྱུང་བ་དང༌། རྒྱུ་བརྩོན་འགྲུས་སྔོན་དུ་བཏང་བས། འབྲས་བུ་ཤེས་རབ་རྣམ་གསུམ་འབྱུང་བ་དང༌། རྒྱུ་ཤེས་རབ་སྔོན་དུ་བཏང་བས། འབྲས་བུ་དགེ་བ་བཅུ་ལ་བསྙེན་པའོ། རྐ་སླ་ནི། དང་པོ་ཡིག་རྩིས་རྒྱུད་ལ་འཇུག་པ་དཀའ་ཡང༌། འདུན་པའི་གྲོགས་ཀྱིས་བཀྲིད་པར་སླ་བ་དང༌། སེམས་བསྐྱེད་མ་བཞི་སྐྱེ་རྐ་ཡང༌། རང་ལ་དཔེས་པའི་སྙིང་རྗེ་སྐྱེ་སླ་བ་དང༌། སྦྱིན་པ་ཕྱོགས་མེད་དུ་གཏང་རྐ་ཡང༌། རྐྱེན་དྲག་པོས་སེར་སྣ་བཀྲོལ་སླ་བའོ། མདོ་སྡེ་ནི། སྣོད་བཅུད་འབྱུང་ཟློག་གི་མདོ་སྡེ་དང༌། དྲག་རྩུབ་ཞི་བྱེད་ཀྱི་མདོ་སྡེ་དང༌། སྲུང་ཁྲིམས་ངོས་སྟོན་གྱི་མདོ་སྡེ་དང༌། སེམས་སྒྲུབ་སེལ་བུའི་མདོ་སྡེ་དང༌། བསྐལ་སྲིད་འབྲོས་དེད་ཀྱི་མདོ་སྡེ་རྣམས་གཏན་ལ་ཕབས་ནས། ཚངས་པ་གཙུག་ཕུད་ལ་སོགས་པ་རྣམས་དེར་བསྐོས་སོ།
དྲུག་པ་དྲང་སྲོང་།
དེ་ནས་གཤེན་ལོ་དྲུག་ལོན་པའི་ཚེ། འོད་ཀྱི་ལྷ་རི་སྤོ་མཐོན་ན། ཨར་མོ་ལི་ཀའི་རྡོ་ལེབ་བཏིང༌། གསལ་བ་འོད་ཀྱི་ཧོས་གུར་ནང་དུ་བྱོན། དག་པའི་སློབ་བུ་འབུམ་ཕྲག་ལ། ཐེག་པ་དྲུག་པ་དྲང་སྲོང་གི་ཐེག་པ་དྲང་སྲོང་ཞིང་གཏན་ལ་ཕབས་ནས་བཤད་དེ། འདུལ་བ་རྒྱུད་དྲུག་ལ་སོགས་དང༌། འབུམ་སྡེ་བཞིའི་གཞུང་སྤྲོས་ཏེ། ཀྱ་ཏོལ་ལྷ་འབུམ་པང་ཀོང་དས་ཆད་ཀྱི་འབུམ་དང༌། བྱེ་མ་ཉི་ཁྲི་ཆུ་རྒྱུན་གྱི་འབུམ་དང༌། ཁམས་བརྒྱད་གཏན་ལ་ཕབས་པ་འཁོར་འདས་མཉམ་པ་ཉིད་ཀྱི་འབུམ་དང༌། མུ་ཏྲ་མཐོང་བཞི་བྱེད་ལས་ཀྱི་འབུམ་དང་བཞི་གཏན་ལ་ཕབས་ནས། དག་པའི་སློབ་བུ་རྣམས་དེར་བསྐོས་སོ།
བདུན་པ་ཨ་དཀར།
དེ་ནས་གཤེན་ལོ་བདུན་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི་ལྷོ་ཕྱོགས་ཚད་མེད་གླིང་ན། བདུད་འདུལ་སྡགས་གླིང་ན། དུར་ཁྲོད་གཞལ་ཡས་ཆེན་པོར་བྱོན། གསང་འདུས་སྟག་ལ་ལ་སོགས་ཏེ། གསང་སྔགས་འཛིན་པའི་འཁོར་རྣམས་ལ། ཐེག་པ་བདུན་པ་ཨ་དཀར་གཏན་ལ་ཕབ་ནས་བཤད་དེ། གསང་སྔགས་ཀྱི་ལྷ་རྒྱུད་ལུས་ལ་བཀྲམ་སྟེ། རང་རྒྱུད་ལྷ་རུ་བསྒྲུབས། སྲིད་པ་གསུམ་དུ་བསྒྲགས་པ་སྐོར་གསུམ་སྤེལ། སྟོང་ཁམས་གསུམ་ལ་སྔགས་ཀྱི་དབལ་མེ་སྤར་ཏེ། གསང་སྔགས་འཛིན་པའི་གཤེན་པོ་རྣམས་དེར་བསྐོས་སོ།
བརྒྱད་པ་ཡེ་གཤེན།
དེ་ནས་གཤེན་ལོ་བརྒྱད་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ལྷོ་ཕྱོགས་ཚད་མེད་བྱམས་པའི་གླིང་ན། བེ་དུར་ས་གཞི་མཛེས་པའི་རིན་ཆེན་གུར་ཁང་ནང་དུ་བྱོན། ཡེ་གཤེན་གཙུག་ཕུད་ལ་སོགས་ཏེ། དཔག་པའི་སློབ་མ་མང་པོ་ལ། ཐེག་པ་བརྒྱད་པ་ཡེ་གཤེན་གཏན་ལ་ཕབས་ནས་བཤད་དེ། ཏིང་ངེ་འཛིན་ཡན་ལག་སྒོ་རུ་ཞུགས། རང་སེམས་འགྱུར་མེད་གཏན་ལ་ཕབས་པའོ། དཔག་པའི་སློབ་བུ་འབུམ་ཕྲག་གིས། རང་རྒྱུད་ཚད་མེད་བཞིས་སྦྱངས་ཏེ། དེར་བསྐོས་པའོ།
དགུ་པ་བླ་མེད།
དེ་ནས་མི་ལོ་དགུ་བརྒྱ་གཤེན་ལོ་དགུ་ལོན་པའི་ཚེ། ནང་གི་གླིང་ཆེན་བཅུ་གཉིས་ཀྱི། ནུབ་ཕྱོགས་མི་གཡོ་བསམ་བརྟན་གླིང༌། རིན་ཆེན་ནགས་ཚལ་བཀྲ་བའི་བྱང་ཆུབ་ཤིང་གི་སྐྱིལ་པོར་བྱོན། གཞན་གྱི་གྲོགས་མེད་གཅིག་པུར་བསྒོམས། གཡུང་དྲུང་ཀུན་འབྱུང་ལུང་གིས་སེམས་རྒྱལ་པོ་བཙོན་དུ་བཟུང་ལ་སེམས་ཀྱི་གཞི་བཙལ། གཡུང་དྲུང་ཀུན་སྣང་ལུང་གིས་རང་སེམས་སངས་རྒྱས་སུ་ངོ་སྤྲད་སེམས་ཀྱི་རྩལ་སྦྱངས། དངོས་མེད་སྤྲོས་བྲལ་སེམས་ཀྱི་ལུང་གིས་སེམས་ཀྱི་བཞག་ས་བཙལ་ཏེ་ལ་བཟླས་པའོ། ཁྱད་པར་ཐེག་པ་ཆེན་པོའི་དོན་རྟོགས་ཏེ། སྐྱེ་ཤི་མེད་པའི་སངས་རྒྱས་རང་ལ་བྱུང༌། བདེ་ཆེན་དོན་ལ་མ་བཙལ་ལྷུན་གྱིས་གྲུབ། འབད་རྩོལ་བསྒྲུབ་རྒྱུ་གང་ཡང་མེད། འགྲོ་བའི་དོན་དུ་ངེས་མེད་སྤྲུལ། བདག་དོན་ལྷུན་གྲུབ་གཞན་དོན་མཐའ་རུ་ཕྱིན་པའོ། དེ་ནས་སྟོན་པ་རང་འབྱུང་མཆོད་རྟེན་དྲུང་དུ་བྱོན། ཉི་ཟླའི་གདན་བཏིངས། སྙན་པའི་སྒྲ་བཏང་སྟེ། མེ་ཏོག་གི་ཆར་ཕབ། ཐེག་དགུའི་གཤེན་དང་གཞན་ཡང་གཤེན་ཕྲན་མང་པོ་ལ། ཐེག་པ་གང་མོས་ལ་སྤྱོད་ཐབས་ཀྱིས། བོན་གྱི་འཁོར་ལོ་བསྐོར། ཁྱད་པར་གྱི་ཐེག་པ་ལ་ལྟ་དགོངས་ཀྱི་ཕུག་གཏད་ནས་ཐེག་པ་ཕྱི་མ་རིས་སུ་མི་འབོར་ཏེ། ཁྱད་པར་ལྟ་སྒོམ་གྱི་ངང་ལ། ཐེག་པ་ཕྱི་མ་ཐབས་ཀྱི་ཆ་རུ་སྤྱོད། ཁྱད་པར་གྱི་ཐེག་པ་ལ་ཀུན་རྫོགས་པ་བཅས་སོ།།
དྲན་བསྐུལ་དུ།
དྲ་གྲོགས་བོན་པོ་ཚོས་་་་་་་ཨོ་ཉི་ཟེར་བ་དང་པདྨ་ཟེར་བ་བོད་ལ་ཞེན་ཟེར་བ་དགྲ་འདུལ་ཟེར་བ་དེ་རིགས་ལ་ལན་མ་གནང་རོགས་་་་་དེ་ཚོ་རྙིང་དྲི་ཐུལ་ལེར་གཡུག་ཞོག དབྱར་ཚ་དུས་སུ་ཟས་རྙིང་ཟས་ན་འཕྲོད་བསྟེན་ལ་གནོད་ཡོང། གཡུག་རྐྱང་གནང་རོགས།
བོད་ཀྱི་གཏམ་དཔེར།
བཟང་པོ་ལ་དམའ་ཕབ་ན།
ངན་པ་ལ་ཁ་རྩེད་གྱིས།
ཟེར་བ་རེད།
ཆབ་སྲིད་པ་དག་རང་བཙན་དབུ་མ་རྩོད། །
ལོ་རྒྱུས་མཁན་དག་ཡི་གེའི་བྱུང་ཁུངས་རྩོད། །
ས་དཔྱོད་པ་རྣམས་ཆོལ་ཁའི་ས་ཁོངས་རྩོད། །
འདི་ཡང་འཇིག་རྟེན་ཁམས་ཀྱི་རྩོད་པ་ཞིག །
བརྡ་སྤྲོད་པ་རྣམས་པ་བའི་སྒྲ་གདངས་རྩོད། །
སྙན་ངག་པ་རྣམས་དེང་དང་སྲོལ་རྒྱུན་རྩོད། །
ཆོས་སྤྱོད་པ་རྣམས་ཞྭ་གོས་ཁ་མདངས་རྩོད། །
འདི་ཡང་འཇིག་རྟེན་ཁམས་ཀྱི་རྩོད་པ་ཞིག །
མདོ་སྡེ་བ་རྣམས་འདུལ་བའི་སྡོམ་རྒྱུན་རྩོད། །
གསང་སྔགས་པ་ཡིས་རྟེན་དང་རྟེན་མེད་རྩོད། །
རྫོགས་ཆེན་པ་རྣམས་རྒྱུད་སྡེའི་ཐོག་མ་རྩོད། །
འདི་ཡང་འཇིག་རྟེན་ཁམས་ཀྱི་རྩོད་པ་ཞིག །
རྩོད་པའི་འཁོར་ལོའི་གཟེབ་ཏུ་མི་ཚུད་ཅིང་། །
རྩོད་པའི་འུར་སྒྲས་རྣ་བར་མི་གཟན་པའི། །
རྩོད་བྲལ་མྱང་འདས་ཆེན་པོའི་རྒྱལ་ཁྲི་ཞིག །
རྩོད་པའི་མཐའ་མར་ཐོབ་ན་དགའ་བ་ལ། །
རྒྱལ་བ་རིན་པོ་ཆེས་འདི་འདྲ་ཞིག་གསུངས་པ་དེའི་ཁུངས་གང་ཞིག་ལ་བརྟེན་ཡོད་དམ། གཅིག་བྱས་ན་བོན་པོ་ཞིག་གིས་རྫུན་ཞུས་པ་དེ་རྒྱལ་བ་རིན་པོ་ཆེས་བདེན་པར་བཟུང་སོང་བ་འདྲ་ཨེ་ཡིན། ཡང་མིན་ན་རྒྱ་མིའི་ཚགས་པར་འདྲ་ལ་ཐུགས་ཡིད་ཆེས་སོང་བ་ཨེ་ཡིན།
གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་མདུན་ན།།
ལྷ་སྐད་མི་ལ་བསྒྱུར་བའི་དྲུང་ཡིག་གཅིག།
སྤྱན་རས་གཟིགས་དངོས་བླ་མའི་མཐའ་སྐོར་ན།།
མ་གསུང་གསུང་བསྒྱུར་བྱེད་བའི་སོ་སྐྱེས་མང་།།
ཐར་བ་འདོད་ལ་བོན་གྱི་ཐེག་པ་དང་།།
འཇིག་རྟེན་བསླབ་བྱ་སྒྲུང་གི་རིག་གནས་དང་།།
རྒྱལ་ཁབ་སྲུང་ལ་རྡེའུའི་དམག་འཐབ་སོགས།།
བོན་བོ་རྣམས་ཀྱིས་བཀྲལ་ན་སྐབས་སུ་བབས།།
སད་མ་ཀར་ནི་སྲོང་བཙན་གྱི་སྤུན་མཆེད་བུ་མོ།
བོན་ནང་ཐར་པ་བཤད་པ་ཆ་མ་འཚལ། །
འཇིག་རྟེན་བསླབ་བྱ་སྒྲུང་རིགས་མཐའ་དང་བྲལ། །
རྒྱལ་སྲུང་དམག་འཐབ་ལྡེའུའི་དཔེར་མཐོང་བ། །
བཙན་མོ་སད་མ་ཀར་གྱི་གཡུ་བསྐུར་བས། །
སྲོང་བཙན་ཞང་ཞུང་དབང་འོག་བསྡུས་ཚུལ་ལྟོས། །
བན་དེ་དང་བོན་པོ་གཉིས་ཀྱི་ནང་ནས་ལོ་རྒྱུས་ཞིབ་འཇུག་པ་ཚད་ལྡན་ཞིག་ཐོན་མི་ཐུབ་པ་རེད། དེ་ནི་ཞེན་ཁོག་གི་ར་བར་ཚུད་སོང་བས་ཡིན། ཁོང་ཚོས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་དད་པ་དང་དག་སྣང་། ཡང་ན་ཕྱོགས་ཞེན་གང་རུང་གི་ཕྱོགས་སུ་ཡོ་འགྲོ་བཞིན་འདུག མ་ཟད་མང་པོ་ཞིག་གིས་ཐོག་མར་ཞིབ་འཇུག་འགོ་འཛུགས་དུས་ནས་རང་ཕྱོགས་ཡིག་ཆའི་ཤོད་སྲོལ་རྣམས་ལ་རྒྱབ་སྐྱོར་གྱི་ཁུངས་མང་ཚད་ཚད་ཅིག་རག་རོགས་བྱས་ན་སྙམ་པའི་དམ་བཅའི་ར་བ་ཞིག་ཏུ་འཛུལ་ནས་གླེང་གིན་འདུག་པ་དག་ལ་གཡག་ཞར་གྱི་རྩྭ་བཟའ་སྟངས་ཀྱི་ཞིབ་འཇུག་ཅེས་བྱ། ཞིབ་འཇུག་པ་དེ་དག་གིས་ཕྱོགས་གཅིག་མ་གཏོགས་གཏན་ནས་མཐོང་མི་ནུས་སོ།། དོན་ངོ་མ་ཞིབ་འཇུག་པ་ཞིག་ལ་མཚོན་ན་བཤད་སྲོལ་དང་ཡིག་ཆ་ཐ་དག་ཤེས་པར་བྱས་ནས་དེ་དག་ལ་ཁུངས་ལུང་རྒྱུ་མཚན་རྣམས་རྩད་བཅད། དེ་ནས་ཁུངས་ལུང་རྣམས་གཤིབས་སྡུར་གྱིས་གང་གི་ཕྱོགས་ལ་རྒྱུ་མཚན་ཆེ་བ་ཡོད་པ་དེའི་ཕྱོགས་བཟུང་བ་ཡིན། དེ་ཡང་ཚར་གཅིག་གཏན་འབེབས་བྱས་ཚར་ན་འགྱུར་བ་གཏོང་མི་རུང་བའི་ལུང་ཚད་མར་གྲགས་པ་ལྟ་བུའང་མིན་ཏེ། རྒྱུ་མཚན་དམིགས་བསལ་བ་རེ་རྙེད་ན་སླར་སྔར་གྱི་གྲུབ་དོན་ལ་འགྱུར་བ་གཏོང་ཆོག་པ་ཡིན། ད་དུང་རང་ཉིད་ཧ་ཅང་དག་སྣང་ཅན་ཡིན་མདོག་གིས་ཚུར་མཐོང་མ་དག་པའི་འཁྲུལ་ཤེས། རྒྱང་འཕེན་པའི་ལུགས་སོགས་ལོ་རྒྱུས་ཞིབ་འཇུག་རིག་པར་སྐྱོན་འདོགས་ཁུལ་བྱེད་པ་དག་སྙིང་རྗེ་བའི་གནས་ལས་ཅི་ཡོད། དག་སྣང་བྱེད་ས་ནི་ལྟ་གྲུབ་ཀྱི་ཐོག་ནས་ཡུལ་དེའི་གནས་ཚུལ་དང་འདུག་ལུགས་ལ་ལྟ་སྟངས་ཤིག་ཡིན་པ་ལས། ཐུན་མོང་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་སྒྲིག་གཏུབ་པ་ཞིག་ག་ལ་ཡིན། གཏན་ནས་མིན་ནོ།།