འབའ་པ་ཡེ་ཤེས་ཀྱིས་བསྒྱུར། ༼དྷ་ས།༽
གཤམ་གསལ་འདི་ནི་སྦི་སྦི་སིའི་དྲ་རྒྱའི་ཁོངས་ནས་ཨེ་ཤེཡའི་དཔྱད་གླེང་ཚན་པ་ནང་འདོན་སྤེལ་བྱེད་པའི་ཞི་ཅིན་ཕིང་གང་དུ་ཡོད་མེད་སྐོར་གྱི་དཔྱད་གཏམ་ཞིག་རེད། ཁ་སང་ཞི་ཅིན་ཕིང་རྒྱ་ནག་གི་དམག་སྤྱི་ཟུར་པ་འདས་གྲོངས་ཕྱིན་པའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་མཛད་སྒོར་ཞུགས་ཡོད་སྐོར་གནས་ཚུལ་ཐོན་ཡོད་ཀྱང་ད་དུང་མང་ཚོགས་ཀྱི་མདུན་དུ་སྔ་ལྟར་མཐོང་རྒྱུ་མེད་པ་དང༌། ཁོང་མི་རིང་བར་རྒྱ་ནག་གི་སྲིད་འཛིན་གསར་པ་ཆགས་རྒྱུ་ཡིན་པར་བརྟེན། ད་ཆ་ཞི་ཅིན་ཕིང་འཚོལ་་མཁན་ནི་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། སྒྱུར་བ་པོས།
དེང་སང་མི་སུ་ཞིག་ནས་ཞི་ཅིན་ཕིང་གི་མཛད་འཆར་ཁག་རྣམས་གློ་བུར་ཕྱིན་འཐེན་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་གཏན་ནས་ཤེས་ཀྱི་མེད། རྒྱ་ནག་ནི་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཨང་གཉིས་པ་ཡིན་ཞིང༌། མུ་མཐུད་ནས་སྟོབས་ཆེན་རྒྱལ་ཁབ་ཕུལ་བྱུང་ཞིག་ཡོང་བར་མདུན་བསྐྱོད་བྱེད་བཞིན་པའི་སྒང་རེད། མི་ལོ་བཅུ་རེའི་མཚམས་སུ་གུང་ཁྲན་ཏང་གི་འགོ་ཁྲིད་འཕོ་འགྱུར་ཐེངས་རེ་བྱེད་དགོས་ཀྱི་ཡོད་ནའང༌། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཆགས་རྒྱུའི་རེ་བ་ཡོད་པའི་མི་དེ་ད་ཆ་འཛམ་གླིང་གི་མི་རྣམས་ཀྱི་མིག་འོག་ནས་མེད་པར་གྱུར་པ་མ་ཟད། རྒྱུ་མཚན་ཅིའི་ཕྱིར་ཁོང་མཐོང་ཡུལ་ནས་མེད་པར་གྱུར་པ་དེ་ང་ཚོས་ནམ་ཡང་ཤེས་ཐུབ་ཀྱི་མེད་པ་རེད།
ཞི་ཅིན་ཕིང་ནད་པ་ཆགས་པ་རེད་དམ། སྙིང་ནད་ཀྱིས་ཟིན་པ་རེད། ཡང་ན། རྐང་རྩེད་སྤོ་ལོའམ་ཆུ་སྐྱེལ་གྱི་སྤྲོ་སེང་གང་རུང་ཞིག་ནས་ཁོང་གི་ལྟག་རྒྱབ་ལ་རྨས་ཕོག་པ་རེད་དམ། ཡང་ན། ཁོང་ཟླ་བ་རྗེས་མའི་ནང་ཏང་གི་ཚོགས་ཆེན་ཐོག་སྲིད་འཛིན་ཧའུ་ཅིན་ཐའུ་ཡི་ལག་ནས་སྲིད་དབང་རྩིས་ལེན་བྱེད་རྒྱུའི་གྲ་སྒྲིག་གི་ལས་རིམ་ཁག་ནང་བྲེལ་བ་ཆེན་པོ་ཞིག་ཡོད་པ་རེད་དམ། ཡང་མིན་ན་དབང་ཆ་འཐབ་རྩོད་ཀྱི་ངན་གཡོའི་འོག་ནས་ཁོང་ལ་མཚན་ལྟས་ངན་པ་ཞིག་བྱུང་བ་གང་རེད།
འདྲི་བ་འདི་ཚོ་ནི་ཟིར་སྒྲ་ཆེ་བའི་རྒྱ་ནག་གི་གསར་འགོད་པ་ཚོའི་བསམ་ཚུལ་དང་འགྲེལ་བཤད་སྣ་ཚོགས་ཡོང་སའི་གཞི་ཁུངས་ཤིག་ཡིན། ཁོང་སྣུམ་འཁོར་བརྡབ་སྐྱོན་འོག་ནས་སྨས་ཕོག་པ་རེད་ཟེར་གྱི་ཡོད། འདི་ནི་ཕལ་ཆེར་ཁོང་ལ་ལྐོག་ཇུས་ཀྱི་ངན་གཤོམ་འོག་སྦྱོར་ངན་བརྩམས་པ་རེད་ཟེར་ཡང་དེ་ནི་ཁུངས་ལུང་མེད་པའི་རྟོག་བཟོའི་སྐད་ཆ་ཞིག་ཏུ་མངོན། འོན་ཀྱང༌། རྒྱ་གཞུང་གི་དེའི་སྐོར་གནས་ཚུལ་ཅི་ཡང་བཤད་ཀྱི་མེད་པ་དང༌། གནས་ཚུལ་དེ་གཅིག་པུའི་ཐོག་ལ་འགྲེལ་བཤད་རྒྱག་མཁན་སྣ་ཚོགས་ཤིག་ཡོང་གི་ཡོད་པར་བརྟེན། དངོས་ཡོད་ཀྱི་གནས་ཚུལ་ཤེས་མཁན་ནི་སུ་ཡང་མེད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་གལ་ཆེའི་གནད་ཡོད་འགོ་ཁྲིད་ཅིག་མང་ཚོགས་མདུན་ནས་མཐོང་ཡུལ་དུ་མེད་པ་ཆགས་དུས་ནང་ཁུལ་ལ་ཆབ་སྲིད་ཀྱི་འགལ་ཟླ་ཞིག་ཡོད་པའི་རྟགས་མཚན་མངོན་ཡང༌། ད་ལྟའི་ཆ་ལ་དེའི་སྐོར་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད། འོན་ཀྱང་དེའི་སྐོར་གནས་ཚུལ་འགྲེལ་བཤད་ཅི་ཡང་མེད་སྟབས། གཏམ་འཆལ་འདྲ་མིན་སྣ་ཚོགས་ཤིག་སྤྱི་ཚོགས་ནང་མངོན་རྗན་དུ་ཐོན་ཡོང་གི་ཡོད།
རྒྱུན་ལྡན་རྒྱ་ནག་གི་འགོ་ཁྲིད་ཚོ་ནི་ཡང་ཡང་མང་ཚོགས་ཁྲོད་དུ་མཐོང་རྒྱུ་དཀོན་ཞིང༌། ཁོང་ཚོའི་ཉིན་རེའི་བྱེད་སྒོ་ཁག་ཀྱང་མང་ཚོགས་སུ་ཕྱིར་བསྒྲགས་བྱེད་པ་ཧ་ཅང་ཉུང་ཉུང་ཡིན། ཡོངས་གྲགས་ཅན་གྱི་ཏང་གི་རྗེས་འཇུག་ལོ་ན་ ༥༩ ལ་སོན་པ་རྒྱ་ནག་གི་སྲིད་འཛིན་གཞོན་པ་སྐུ་ཞབས་ཞི་ཅིན་ཕིང་ཕྱི་རྒྱལ་ཁབ་ཀྱི་དཔོན་རིགས་ཚོ་དང་འཚམས་གཟིགས་མཇལ་མོལ་དང་སྣེ་ལེན་བྱེད་རྒྱུ་རྣམས་ཕྱིར་འཐེན་བྱས་པ་དེ་ནི་རྒྱུན་ལྡན་མིན་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། མང་ཚོགས་ཀྱིས་ཁོང་མཐའ་མ་མཐོང་བའི་དུས་ཚོད་དེ་ནི་ཕྱི་ཟླ་ ༩ ཚེས་ ༡ རེད། བདུན་ཕྲག་སྔ་མའི་རེས་གཟའ་ལྷག་པ་ཉིན་ཁོང་གིས་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལ་རི་ཀེམ་ཌོན་དང་མཇལ་མོལ་བྱེད་རྒྱུ་ཕྱྀར་འཐེན་བྱེད་སྐབས་ཨ་རིའི་གཞུང་འབྲེལ་མི་སྣས་དེའི་རྒྱུ་མཚན་གཙོ་བོ་ནི། ཞི་ཅིན་ཕིང་གི་ལུས་པོའི་ལྟག་རྒྱབ་ལ་རྨས་ཕོག་ཡོད་པས་རྐྱེན་གྱིས་མཇལ་མོལ་བྱུང་མེད་སྐོར་བརྗོད་འདུག
དེ་རྗེས་ཌེན་མག་གཞུག་གིས་རེས་གཟའ་ཕུར་བུ་ཉིན་བརྗོད་གསལ། རེས་གཟའ་ཟླ་བ་ཉིན་གཏན་འཁེལ་ཟིན་པའི་ཌེན་མག་སྲིད་བློན་ Helle Thorning-Schmidt མཆོག་དང་ཞི་ཅིན་ཕིང་འཚམས་གཟིགས་ཐུག་འཕྲད་བྱེད་རྒྱུ་ཡིན་ཡང་ཁོང་གིས་ཕྱིར་འཐེན་བྱས་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད། ཁོང་ཚོས་ཀྱང་ཞི་ཅིན་ཕིང་ཐུག་འཕྲད་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་མིན་ཤེས་ཐུབ་བྱུང་མེད། ཞི་ཅིན་ཕིང་སིང་ག་པུར་སྲིད་བློན་ Lee Hsien Loong དང་ཐུག་འཕྲད་བྱེད་རྒྱུ་་ཡང་མཛད་འཆར་ནས་ཕྱིར་འཐེན་བྱས་པ་རེད། རྒྱུན་ལྡན་རྒྱ་ནག་གི་འགོ་ཁྲིད་ཚོ་ནི་གདན་ཐོབ་རྗེས་འབྲེལ་ལ་རྩོད་དད་ཆེན་པོ་ཡོད་པར་བརྟེན། ད་ལན་ཞི་ཅིན་ཕིང་གིས་རྒྱལ་དོན་འཚམས་གཟིགས་དུ་ཡོང་མཁན་ཕྱི་རྒྱལ་གྱི་དཔོན་རིགས་ཚོར་ཐུག་འཕྲད་བྱེད་རྒྱུ་ཕྱིར་འཐེན་བྱས་པ་དེ་རྒྱུན་ལྡན་མིན་པའི་གནས་ཚུལ་ཆེན་པོ་ཞིག་ཏུ་གྱུར་ཡོད།
རུ་ཊར་གསར་ཁང་གིས་གནས་ཚུལ་བཀོད་པ་གཞིར་བཟུང་བྱས་ན། པེ་ཅིང་གི་འགོ་ཁྲིད་ཚོ་དང་བློ་ཐག་ཉེ་པོ་ཡོད་པའི་གནས་ཚུལ་རྗོད་མཁན་ཞིག་གིས་ཞི་ཅིན་ཕིང་རྒྱུན་ལྡན་སྤྲོ་སེང་བྱེད་སྒོ་ཆུ་སྐྱེལ་བརྒྱབ་པའི་རྐྱེན་གྱིས་ཁོང་གི་ལུས་པོའི་ལྟག་རྒྱབ་ལ་རྨས་ཕོག་པ་རེད་ཅེས་བརྗོད་འདུག འོན་ཀྱང་གནས་ཚུལ་རྗོད་མཁན་དེས་དུས་ཚོད་གང་དང་ས་ཆ་གང་ཞིག་ཏུ་དོན་རྐྱེན་དེ་བྱུང་བའི་གནས་ལུགས་ལ་གསལ་བཤད་གང་ཡང་བྱེད་ཐུབ་མེད་པ་རེད། གནས་ཚུལ་འབྱུང་ཁུངས་གཉིས་པ་ནི། ཞི་ཅིན་ཕིང་དང་ཉེ་བར་འདུག་མཁན་ཞིག་གིས་བརྗོད་དོན་ལྟར་ན། ཞི་ཅིན་ཕིང་ལུས་ཁམས་བདེ་མིན་གནས་ཚུལ་ཡོད་ཀྱང༌། དེ་ཙམ་དཀའ་ཁག་ཆེན་པོ་མེད་ཅེས་བརྗོད་འདུག
རྒྱ་ནག་གི་གནས་བབས་གསར་པ་ཞིག་གི་ངོས་ན་བཤད་ན། ཁ་གསལ་གཏིང་གསལ་མེད་པའི་གནས་ཚུལ་དེ་རྒྱ་ནག་གི་དཔལ་འབྱོར་དང༌། ཆབ་སྲིད་ལ་ལྡོག་ཏུ་མེད་པའི་དཀའ་ངལ་གསར་པ་ཞིག་འཕྲད་ཀྱི་ཡོད་པ་དང༌། སྐུ་ཞབས་ཞི་ཅིན་ཕིང་རྒྱ་ནག་གི་འགོ་ཁྲིད་ཆགས་ལ་ཉེ་བའི་སྐབས་དང༌། འབྱུང་འགྱུར་ལོ་བཅུའི་རིང་ཁོང་གི་ལུས་ཁམས་ཀྱི་བདེ་ཐང་ནི་རྒྱ་ནག་དམར་ཤོག་དང༌། རྒྱ་ནག་མི་སེར། དེ་བཞིན་འཛམ་གླིང་ཧྲིལ་པོ་བཅས་ལ་གནད་འགག་ཆེ་བའི་གནད་དོན་ཞིག་ཆགས་ཡོད། འདས་པའི་ལོ་བཅུའི་རིང་སྲིད་འཛིན་ཧའུ་ཅིན་ཐའུའི་འགོ་ཁྲིད་ཀྱི་འོག་ནས་རྒྱ་ནག་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ཡིན་ནའང༌། འགྱུར་ལྡོག་གང་ཡང་འགྲོ་རྒྱུ་མེད་པ་དེ་ནི་རྒྱ་ནག་གི་འགོ་ཁྲིད་ཚོའི་བར་ན་གནས་པའི་གསང་བ་ལྐོག་འགྱུར་དེ་དག་ཡིན་པ་རེད། འགོ་ཁྲིད་དེ་ཚོའི་ལུས་ཁམས་བདེ་ཐང་དང༌། ཉིན་རེའི་འཚོ་བ་སྐྱེལ་སྟངས། ནང་མིའི་གནས་བབས། དེ་དང་དེས་མཚོན་པའི་གནས་ཚུལ་གང་མང་ཞིག་ལ་ཡངཡང་སྦས་གསང་བྱེད་ཀྱི་ཡོད་ཀྱང༌། གནས་སྟངས་དེ་བཞིན་མུ་མཐུད་གསང་གནས་སུ་གནས་རྒྱུ་ནི་ཉིན་རེ་བཞིན་དཀའ་ཁག་ཅན་དུ་འགྱུར་གྱིན་ཡོད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཞི་ཅིན་ཕིང་གང་དུ་ཡོད་མེད་དང་མཛད་འཆར་རིམ་པ་ཁག་ལ་ཁོང་ངོ་གདོང་མ་བསྟན་པའི་རྒྱུ་མཚན་གང་ཡིན་མིན་སྐོར་གསལ་བཤད་གང་ཡང་བྱས་མེད། དེའི་སྐོར་གསལ་བཤད་ཡོང་རྒྱུར་ཡང་ཡང་ཚ་འདྲི་མདའ་འདེད་བྱས་སྐབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཧོམ་ལེ་ཟེར་བ་དེས་ངས་གནས་ཚུལ་ཡོངས་སུ་རྫོགས་པ་བཤད་ཟིན་པ་ཡིན། དེ་འབྲེལ་གྱི་གནས་ཚུལ་གསར་བསྣོན་བྱེད་རྒྱུ་གང་ཡང་མེད་ཅེས་བརྗོད་ཡོད། རྒྱ་ནག་གི་ཕྱོགས་ཡོངས་ཀྱི་གནས་ཚུལ་གསར་པ་ཞིག་ནི་གཅུས་སྒྲིམ་ཆེ་ཞིང༌། བརྟན་ལྷིང་མེད་པའི་འགོ་ཁྲིད་འཕོ་འགྱུར་བྱེད་རྒྱུ་དེ་ཡིན་ཞིང༌། གོ་གནས་མཐོ་ཤོས་སུ་སླེབས་པའི་སྐུ་ཞབས་པོའུ་ཞི་ལིའི་ཐོག་ཏུ་ལྷུང་བའི་རྙོག་གླེང་དེས་རྒྱ་ནག་གི་སྲིད་དབང་བརྒྱུད་སྤྲོད་དེ་ནམ་ཡང་དཀའ་རྙོག་ཅན་ཞིག་ཏུ་འགྱུར་ཟིན་པ་རེད། རྒྱ་ནག་ནང་ལ་ཆ་མཚོན་ན་ལོ་བཅུ་རེའི་མཚམས་སུ་ཏང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་བརྗེ་འགྱུར་དེ་ངེས་པར་དུ་ཞི་འཇམ་བརྟན་ལྷིང་ཐོག་ནས་འགྲོ་དགོས་པ་གལ་ཆེན་ཆགས་ཡོད་ཀྱང༌། ཞི་ཅིན་ཕིང་མང་ཚོགས་ཀྱི་མདུན་དེར་ཡང་བསྐྱར་ངོ་གདོང་མ་བསྟན་གྱི་བར་བརྟན་ལྷིང་མེད་པའི་གནས་ཚུལ་དེ་ཆུང་དུ་འགྲོ་རྒྱུ་ནམ་ཡང་མེད། ད་ཆ་མི་མང་དེང་རབས་ཀྱི་དྲ་ལམ་ལ་ཁ་ཕྱོགས་པའི་དུས་སྐབས་འདིར་འཛམ་གླིང་ཐོག་ཕྱི་འབྲེལ་སྲིད་ཇུས་ཀྱི་གནས་བབས་དང༌། འཛམ་གླིང་གི་དཔལ་འབྱོར་གྱི་འབྲེལ་ལམ་ནང་གལ་འགངས་ཆེན་པོ་ཆགས་ཟིན་པའི་རྒྱལ་ཁབ་དེའི་ནང་དུ་སྲོལ་རྙིང་དུ་ལྷག་པའི་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་གསང་བ་དང་འགོ་ཁྲིད་ཚོ་ནི་འཛམ་གླིང་ནང་ཉེན་སྲུང་དཀའ་བའི་གནས་ཚུལ་ཆེན་པོ་ཞིག་ཏུ་གྱུར་ཟིན་ཡོད།
གཤམ་གསལ་སྦི་སྦི་སིའི་དྲ་ཚིགས་ནས་ཕབ་སྒྱུར་ཞུས།
http://www.bbc.co.uk/news/world-asia-china-19553903
དྲྭ་གྲོགས་ཚོ། དུས་དང་མཚམས་པའི་གསར་འགྱུར་གནད་ལ་འཁེལ་བ་ཞིག་ཕབ་སྒྱུར་གནང་འདུག་ཐུགས་རྗེ་ཆེ། བོད་ཀྱི་སྨྱུག་ཐོག་པ་རྣམས་ཀྱིས་ནང་ཁུལ་དོན་མེད་སྐྱོན་བརྗོད་དང་དཀྲུག་ཤིང་བྱེད་པ་ལས་འདི་ལྟ་བུ་རྒྱ་ནག་ནང་གི་ཁྱེད་ཤི་ང་གསོན་གྱི་ཆབ་སྲིད་སོགས་ལ་དཔྱོད་ཞིབ་དང་བགྲོ་གང་མང་གནང་དགོས་པ་དེ་གཡོལ་དུ་མེད་པའི་ལས་འགན་ཞིག་ཏུ་མཐོང་ངོ་།
འབྱུང་འགྱུར་རྒྱ་ནག་གི་སྲིད་འཛིན་ལ་གཏན་འཁེལ་ཟིན་པ་སྐུ་ཞབས་ཞི་ཅིན་ཕིང་ཡོད་པ་ནས་མེད་པ་ཆགས་རྒྱུ་དང།་་་གུང་ཁྲན་ཏང་དམར་ཤོག་ཚོགས་པ་མགོ་རྟིང་བསློག་རྒྱུ་གཉིས་ནི་ཞིང་ལ་ཆུ་དང་ནད་ལ་སྨན་ལྟར་ང་ཚོ་བོད་པ་ཚང་ལ་དགོས་པའི་གནས་ཚུལ་མཁོ་ཆེན་ཞིག་རེད།་་་་་་་འདི་གཉིས་མགོ་རྟིང་ག་དུས་བསློགས་སོང་ན་བོད་པ་ཚང་ལ་བདེ་སྐྱིད་ཀྱི་ཉི་གཞོན་ཤར་རིའི་ཕྲག་པ་ནས་ཤར་རྒྱུའི་རྟགས་དང་མཚན་མ་ཡིན་པ་བཤད་ཅི་དགོས།་་་་་འདི་གཉིས་ང་ཚོས་བཏབ་དགོས་པའི་ས་བོན་ཡིན་ལ།་་་་བར་དུ་གཅེས་སྐྱོང་དགོས་པའི་འབྲས་ལྡན་ཤིང་ལྟར་ཡིན།་་་་་འདི་གཉིས་མགོ་རྟིང་མ་བསློགས་ཀྱི་བར་ང་ཚོས་སུ་འདྲ་ཞིག་ནས་ངར་སྒྲ་དང་ཧར་སྒྲ་ག་ཚོད་སྒྲོག་ཀྱང་དེའི་འབྲས་བུ་ནི་ངལ་བ་ཙམ་གྱི་རྒྱུ་ལས་ལས་མ་འདས།་་་་་་དེས་ན་མགོ་རྟིང་བསློག་རྒྱུའི་བྱ་བ་གཉིས་པོ་འདི་གཉིས་ལ་ཐབས་དང་ཇུས་ཇི་ལྟར་ཚང་དགོས་མིན་དྲ་གྲོགས་ཚོས་གནད་ལ་སྨིན་པའི་བསམ་འཆར་ལ་རག་ལས་ཡོད།་་་་འདི་ལ་ཞི་དྲག་གང་གི་ཆ་ནས་ཐབས་ཇུས་ཡོད་ན་འགྲིགས་པ་ཡིན།་་་གང་ལྟར་འདི་གཉིས་མགོ་རྟིང་བསློག་རྒྱུ་དེ་རེད།་་་དེ་མིན་རང་བཙན་དང་དབུ་མ་རང་ཐག་རང་གཅོད་དང་བདེན་པའི་ཨུ་ཚུགས་སོགས་ཅི་ཙམ་ཁ་ཕོ་སྒྲོག་ཀྱང་གོང་བཤད་ལྟར་ངལ་བའི་རྒྱུ་ཙམ་ལས་དོན་ཕན་གྱི་གྲུབ་འབྲས་རག་ནམ་ཡང་མེད་པར་མཁྱེན་དགོས།་་་་་་འདི་ལ་བོད་གཞུང་ཕྱིར་བསྡུ་བྱེད་མི་བྱེད་ཀྱི་སྐད་ཆ་ཡང་མེད།་་་་བོད་གཞུང་ཡོད་མེད་གང་གི་ཐོག་ནས་ཕ་རོལ་པོ་དེ་གཉིས་མགོ་རྟིང་བསློག་རྒྱུ་དེ་རང་ཡིན།་་་་་
ཞིས་ཅིན་ཕེན་མཐོང་རྒྱུ་མེད་པར་གནས་ཚུལ་ངན་པ་གང་བྱུང་ཡོད་མེད་ད་ལྟའི་ཆར་སུ་ལ་ཡང་ཁ་གསལ་བོ་བརྗོད་མེད་པ་ནི་རྒྱ་ནག་གི་ཆབ་སྲིད་ནག་པོ་ནག་རྐྱང་གི་ངོ་གདོང་ངོ་མ་དེ་འཛམ་གླིང་ལ་བསྟན་པ་ཡིན། ངས་ཉིན་ཤས་སྔོན་ནས་ཞིས་ཅིན་ཕེན་གྱི་གནས་ཚུལ་ཉན་པ་ཡིན། གནས་ཚུལ་གསར་པ་གང་ཡིན་མ་གོ་བས་པེ་ཅིན་ན་བཞུགས་པའི་སློབ་གྲོགས་ཞིག་ལ་ཁ་པར་བཏང་ནས་ཞིས་ཅིན་ཕེན་གྱི་སྐོར་དྲིས་པ་ཡིན། ཁོང་གིས་འགའ་རེས་ཟེར་ན་ཀྲིན་ཆིན་ཧོང་གིས་བསམ་ངན་བྱས་ནས་ཞིས་ལ་མེ་མདའ་རྒྱབ་པ་རེད་ཟེར། འགའ་རེས་ཟེར་ན་རླང་འཁོར་ལྡབ་སྐྱོན་ཤོར་བ་རེད་ཟེར། གང་ལྟར་ཉིན་འདི་གའི་རིང་ལ་ཞིས་ཅིན་ཕེན་པེ་ཅིན་༣༠༣་སྨན་ཁང་དུ་ཡོད་པ་རེད་ཟེར། འགའ་རེས་མེ་མདས་རྒྱབ་པ་རེད་ཟེར་བ་དེ་གནས་ལུགས་མེད་པ་ཞིག་རྩ་བ་ཉིད་ནས་མ་རེད།གང་ཡིན་ཟེར་ན་དེང་སང་པེ་ཅིན་ནང་ཧ་ཅང་གི་རྙོགས་འཛིང་ཆེན་པ་རེད་ལ་འཚོགས་འཆར་གྱི་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཐུབ་རྒྱུ་ལས་སླ་བོ་མ་རེད་ཟེར། རྒྱ་ནག་གི་དཔོན་པོ་ཚོའི་དཔོན་ས་ལ་རྩོད་རྙོགས་ཡོད་པ་ཤ་ལྟག་རེད། གོང་གི་ཀྲིན་ཆིན་ཧོང་ཟེར་བ་དེ་སུ་ཡིན་བརྗོད་མ་སོང་།
རེད་དེ། རྒྱ་ནག་མི་རིགས་ཆེ་པོ་རིངས་ལུགས་དེས་ཀྱང་མང་མོས་ཀྱིས་ཐོག་ནས་ང་ཚོ་བོད་ལ་ས་ཁྱོད་དང་རིག་གཞུང་སོགས་ཀྱི་ཐོབ་ཐོང་དེ་གནས་བབ་གང་འདྲ་ཞིག་ཡོང་ཐུག་གམ། ཡང་ན་མི་རིགས་ཆེན་པོ་ཞིག་ལ་མང་གཙོ་ཡོད་ན་གྲངས་ཉུང་མི་རིགས་དེ་དག་གི་གནས་བབ་ཀྱང་གང་འདྲ་ཞིག་ཏུ་འགྱུར་དགོས་པར་ངོས་འཛིན་བྱེད་དགོས་སམ།
ཤ་ལྟག་དེ་ཤ་སྟག་ལ་བཅོས། གོང་གི་ཀྲིན་ཆིན་ཧོང་ཟེར་བ་དེ་པོ་ཞེ་ལེ་དང་འབྲེལ་བ་ཡོད་པའི་དཔོན་རིགས་ཞིག་ཡིན་པ་འདྲ།
ལགས་སོ
གནས་ཚུལ་ཧ་ཅང་ཡག་པོ་རེད། རྒྱ་ནག་དམར་ཤོག་ཚོགས་པ་རྩ་མེད་དང་ཁ་འཐོར་འགྲོ་བའི་རྒྱུ་ཚོགས་གལ་ཆེན་ཞིག་རེད།
དེ་རིང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མི་འགའ་རེས་ཞིས་ཅིན་ཕེན་དང་ཧི་གོ་ཆང་གཉིས་གར་སོང་འདིར་སོང་མི་ཤེས་པ་དང་། ཝིང་ལེའུ་ཅོན་དང་པོ་ཞི་ལེ་བཀག་ཉར་བྱས་པ་འདི་དག་གིས་རྐྱེན་པས་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པར་བར་ཆད་ཆགས་སྲིད་པ་རེད། དེ་ཚོགས་མ་ཐུབ་པ་ཡིན་ན་རྒྱ་ནག་ནང་ལ་གོ་གནས་རྩོད་རྙོགས་ཆེན་པོ་འབྱུང་རྒྱུ་རེད་ཟེར། དེ་བཞིན་རྩོད་རྙོགས་འབྱུང་རྐྱེན་གཙོ་བོ་ནི་ན་ནིང་གི་སི་ཁྲོན་ཁྲོང་ཆིན་གྱི་ནག་ཚོགས་རྩ་མེད་བཟོས་པ་དེ་ལ་ཐུག་ཡོད། ནག་ཚོགས་<>དེའི་ཚོགས་མི་སུམ་སྟོང་ལྷག་བསད་ཡོད་པ་དང་། དེའི་ནང་དུ་ཁྲོང་ཆིན་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་གཞོན་པ་ཡང་བཟུང་ནས་བསད་པ་རེད།
རྒྱ་ནག་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་ཁྲོང་ཆིན་ནག་ཚོགས་འདི་མེད་པར་བཟོ་མཁན་ནི་པོ་ཞི་ལེ་དང་ཝིང་ལེའུ་ཅོན་ཡིན། ནག་ཚོགས་ཀྱི་རྒྱབ་ཕྱོགས་སུ་ཡོད་པའི་ཆེས་མཐོའི་རྒྱ་དཔོན་ཚོས་པོ་དང་ཝིང་གཉིས་ལ་དགྲ་ཤ་ལེན་ཆེད་དུ་ཁ་དམྱལ་བར་སྐོར་བ་རེད། གནད་དོན་འདི་དག་གི་ལ་ཇུས་འགོད་བྱེད་མཁན་གཙོ་བོ་ཀྲིན་ཅིན་ཧོང་དང་། ད་དུང་ཀྲིག་ཡོང་ཁང་ཡང་མེད་དམ་སྙམ། གནས་ཚུལ་འདི་རིགས་མངོན་འགྱུར་བྱུང་ན་རྒྱ་ནག་གིས་ད་རེས་འཛམ་གླིང་ལ་ཁྲབ་སྟོན་ཆེན་པོ་ཞིག་བྱེད་སྲིད་པ་རེད། དེས་བོད་དོན་ལ་འགྱུར་བ་འགྲོ་མིན་མི་ཤེས་ཡང་། རྒྱ་ནག་དམར་ཤོག་ལ་འགྱུར་བ་ཆེན་པོ་ཞིག་འབྱུང་རྒྱུར་རེ་བ་ཆེན་པོ་འདུག
ད་དཀའ་ངལ་རེད། ཁམས་ཕྱོགས་དཀར་མཛེས་ཁུལ་དུ་གཏོགས་པའི་རྫོང་ཁུལ་ཁག་གི དགོན་པ་རྣམས་སུ་རྒྱ་ནག་གིས་དམ་དྲག་ཡག་པོ་ཡོང་བའི་ཕྱིར་cctvགློག་བརྙན་བཟོ་བྱེད་གང་སར་བཙུགས་ཡོད་འདུག