རིག་འཛིན།
ཞི་བདེའི་འགྲོ་བའིསྐྱབས་མགོན་གངས་ལྗོངས་ནས་བལྟམས་དུས།།
ཞི་བདེའི་བོད་འབངས་སེམས་པ་དགའ་བདེ་ཡི་ཁེངས་ཏེ།།
ཞི་བདེའི་བསིལ་ལྗོངས་ཕ་ཡུལ་སླར་གསོ་ཡི་སླད་དུ།།
ཞི་བདེའི་གངས་ཕྲུག་ཕུག་བསམ་སྐྱིད་ཆུ་ལས་རིང་བ།།
ཞི་བདེའི་རྟ་བདུན་བདག་པོ་ཤར་ཕྱོགས་ནས་འཕགས་དུས།།
ཞི་བདེའི་བྱམས་སྐྱོང་བྲལ་བའི་རིགས་དྲུག་གི་ཚོགས་ལ།།
ཞི་བདེའི་འོད་མདངས་ཕོག་དུས་བདེ་སྐྱིད་ལ་རོལ་ཏེ།།
ཞི་བདེའི་ལང་ཚོ་རྒྱས་སྐབས་བྱམས་སེམས་ཀྱི་ཕྱུག་སོང་།།
ཞི་བདེའི་ཟླ་བ་གཞོན་ནུ་ཤར་རི་ནས་འཛུམས་སྐབས།།
ཞི་བདེའི་སྟོང་པའི་གོ་ལའི་མུན་ནག་གི་མཚན་མོར།།
ཞི་བདེའི་འོད་ཟེར་ཕྱོགས་མེད་གླིང་བཞི་ལ་ཁྱབ་དུས།།
ཞི་བདེའི་བྱམས་སོགས་ནུས་པའི་འཛམ་གླིང་འདི་བསྐྱངས་སོང་།།
ཞི་བདེའི་ཁ་འབབ་རྣམས་བཞི་བསིལ་ལྗོངས་ནས་བཞུར་ཏེ།།
ཞི་བདེའི་སྐལ་བ་བྲལ་བའི་སྐྱེ་འགྲོ་ཡི་ཚོགས་ལ།།
ཞི་བདེའི་ལྷག་བསམ་དཀར་པོས་སྐོམ་གདུང་དེ་སེལ་དུས།།
ཞི་བདེའི་བདག་ཉིད་ཆེན་པོ་འཛམ་གླིང་གི་རྒྱལ་པོ།།
ཞི་བདེའི་ཕུག་རོན་དཀར་མོ་མཐོ་སྒང་ནས་འཕུར་ཏེ།།
ཞི་བདེའི་ཐུག་དགོངས་ཟབ་མོས་གླིང་བཞི་ཡི་ཁྱོན་འདིར།།
ཞི་བདེའི་མན་ངག་ཟབ་མོའི་ཆོས་ཆར་ཞིག་བསྩལ་སྐབས།།
ཞི་བདེའི་ལོ་ཏོག་ཡོངས་ལ་འབྲས་བཟང་གི་ཕྱུག་སོང་།།
ཞི་བདིའི་སེམས་པ་ཆེན་པོའི་གསུང་དབྱངས་ཀྱི་སྙན་མོས།།
ཞི་བདེའི་སྟོང་བའི་དམག་འཁྲུག་དེ་མུས་ལ་འཇོམས་ཏེ།།
ཞི་བདེའི་གླུ་དང་གར་གྱིས་གནམ་ས་འདི་ཁྱབ་དུས།།
ཞི་བདེའི་སྐྱབས་མགོན་ཆེན་པོ་འཛམ་གླིང་གི་རྒྱལ་པོ།།
ཞི་བདེའི་བྱང་ཆུབ་སེམས་པ་འགྲོ་དྲུག་གི་སྤྱི་ནོར།།
ཞི་བདེའི་སྙིང་རྗེའི་བདག་ཉིད་འཚེ་མེད་ཀྱི་སྒྲོན་མེ།།
ཞི་བདེའི་རྒྱས་སྲས་ཆེན་པོ་རྩོད་མེད་ཀྱི་དད་དཔོན།།
ཞི་བདེའི་ལྷ་སྲས་མཛད་འཕྲིན་གླིང་བཞི་ལ་ཁྱབ་སོང་།།