བྱམས་པ་ལྷུན་གྲུབ།
རྣམ་བཀྲ་དཀྱེལ་ཡངས་ཤེས་བྱའི་དཀྱིལ་འཁོར་ཀུན།།
ཆགས་ཐོགས་མི་མངའ་ཇི་ལྟར་མཁྱེན་པའི་དཔལ།།
ཡེ་ཤེས་སྤྱན་ལྡན་གངས་ཅན་མགོན་པོ་ཁྱེད།།
མཇལ་བའི་མོད་ལ་བདག་སོགས་གདུལ་བྱའི་ཚོཊ།།
དགའ་དང་དད་པས་ལུས་སེམས་རབ་ཏུ་མྱོས།།
ཟབ་གསལ་ཆད་མེད་འགག་མེད་ཁྱོད་ཀྱི་གསུང་།།
ཡང་ཡང་ཐོས་པས་སྐལ་ལྡན་གདུལ་བྱ་རྣམས།།
འཁོར་བའི་བཙོན་དུ་ཚུད་བྱེད་དུག་གསུམ་ལ།།
རྒྱབ་ཏུ་ཕྱོགས་པའི་བློ་བཟང་བཅོས་མིན་སྐྱེས།།
ལས་འབྲས་མི་བརྩི་ཆོས་ལ་རྒྱབ་ཕྱོགས་པའི།།
ལས་ངན་གདུལ་དཀའ་ཕྱི་ནང་སྐྱེ་མང་པོ།།
གང་གིས་མི་དོ་ཁྱོད་ཀྱི་ཚད་མའི་གསུང་།།
ཐོས་པས་སྒོ་གསུམ་དུལ་བ་ངོ་མཚར་ཆེ།།
འཇིག་རྟེན་ཀུན་གྲཊ་ཚན་རིག་མཁན་པོ་རྣམས།།
ཕྱི་དངོས་རགས་པར་དཔྱད་ལ་མཁས་ན་ཡང་།།
དོན་དམ་སེམས་དང་ཤེས་པར་བརྟག་པའི་དུས།
ཁེངས་པ་བསྐྱུངས་ཏེ་ཁྱེད་ལ་སྐྱབས་སུ་བཅོལ།།
དཔུང་སྟོབས་འབྱོར་གསུམ་གོ་ལའི་རྩེར་སོན་པའི།།
རྒྱལ་ཁམས་ཀུན་གྱི་འཇིགས་པར་ལྟ་བ་ཡི།།
དགྲ་ངན་དཔུང་ཚོཊ་དམར་པོའི་དཔོན་ཡིན་ཡང་།།
ཁྱེད་ཀྱི་སྙིང་རྗེའི་མཚན་ལ་ཆེས་ཆེར་འཇིགས།།
འཇིག་རྟེན་རྡུལ་ཕྲན་མཚོན་ཆའི་དུས་ངན་འདིར།།
རྒྱལ་རྣམས་ཕན་ཚུན་ཕྲག་དོག་མེ་འབར་ཞིང་།།
དམག་འཁྲུག་མུ་གེའི་འཇིགས་པའི་ཉེན་ཆེ་བ།།
ཁྱེད་གསུང་ཆབ་ཀྱིས་ཞི་མཛད་ཨེ་མ་རྨད།།
རང་རང་ལྟ་གྲུབ་མཆོག་འཛིན་ཕྱོཊ་ལྷུང་དང་།།
གཞན་གྱི་དེ་ལ་མི་དགའ་ཕྲག་དོག་སོགས།།
ཆོས་ལུགས་དབར་གྱི་མི་མཐུན་བློ་ངན་རྣམས།།
རྩད་ནས་ཞི་མཛད་ཁྱེད་གསུང་མི་མཚར་སུ།།
མཐོ་དམན་མི་དང་མི་མིན་འགྲོ་རྣམས་ལ།།
ཉེ་རིང་མི་མངའ་བཅོས་མིན་སྙིང་རྗེ་ངང་།།
མི་ཕྱེད་བརྩེ་བས་མ་གཅིག་བུ་ལ་ལྟར།།
ལྷད་མེད་བྱམས་དང་སྙིང་རྗེས་སྐྱོང་མཛད་དེ།།
སྡུག་ཀུན་ཉེར་ཞི་ཐར་པའི་ལམ་སྟོན་པའི།།
ཨེ་མ་རྨད་བྱུང་ཐབས་མཁས་མགོན་ཁྱེད་ཀྱི།།
ཇི་སྙེད་ཐུཊ་དགོངས་མ་ལུས་ལྷུན་འགྲུབ་ཅིང་།།
གསང་གསུམ་མཛད་པ་ཕྱོགས་ཀུན་རྒྱས་པ་དང་།།
སྐུ་ཚེ་མི་ཤིགས་བསྐལ་བརྒྱར་བརྟན་པར་ཤོག།
དེ་སྔོན་བྲིས་ཟིན་པའི་རྩོམ་ཡིག་ཅིག་ལ་འཕྲི་སྣོན་ཅུང་བགྱིས་ཏེ་སྤྱི་ལོ་༢༠༡༢་༩་༡དགོང་མོར་བྲིས།
སྐྱོན་གྱིས་མ་གོས་སྤྱན་རས་གཟིགས་དབང་ཉིད།།
སྟོང་གསུམ་མེ་ཡིས་བཀང་བར་བྱས་གྱུར་ཀྱང་།།
ཁྱེད་ཀྱི་རྣམ་པ་གཞན་དུ་འགྱུར་མེད་པས།།
གསེར་ལྟར་ལྷམ་མེར་ལྷན་ནེར་གོང་ས་མཆོག།
དེང་སང་སྐྱེས་བུ་ངན་པ་སྲང་མདའ་བཞིན།།
ཅུང་ཟད་ཙམ་གྱིས་འགྱུར་བ་ཡོམ་ཡོམ་གཡོ།།
འཇིག་རྟེན་འདི་ན་མི་འགྱུར་ལྷུན་པོ་ནི།།
སྐྱ་ཆད་སྔོ་སྡུག་ཁྲོད་ཀྱི་གོང་ས་མཆོག།
གཞན་གྱི་བཙན་དབང་སྟོབས་ཤུགས་ཆེ་ན་ཡང་།།
རང་གི་དེ་ཉིད་ནམ་ཡང་མི་འགྱུར་བའི།།
བདེན་པ་སྲོག་ལ་བབས་ཀྱང་མི་འདོར་བའི།།
མགོན་པོ་ཁྱེད་ཀྱི་རྗེས་འཇུག་མང་དུ་བདོག།
ཀ་ནས་དག་པའི་གནས་ལུགས་གསལ་མཛད་དེ།།
ཁ་བ་ཅན་གྱི་འགྲོ་ཀུན་བུ་ལྟར་སྐྱོང་།།
ག་རུ་ལྷགས་ཀྱང་འཚེ་མེད་ལམ་སྟོན་པ།།
ང་ཅག་རྣམས་ཀྱི་མགོན་སྐྱབས་དེ་ལ་འདུད།།
ཨ་རོགས་ཚོ།
བསྟོད་པ་འདི་ལྟར་བྲིས་ནི་མ་རེད་ད།་མུ་མཐུད་ནས་འདི་ལྟར་བྲིས་ན་བོད་ཀྱི་བསྟོད་པའི་སྙན་དངགས་འབྲི་སྲོལ་འཇིག་རྒྱུ་རེད།ངོ་རེ་ཚ་ཡིད་རེ་སྐྱོ།
འདི་ལྟར་མ་བྲིས་ན་ཁྱོད་ཀྱིས་གཅིག་བྲིས་དང་ངས་ལྟ་ཆོག
བྲིས་ནི་མ་རེད་ཡོད་ནི་མ་རེད་སོགས།།
ལུང་ཚན་བྱེ་བྲག་ཅིག་གི་ཁ་སྐད་རྣམས།།
རང་སྣང་གང་ཤར་གང་བྱུང་བྲིས་པ་ན།།
ད་གཟོད་སྤྱི་སྐད་ཉམས་པའི་རྒྱུར་འགྱུར་བས།།
མ་འོངས་འདི་འདྲ་གཏན་ནས་མ་བྲིས་ཞེས།།
གདོང་དམར་བོད་ཕྲུག་ང་ཡིས་ཞུ་བ་ཕུལ།།
བསྟོད་པ་ལ་འབྲི་སྟངས་ཞིག་ཡོད་ན་ཅིག་བྲིས་དང། གོང་གི་རྩོམ་དེའི་བརྗོད་བྱ་གཅིག་པ་ཡིན་པ་ཞིག་སྤེལ་དང་ཕན་པོ་ཡོད་ས་རེད། བསྟོད་པ་འབྲི་ལུགས་གཉིས་གཤིབ་ན་དེ་ནས་ང་ཚོ་ལ་བློ་སྐྱེད་ཞིག་སྟེར་ངེས་རེད། དེ་མིན་ཡག་པོ་འདྲ་ཞིག་འདུག་བསམ་སོང་ཡང་ཁྱེད་ཀྱི་མཆན་བུ་འདི་བཀླགས་ནས་ཡིད་ཁ་གཞན་ཞིག་ཕྱེ་སོང་ན་ཅོག་རོང་གི་མྱི་ཁྱོས་རེ་སྐོང་ཞིག་ཡོད་པར་ཞུ།
གནའ་སྐད་དྭངས་མ་ཅན་གྱི་ནི་སྒྲ་ལ།།
ལུང་སྐད་ལོག་སྐད་ཟེར་བའི་མཐོང་ཆུང་ཞིག།
ཆོས་བ་ཁྱེད་ཚོས་དེ་ལྟར་མི་གནང་བར།།
གོ་ཤེས་འབྲི་སྤོབས་ཡོད་པའི་ཡར་ཞུ་ཡོད།
བསོད་ཟད་གདོང་དམར་བོད་པའི་མགོན་དང་༧སྐྱབས།
ཡངས་པའི་འཛམ་གླིང་ཀུན་གྱི་ཞི་བདེའི་མགོན།
རིས་མེད་ཆོས་ལུགས་གཅིག་བསྒྲིལ་བྱམས་བརྩེའི་ལམ།
འགྲོ་ལ་གཅིག་ཏུ་སྟོན་མཛད་མགོན་པོ་ཉིད།
མ་སྐུལ་བར་མི་བྱའོ་ཟེར་ནི་རེད་མོད་ཁྱེད་ཅག་གིས་སྐྱོན་བརྗོད་པའི་ཚུལ་དུ་བསྐུལ་ན་ངས་མེ་ལོང་མའི་རྒྱན་གྱི་ཡ་གྱལ་ལྟར་ཚིག་བཅད་ཞིག་དུས་དང་མཐུན་པར་འབྲི།
སུ་ཡི་དོན་དུ་ལོ་རྒན་གཅིག་གི་ནང་ནས་འབུམ་ཕྲག་བཅུ་ཡི་བོད་མི་ལྔ་བའི་ལམ་དུ་ཕྱིན་ཞིངཉེ་བའི་ལོ་གསུམ་ང་གཅིག་གསོན་པར་བསྲེགས་པ་དེ་ཡང་སུ་ཆེད་དུ་བྱས།
སུ་ཞིག་འཇིག་རྟེན་སྒྲོན་མར་རང་གཞན་ཀུན་གྱིས་སྐྱབས་དང་མགོན་ལ་བཀུར་བ་དེས་ཡང་རང་དང་གཞན་ནི་་བསྐྱབས་པར་མ་ནུས་མི་ཡུལ་ལུང་བར་འཁྱམ་པ་དེ་ཡང་སུ།
སུ་ལ་ད་ལྟའི་འཁོར་ལོ་བསྒྱུར་བ་དག་གིས་གུས་པའི་ཕྱག་སོར་ཆོ་ལོ་ཕུལ་ལོ་བསྟོད་དོ་ཨོ་བྷ་མ་ཡི་ལྟག་སྒོ་གང་ལ་གད་སྙིགས་སྤུངས་བ་བརྒྱུད་ནས་ཉེ་བར་བཅར་ཞིང་ཁ་གསག་སྨྲ་མཁན་སུ།
འདི་འདྲའི་ལམ་གྱི་སྟོན་པ་དབང་ཆེན་གསེར་གྱི་ས་གཞི་འདི་ལ་མ་བྱོན་མི་འབྱོན་འབྲས་བུ་རྫོགས་པའི་སངས་རྒྱས་མ་འཐོབ་མི་ཐོབ་སྙིང་རྗེ་ཆེན་པོ་མི་ཡི་རྣམ་པར་རོལ་བ་གང་།