གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱའི་མགོན་པོ་སྤྱན་རས་གཟིགས།།
ཁ་བའི་ཡུལ་དུ་ཁྱེད་ཀྱིས་འགྲོ་དོན་བསྐྱངས།།
ག་བུར་ཙན་དན་དྲི་ཞིམ་མེ་ཏོག་སོགས།།
ང་རྒྱལ་སྤངས་པའི་མཆོད་རྫས་དམ་པ་འབུལ།།
ཅ་ཅོ་ཆོས་མེད་ཀླ་ཀློའི་དཔུང་ཚོགས་ཀྱིས།།
ཆ་རྐྱེན་མེད་པར་བོད་ཡུལ་མུན་ནག་བཟོས།།
ཇ་ཆང་སྐྱུར་མོའི་ཟློས་གར་འཛམ་གླིང་བསྟན།།
ཉ་རྒྱས་ཟླ་བ་ཁྱེད་ཀྱིས་བོད་འབངས་བསྐྱབས།།
ཏ་ལའི་བླ་མས་ནོ་ཝེལ་གཟེངས་རྟགས་བཞེས་།
ཐ་དབུས་མེད་པར་འཇིག་རྟེན་ཀུན་གྱི་མགོན།།
ད་ལམ་ཉེར་ལྔའི་གཟེངས་རྟགས་དུས་བཟང་ལ།།
ན་རྒྱུ་ཚ་རྒྱུ་སྤངས་ནས་འཚམས་འདྲི་ཞུ།།
པ་བཟང་ཅན་གྱི་བསྟན་སྲུང་དང་དམག་གིས།།
ཕ་ལམ་ལྟ་བུའི་གངས་ཅན་མགོན་པོ་མཆོག །
བ་དང་གླང་རྒོག་འདྲ་བའི་དགྲ་ཁ་ནས།།
མ་དང་བུ་ཕྲུག་བཞིན་དུ་སྲུངས་ཆ་ཞུས།།
རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག །
ཚ་གདུང་སེལ་བའི་ཁམས་གསུམ་འགྲོ་བའི་མགོན།།
མཛའ་བརྩེའི་སྤྱན་གྱིས་དགྲ་གཉེན་ཡོངས་ལ་གཟིགས།།
ཝ་ལེར་བསམ་དང་ཁྱེད་ཀྱི་སྐྱབས་འོག་འདུད།།
ཞྭ་སེར་བསྟན་པའི་མངའ་བདག་གངས་ཅན་་མགོན།།
ཟ་དང་རྒྱུ་སྐར་ཐམས་ཅད་དབང་དུ་བསྡུས།།
འ་འོ་མ་བརྒྱལ་ཁྱེད་ཀྱི་མཛད་འཕྲིན་ནི།།
ཡ་མཚན་ཆེ་བས་འཇིག་རྟེན་བློ་ལས་འདས།།
ར་བ་གངས་རིས་བསྐོར་བའི་ཞིང་ཁམས་ནས།།
ལ་ལུང་བགྲོད་ནས་ནུབ་གླིང་ཆོས་ལ་བསྒྱུར།།
ཤ་བ་ཁ་ཤ་བདག་མེད་རི་དྭགས་སོགས།།
ས་སྟེང་སྲོག་ཆགས་ཁྱེད་ཀྱིས་བྱམས་བརྩེའི་ཁྱབ།།
ཧ་ཡིག་སྔོན་པོ་བྱང་སེམས་འབྱོངས་པའི་སྔགས།།
ཨ་ཡིག་དཀར་པོ་འགྲོ་དྲུག་འདྲེན་པའི་སྔགས།།
ཏྰ་ལའི་བླ་མས་ནོ་ཝེལ་གཟེངས་རྟགས་བཞེས། །
མཐའ་དབུས་མེད་པའི་མི་རིགས་ཀུན་གྱི་མགོན། །
དེ་རིང་ཉེར་ལྔའི་གཟེངས་རྟགས་དུས་དྲན་ཉིན། །
ན་རྒས་དགྲ་བགེགས་ཀུན་ཐར་འཚམས་འདྲི་ཞུ། །
ཀ་བཤད་ར་མ་ལུག་བཞུགས་སོ།།
ཀ་ཡེ་ཆོལ་གསུམ་བོད་རིགས། །
ཁ་བཤད་དམ་ཚིག་ཆིག་སྒྲིལ། །
ག་ཚད་བཤད་ཀྱང་མི་ཕན། །
ང་ཁྱོད་དབྱེ་འབྱེད་སྤོངས་དང་། །
ཅ་ལག་ཙག་ཙིག་མ་རྩོད། །
ཆ་འཇོག་ཡ་རབས་བརྩོན་དང་། །
ཇ་ཆང་རྣམ་གཡེང་བཞག་ནས། །
ཉ་ལྟར་འཁྱུག་རྐྱལ་ངོམས་དང་། །
ཏྰ་ལས་གཟེངས་རྟགས་བཞེས་སོང་། །
མཐའ་དབུས་མི་རིགས་བཀུག་བྱུང་། །
དེ་རིང་ཉེར་ལྔའི་དུས་དྲན། །
ནད་མེད་ཚེ་རིང་སྨོན་དང་། །
པ་ཕ་འདྲ་བའི་བླ་མ། །
ཕ་བཟང་འདྲ་བའི་དགེ་རྒན། །
མ་ལྟར་བྱམས་པའི་མགོན་སྐྱབས། །
བ་དན་འདྲ་བའི་གཙུག་རྒྱན། །
ཙན་དན་འདྲ་བའི་དྲི་བཟང་། །
ཚ་གྲང་སྐྱོབ་པའི་ཉི་གདུགས། །
མཛའ་བཤེས་ནང་གི་དགེ་བཤེས། །
ཝ་སྐྱེས་དཔའ་བཀོང་སེང་གེ །
ཞྭ་ཟེར་ཅོད་པན་གཙུག་རྒྱན། །
ཟ་ཧོར་རྒྱལ་པོའི་དུང་བརྒྱུད། །
འ་ཅག་འགྲོ་ཀུན་འདྲེན་མཁན། །
ཡ་མེད་ཟླ་མེད་ཁྱོད་ཉིད། །
ར་ལོ་ལོ་ཙ་ལ་སོགས། །
ལ་ལུང་མང་པོར་འཁྲིད་ནས། །
ཤ་མདོག་མི་གཅིག་མི་རིགས། །
ས་སྟེང་ཞི་བདེ་སྤེལ་སོང་། །
ཧ་ཅང་མཛད་འཕྲིན་རྒྱས་ནས། །
ཨ་མ་ལས་ལྷག་བསྐྱངས་བྱུང་། །
ཧ་ལམ་ཀུན་ལས་ལྷག་པའི། །
ཨེ་མ་ཧོ་ཡི་རྣམ་ཐར། །
ེརྗེས་སུ་ཡིད་རངས་ངོ་།
ཁྱེད་ཀྱི་གསུང་པ་ལ་མངོན་པར་སྟོད་དོ་།
ཤ་རིའི་བུ་་ལེགས་སོ་ལེགས་སོ་།