ཁྲོ་གཏུམ།
— གྲོགས་ཟླ་གྲགས་ཀྱིས་monsterཟེར་བའི་བཏུང་ཆུ་བཙན་པོ་དེ་མིད་སྒོར་འཁྱར་དུས་ཤིག་ལ།
ཡུན་རིང་པོར་གཤེར་ཁུ་དེར་འགྲོགས་དུས
ཁྱོད་ལ་ཨ་ལན་མི་དགོས་པའི་སྐད་ཆའི་ཚོམས་ཐོན་སྲིད
བཏུང་ཆུ་བཙན་པོ་དེ་འཛུལ་སྟངས་ཤིག་ལས
ཁྱོད་རང་གི་སེམས་པའི་རྒྱབ་ལྗོངས་གཏམ་རྒྱུད་ཀྱིས་བཀང་སྟེ་འཕྱུར
འཕྱུར་སྟངས་ཐམས་ཅད་ལོ་རྒྱུས་ལས་བྱུང་བའི་ཁམས་སུ
ཁྱོད་ཀྱི་སྙན་པའི་ངག་ཐམས་ཅད་དབྱངས་སུ་ཞུགས་ལ
དབྱངས་དེ་སུ་ལ་ལེན་ནམ
ང་ལ་དབྱངས་དེའི་འགྱུར་ཁུག་སྙན་མི་སྲིད
དོག་པའི་ཁམས་ཐམས་ཅད་གཏོར་ནས་མདུན་དུ་བསྐྱོད
ལམ་བུའི་སྐྱོགས་མཚམས་སུ་གཤེར་ཁུ་སྟོབས་པོ་ཆེ་དེའི་རམ་འདེགས་འགྲེང་ཡོད
༢༠༡༥།༠༥།༢༨ལ།
བོད་ཀྱི་ཡི་གེའི་སྦྱོར་བ་དང་མི་མཐུན་པའི་སྐྱག་རྩོམ་འདི་ལྟ་བུ་དྲྭ་ཐོག་ན་སྤེལ་བ་ཧྲ་མོད། ཤོག་ཐོག་ཏུ་སྤར་རྒྱུ་ཞིག་ཡོད་དུས་ལྷོ་ཕྱོགས་གདན་སའི་ཁྱི་འཁྱམ་ཚོའི་རྔ་མར་འདོགས་རྒྱུ་ཞེས་དྲྭ་གྲོགས་མང་པོས་གླེང་གིན་གདའ།
ཞབས་དག་རྒྱོབས། མིན་ནམ།
ཁུ་བྱུགས་ལགས། ལྷོ་ཕྱོགས་སུ་ཤོག་ཐོག་ཏུ་དཔར་བའི་བདག་གི་སྙན་དེབ་གློ་བ་དཀར་པོ་བཙོང་བཞིན་ཡོད། ཁྱོད་རང་ཁོམ་ན་དེ་བཞིན་བྱེད་ལས་སྤེལ་ཆོག་ནི་རེད། ཧཧཧ