བྱ་མདོ་སྐལ་རྒྱམ།
དེ་རིང་ཡང
ང་རླུང་གིས་དེད་དེ་ཁྱོད་ཀྱི་འགྲམ་དུ་སླེབས་ཡོད
ཁྱོད་དང་གྱེས་ནས་མི་ལོ་དུ་མ་ཞིག་འདས་ཀྱང
དེ་རིང་སླར་ཡང་མཐོང་དུས
ཁྱོད་ལ་ད་དུང་འགྱུར་བ་ཅི་ཡང་མེད་པར
ཧ་ཅང་བརྟན་བརླིང་གིས་འཁྱིལ་འདུག
འགྱུར་བ་མེད་པའི་ཁྱོད་ཀྱི་རང་གཤིས་འདིས
ང་ལ་དྲིས་པ་ཞིག་བཏོན་བྱུང་ལ
གཟབ་ནན་གྱི་བསླབ་བྱ་ཞིག་ཀྱང་གནང་བྱུང
ཁྱོད་ཀྱི་གམ་ནས
ང ངོ་མ་འགྱུར་ཟིན་པ་འདྲ
ཁྱོད་ཀྱིས་ཅི་ཡང་མ་བཤད་ཀྱང
ངོགས་འདིར རྐང་མཐིལ་རླབས་ཀྱིས་ལྡེག་པའི་འགྲོ་བསྐྱོད་ཁྲོད
ཁྱོད་ཀྱིས་ང་ལ་མང་བོ་མང་བོ་ཞིག་བཤད་བཞིན་པའི་སྣང་བ་སྟེར
གཅིག་འཕྲོ་གཅིག་གིས་མཐུད་པའི
དུས་ལས་མི་ཡོལ་བའི་རླབས་སྒྲ་དང
དཀར་སོལ་སོལ་གྱི་ཆུ་ཡི་དབུལ་པ་འདི་དག་ཐོས་ཤིང་མཐོང་དུས
སྙིང་ཉེ་བའི་མི་སུ་ཞིག་གིས
ངའི་ཧ་ཅང་གི་ཐག་ཉེ་ཞིག་ཏུ
ཅི་ཞིག་བཤད་ཀྱིན་པ་འདྲ་ལ
གང་ཞིག་སྟོན་བཞིན་པ་དང་ཡང་མཚུངས
དེ་རིང་འདི་ལྟར་བསམས་དུས
ངས་བོར་ཟིན་པའི་རང་ཉིད་བཙལ་མི་འདོད་ལ
འགྱུར་ཟིན་པའི་རང་ཉིད་ཀྱང་མཐོང་མི་འདོད
མཚོ་ཁུགས་འདི་ནས་ཁྱོད་ཀྱི་རླབས་སྒྲ་ཉན་བཞིན
ང་གཉིད་སྟུག་པོ་ཞིག་ལོག་ན་འདོད
2014/10/11–kukarnaམཚོ་འགྲམ་དུ
དེ་རིང་ནང་ཁའི་སྙན་ངག་གི་མཁན་པོ་ཚོ
སྙན་ངག་དེ་ལ་དཔར་ཞིག་མ་འབྱོར་ན
གོ་བ་གང་ཡང་མེད་པའི་གསང་བ་དེ་རྟོག་སོང་བ་ཨེ་ཡིན
དཔར་གཅིག་དང་སྙན་ངག་གཅིག
ངས་འདི་ལྟར་བཤད་ན་མི་རུང་ཡང
ཡང་མིན་ན
སྙན་ངག་གི་མངར་ཁ་ཤོར་འདུག་ལ
དེ་མིན་ན
དཔར་གཅིག་གིས་སྙན་ངག་བརྫད་འདུག་པས
དེ་རིང་ནས་ངས་དཔར་དེ་ཀློག་གམ
སྙན་ངག་ལ་ལྟ་འམ
སྙན་ངག་པ་ཚོ།
འཇིག་རྟེན་ཡོངས་སུ་མི་ཤེས་གང་།།
དེ་ནི་ཐུབ་པའི་ལྟ་བུར་མངོན།།
རྒྱ་གར་རྒྱ་མཚོའི་འགྲམ་ན་ཞི་བདེ་རྒྱ་མཚོའི་འགྲམ་གྱི་སྙན་ངག་ཇི་ལྟར་བྲིས་པ་ཡིན།