༸གོང་ས་མཆོག་གིས་ནོར་ཝེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་ལ་ཕུལ།
གཡུ་སྒང་དགེ་འདུན་གྱིས།
མདོ་སྔགས་ཆོས་ཀྱི་གཞུང་བརྒྱ་
ཚངས་དབྱངས་དྲུག་ཅུའི་དུང་སྒྲ་སྒྲོ
ངག་དབང་ལྷ་མོས་འགྲན་པར་མ་ནུས་
ཞིང་གཞན་ཡིབ་པའི་སྲོལ་གྱིས་བཞུ
མུ་མེད་བྱམས་བརྩེ་ཆུ་གཏེར་ཆེན་
ཀླུང་བརྒྱར་དྲངས་ཀྱང་བྲི་མེད་
སྐྱེ་འགྲོའི་སྐོམ་པ་སེལ་བའི་ཡི
ཀླུ་དབང་རྒྱལ་པོའི་གཙུག་ལས་བླ
གང་གིས་ཟབ་བརླིང་བཀའ་གསུང་རྟ་
གདུལ་བྱའི་རྐང་ཐུང་གསོས་སུ་བསྟི
འཆར་ནུབ་སྤྲིན་གྱིས་སྒྲིབ་པ་དང་
མཁའ་ཡི་ཉི་ཟླ་དཔེ་རུ་འོས་པ་མིན།
བསྟན་འགྲོའི་དོན་དུ་དུས་དྲུག་
ལོ་དྲུག་དཀའ་སྤྱད་དེ་ལས་ཅི་མི་
ཆོས་སྲིད་མཛད་འཕྲིན་ཆུ་ཤེལ་དྭ
ས་གསུམ་སྐྱེ་འགྲོའི་གཟིགས་མོར་
གངས་ཅན་སྐྱབས་གཅིག་ཐུགས་ཀྱི་
སྙིང་རྗེ་རི་བོང་འཛིན་པའི་བསིལ་
འཛམ་གླིང་སྐྱེ་རྒུ་ཀུ་མུད་ཏ་ཡི་
ཞི་བདེའི་འདབ་མ་འབྱེད་པའི་དེད་
༢༠༡༧།༡༢།༠༨ ཉིན།
༄༅།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གསེར་གྱི་གཟེངས་རྟགས་
འབུལ་བཞེས་མཛད་ནས་མི་ལོ་ ༢༨ འཁོར་བའི་དུས་དྲན་ལ་ཕུལ་བ།
གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོ་ལ།།
ཞི་བདེའི་གསེར་གྱི་གཟེངས་རྟགས་ཕུལ་མཛད་ནས།།
མི་ལོ་ཉེར་བརྒྱད་འཁོར་བའི་ཉིན་མོ་འདིར།།
བོད་འབངས་ཡོངས་ནས་སྒོ་གསུམ་གུས་པ་བསྟོད།།
བོད་གངས་ཅན་དབུ་འཕང་མཐོ་ན་ཡང།། རྗེ་བླ་མ་མེད་ན་སྟོང་པ་རེད།
རྗེ་བླ་མ་ཡིད་བཞིན་ནོར་བུ་མཆོག། ཁྱེད་གངས་ལྗོངས་འགྲོ་བའི་རྒྱན་དུ་བཞུགས།།
བཅུ་གཉིས་བཅུ་པར་ནོ་བྷེལ་འབུལ་བཞེས་ཉིན། །
་
བཅུ་གཉིས་བཅུ་པ་འགྲོ་མིའི་ཐོབ་ཐང་ཉིན། །
བཅུ་གཉིས་བཅུ་པར་བོད་དོན་གླེང་བའི་ཉིན། །
བཅུ་གཉིས་བཅུ་པར་ནོ་བྷེལ་འབུལ་བཞེས་ཉིན། །
བཅུ་གཉིས་བཅུ་པར་དགའ་སྐྱོའི་དགའ་སྟོན་ཉིན། །
་
མཆན་རྒན་ང་ཡིས་མཆན་བསྟོད་ལས་འགུལ་བརྩམས། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་འགྲོ་བའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །
་
ཆོས་སྲིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེ་ཆེར་སྟོན་མཛད་ཛམ་གླིང་ཞི་བདེའི་མགོན། །
ཐུབ་དབང་རྒྱལ་ཚབ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་༸སྐུ་ཚེ་ཡུན་བརྟན་ཤོག །
༄། ཚུར་ལ་རྡང་མིག་བལྟས་ཀྱང་། སྡང་ལ་འཛུམ་གྱིས་བསུ་མཁན།
སྐྱབས་མགོན་བསྟན་འཛིན་རྒྱ་མཚོ། འཛམ་གླིང་ཕན་བདེའི་རྩ་བ།
ཁྱེད་ནི་ཞི་བདེའི་དེད་དཔོན།
ཕྱག་གཉིས་ཐལ་མོ་སྦྱར་ནས། སྐྱེ་འགྲོ་སྤྱི་བོར་བཀོད་བཞིན།
འཛམ་གླིང་ཞི་བདེར་བསྒྲུར་མཁན། སྐྱབས་མགོན་ཡིད་བཞིན་ནོར་བུ།
སྤྱན་རས་གཟིགས་
མི་ཡི་གཟུགས་
བཙན་བྱོལ་ཞིག
དེད་དཔོན་གནང་།