—–འཇམ་གཅེས།
བཙན་པོའི་དཔུང་ལ་མ་ཐོབ་ཞི་བདེ་ཡི་རྟགས་མ།།
འབྱོར་ལྡན་ནོར་གྱིས་མི་ཁུག་བདེན་དཔང་གི་ཐམ་ཀ།
བྱམས་བརྩེས་འགྲོ་བ་སྐྱོང་བས་རིན་བྲལ་གྱི་བྱ་དགའ།།
གཟི་འོད་ས་གསུམ་ཁྱབ་པའི་བདེན་དོན་གྱི་སྒྲོན་མེ།།
ཧམ་ཆེན་དཔོན་ལ་མི་ཐོབ་གདེངས་ཀ་ཡི་ནོར་བུ།།
གཡོ་ཟོལ་གཏམ་གྱིས་མི་ལོན་བརྒྱ་བྱིན་གྱི་རྡོ་རྗེ།།
གཟུར་གནས་ཡིད་སྨོན་ཤོར་ཡུལ་གནས་ལུགས་ཀྱི་རིན་ཐང་།།
དགྲ་སྙིང་སིལ་མར་གཏོར་བྱེད་སྙིང་རྗེ་ཡི་འཕྲུལ་མདེའུ།།
ངུར་སྨྲིག་འཛིན་པ་ཞིག་གི་ཕྱག་ཞབས་ཀྱི་རྗེས་ཤུལ།།
ས་ཆེན་གོ་ལའི་ཁྱོན་འདིར་ལྷམ་མེར་རུ་བཀྲ་ཉིན།།
ཉིད་ཀྱི་ཞབས་རྡུལ་ས་སྐྱོང་རལ་པ་ཡིས་བཏུད་དེ།།
བཀྲ་ཤིས་མེ་ཏོག་འཐོར་བཞིན་ཁྱེད་ཉིད་ལ་ཕུལ་སོང་།།
དེང་དུས་སྟོན་པའི་མཚན་སྙན་ས་ཆེན་འདིར་འབར་དུས།།
སྙིགས་ལྔའི་རྒུད་པས་མནར་གཅོད་སྙིང་ཁམས་སུ་ཐིམ་པའིི།།
མི་དང་མི་མིན་ནག་ཕྱོགས་འབྱུང་པོ་ཡི་འཁོར་ཚོགས།།
སྡུག་གི་མྱིག་ཆུ་སྐེམ་པར་མཆོག་གསུམ་ལ་བསྐུལ་ལོ།།
ཛམ་གླིང་གཟེངས་རྟགས་རྒྱལ་པོ། །
ནོ་བྷེལ་ཞི་བདེའི་གཟེངས་རྟགས། །
ཛམ་གླིང་ཞི་བདེའི་དེད་དཔོན། །
དེད་དཔོན་རྒྱལ་པོར་ཕུལ་སོང་། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །
འཛམ་གླིང་ཞི་བདེ་སྐྱེ་འགྲོ་ཀུན་གྱི་འགན་།
འཛམ་གླིང་བདེ་སྐྱིད་འཇིག་རྟེན་ཀུན་གྱི་འགན་།
འཛམ་གླིང་ཕོ་ནུའི་འདུ་ཤེས་འཛིན་པའི་ལམ་།
འཛམ་གླིང་བདེ་དཔོན་གོང་ས་མཆོག་གི་བསྟན་།
བདེ་འཇམ་ཡངས་པའི་ལམ་ལ་བགྲོད་བསམ་ན་།
བདེན་ངོ་འཕྲོད་པའི་ཕར་ཕྱིན་ཉམས་སུ་ལོང་།
བདེན་པའི་གནས་ལུགས་རང་གཞན་བརྗེ་ཐུབ་ན་།
བདེན་པ་ཉིད་ལ་འགྱུར་ལྡོག་འགྲོ་མི་སྲིད་།
བདེན་བྱུང་གཏམ་གྱི་གནས་ལུགས་སྤེལ་བ་ལ་།
བདེན་པ་ཉིད་ལ་བློ་གཅིག་སེམས་གཅིག་བཟུང་།
བདེན་པའི་གནས་ལུགས་བདེན་པའི་རྒྱུད་ནས་སྙེད་།
བདེན་པ་ཉིད་ལ་འཇིག་རྒྱུ་ཡལ་རྒྱུ་རྫོགས་རྒྱུ་མེད་།
http://tibettimes.net/%E0%BD%A0%E0%BD%82%E0%BE%B2%E0%BD%BC%E0%BC%8B%E0%BD%96%E0%BC%8B%E0%BD%98%E0%BD%B2%E0%BD%A0%E0%BD%B2%E0%BC%8B%E0%BD%90%E0%BD%BC%E0%BD%96%E0%BC%8B%E0%BD%90%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BC%8B-3/
དེང་སྐབས་རྒྱ་ནག་གི་བཙོན་ཁང་ཁག་ཏུ་བཙོན་པ་ཚོ་གློ་བུར་འདས་གྲོངས་དང་བོར་བརླག་འགྲོ་བཞིན་པའི་གནས་སྟངས་ཧ་ཅང་ཚབས་ཆེན་ཡིན་སྐོར་སོགས་བརྗོད་འདུག