—-པད་མ་རྣམ་རྒྱལ་རྒྱ་མཚོ།
སྔོན་ཆད་ང་ལ་ཞབས་བྲོའི་ཁང་ལ་འགྲོ་འདོད་ལྟ་འདོད་དེ་ཙམ་མེད།།
ཁ་རྩང་ཁ་ཉིན་གྲོགས་རྙིང་འགའ་དང་མཉམ་དུ་མ་འགྲོ་ཀ་མེད་བྱུང་།།
ཕྱི་གླིང་ཡུལ་གྱི་ཞབས་བྲོ་ཁང་དེ་སྐྱིད་པོ་ཡོད་ཅེས་ཐོས་པ་ལས།།
མིག་གིས་མཐོང་བ་ཁ་སང་མ་གཏོགས་དངོས་སུ་མྱོང་བ་ང་ལ་མེད།།
གྲོགས་པ་ཚོ་དང་རྐུབ་ཀྱག་མཐོ་བོ་བང་རིམ་ཡོད་པ་དེར་བསྡད་ནས།།
ཞབས་ཞུ་བུ་མོ་མགོ་སེར་དེ་ལ་ཨ་དམ་རེ་རེ་མངགས་པའི་རྗེས།།
གཡས་གཡོན་མི་ཚོགས་མང་པོ་དག་ལ་མིག་བཤེར་ཐེངས་གཅིག་དལ་གྱི་བྱས།།
མགོ་སེར་མིག་ལྗང་ཕྱི་གླིང་ཡུལ་གྱི་ཕོ་གཞོན་མོ་གཞོན་མང་པོའི་ཁྲོད།།
སྐྲ་ནག་རྣ་ཆུང་ཕོ་རོག་དཀར་པོ་ང་ཚོ་མ་གཏོགས་གཅིག་ཀྱང་དབེན།།
ཕོ་གསར་མོ་གསར་ཆ་རེ་ཆ་རེ་ག་ས་ག་ལ་བསྡད་འདུག་ལ།།
འགའ་རེ་གཅིག་འཐམ་གཅིག་འཁྱུད་བྱེད་དེ་སྙིང་གཏམ་དམར་པོ་བཤད་ཀྱིན་གདའ།།
གཞན་འགའ་ལག་གཉིས་འཁྱུད་དེ་དལ་གྱི་ཞབས་བྲོ་རྒྱག་གིན་འདུག །
སོ་སོ་སོ་སོའི་ལས་ཀ་མེད་མཁན་ཧ་ལམ་དེ་ལ་མེད་པ་འདྲ།།
ང་ཚོ་འདུག་སའི་རྒྱབ་ངོགས་དེ་ལ་སྨན་ཆུང་གཉིས་ཤིག་ཡོད་པ་མཐོང་།།
ལྐོག་མིག་རིང་པོ་རྒྱང་ནས་འཕངས་བ་ཕལ་ཆེར་མོ་ཡིས་མ་ཤེས་མོད།།
བཞིན་དང་གཟུགས་ཡོངས་ཞིབ་ཞིང་བལྟས་པས་ལོ་ཚད་ཉི་ཤུའི་འོག་ལ་འདྲ།།
སྐྲ་མདོག་རྒྱ་སྨུག་སེར་མིན་སྐྱ་མིན་མཐོང་སྣང་མཛེས་བོ་ཞི་དྲག་འདུག །
ནག་ནོག་དྲི་མའི་སྐྱོན་གྱི་མ་གོས་བཞིན་མདོག་གནམ་གྱི་ཟླ་བཞིན་མཛེས།།
སྨིག་མའི་འོག་གི་སྤྱན་མིག་གཉིས་ནི་མེ་ཏོག་བཞད་ཁའི་འཛུམ་དང་འདྲ།།
ཁ་མཆུའི་བར་གྱི་སོ་ཕྲེང་དཀར་པོ་རབ་དཀར་དུང་གི་མཆོད་རྟེན་འདྲ།།
ཟླུམ་རྒྱས་བྲང་གི་ནུ་མ་གཉིས་ནི་སྟོད་ཐུང་འོག་ནས་འབུར་འབུར་མངོན།།
རྐེད་མེད་མ་དེའི་རྐེད་པ་དེ་ནི་མཉེན་པའི་ཉྭ་ཡི་ལྡེམ་མྱུར་འདྲ།།
རྐུབ་ཆ་གཉིས་ཀ་རྐེད་དང་འཚམ་པའི་བོངས་ཚད་རན་ཞིང་མཐོང་སྣང་བདེ།།
རྐུབ་ཕོངས་འོག་ལ་དཀར་ཆ་དོད་པའི་བརླ་གཉིས་བ་སོའི་ཀ་བ་འདྲ།།
མཛེས་མཛེས་མཛེས་པའི་མཛེས་མ་དེ་ལ་མིག་བལྟ་རྒྱང་ནས་བྱས་པ་ལས།།
འགྲམ་ལ་འགྲོ་ནས་སྐད་ཆ་བཤད་པར་སེམས་ལ་གདེང་སྤོབས་མི་འདང་བས།།
སེམས་པ་སོང་བའི་སྨན་ཆུང་དེ་ལ་མཉེས་པའི་མིག་ཟུང་འཕངས་ཙམ་བྱས།།
ངོ་འདྲིས་མེད་པའི་མཛེས་མ་དེ་ཡིས་ཚུར་བལྟ་བྱེད་ཅིང་འཛུམ་ཙམ་བསྟན།།
ཕར་ཕར་ཚུར་ཚུར་མིག་བརྡ་བྱེད་ཅིང་མོ་ཡང་ང་ལ་མོས་པ་འདྲ།།
མཐོང་ན་ཡིད་ལ་དགའ་བ་འཇོ་བའི་མཛེས་མ་དེ་ཡི་གམ་ལ་སོང་།།
དགོད་ཙམ་འཛུམ་ཙམ་བྱས་པ་ཙམ་ལས་ངག་ནས་སྐད་ཆ་མ་དོན་ཞིང་།།
སྔོན་ཆད་འབྲེལ་མེད་ཁྱོད་དང་ང་ཡི་ཐོག་མའི་འཛོམས་ཁ་དེ་ནས་བསུས།།
ལག་ལ་ཨ་དམ་རེ་རེ་འཇུས་ཏེ་ཅོག་རྩེ་གཅིག་ལ་མཉམ་དུ་བསྡད།།
དཀར་དམར་འོད་ཀྱི་གློག་འོད་ཁྲོད་ལ་ཁྲ་ཆུང་མི་གཉིས་ཕར་ཚུར་བལྟས།།
དགོད་ཙམ་འཛུམ་ཙམ་བྱས་པ་མ་གཏོགས་ད་དུང་སྐད་ཆ་མ་བཤད་བསྡད།།
ཨ་རོ་ང་ཡིས་ཁ་སྙན་ལག་མཉེན་ངོ་དགའ་སྤྲད་ལད་མ་ཤེས་ཤིང་།།
གཏམ་གྱི་མགོ་མ་གང་ནས་འཛུགས་མིན་སེམས་ལ་སོམ་ཉི་ཁོ་ནའི་གཏམས།།
སྔོན་ཆད་ང་ལ་ངོ་ཚོ་མེད་ཅེས་གྲོགས་གཅེས་དག་གིས་བཤད་མྱོང་སྟེ།།
སྣང་བ་སོང་བའི་མཛེས་མའི་གམ་ལ་སྐད་ཆའི་མགོ་འཇུག་བརྗེད་དེ་ཐལ།།
རྒྱུན་ལྡན་མིན་པའི་སྨན་ཆུང་འདི་དང་གླེང་མོལ་ཁྱུག་ཙམ་བྱས་པའི་རྗེས།།
སེམས་ལ་གདེང་སྤོབས་ཆེ་རུ་ཕྱིན་ཏེ་སྐད་ཆའི་ནང་དོན་གཟབ་ཏུ་བཏང་།།
ཨ་དམ་རེ་རེ་ཡང་སྐྱར་མངགས་ཏེ་བཟི་བཟི་བར་དུ་འཐུང་རྒྱུ་བྱས།།
འཇོ་སྒེག་ཉམས་འགྱུར་ལྡན་པའི་མོ་དེའི་མིག་ཟུང་རང་ཕྱོགས་བཀུག་ཐེངས་རེར།།
བཤད་པའི་ཚིག་གིས་མགྲིན་པ་མནངས་ཏེ་སྨྲ་མེད་མོ་ལ་ཅེར་དགོས་བྱུང་།།
ཨ་དམ་ཡ་བཟུང་སྟོང་བ་བཟོས་ཤིང་མགོ་བོ་ཡོམ་ཡོམ་བྱེད་ཀྱིན་འདུག །
བཟི་ནས་ཕྱི་ལུས་བརྟན་པོ་མེད་ཀྱང་སེམས་ཀྱི་སྣང་བ་སྔར་ལས་དྭངས།།
ག་ལེར་མོ་ཡི་ལག་གཉིས་འཇུས་ཏེ་ཞབས་བྲོ་འཁྲབ་ཏུ་འགྲོ་ཞེས་བཤད།།
ངེད་གཉིས་གཉིས་ཀ་ཕྲན་བུ་བཟི་བས་ཕན་ཚུན་འཐམས་ཤིང་ཁྱར་ཁྱོར་ཆས།།
གཡས་གཡོན་ཚང་མ་དགའ་རོགས་མཉམ་དུ་ལུས་གཉིས་སྦྱར་ཏེ་འཁྲབ་ཀྱི་གདའ།།
ངེད་གཉིས་ད་ལྟ་ངོ་ཤེས་ཙམ་ལས་དགའ་རོགས་ཡིན་པ་མ་ངེས་ཀྱང་།།
ནང་གི་སེམས་པ་གཅིག་གིས་གཅིག་ལ་ཧ་ལམ་ལྕགས་ཀྱུ་ཐེབས་ཚར་བས།།
ཨ་རོ་ང་ཡིས་ཨ་རྟགས་བསྟན་ནས་ཁོ་མོའི་རྐེད་པར་ལག་པ་བཞག།།
འུར་ཤུགས་ཆེ་བའི་གཞས་དང་བསྟུན་ནས་རྐང་རྐེད་གཉིས་པོ་དལ་གྱི་འགུལ།།
རྐུབ་དང་རྐེད་པ་ཕར་གཡུགས་ཚུར་གཡུགས་ལག་གཉིས་འཐམས་འཁྱུད་དམ་པོ་བྱས།།
དཀར་དམར་གློག་གི་འོད་མདངས་འོག་ལ་ཁ་ངོ་དེ་ཙམ་མི་གསལ་ཡང་།།
མིག་གཉིས་ཕར་ཚུར་བཀུག་རེས་བྱས་ཏེ་དལ་ལྷོད་ངང་ལ་འོ་ཞིག་སྐྱེལ།།
བྲང་གི་ནུ་འབུར་ཚུར་ལ་སྦྱར་དུས་ལུས་ཀྱི་རྩ་ལ་གསོན་ཤུགས་སྦྱིན།།
ཁ་སྐྱེལ་འཐམ་འཁྱུད་ཡང་ཡང་བྱས་དུས་འདོད་པའི་ཁྲག་ཁུ་གཏིང་ལ་ཁོལ།།
ཟང་ཟིང་མི་ཚོགས་དེ་འདྲའི་ཁྲོད་ལ་ངེད་གཉིས་འཐམ་སྟེ་ཡུན་རིང་ལྷག །
གློ་བུར་གཞས་ཀྱི་དབྱངས་ཁ་གྱུར་པས་རྐང་འཁྲབ་ལག་འཁྲབ་བྱེད་འགོ་ཚུགས།།
ཕྱི་གླིང་ཡུལ་གྱི་ཞབས་བྲོ་རྒྱག་པར་ཨ་རོ་ང་ལ་ཉམས་མྱོང་མེད།།
སྨན་ཆུང་མ་དེའི་ཞབས་བྲོའི་སྟབས་ནི་ངོ་མཚར་ཡིད་ཀྱི་འཇོ་དགར་གྱུར།།
གསལ་ལ་མི་གསལ་གློག་འོད་འོག་ལ་ལུས་གཉིས་སྦྱར་ནས་གཞས་ལ་རོལ།།
རང་ཚུགས་མེད་པའི་ཁོ་བོའི་ལག་པ་བྲང་དང་རྐུབ་སོགས་གང་སར་བསླེབས་།།
འཕུར་འཕུར་བྱུག་བྱུག་བྱས་རང་མང་བས་ཆགས་པའི་བ་སྤུ་གནམ་ལ་ཀེར།།
འདོད་རྒན་ང་ཡི་མཇེ་མགོའི་རྩེ་ནས་འདོད་ཆུའི་ཐིགས་པས་དོར་མ་རླན།།
རྒྱུན་ཆད་མེད་པའི་མཚན་ཚོགས་དེ་ཡི་གཞས་ཀྱི་གདངས་ནི་ཇེ་རིང་རེད།།
ང་དང་མཛེས་མའི་ཞབས་བྲོའི་སྟངས་སྟབས་དེ་དེ་བཞིན་དུ་མེ་ལྟར་འབར།།
ཁ་སྐྱེལ་འཕུར་འཕུར་མང་མང་དྲག་པས་འདོད་པའི་འཁུན་སྒྲ་གཏིང་ནས་ལངས།།
ལྷག་རླུང་ཁྲོད་ཀྱི་མར་མེ་བཞིན་དུ་ཆགས་ལྡན་མཛེས་མའི་མིག་ཟུང་ཟུམས།།
འདོད་པའི་ཁྲག་ཁུ་ནང་ལ་ཁོལ་ནས་ཐོད་པའི་མཚམས་ནས་རྔུལ་ཆུ་ལྷུང་།།
ཆགས་པའི་སེམས་ཀྱིས་ལུས་དྲོད་རྒྱས་ཏེ་མགོ་སྐྲའི་གསེང་ནས་རླངས་པ་འཕྱུར།།
འདོད་ཆགས་མེ་ལྟར་འབར་བའི་ངེད་གཉིས་ད་དུང་ཞབས་བྲོ་རྒྱག་ཐབས་བྲལ།།
ཁུག་ཀྱོག་མི་མེད་ས་སྟོང་ཞིག་ལ་མྱུར་དུ་འགྲོ་རྒྱུ་ནང་མོལ་བྱས།།
ཕོ་མོའི་གསང་སྤྱོད་ཁ་ཁ་ཡིན་པས་མཉམ་དུ་ནང་ལ་འཛུལ་ཐབས་མེད།།
ཕྱི་ལ་ཡར་འགྲོ་མར་འགྲོ་མང་བས་རྒྱ་ལམ་ཟུར་ལ་བདེ་བོ་མེད།།
སྐས་འཛེག་མང་བའི་ཁང་པའི་ཀླད་ལ་འགྲོ་ས་ཡོད་པ་ཤེས་པའི་རྗེས།།
མ་ཐོགས་མྱུར་དུ་བྲེལ་འཚུབ་ངང་ལ་རྟ་བོ་བཞིན་དུ་ཐོག་ལ་རྒྱུག །
མུན་ནག་ཁྲོད་ཀྱི་ཁང་པའི་ཀླད་ལ་ངེད་གཉིས་མ་གཏོགས་སུ་ཞིག་མེད།།
ལྷག་རླུང་གྲང་མོ་ལུས་ལ་ཕོག་དུས་སེམས་ལ་སྔར་མེད་ཚོར་བ་སྦྱིན།།
དྭངས་གཙང་མུ་མེད་ཨ་སྔོན་གནམ་ལ་དུང་གི་ཟླ་བའི་དགའ་འཛུམ་མངོན།།
གྲངས་མེད་སྐར་ཚོགས་ས་ལ་འཕོ་འདྲའི་རྒྱ་གྲོང་འདི་ཡི་གློག་འོད་གསལ།།
ང་དང་གསར་འདྲིས་སྙིང་སྡུག་ངེད་གཉིས་འཇིག་རྟེན་མི་ཡུལ་ཞིང་ལ་ལྷུང་།།
ཁ་སྐྱེལ་འཐམ་འཁྱུད་སྔར་ལྟར་བྱས་ཏེ་ལུས་ཀྱི་ལྭ་བ་དལ་གྱིས་བསྐྱུར།།
རླུང་བསེར་འཇམ་པོ་ལུས་ལ་རེག་དུས་ངེད་གཉིས་ཆགས་ཤུགས་དེ་བས་རྒྱས།།
ལྡག་ལྡག་འཇིབ་འཇིབ་མང་མང་བྱས་རྗེས་ག་ལེར་ཁོ་མོ་ས་ལ་བསྙལ།།
རླིག་པ་བྲང་གི་གཞུང་ལ་བསྡར་ཞིང་ལག་པས་བྱ་ལེ་དཀྲུག་དཀྲུག་བཏང་།།
སྟུ་ཁ་མེ་ཏོག་པད་མའི་དབུས་ནས་འདོད་ཆུ་དྭངས་མ་དལ་གྱིས་བཞུད།།
སྟུ་ཁར་མཇེ་མགོ་རེག་པ་ཙམ་གྱི་ཁོ་མོའི་ཁ་ནས་འདོད་སྐད་སྦྱིན།།
ག་ལེར་ག་ལེར་བྱེད་ཨ་ལབ་ཀྱིན་ཁོ་བོའི་འཇིང་པར་ལག་གཉིས་འཁྱུད།།
རྒྱབ་མདུན་གོང་འོག་བྱེད་ལུགས་འདྲ་མིན་ཚང་མ་ལེགས་གྲུབ་བྱུང་བའི་མཐར།།
ཁོ་བོའི་ལུས་ཀྱི་ཉིང་ཁུ་དཀར་པོ་མཛེས་མའི་གདོང་དང་བྲང་ལ་གཏོར།།
ངེད་གཉིས་བདེ་བའི་ཞིང་ལ་རོལ་ནས་ཕལ་ཆེར་ཆུ་ཚོད་ཕྱེད་ཀ་འདས།།
ཁོ་མོས་དགའ་བའི་འཛུམ་མདངས་བསྟན་ནས་ང་ལ་ཡང་སྐྱར་འཐམས་ཀྱིན་དུ།།
ང་དང་འགྲོགས་པའི་དེ་རིང་ཉིན་མོ་ནམ་ཡང་བརྗེད་ཐབས་མེད་ལུགས་དང་།།
ཤར་ཕྱོགས་པ་ལ་འདོད་པའི་སྒྱུ་རྩལ་འདི་འདྲ་ཡོད་པ་ཡ་མཚན་ཞིང་།།
ལས་དབང་མ་ཡིན་སྟེས་དབང་ཡོད་པས་ངེད་གཉིས་འདི་ལ་ཐུག་པ་འདི།།
ཁོ་མོའི་སེམས་ལ་དགའ་མགུ་ཡིད་ཀྱི་སྤྲོ་བ་རྣལ་མ་རབ་འཕེལ་ནས།།
ཕྱིན་ཆད་ངེད་གཉིས་ཁོམ་ལོང་ཡོད་དུས་ཡང་ཡང་ཐུག་ཡོང་ཟེར་བཞིན་དུ།།
ཁོ་བོའི་ཁ་པར་ཨང་གྲངས་བཤུས་ནས་དངུལ་ཁུག་ཆུང་ཆུང་ནང་ལ་བརྫངས།།
ལུས་ཀྱི་ལྭ་བ་མྱུར་དུ་གོན་ཏེ་ཞབས་བྲོ་ཁང་ལ་ཕྱིར་ལོག་བྱས།།
ཡང་སྐྱར་འཐམས་ཤིང་ཁ་ཞིག་སྐྱེལ་ནས་ཁོ་མོ་ནང་ལ་འགྲོ་དགོས་ཟེར།།
སང་ཉིན་གནངས་ཉིན་དུས་ཚོད་ཡོད་དུས་ཁ་པར་གཏང་ཡོང་བཤད་ཀྱིན་དུ།།
གྱེས་བྲལ་སེམས་ཀྱི་ན་ཟུག་ལྕི་མོས་བཞིན་གྱི་ངོ་འཛུམ་ཡོངས་སུ་བསུབ།།
སྦ་སྦའི་ལབ་ཅིང་ལག་གཡུག་བྱས་ནས་ཕན་ཚུན་བསྐྱལ་མ་བྱས་པ་ཡིན།།
གྲོགས་རྙིང་མཉམ་དུ་མཚན་ཚོགས་འདི་ལ་སྐྱིད་པོ་གཏོང་དུ་ཡོང་ན་ཡང་།།
ཨ་རོ་ང་ནི་མཛེས་མ་ཐུག་རྗེས་གྲོགས་པོ་སྣང་བའི་ཡུལ་ལས་འདས།།
ཨ་ཁ་གྲོགས་ཚོ་དགོངས་པ་མ་གསུང་ད་རིང་ཡག་པོ་བྱུང་མ་སོང་།།
རྗེས་མའི་རེས་གཟའ་སྤེན་པའི་ཉིན་ལ་གཏན་གཏན་ང་ཚོ་སླར་འཛོམ་ནས།།
མཚན་ཚོགས་ཤིག་ལ་ང་ཚོ་ནང་ཁུལ་སྐྱིད་པོ་རྒྱགས་ཚད་གཏང་གོ་ཨ།།
གསར་འབྱོར་བའི་Dance ཁྲབས་ཤེས་མ་རེད།
གསར་འབྱོར་བའི་Dance ཁྲབས་ཤེས་མ་རེད།
འདི།
གསར་འབྱོར་པས་དེང་བྲོ་འཁྲབ་ཤེས་བགྱིད་མ་རེད། ཅེས་བྲིས་ན་སྐྱོད་ག་ཚོད་ཙམ་ཡོད་དམ། ལགས།
སྙན་པོ་ཐམས་བཅས་སྙན་ངག་མིན་།
བཅོས་སྒྲུང་ཐམས་བཅས་དངོས་སྒྲུང་མིན་།
ཁྲིགས་གཏམ་ཐམས་བཅས་བསྒྲགས་གཏམ་མིན་།
བདེ་སྟོང་ཉམས་ལེན་སེམས་ཀྱིས་བཅུད་།
ཁྲིགས་གཏམ་ངོ་ཚ་གསང་བྱའི་གནས་།
དབང་པོ་གསུམ་པས་མཐོང་མི་ཉན་།