ཨེ་མ་ཧོ།
ན་མོ་གུ་རུ་ཛྙྰ་ན་ཤྭ་ར་ཡེ།
༡༽ ཐུགས་རྒྱལ་ཀུན་སྙིང་རྗེ་ཡི་རང་གཟུགས།།
གསུང་འགྲོ་འདུལ་སྒྱུ་འཕྲུལ་གྱི་དབང་ཕྱུག །
སྐུ་མཚན་དཔེ་གཟི་དཔལ་གྱི་བདག་ཉིད།།
མགོན་རྒྱལ་བ་བསྟན་འཛིན་གྱི་རྒྱ་མཚོ།།
༢༽ གཞི་བདེན་གཉིས་རྟེན་འབྲེལ་གྱི་སྙིང་པོ།།
ལམ་ཀུན་བཟང་དམ་ཆོས་ཀྱི་སྨིན་གྲོལ།།
དོན་བཤད་སྒྲུབ་ཕྲིན་ལས་ཀྱི་ཕོ་ཉ།།
བསྟན་འགྲོ་བའི་མགོན་པོ་ཉིད་རྒྱལ་ལོ།།
༣༽ རྒྱ་དམར་པོས་བཙན་དབང་གིས་མ་ཐུབ།།
ལོ་འཛམ་གླིང་ཕན་བདེ་ཡི་ཐབས་སུ།།
ཕྱོགས་ཀུན་ཏུ་ཆོས་སྒོར་རུ་འདྲེན་པ།།
རྗེ་བླ་མའི་གསང་གསུམ་ལ་འདུད་དོ།།
༤༽ སྐུ་མི་འགྱུར་ཞབས་པད་ཉིད་བརྟན་ཅིང་།།
གསུང་འགག་མེད་ཆོས་འཁོར་ལ་རོལ་ནས།།
ཐུགས་མཚུངས་མེད་ཡིད་བཞིན་གྱི་ནོར་བུ།།
དུང་ནམ་ཡང་འབྲལ་མེད་དུ་སྨོན་ནོ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཤྲཱི་ཨེ་མ་ཧོས་གང་ཤར་སྨོན་པར་དགེའོ།།།
ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་།
དུས་ནམ་ཡང་འབྲལ་མེད་དུ་སྨོན་ནོ་།
བཟང་གི།
༸བསྟན་འཛིན་གྱི་རྒྱ་མཚོ་མཆོག །
བསྟན་ལ་སྟོན་པ་གཉིས་པ་འདྲ། །
འཛིན་མཁན་ཡོངས་ཀྱིས་གཙུག་ཏུ་བཀུར། །
རྒྱ་ཆེ་རྒྱལ་ཡོངས་ཞི་བདེར་བཀོད། །
མཚོ་འབྱུང་མགྲིན་འཁྱུད་ཁྱོད་ཕྱག་འཚལ། །
༸བསྟན་འཛིན་རྒྱ་མཚོ་མཆོག་རྒྱལ་ལོ། །
་
བསྟན་ལ་སྟོན་པ་གཉིས་པ་འདྲ། །
འཛིན་མཁན་ཡོངས་ཀྱིས་གཙུག་ཏུ་བཀུར། །
རྒྱ་ཆེ་རྒྱལ་ཡོངས་ཞི་བདེར་བཀོད། །
མཚོ་འབྱུང་མགྲིན་འཁྱུད་ཁྱོད་ཕྱག་འཚལ། །
་
གྱ་སྟོན་ལོ་ལ་འཚམས་འདྲི་ཞུ། །
རྒྱལ་བ་ཀུན་གྱི་མཚན་དཔེའི་སྐུ། །
རྒྱལ་བ་ཀུན་གྱི་སྙིང་བཅུད་གསུང་། །
རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །
རྒྱལ་མཆོག་༸ཁྱོད་ལ་གུས་ཕྱག་འཚལ། །
ན་མོ་གུ་རུ་ཇྙཱ་ནེ་ཤྭ་རཱ་ཡ།
ས་ག་ཟླ་བའི་དུས་ཆེན་ལ།
ཛམ་གླིང་སྐལ་ལྡན་ཡོངས་ཀྱི་མགོན།
ཀུན་ལ་འཕྲིན་ལས་རྒྱས་མཛད་པ།
བླ་མ་མཆོག་ལ་གུས་ཕྱག་འཚལ།།
འཛམ་གླིང་སྐལ་ལྡན་ཡོངས་ཀྱི་མགོན་།
ཀུན་གཟིགས་པན་ཆེན་གྲུབ་མཐའ་རིས་མེད་ཡིན།
མཁན་པོ་འཇིགས་ཕུན་སྣང་བའི་འཁོར་ལོ་རེད།
མཁན་ཆེན་རྣམ་གཉིས་རྒྱ་ཡི་རྣམ་འདྲེན་ཏེ།
རྒྱ་བླ་བོས་ཀྱང་བོད་ཀྱི་ང་རྒྱལ་རེད།