ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་༢༠༡༣།༣།༡༠ཉིན་སླར་ཡང་རྡ་ས་མེག་གྷན་ནས་མགོ་འཛུགས་བྱེད་རྒྱུ་ཡིན་ན། ཞི་བའི་གོམ་བགྲོད་ཐེངས་གཉིས་པར་དང་བླང་མཉམ་ཞུགས་བྱེད་བློ་ཡོད་པའི་རིགས་ཞེན་དང་ལ་རྒྱ་ཅན་གྱི་བོད་མི་སྐྱ་སེར་རྒན་གཞོན་སུ་ཞིག་ཡོད་ན་བདག་གིས་དགའ་གུས་དང་བཅས་སྣེ་ལེན་བྱེད་རྒྱུ་ཡིན་ལ། འགྲོ་སོང་ཡང་ཞི་བའི་གོམ་བགྲོད་ཐེངས་སྔོན་མར་བོད་མི་ལྷག་བསམ་གཏོང་ཕོད་ཅན་དག་གི་གཙོ་བའི་ཞལ་འདེབས་གང་ཙམ་འབྱོར་མྱོང་བ་དེ་ལས་གཏོང་རྒྱུ་ཡིན།
ཞི་བའི་གོམ་བགྲོད་ཐེངས་གཉིས་པར་དང་བླང་གིས་ཞུགས་འདོད་མཁན་སུ་ཡོད་ན་དེ་དག་ལ་ཆ་རྐྱེན་ཞིག་ཡོད་པ་ནི། ལོ་ལྔ་བཅུ་ང་ལྔའི་འོག་དང་ལོ་བཅོ་བརྒྱད་ཀྱི་སྒང་ཡིན་དགོས་ཀྱི་ཡོད། ཉིན་འགར་མཉམ་ཞུགས་བྱེད་བློ་ཡོད་པ་དག་ལ་ལོ་ཚད་ཀྱིས་འགག་བྱ་གང་ཡང་མེད།
ད་དུང་། ངའི་ཞི་བའི་འཐབ་རྩོད་ཀྱི་ཁྲོད་དུ་དང་བླང་གིས་ཞུགས་བློ་ཡོད་པ་དག་གིས་བློས་གཏོང་དང་དམ་བཅའ་གཉིས་སྐྱེ་བོ་སྒེར་སོ་སོ་ནས་དང་བླང་གིས་འགན་འཁུར་ནས་ལེན་དགོས་པ་དང་ཞི་བའི་གོམ་བགྲོད་ནི་ཞི་བའི་འཐབ་རྩོད་ཀྱི་ནང་གི་སྡེ་ཚན་ཞིག་ཡིན་པ་དང་། ད་རེབ་ཀྱི་ཞི་བའི་གོམ་བགྲོད་ནི་སྔར་དང་མ་འདྲ་བར་ཞི་བའི་གོམ་བགྲོད་སྟོབས་ཤུགས་ཆེ་ཤོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་ཐུགས་འཇགས་ཡོད་པ་ཞུ།
ད་རེས་ས་མཚམས་རྒྱ་གར་བརྒྱུད་བོད་དུ་འགྲོ་ཐུབ་པ་བྱེད་རྒྱུ་དེ་ཡིན། དང་བླང་གིས་ཞི་བའི་གོམ་བགྲོད་ལ་ཞུགས་བློ་ཡོད་པ་གང་ན་སུ་ཡོད་པ་དག་གིས་གང་མགྱོགས་བདག་ལ་ཞལ་པར་ཨང་གྲངས་འདི་བརྒྱུད་འབྲེལ་གཏུགས་བྱེད་རྒྱུ་མ་བརྗེད་ཅིག
༠༨༦༧༩༠༦༨༩༩༩
ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་༢༠༡༣།༢།༢༢རྡ་ས་མེག་གྷན།
གཟའ་པ་སངས་ལ་གུས་པ་དང་བཅས་ཕུལ།
ཁྱེད་གོམ་བགྲོད་ཐེང་གཉིས་པའི་སྐབས་མཉམ་ཞུགས་པ་ཡོད་ན་ཤར་ཕྱོགས་ཁུག་རྟ་ཡོང་ཡག་གྲ་སྒྲིགས་ཡོད་པ་ཐག་ཆོད་
དེ་མིན་ད་ལྟའི་ཆར་རྒྱ་ཡི་དར་དམར་དེ་མགོ་སྟེང་འཆར་སེམས་པའི་བོད་པ་ཞིག་རག་ཁག་པོ་རེད་
དབུ་མའི་ལམ་ལ་ང་ཡང་མོས་པ་ཤིན་ཏུ་ཆེན་པོ་ཡོད་འོན་ཀྱང་མཐའ་ལ་ལྷུང་བའི་དབུ་མའི་ལམ་གྱི་འཐབ་རྩོད་ཞིག་ང་བྱེད་འདོད་མེད་
སྤྱིར་དབུ་མའི་ལམ་གྱི་སྒྲུབ་བྱ་དེ་དར་དམར་དེའི་འོག་ཏུ་སྡོད་རྒྱུའི་ཆ་གཞི་ཞིག་ཡིན་པ་གསལ་པོ་རེད་ལ་ཚང་མས་ཤེས་ཀྱི་ཡོད་རེད་
འོན་ཀྱང་དབུ་མའི་ལམ་གྱི་འཐབ་རྩོད་བྱས་ཏེ་འབྲས་བུ་ཐོན་པའི་སྐབས་དར་དམར་དེ་འཆར་དགོས་ན་འཆར་རྒྱུ་ཞིག་མ་གཏོག་འཐབ་རྩོད་བྱེད་བཞིན་པའི་སྐབས་དར་དམར་དེ་མགོ་སྟེར་འཆར་རྒྱུ་ཞིག་མིན་པ་ཤེས་པ་གནང་རོག་
གླིང་ཚ་ཁྱེད་གཏོང་ཕོད་དང་ལྷག་བསམ་ལ་རྒྱབ་སྐྱོར་ཆ་ཚང་ཡོད་་་་འོན་ཀྱང་ཁྱེད་མིའི་གཡོ་འོག་ཏུ་ཚུད་ཀྱི་མེད་དམ་མཉམ་གྱི་འདུག་
ཁྱེད་སྤྱང་པོ་གནང་རོག་
གླིང་ཚ་ལགས་ཀྱིས་གཏོང་ཕོད་འདིའི་གཟུར་ཅན་ཚོར་ཡིད་སྨོན་ཤོར་དགོས་པ་བཟོས་ཡོད་ལ། སེམས་ཆུང་ཅན་ཚོ་མིག་ཆུ་ཤོར་དགོས་པ་ཡང་བཟོས་ཡོད། དེ་བཞིན་ཡོད་ཚད་ཁ་ལ་འཁྱེར་ཏེ་འུར་སྒྲོག་མཁན་ཚོ་མགོ་བོ་སྒུར་དགོས་པ་ཡང་བཟོས་ཡོད། ཡིན་ཡང་གདོང་ལ་ལྕགས་འབག་གྱོན་མཁན་གྱི་མི་བུ་ཁ་ཤས་ཀྱིས་ད་དུང་ཁོང་ལ་སློབ་གསོལ་སྤྲོད་ཁུལ།
རིགས་གཅིག་སྤུན་ཟླ་དྲང་གཏམ་གྱི་མིང་འཛིན་པ་ལགས། ཕྲན་གྱིས་མགོ་བརྩམས་པའི་ཞི་བའི་འཐབ་རྩོད་ཁྲོད་ཀྱི་ཞི་བའི་གོམ་བགྲོད་འདི་ཡི་སྔ་གཞུག་བར་གསུམ་གྱི་ལས་རིམ་འཆར་བཀོད་དང་འགན་ཁུར་མཁན་རང་ཉིད་ལས་གཞན་སུ་ཡང་མེད་ན། ཉེས་པ་དང་ནོར་འཁྲུལ་གང་གཟིགས་པ་དེ་དག་བདག་ལ་ཡོད་བ་ལས་ཉེས་མེད་ཀྱི་མི་ལ་གཏན་ནས་མ་གཡོགས་རོགས། བོད་མིས་ནང་ཁུལ་ནས་ཕན་ཚུན་ལ་ཉེས་མེད་ཉེས་འཛུགས་བྱེད་པའི་བྱ་སྤྱོད་དེར་ཅུང་གཟབ་རོགས་ཞུ། ང་ལ་ནོར་འཁྲུལ་གང་ཡོད་པ་དེ་དག་ལ་སྐྱོན་བརྗོད་བྱེད་པའི་དབང་ཚད་དེ་དག་རྣམ་པ་ཚོར་དབང་བ་ཡིན་པས་བདག་ལ་དུས་ནམ་ཡང་འཕོག་ཐོག་འགྲོ་བ་མི་སྲིད་པ་ཐུགས་སུ་འཇག་པར་ཞུ།
ཡ་་་་ གླིང་ཚ་ལགས་རང་གིས་གོམ་བགྲོད་དེ་ཡག་པོ་རེད་དེ་། རྒྱ་དམར་གྱི་དར་དམར་དེ་་མགོ་ལ་འཁྱེར་ནས་སོང་ཚར་དུས་། སེམས་ལ་བབ་པོ་གཏན་ནས་མི་འདུག་། ཁྱོད་རང་གི་སེམས་ནས་བོད་མི་རིགས་ཀྱི་ལས་དོན་ཁོ་ན་ཡིན་རུང་། ངས་མཐོང་སྣང་ལ་དེ་ལས་ལྡོག་པ་ཞིག་མཐོང་གི་འདུག་། དེ་ཕྱིར་རྒྱབ་སྐྱོར་གང་ཡང་བྱེད་ཐུབ་ས་མི་འདུག་། དགོངས་དག་ཞུ་རྒྱུ་ཡིན་།
པདྨ་རྡོ་རྗེ་ཡི་མིང་འཛིན་རིགས་གཅིག་སྤུན་ཟླ་ལགས། ཉིད་ཀྱིས་གང་དགོངས་པ་བཞེས་པ་དེ་ནི་སྐུ་ཉིད་སྒེར་གྱི་ལྟ་ཚུལ་ཡིན་པ་དེར་བདག་གིས་གུས་བརྩི་ཡོད་ཀྱང་། ངའི་ཞི་བའི་འཐབ་རྩོད་ཀྱི་རྨིང་གཞི་ཞི་བའི་འབོད་ཚིག་ལྔ་དེ་ཡིན་པ་སྐུ་ཉིད་ནས་མཁྱེན་པར་མཛོད་ཅིག ཀྲུང་གོའི་རྒྱལ་དར་འཕྱར་ནས་ངའི་ཞི་བའི་འཐབ་རྩོད་བྱེད་སྟངས་འདི་མ་འོངས་མི་རབས་དང་གཞིས་ལུས་རྒྱ་ཆེ་མི་མང་གི་ཕུགས་ཀྱི་རེ་འདོད། ༧གོང་ས་ལྷ་མིའི་རྣམ་འདྲེན་བོད་དུ་གདན་འདྲེན་བྱེད་ཆེད་དང་། བོད་མི་རིགས་ལ་རང་དབང་ཐོབ་པའི་ཆེད་དུ་བསླེངས་པའི་བོད་མི་སྒེར་བ་ཞིག་གིས་སྤྱི་དོན་ལ་ལུས་ངག་ཡིད་གསུམ་ཕུལ་ནས་འཚེ་མེད་ཞི་བའི་སྟོབས་ཤུགས་ལག་ལེན་དུ་བསྟར་ནས་བོད་རྒྱ་ཞི་འགྲིག་གི་དམིགས་དཔེ་ཙམ་ཞིག་ངའི་མི་ཚེ་ནང་ཞོག་པར་འབད་འབུངས་བྱེད་ཀྱིན་པའི་ལམ་ཕྲན་འདི་ནས་སྐུ་ཉིད་ལྟ་བའི་རིགས་ཀྱི་མདུན་པ་མེ་ལྟར་འབར་བ་རེ་ཟུང་གིས་བདག་ལ་སྐྱོན་བརྗོད་དང་འཕྱ་དམོད་བྱེད་པ་དེར་ངས་ནམ་ཡང་ལེ་བདའ་བྱེད་མ་མྱོང་ལ་སྣང་འགྱོད་ཀྱང་དབྱེ་ནས་མེད་པ་ཐུགས་སུ་འཇག་པར་འཚལ་ལགས།
ས་དྲུག་ཡ་གི་བུ་རྒོད་ལགས། དྲ་འབུ་ཚོ་ལ་གསལ་བཤད་དགོས་པ་མ་རེད་་་་་གྲུབ་འབྲས་ཡོད་པ་མ་རེད་་་ཁོང་ཚོར་ར་འཕྲོད་ཡ་ཡོད་པ་མ་རེད་་་་དེ་ལས་ངལ་གསོལ་ནས་ཉིན་ཤས་རིང་སྐུ་ལྷོད་ལྷོད་ངང་ཕ་མ་དང་སྲིང་མོ་སོགས་ཉེར་འཁོར་སུ་ཡོད་ན་ཁོང་རྣམས་དང་ལྷན་དུ་བཞུགས་རོགས་་་་་་་་་་་་་
ང་ཚོས་ཁོའི་ལག་པ་ནས་རྒྱའི་དར་དམར་འཕྲོག་སྟེ། མེ་ལ་བསྲེགས་ནས་ཐལ་བ་སྤར་བ་གང་རྒྱ་ནག་ལ་སྤྲོད་དུ་གཏང་ན་ཡག་ས་མི་འདུག་གམ། རྒྱ་འདྲེ་ཚང་གིས་ང་ཚོའི་དཔའ་བོ་དཔའ་མོ་ཚོའི་ཁྱིམ་ཚང་ལ་རོ་ཐལ་སྤར་བ་གང་རེ་བཏང་ནས་ང་ཚོ་ལ་བརྗོད་དུ་མེད་པའི་མཐོང་ཆུང་དང་ཐུབ་ཚོད་བཏང་ཡོད།
རིགས་གཅིག་སྤུན་ཟླ་འཇམ་གཅེས་ལགས་ཀྱི་དགོངས་ཚུལ་གནང་བ་དེར་གུས་འདུད་ཞུ་ལགས། སྐུ་ཉིད་ལྟ་བའི་རྣམ་དག་གི་བསམ་བློ་སྤུས་གཙང་ཁུར་མཁན་དག་གི་སྨོན་འདུན་ཁྲོད་ང་གསོན་པོར་སྙིང་བོ་ལྷག་མ་ཞིག་སྤྲོད་ཀྱི་ཡོད་པས་སྙིང་ནས་བཀའ་དྲིན་ཆེ་ལགས།
རིགས་གཅིག་སྙིང་གི་སྤུན་ཟླ་གནམ་ལགས། ཉིད་ལ་དེ་འདྲའི་སྡང་སེམས་ཆེན་པོ་ཞིག་ཡོད་ཚེ་ངའི་སྟེང་ལ་རྒྱུགས་སྟེ་ཉིད་ནས་གང་གནང་འདོད་པ་དེ་གནང་ན་འགྲིག་གི་རེད་ལགས། དེ་མིན་རིགས་གཅིག་སྤུན་ཟླ་བསམ་བློ་ཚུགས་ཐུབ་མེད་པའི་རིགས་ལ་ཧུར་མ་སློང་རོགས་ལགས། ང་རང་རིགས་གཅིག་སྤུན་ཟླ་དང་མི་གཞན་སུ་ཞིག་གིས་ལག་འོག་ནས་འཚོ་མ་ཐུབ་ཀྱང་སྣང་འགྱོད་དང་འཁོན་སེམས་དབྱེ་ནས་མེད་ལགས། ངས་རྩོད་བཞིན་པའི་ཞི་བའི་འཐབ་རྩོད་ནི་རྒྱ་བོད་ཞི་འགྲིག་གི་དམིགས་དཔེ་ཙམ་རེ་ཞོག་ན་སྙམ་པ་ལས་ནང་ཁུལ་ལ་འཁོན་འཛིན་སློང་བའི་བསམ་བློ་རྨི་ལམ་ཚུན་ཆད་དུ་ཤར་མ་མྱོང་བ་ངའི་འབྱུང་འགྱུར་གྱི་ཞི་བའི་འཐབ་རྩོད་ཁྲོད་ནས་ཁ་གྲགས་དེ་འོང་གི་རེད་ལགས།
ང་དར་དམར་དེ་ལ་མ་དགའ་བ་ཡིན། དེ་ཤེས་པར་ཞུ། སྤུན་ཟླ་ཡིན་ཟེར་ཞོར་རྫོབས་རྟགས་དེ་འདྲ་བསྟན་ན་སྙིང་ན་འི་ཡ།
ཏང་གི་གསོ་ཕག་སྤོ་ཞིན་ལེ་ལགས་ཀྱིས་བཙོན་ཁང་ནང་དུ་ཟས་གཅོད་ངོ་རྒོལ་བྱས་འདུག་པ་དང་གསོ་ཕག་ལིག་ཕའེ་ཀྲུའུ་ལགས་ཀྱང་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་ནས་བཤའ་ཐུབ་མི་འདུག་ཟེར་་་་ཧཧཧཧ ཕག་གསོའི་སློབ་དཔོན་ཞྭིས་ལགས་ཀྱིས་གསོ་ཕག་རེ་འགའ་བཤའ་རྩིས་ཡིན་པར་འདྲ།
གླིང་ཚ་ཚེ་རྡོར་ལགས་ལ་སྔོན་ཆད་ཀྱང་མོས་གུས་ཞུས་མྱོང་ལ། མུ་མཐུད་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
བདེན་པ་ལ་ཨུ་ཚུགས་མཐར་སྐྱེལ་རྒྱུ་ལས་བོད་མི་མང་ལ་བྱ་ཐབས་གཞན་གང་ཡང་ཡོད་བ་་རེད། དེར་བརྟེན་སྐུ་ཉིད་ཀྱི་བསམ་སྤྱོད་ལ་མོས་གུས་དུས་རྟག་ཏུ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།
གླིང་ཚ་ཁྱེད་ལོ་སྔོན་མ་རྡ་ས་ནས་མ་ཐོན་གོང་དར་དམར་མགོ་སྟེང་འཆར་རྒྱུ་སེམས་ལ་མ་འཁོར་བར་་་་་་་་གང་མཚམས་ལམ་བར་ཞིག་ནས་དར་དམར་མགོ་སྟེང་འཆར་རྒྱུ་དྲན་པ་དེར་ང་ཡ་མཚན་བྱུང་་་་་་ཡང་ན་སྐབས་དེར་མི་དམངས་མགོ་སྐོར་གཏང་བ་རེད་
དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་པ་ཚོས་ཀྱང་༼གུས་པ་རང་ཉིད་ཡང་དབུ་མའི་ལམ་ལ་མོས་པ་ཡོད་པ་ཞིག་ཡིན་༽དབུ་མའི་ལམ་གྱི་དམིགས་ཡུལ་མངོན་གྱུར་བྱུང་བའི་ཚེ་དར་དམར་དེ་མགོ་སྟེང་འཆར་དགོས་བྱུང་ན་ཡང་འགྱོད་པ་མེད་པ་ཞིག་རེད༼ངའི་འདོད་ཚུལ་བྱས་ན་དར་དམར་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དར་ཆ་ཞིག་མ་གཏོག་རྒྱ་ནག་མི་དམངས་ཀྱི་དར་ཆ་ཞིག་རེད་བསམ་གྱི་མི་འདུག་༽གལ་ཏེ་དེའི་ཚེ་ངེས་པར་འཆར་དགོས་བྱུང་ནའང་མགོ་སྟེང་འཆར་རྒྱུའི་མོས་མཐུན་བྱེད་བཞིན་པ་ཡིན་པ་ལ་དོགས་པ་དགོས་མ་རེད་
དེ་རྒྱུ་མཚན་དུ་བྱས་ནས་དབུ་མའི་ལམ་གྱི་ཐབ་རྩོད་བྱེད་བཞིན་པའི་སྐབས་རང་དབང་ལུང་པའི་ནང་ནས་ཁྲག་གི་ཚོས་༼རང་རེ་གངས་ཅན་ས་ཡ་གཅིག་དང་འབུམ་གཉིས་ཙམ་གྱི་ཁྲག་དེའི་སྟེང་གོས་ཡོད་༽པའི་དར་དམར་མགོ་སྟེང་འཆར་བ་དེ་ནོར་བ་རེད་ཞུ་གི་ཡོད་
ང་ཡི་སྦོ་བོ་ལགས་ཀྱི་ཁྲག་དྲོན་གང་མཚམས་ཞིག་ཀྱང་དར་དམར་དེའི་སྟེང་གོས་ཡོད་
ཨ་མ་དང་སྲིང་མོ་དགྲ་དར་གསུམ་སྐྱུར་ནས་ཕེབས་ཉིན་བུ་ཞིག་གི་དོད་སོ་འདུག་ཟེར་དགོས། དེ་མིན། གླིང་ཚ་ཚེ་རྡོའི་མི་ཚེ་ཧྲིལ་བོ་ནོར་འཁྲུལ་ཏག་ཏག་གིས་ཚར་རྒྱུ་ཡིན་པ་ལ་ཐེ་ཚོམས་མེད་པ་འདྲ་ཞིག་རེད། ངས་ཁྱོད་ལ་ཕྱག་གསུམ་འཚལ། དར་དམར་དེ་མར་ལ་གཡུག་ཤོག།
ང་དང་བླང་གི་ཞི་བའི་གོམ་བགྲོད་དང་ཡང་ན་དྲག་པོའི་གོམ་བགྲོད་ཀྱང་འགྲོ་འདོད་ཧ་ཅང་ཆེ། འོན་ཀྱང་ཤི་གསོན་གང་ལ་ཐུག་རུང་བསྟན་དགྲ་རྒྱ་དམར་སྲིད་གཞུང་གི་རྒྱལ་དར་དམར་པོ་ཁྲག་མདོག་དེ་ནམ་ཡང་འཕྱར་འདོད་མེད། ཁྲག་མདོག་གི་དར་དམར་དེའི་འོག་ན་ང་ཡི་བོད་རིགས་སྤུན་ཟླ་ཚོ་སྡུག་པོ་མྱངས་དང་མྱོང་བཞིན་ཡོད།།
ངས་བལྟས་ཀྱང་། ཞི་བའི་འབོད་ཚིག་དེ་འཕྲད་དར་སྟེང་བྲིས་ཏེ་འཕྱར་ན་ཧ་བཅང་བཟང་སྙམ།
འཕྲད་དར་དང་མཉམ་དུ་བོད་དང་རྒྱ་གར་རྒྱལ་དར་གཉིས་འཕྱར་ན་ཧ་ཅང་འཚམ་པོ་འདུག
དོན་དག་མི་འགྲུབ་པའི་ལས་ཀ་དེ་མི་གནང་བར་ཞུ། དེ་བས་ཁྱིམ་ཚང་ལ་བདག་སྐྱོང་ཡག་པོ་གནང་རོགས། ཁྱོད་ཀྱི་རྐང་ལག་བཞི་མ་ཟད་བར་དུ་སོང་ཡང་དོན་འབྲས་མེད་པ་མངོན་གསལ་རེད། བོད་སྐད་ཡིག་དང་དྲང་བདེན་བྱམས་བརྩེ་ལ་བློ་ཕུག་གཏད་རོགས། བོད་མི་བརྒྱ་སྟོང་ཁྲི་འབུམ་གོམས་བགྲོད་བྱས་ཀྱང་ས་མཚམས་བརྒལ་མི་ཐུབ་པ་ཤེས་བཞིན་ཡོད་པ་རེད། དེ་མིན་ན་བོད་བསྟན་སྲིད་ལ་ཤ་ཞེན་ཅན་ཟམ་གདོང་རིན་པོ་ཆེ་སོགས་གོམས་བགྲོད་མི་གནང་བ་དེ་སྙིང་པོ་མེད་པས་རེད་ལོ། །
ཁོང་གིས་བྱ་བཞག་ཆེ་ཕྲ་ཐམས་ཅད་རྒྱབ་ཏུ་བཞག་ནས་ཞི་བའི་འཐབ་རྩོད་་གནང་བ་ལ་ཡིད་རངས་དང་རྒྱབ་སྐྱོར་ཡོད། དེ་འདྲ་བ་ནི་ལྷག་བསམ་དང་སྙིང་སྟོབས་ཚད་ལས་འགལ་བ་ཞིག་མེད་ན་ཡོང་མི་སྲིད་པ་རེད། ཡིན་ནའང་ཁྲག་མདོག་གི་དར་ཆ་དེ་རང་འགུལ་གྱིས་འཕྱར་བ་དེ་ཇི་ལྟར་བསམ་ཡང་བློ་ལ་བབ་མ་སོང་། བོད་དུ་རྒྱ་གཞུང་གིས་བཙན་དབང་ཐོག་དར་ཆ་བཙུགས་པ་དང་བོད་མི་ཚོས་སྲོག་ཡན་ཆད་བློས་བཏང་ནས་ངོས་ལེན་བྱས་ཀྱི་མེད། ང་ཚོས་རང་འགུལ་དུ་དར་ཆ་ཁྲག་མདོག་ཅན་དེ་འཕྱར་བ་ནི་འོས་པ་ཞིག་ཏུ་ངོས་ལེན་ཐབས་མེད།
གླིང་ཚའི་བུ་ལགས། ངས་ཁྱེད་ལ་སྙིང་ཐག་པ་ནས་གུས་འདུད་དང་ཡི་རངས། བསྟོད་བསྔགས། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། བུ་རྒོད་ཁྱོད་ལ་ངས་སྙིང་ནས་རེ་བསྐུལ་ཞུ་རྒྱུ་ཞིག་ལ། ཁྲག་རས་དེ་ཅིས་ཀྱང་འདོར་རོགས་གནང་ཞེས་རེ་བ་ཉག་གཅིག་དེ་ཡིན། ཁྱེད་ཀྱིས་ཨུ་ཚུགས་མཐའ་སྐྱེལ་མ་གནང་རོགས། མང་མོས་ལ་ལྟོས་རོགས། མང་མོས་དང་མ་ལྟོས་ན་གཅིག་སྒྲིལ་དང་། ཁྱེད་ཀྱིས་རླབས་ཆེ་བའི་ལས་འགུལ་དེར་ནུས་པ་ཐོན་རྒྱུ་ཁག་པོ་རེད། མ་ཟད་རྒྱབ་སྐྱོར་བྱེད་མཁན་ཡང་ཆེས་ཉུང་ཉུང་ལས་ཡོང་གི་མ་རེད་ལ། ད་དུང་ལབ་གླེང་དང་། རྙོག་ཟིང་མང་པོ་ཡོང་ངེས་རེད་པས་ཐུགས་ལ་འཛིན་རོགས།
ཁྱེད་གལ་སྲིད་བོད་དུ་སླེབས་ཐུབ་པ་ཡིན་ན། དེའི་ཚེ་རྒྱ་ནག་གིས་ལྟ་ཚུལ་གཞན་ཞིག་ལ་དགོངས་ནས་ཁྲག་རས་དེ་ཁྱེར་བ་ཡིན་ཚེ། དེ་འང་དྲང་བདེན་གྱི་ལས་འགུལ་ཞིག་ཏུ་འགྱུར་ཁག་པས་གང་ལྟར་བྱ་བ་དེར་མ་བརྩམ་སྔོན་ནས་ཐུགས་དགོངས་མང་ཙམ་གཏད་ན་བཟང་སྙམ། སྙིང་གི་སྐད་ཆ་རང་ཡིན་ཞུ།
གླིང་ཚ་ལགས། ཨུ་ཚུགས་ཅན་ལ་དགྲ་དར་མ་འཕྱར་བའི་ཞུ་བ་ཕུལ་ན་ཅི་ཕན། སྔོན་ཡང་ཁྱེད་ཀྱིས་དགྲ་དར་ཕྱར་བ་དེས། བོད་མི་མང་གྱི་སེམས་ལ་རྨ་ཁ་ཆེ་པོ་ཞིག་གཏོད་སོང་། ད་དུང་ཡང་ཁྲག་དར་དེ་འཕྱར་རྩིས་ཡོད་ན། ས་ཡ་དྲུག་གི་སྙིང་ཁམས་ལ་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་ནག་ཐིག་ཆེ་པོ་ཞིག་བཟོ་བར་འདུག་པས། ཐུགས་བསམ་ཞིབ་ཏུ་དཔྱོད། གོ་བ་མེད་པའི་གླང་རྒན་ལ། བཤད་ན་དོན་འབྲས་ཅི་ཡོང་།
གླིང་ཚ་ལགས། ང་ཡང་རྒྱལ་ཁབ་ཕྱི་ལོག་ན་སྡོད་བཞིན་བོད་རིགས་ཞིག་ཡིན། ང་ཡང་ཁྱོད་བཞིན་ཕྲུ་གུ་གཉིས་དང་ཕྲུ་གུ་གཉིས་ཀྱི་ཨ་མ་སོག་མོ་ཞིག་ཡོད། གལ་ཏེ་ཁྱོད་ཀྱིས་རྒྱ་དར་དམར་མོ་དེ་མེར་ལ་བསྲེགས་ནི་བོད་མི་ས་ཡ་དྲུག་གི་ཆེད་དུ་ཞི་བའི་གོམ་བགྲོད་བ་ཞིག་བྱ་འདོད་ན་ང་ཡང་ཁྱོད་ཀྱི་རྗེས་སུ་འབྲང་ན་འདོད། ངོ་མ་ཡིན། ཁྱོད་དང་མཉམ་དུ་ཡོང་འདོད་ཡོད། འོན་ཀྱང་གོང་དུ་བཤད་མྱོང་བ་ལྟར་ཤི་སྲོག་ལ་ཐུག་རུང་དམར་གཞུང་གི་ཁྲག་མདོག་གི་དར་དམར་དེ་དུས་ནམ་ཡང་ང་དང་མཉམ་དུ་འཁྱེར་འདོད་མེད།
གླིང་ཚའི་བུ་རྒོད་ལགས རེ་བ་ཚིག་གཅིག་ཞུ ཁྱེད་ཀྱིས་རྒྱ་དར་ཕྱར་བའི་བྱ་སྤྱོད་འདི་ལ་བརྟེན་ནས་བོད་མའི་ཁྲོད་འགལ་བ་ཡོང་གི་ཡོད་བཟོ་འདུག་ན་བོད་མིའི་མིག་གི་མཐོང་ས་ནས་མི་འཕྱར་རྒྱུ་རེ་བ་ཡིན རྒྱ་བལ་ས་མཚམ་རྒ་བའི་ཉིན་དེར་རྒྱ་དར་རི་འདྲ་ཞིག་ཕྱར་ཀྱང་ཡི་རང་ཞུ་ཡ་ལས་མེད གསལ་བོ་ཞིག་བཤད་བསམ་ཡང་ཁ་པར་ལས་ཡོང་གི་མི་འདུག
འདི་འདྲའི་རྩིས་བཀུར་རང་ཞུ་དགོས་ཡོད་ན། མའོ་ནས་བོད་ཀྱི་སེང་དར་དེ་འཕྱར་ཆོག་ཅེས་ལབ་ཡོད། ཨ་ན་ཨུ་ཚུགས་རང་གནང་དགོས་ཚེ། གཏམ་དཔེ་ཞིག་ལ། བ་མེད་པར་བའུའི་ཁོལ་ཐག་ཅེས་པ་བཞིན། རང་སྐྱོང་དང་དབུ་མའི་ལམ་གྱི་དྲི་མ་ཁ་རྒྱུ་མེད་པར་དར་དམར་འ྄ཕྱར་ན་དགོས་པ་མ་མཐོང་ངོ།
ལྷག་བསམ་རྣམ་དག་གི་ལས་འགུལ་ལ་ཡི་རངས་དང་བསྔགས་བརྗོད་ཡོད། ཕན་ཚོད་གཅིག་ཕན་ལས་ཆེ།
བཀྲིས་བདེ་ལེགས་ཡོད།
༄༅། །གླིང་ཚ་ཚེ་རྡོར་ལགས་སུ། གོང་དུ་དྲྭ་གྲོགས་མང་ཆེ་བས་དགོང་ཚུལ་རྣམས་གཅིག་མཚུངས་རེད་འདུག་པས་མང་པོ་ཞུ་མི་དགོས་པས་ཐོག་རང་ཉིད་ཀྱི་བསམ་ཚུལ་ཐུང་ཐུང་ཞིག་ཞུ་འདོད་བྱུང་བ་ནི། སྤྱིར་ཁྱེད་རང་གི་སེམས་ཤུགས་དང་ཆོད་སེམས་གཏོང་འཕོད་ཅན་ལ་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་ཀྱང། རྒྱ་དར་དམར་པོ་དེ་མཐོང་བ་ཙམ་གྱི་སེམས་ནང་མ་སྐྱིད་པ་ཞིག་ཏན་ཏན་ཡོང་གི་འདུག་ལ་བོད་རིགས་ཡོངས་ཀྱང་དེ་མཚུངས་ཡིན་པ་ཐེ་འཚོམ་མེད། ཕལ་ཆེར་ང་ཚོའི་བཙན་བྱོལ་གཞུང་དང་དབུ་མའི་ལངས་ཕྱོགས་འཛིན་མཁན་རྣམས་ནས་ཀྱང་ད་བར་རྒྱ་དམར་གྱི་དར་ཆ་འཆར་མྱུང་མེད་པ་གསལ་པོ་རེད། བོད་ནང་བོད་མི་དཔའ་བོ་དཔའ་མོ་མང་པོས་རྒྱ་དར་དམར་པོ་དེ་ཚོ་མར་ཕབས་ཏེ་བོད་ཀྱི་རྒྱལ་དར་འགྲེངས་ཐབས་རང་སྲོག་ཤོར་བ་དང་བཙོན་འཇུག་བྱུང་ལོ་རྒྱུས་མང་དག་ཤིག་བྱུང་ང་ཚོ་ཚང་མས་མཁྱེན་གསལ་རེད། སོང་ཙང་སྣད་འགག་འདི་ཚོར་དགོང་པ་ཆེ་བཞེས་ཀྱི་ལས་འགུལ་བསྩམ་ན་ལེགས་བསམ་པ་ལས་རྐང་རྗེས་ལག་གསུབ་ཀྱི་བྱ་བ་རེད་བསམ་པའི་་བསམ་ཚུལ་ཙམ་ཡིན། གཞན་ང་ཚོ་དམངས་གཙོའི་ལམ་ལུགས་ཐོགས་འགྲོ་དུས་ཁྱེད་རང་ལ་ཐོབས་ཐང་བརྒྱ་ཆ་བརྒྱ་ཐམས་པ་ཡོད་པ་སུས་ཀྱང་བཀག་མི་ཐུབ། དེ་དང་ཆབས་གཅིག་གོ་སྐབས་འདི་བཟུང་ནས་བྱང་ཨ་རིའི་ནུབ་ངོགས་སུ་གནས་པའི་བོད་མི་རྣམ་པར་འབོད་བསྐུལ་ཐུང་ཙམ་ཞིག་ཞུ་རྒྱུ་ལ། ང་ཚོ་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་གོ་འགྲིགས་འོག་ཨ་རིའི་མངའ་སྡེ་ཀེ་ལི་ཕོར་ནི་ཡའི་ས་གནས་ཨོག་ལེནཌ་ནས་རྒྱལ་ས་སཎ་ཕྲེན་སིར་རྒྱ་ནག་གཞུང་ཚབ་བར་ཞི་བའི་གོམ་བགྲོད་ཉིན་གྲངས་བརྒྱད་རིང་བྱ་རྒྱུ་ཡིན་པས་རྒྱལ་ཞེན་ཅན་བོད་མི་རྣམས་ནས་མཉམ་གཞུགས་ཡོང་བའི་འབོད་བསྐུལ་ཞུ། ཐུགས་རྗེ་ཆེ། ཡིག་ནོར་ལ་དགོང་་སེལ་ཞུ།
དགྲ་དར་དང་ཞི་བའི་གོམ་བགྲོད་
བོད་པར་དྲིན་བྱས་ཀྱང་དྲིན་དུ་མི་གོ་བའི་གདོད་ནས་ཡོད་པའི་གཤིས་དེར། བོད་དང་བོད་མ་ཡིན་པའི་མི་བོ་ཆེ་མང་དག་ཅིག་གིས་སྡུག་སྐད་ཤོར་བ་དང་། ཐ་ན་མང་པོ་ཞིག་བློས་བཏང་བྱས་པའི་ལོ་རྒྱུས་ཀྱང་ཡོད་པ་རེད་མོད། འོན་ཀྱང་ཁྱེད་ཉིད་དེ་ལས་ལྡོག་སྟེ། འདི་ལྟར་དཀྱིལ་ཡངས་དང་ཡིད་གཞུངས་བྱེད་སྟངས་དེས། རང་ཉིད་དོན་དམ་པའི་མི་བུ་དང་བསམ་བློ་བ་ཞིག་མཚོན་པ་ཡིན་པས། ངོ་མ་ཡིད་ཚིམས་བྱུང། བཀའ་དྲིན་ཆེ། དཔའ་གླིང་ཁྱེད་ཉིད་རྒྱལ་བར་ཤོག
བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས་སྨོད་མི་ཤེས་མཁན་གྱིས་སྨོད་ན་བཟང་ཟེར་བ་སྟར་། འཐབ་རྩོད་མི་ཤེས་མཁན་དེ་དག་གིས་བྱེད་སྟངས་དེས་བོད་ལ་ཕན་པ་ལས་བོད་ནང་ཁུལ་ལ་འཆལ་གཏམ་སྣ་ཚོགས་ཤིག་བཟོས་ཡོང་གི་འདུག་། དེ་ནི་རྒྱ་དམར་ལ་མཁོ་བ་ཡིན་པས་ཨ་མའི་བུ་ཚེ་རྡོར་མི་མཐུད་དུ་རྒྱ་དར་ཤོར་དང་། གཅིག་བྱས་ན་མ་འོངས་བ་ན་ཁྱེད་ཀྱི་མི་ཚེའི་ནང་ལ་ཕན་པ་ཡོད་ངེས་རེད་།
ཞི་བའི་གོམ་བགྲོད་ཕེབས་པར་དགའ་བསུ་ཡོད། ཡིན་ནའང་རྒྱ་གར་ས་མཚམས་བརྒྱུད་བོད་ལ་འགྲོ་མི་ཐུབ་པ་བརྒྱ་ཆ་བརྒྱ་རེད། དེས་ན་དུས་ཚོད་འཕྲོ་བརླག་ཡིན་པས་ལས་དོན་གཞན་སྤེལ་རྒྱུ་ཐུགས་བསམ་བཞེས་ན་ལེགས།
དྲ་འབུ་ཚོ་ཉོན་ཤིག །ཁྱེད་ཚོར་རྒྱ་དམར་ལ་དེ་ཙམ་མི་དགའ་བ་བདེན་ན། ཁྱེད་ཚོ་ལ་དེ་འདྲའི་རིགས་ཞེན་དང་ལ་རྒྱ་ཡོད་ན། ཁྱེད་ཚོ་ལ་ཆབ་སྲིད་ཀྱིས་གོ་རྟོག་དང་སེམས་ཚོར། དེ་བཞིན་སེམས་ཤུགས་དང་རིགས་ཞེན་དེ་འདྲ་ཡོད་པ་བདེན་ན་ཅིའི་ཕྱིར་མདུན་དུ་དོན་ནས་སྤྱི་ལ་ཕན་པས་ལས་དོན་ཡིད་སྨོན་ཤོར་དགོས་པ་ཞིག་ལ་མི་འཇུག་པར་གཅེས་པའི་ཕ་མ་དང་བརྩེ་བས་བཟའ་ཟླ་བུ་ཕྲུག །མདོར་ན་སོ་སོའི་ཡོངས་རྫོགས་བློས་བཏང་གནང་ནས་བོད་སྤྱིར་པའི་དོན་དུ་ཧུར་བརྩོན་མཁན་གྱི་མི་བུ་སྒེར་ཞིག་ལ་གཡུལ་འགྱེད་དགོས་པ་གང་ཡིན་ནམ། འདྲ་ཤར་སྒོར་དང་ཀླུད་ནུབ་སྒོར་མ་ཡིན་ནམ་་་་་་ཁྱོད་ཚོས་སྤྱི་ལ་ཕན་པའི་བྱ་བ་རེ་མི་ནུས་ན་་་རིགས་ཀྱི་ཞབས་འདྲེན་མི་ཞུ་པར་ངས་རིགས་རུས་གཅིག་པའི་རྒྱུ་མཚན་གྱིས་ཁྱེད་ཅག་ལ་རེ་བ་ཡིན། དེ་མིན་ནང་ཁུལ་དཀྲུགས་དགོས་ཀྱི་ལས་འགན་དམིགས་བསལ་ཅན་ཡོད་རིགས་ལ་ངས་གང་ཡང་མི་བཤད། ཁྱེད་ཚོ་ལ་བཤད་ན་ཕན་ཐོག་ཡོད་པ་མ་རེད་ལ་དེ་ནི་་་ཁྱེད་ཅག་གིས་འགྲུབ་མིན་གང་ཡིན་ཡང་སྒྲུབ་དགོས་པའི་ལས་དོན་ཤིག་ཡིན་པས་སོ།
ད་ནི་ཁོ་ལ་གླིང་ཚ་ཟེར་བའི་མིང་དེ་ཡང་འབོད་འདོད་མེད་པ་ཞིག་ཏུ་གྱུར་སོང་། ཁོ་པའི་མིང་ལ་ཁྱི་ཚ་ཚེ་རྡོར་ལབ་ན་ཏག་ཏག་རེད། ཕུང་དཀྲུག་མཁན་ཁོ་ནི་དགྲ་དགའ་གཉེན་སྡུག་བཟོ་མཁན་བོད་མིའི་ཞབས་འདྲེན། ཡབ་མེས་གོང་མའི་རྐང་འདྲེན། གཞིས་ལུས་སྤུན་ཟླའི་སྟེང་དུ་ངོ་རྒོལ་བྱེད་མཁན་གྱི་ཏང་ཕྲུག ཨ་མ་སྡོམ་པོ་སྐྱིད་ཟེར་བའི་འཕྱོན་མ་དེ་ལ་བུ་ངན་དེ་འདྲ་ཞིག་སྐྱེས་པ་ནི་བོད་གང་ཅན་པའི་ཞབས་འདྲེན་རང་རེད།
གླིང་ཚ་ལགས་ཁྱེད་ཀྱི་སེམས་ཤུགས་དང་སྤོབས་པ་ལྷག་བསམ་བཅས་ལ་སྙིང་ཐག་པ་ནས་གུས་འདུད་དང་རྗེས་སུ་ཡི་རང་ཡོད། འོན་གྱང་ཁྱེད་ཀྱིས་དར་དམར་ཕྱར་བ་དེ་ལ་ད་དུང་ཐུགས་བསམ་མང་ཙམ་གནང་རོགས་
གང་ཡིན་ཞེ་ན་དེའི་རྐྱེན་བྱས་ཏེ་བོད་མིའི་ནང་ཁུལ་དུ་བརྩོད་གཞི་ཤིག་ཆགས་འགྲོ་འདུག་པའི་ཐུགས་གཟབ་གནང་དགོས་ཆེ། ལྷག་པར་དུ་བོད་ནང་གི་བོད་མི་ཚོ་གཙོས་པའི་བོད་མི་མང་ཆེ་བའི་སེམས་ནང་ན་རྒྱ་ནག་ལ་
ཁོང་ཁྲོ་དང་ཡིད་ཆད་སྙིང་ནད་འཕར་བཞིན་པའི་སྐབས་ཤིག་ཡིན་པའི། དེའི་ན་ཁོང་ཅག་གི་ཐུགས་ལ་མི་འཕྲོད་པ་བྱུང་ན་ནང་ཁུལ་གྱི་སྙོག་འཛིང་ཤིག་ཏུ་འགྱུར་སྲིད། བོད་ནང་རྒྱ་དར་མར་ཕབ་པའི་རྐྱེན་བྱས་དེ་
དམར་གསོད་ཐེབ་པ་དང་བཙོན་འཇུག་དེ་བཞིན་དུ་བྲོས་གཤོལ་ལ་འགྲོ་དགོས་པ་སོགས་མང་ཙམ་བྱུང་ཡོད་པའི་དེ་དག་ལའང་ཐུགས་བསམ་བཞེས་རོག་གནང་། གལ་སྲིད་ངས་བསམ་ཚུལ་ནོར་ཡོད་ན་དགོང་དག་ཞུ་བ་ཡིན། དོན་དགའ་ནས།
༄༅། །འཇམ་གཅེས་ལགས་སུ་ཞུ་རྒྱུར། ཁོང་གླིང་ཚ་ཚེ་རྡོར་གང་ཟག་སྒེར་ཞིག་ལ་གཡུལ་བགྱེད་བྱེད་ཀྱི་ཡོད་པ་མ་རེད་ལ། བྱེད་དགོས་དོན་ཡང་ཡོད་མ་རེད། དེའི་མ་ཟད་ཁོང་གི་སེམས་ཤུག་དང་ཆོད་སེམས་ལ་མང་ཆེ་བས་བསྔགས་བརྗོད་གནང་གི་ཡོད་ཀྱང་ཁོང་གི་ལས་འགུལ་ཆེད་བེད་སྤྱོད་གནང་རྒྱུའི་གོ་མཚོན་ལྟ་བུར་རྒྱ་དམར་གྱི་རྒྱ་དར་དམར་པོ་དེ་བོད་ཕྱི་ནང་གཉིས་ཀའི་བོད་མི་བརྒྱ་ཆ་ ༩༩.༩༩འི་སྙིང་ལ་མདའ་ཟུག་པ་ལྟ་བུའི་ན་ཚ་ཡོད་དེ་རེད། མ་གཏོགས་གཞན་གང་ཡང་མ་རེད། དེ་དང་ཆབས་གཅིག་གོང་དུ་དྲྭ་གྲོགས་རིགས་ཞེན་དཀར་པོ་ཞུ་བ་ནི་ཕྲན་བུའི་ཚད་ལས་འགལ་བའི་བཀའ་མོལ་རེད། དེ་རིགས་ཀྱི་བཀའ་མོལ་མ་གསུང་ན་གང་ལེགས་འདུག །
རྒྱའི་དར་དམར་འཕྱར་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་མེད། གལ་སྲིད་དར་དམར་འཕྱར་རྒྱུ་ཡིན་ན་ཏང་སྲིད་དམག་མིའི་དམག་ལ་ཆ་འགྲིག་ཅིག་ཀྱང་གོན་རོགས་གནང་། དེ་ནས་ཆ་ཚང་བ་རེད། གཞན་སྐུ་མཁྱེན་ཞུ། རྒྱ་དར་མ་འཕྱར་རོགས།
གླིང་ཚ་བ། བོད། ཤ་ཁྲག་རུས་གསུམ། ས་ཡ་དྲུག་གི་བུ། མིང་འདི་རྣམས་ཇི་འདྲའི་སྙན་པ་ཞིག་རེད། ངས་ཁྱེད་ཀྱི་ཐོག་མའི་ཀུན་སློང་དང་བར་ཀྱི་བློས་གཏོང་། མཐའ་མའི་ལས་འགུལ་གྱི་འགོ་འཛུག་སོགས་ལ་གུས་དུད་ཞུ།
སྤྱིར་ངས་ཁྱེད་རང་ལ་གུས་དུད་ཞུ་དགོས་པ་ཁག་ནི། ད་རེས་ཀྱི་ལས་དོན་འདི་གཅིག་པུར་མིན་པར་དེ་སྔོན་ཁྱེད་ཀྱིས་ཕོར་པ་དང་སྣོད་ཆས་འཁྲུད་ཞོར་པདྨ་མཚོ་ལ་དུང་བ་ཅང་མི་ཤེས་ཀྱང་རང་གི་ཕ་སྐད་ལ་དུང་བའི་དེབ་ཕྲེང་འགའ་ཞིག་མི་ཡུལ་འདིར་བཞག་སོང་བ་དང་། ན་ནིང་བློ་བུར་དུ་ཁྱེད་ཀྱིས་ཆེས་སྙིང་ནས་གཅེས་པའི་བུ་ཕྲུག་དང་ཆུང་མ་རྣམས་བློས་བཏང་སྟེ་ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་འབུལ་རྒྱུའི་དམ་བཅའ་བཞག་སོང་བས་རེད།
དེའང་ཐོག་མའི་ཁྱེད་ཀྱི་དམ་བཅའ་ལྟར་ཉིན་དང་པོ་རྡ་སའི་རི་གྲོང་ནས་ཨ་མ་དང་སྲིང་མོ་བཅས་ལམ་དུ་ཆས་དུས་ང་ཚོའི་མིག་ཁུག་མཆི་མས་བཀང་ཡོད་ལ། བོད་ཀྱི་གྷན་དྷི་ཆུང་ཆུང་ཞེས་མགྲིན་དབྱངས་གཅིག་ཏུ་བསྒྲགས་མྱོང་།
འོན་ཀྱང་མི་ཚེ་རིང་དུ་རིང་དུ། མཐོང་རྒྱུ་མང་རུ་མང་རུ། ཞེས་པའི་དཔེ་ལྟར་བར་དུ་ང་དང་ང་འདྲ་བའི་རྒྱང་ལྟས་དང་ཁུག་ཡིབས་པ་ཚོའི་སེམས་ལ་རྨ་ཁ་བཞག་སོང་།
གལ་སྲིད་ཁྱེད་རང་བོད་ཀྱི་གྷན་དྷི་ཆུང་ཆུང་ཞིག་ཡིན་ན། བྱང་ཆུབ་སེམས་དཔའ་གྷན་དྷིས་རྒྱ་གར་གྱི་འཐབ་རྩོད་སྐབས་དབྱིན་དར་ཕྱར་མེད་པས་ཁྱེད་ཀྱིས་མིག་དཔེ་དེར་ལྟ་ན་ཅི་འདྲ་རེད།
གལ་སྲིད་ཁྱེད་ཀྱིས་འཚེ་མེད་ཞི་བའི་ལྟ་སྒྲུབ་ཅིག་སྐྱོང་བཞིན་ཡོད་ན། བོད་མི་ཁྲི་ཕྲག་མང་པོའི་སེམས་སུ་ན་ཟུག་གི་འཚེ་བ་སྤྲོད་མཁན་གྱི་དགྲ་དར་མ་འཕྱར་ན་ཨེ་ཆོག
གལ་སྲིད་ཁྱེད་ཀྱིས་དབུ་ལམ་གྱི་གྲུབ་འབྲས་ཆེད་ཐབས་ལམ་དེ་གདམས་པ་ཡིན་ན། དར་དམར་དེའི་འོག་ནས་རྒྱ་གཞུང་གིས་ཆ་རྐྱེན་ག་ཚོད་བཏང་དང་གཏོང་བཞིན་འདུག་པ་ཁྱེད་ཀྱིས་ཨེ་མཁྱེན། དཔེར་མཚོན་ཞིག་ཞུས་ན། སྔ་བཞུག་བོད་ནང་གི་བོད་མིས་ལས་འགུལ་སྤེལ་ཚད་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུག་གིས་བརྒྱུད་བསྐུལ་བྱས་པ་ཁས་ལེན་དགོས་སྟབས་དེ་ཁྱེད་ཀྱིས་ནུས་སམ།
ང་ཚོར་དོགས་པ་དང་རེ་ཆད་འགའ་ཞིག་ཡོང་གིན་འདུག་པ་ནི། ཐོག་མར་གོང་ཞུས་ལྟར་རྡ་ས་ནས་ཐོན་དུས་ཁྱེད་ཀྱིས་དགྲ་དར་ཕྱར་མ་སོང་ལ། འཕྱར་རྒྱུ་ཡིན་པའི་སྐད་ཙམ་ཡང་མ་ཐོས། ཁྱེད་མ་བུ་རྣམས་མུ་མཐུད་དུ་མདུན་ནས་མདུན་དུ་བསྐྱོད་སོང་ལ། སྐྱོད་བཞིན་པའི་བར་སྐབས་ཞིག་ནས་ཁྱེད་ལ་སུས་ཐབས་ལམ་དེ་བསྟན་པ་ཡིན་ནམ། ང་ཚོར་ཧང་སང་བཅུག་སོང་ལ། ཁྱེད་ལ་རྒྱབ་བཤད་རྒྱག་མཁན་ཡང་ཇེ་མང་ནས་ཇེ་རྡུག་དུ་ཕྱིན་སོང་།
ཁྱེད་ཀྱིས་གསུངས་པ་བདེན་པ་ཡིན་རྒྱུ་རེད། ཁྱེད་ཀྱིས་དགྲ་དར་ཕྱར་བ་དེ་བོད་མི་སྒེར་པ་ཞིག་གི་སོ་སོའི་རྒྱལ་ཁབ་ལ་སྐྱོང་བའི་བསམ་ཚུལ་དང་དང་འཐབ་རྩོད་ཅིག་ཡིན་སྲིད་ཀྱང་། ཇི་སྲིད་ཁྱེད་ཀྱིས་ལས་དོན་དེ་མདུན་ནས་མདུན་དུ་བསྲིང་བར་ཁྱེད་ལ་བོད་མི་མང་གིས་རྒྱབ་རྩ་འཐོབ་དགོས། ཇི་ལྟར་བོད་གཞིས་བྱེས་གཉིས་ཀྱིས་རྒྱབ་སྐྱོར་དང་སྤོབས་པ་གནང་བར་དེ་ཙམ་གྱིས་ཁྱེད་ཀྱི་ལས་འགུལ་ལ་ནུས་པ་དང་སྟོབས་ཤུགས་ལྡན་རྒྱུ་རེད།
མི་བུ་གང་ཞིག་གིས་སོ་སོའི་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགུལ་ཇི་འདྲ་ཞིག་སྤེལ་ནའང་ལས་འགུལ་དེས་སོ་སོའི་མི་རིགས་རྣམས་ལ་ལམ་སྟོན་དང་རྨོངས་གཉིད་ལས་སད་ཐབས་ཞིག་ཏུ་འགྱུར་ཐུབ་དགོས། དེ་མིན་རྒྱ་ཁྱབ་མིན་པའི་ས་ཁུག་ལུང་སྟོང་ནང་གི་ཀི་ཅོ་ལྟ་བུའམ་ཡང་ན་མི་མང་གི་བསམ་ཚུལ་དང་འགལ་ཟླ་བྱུང་ཚེ་སོ་སོའི་དཀའ་ལས་རྣམས་ཆུད་ཟོས་དང་ནམ་ཞིག་ཡིད་ཆད་རྒྱུ་ལས་གང་ཡང་མེད། དེ་ནི་མི་མང་གིས་རྒྱབ་རྩ་མེད་པར་མི་བུ་སྒེར་པ་ཞིག་གིས་དགྲ་ལག་ནས་རང་གི་རྒྱལ་ཁབ་ཕྱིར་ལེན་ཐུབ་མི་སྲིད་པ་ཞིག་ཡིན་པས་རེད། མདོར་བསྡུས་ན་དེ་ནི་གོང་ཞུས་ལྟར་ལས་འགུལ་ཇི་འདྲ་ཞིག་སྤེལ་ནའང་མི་མང་གིས་རྒྱབ་སྐྱོར་དགོས་པ་ནི་ཨང་དང་པོའི་ཆ་རྐྱེན་དེ་རེད་དྲན།
གང་ལྟར་ཁྱེད་ལ་སྨོན་ཞིང་ཁྱེད་ལ་བཀུར་བའི་ང་ཚོའི་རེ་ཐག་དེ་མི་གཅོད་པའི་ཕྱིར་སུམ་ཅུའི་དུས་དྲན་ཉིན་ནས་བཟུང་ཁྱེད་ཀྱིས་དགྲ་དར་དེ་བསྡུ་བསོག་བརྒྱག་རོགས་ཞུ།
ཞེས་ས་ཡ་དྲུག་གི་བུ་ལ་ས་ཡ་དྲུག་གིས་སྤུས་བཙུག་ཐལ་སྦྱར་ནས་ཕུལ།།
༸ གླིང་ཚ་ཟེར་བ་འདི། ཚོར་ཤུགས་ཆེན་པོ་ཅན་ཞིག་ཡིན་པ་མ་གཏོགས། ཀློའུ་ཆེན་པོ་ཞིག་ཡིན་པ་འདྲ།
ཐུགས་རྗེ་ཆེ། ཁྱོད་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་འདིས་བོད་མི་ས་ཡ་དྲུག་གི་སེམས་ཁམས་དང་ལོ་རྒྱུས་ལ་ཕན་ལས་གནོད་ཆེ་བས་རྒྱ་དར་ཁུར་ནས་འགྲོ་བ་ལས་། ཁུ་སིམ་སིམ་གྱིས་བཞུགས་རོགས།
སྤུན་ཟླ་གླིང་ཚ་ལགས་ཁྱེད་ཀྱི་སེམས་ཤུགས་དང་སྤོབས་པ་ལྷག་བསམ་བཅས་ལ་སྙིང་ཐག་པ་ནས་གུས་འདུད་དང་རྗེས་སུ་ཡི་རང་ཡོད། ཡིན་ན་ཡང་ངེད་ཅག་བོད་མི་རྣམས་ཀྱི་དགྲ་དར། སྤུན་ཟླ་ཁྲི་མ་འབུམ་གྱི་ཁྲག་དར་དེ་འཕྱར་ན་གུས་འདུད་དང་ཡི་རང་སོགས་ཕར་ཞོག་དཀོན་མཆོག་གསུམ་སྙིང་ན་ནས་རོག་གི་ན་སྤུན་ཟླ་གུས་ཅེས་ཐུགས་བསམ་ཞིག་གཏང་ནས་ཁྱེད་ཀྱིས་བྱ་བ་རླབས་ཆེན་མེད་པར་མ་ཟོ་རོག།། གང་ཡིན་ཞེ་ན་ བོད་ནང་རྒྱ་དར་མར་ཕབ་པའི་རྐྱེན་བྱས་དེ་དམར་གསོད་ཐེབ་པ་དང་བཙོན་འཇུག་དེ་བཞིན་དུ་བྲོས་གཤོལ་ལ་འགྲོ་དགོས་པ་སོགས་མང་ཙམ་བྱུང་ཡོད་པའི་དེ་དག་ལའང་ཐུགས་བསམ་བཞེས་རོག་གནང་།
སྤྱིར་བཏང་གླིང་ཚ་རང་ཉིད་ཀྱིས་རང་ཉིད་བོད་མི་ཞིག་ཡིན་པའི་འགན་འཁྱེར་ཏེ་བོད་རང་དབང་འཐབ་རྩོད་ལ་ནུས་ཤུགས་ཡོད་རྒུ་འདོན་བཞིན་པ་བསྔགས་བརྗོད་ཀྱི་ཡུལ་དུ་ཆེ། མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་རྩོད་བཞིན་པའི་དབུ་མའི་ལམ་མམ་རང་སྲིད་རང་སྐྱོང་ནི་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནས་ཁ་འབྲལ་རྒྱུ་མིན་པའང་རྩ་བའི་ཁས་ལེན་བྱས་ཚར་དུས་ད་འདའ་ནས་གླིང་ཚས་དར་མདར་འཁུར་ཀྱང་ཁྱབ་པར་གེ་མི་འདུག་ལ། རང་སྐྱོང་བའི་རྗེས་འབྲང་ཚང་མས་ཀྱང་རྒྱ་དར་མཉམ་འཕྱར་གྱིས་འཐབ་རྩོད་བྱས་ཀྱང་ཕན་པ་ལས་གནོད་པ་གེ་འབྱུང་གི་མ་རེད། གླིང་ཚ་རང་ཉིད་ཀྱི་བློ་སྤོབས་དང་ཆོད་སེམས་ནི་བརྟན་བརླིང་ཞིག་ཡིན་ཀྱང་གོམ་བགྲོད་ཀྱིས་ཕ་ཡུལ་དུ་སླེབས་མི་ཐུབ་པའང་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་རེད། དཔེ་མཚོན་ནི་སྔར་ལོ་ཇི་བཞིན་འདའ་ས་གཏན་ནས་མེད། འདི་ནི་གནས་བསྐོར་དང་ཡུལ་འཁྱམས་པ་མིན་པར་མི་རིགས་ཤིག་གི་རང་དབང་ཆེད་དུ་འགྲོ་དུས་གནས་ཡུལ་རྒྱལ་ཁབ་ཀྱི་བཀའ་འཁྲོལ་དང་ཆོག་མཆན་མེད་པར་གང་འདོད་འདོད་ཅིག་མིན་པའང་ཚང་མས་མཁྱེན་གསལ་རེད། མདོ་དོན་བོད་ལ་རང་སྲིད་རང་སྐྱོང་གཙང་མ་ཞིག་འཐོབ་དགོས་ན་གཞིས་ལུས་ཆོལ་གསུམ་བོད་མིས་འགུལ་བསྐྱོད་རྒྱ་ཆེ་ཞིག་མ་བརྒྱབ་བར་དུ་བཙན་བྱོལ་ནས་འཕགས་གཙག་ག་ཚོད་བརྒྱབ་ཀྱང་འབྲས་བུ་འཐོབ་མི་སྲིད། རྒྱུ་མཚན་ནི་མི་ལོ་དྲུག་ཅུ་ཕྱིར་མིག་བལྟས་པས་མཐོང་ཡོང་།
གླིང་ཚ་ཚང་གི་བུ་རྒོད་ཁྱེད་ཀྱིས་གང་བྱས་ས་ཡ་དྲུག་གི་ཆེད་དུ་ཡིན་པ་ང་ལ་ཡིད་ཆེས་ཡོད་འོན་ཀྱང་འགའ་ཤས་ནས་གནས་ལུགས་རྒྱུ་མཚན་ཡོད་འདོག་གིས་འུད་སྒྲོག་ཙམ་བྱེད་པ་ལས་ལག་ལེན་དངོས་དང་མདུན་དུ་ཐོན་རྒྱུ་མེད་པ་འདི་ཚོ་སྐབས་འཚོལ་བ་དང་ཐན་བྱ་འུག་པའི་བྱ་སྤྱོད་ལས་མ་འདས་པས་འདིའི་རིགས་ལ་ཐུགས་གཟབ་གནང་རོགས། ཁྱེད་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བཅས། བོད་རྒྱལ་ལོ།།
གླིང་ཚ་ལགས། མང་པོ་ཞིག་གི་གསུངས་ཚར་སོང། ངེད་གཉིས་ཁ་འཕྲལ་ནས་ལོ་ངོ་བཅུ་རིང་བྱིན་སོང། ཡིན་ནའང་ངེད་གཉིས་ཀྱི་བརྩེ་བ་ནི་ངའི་ནམ་ཡང་གཏོར་ཉོངས་མེད་ལ། གཏོར་འདོད་ཡང་མེད། ཡིན་ནའང་རྒྱ་དམར་གྱི་དར་ཆ་འཕྱར་ནས་འགྲོ་བ་དེ་ངོ་མ་སེམས་ལ་ཤོང་དཀའ་བ་ཞིག་རེད་ལ། མི་མང་པོ་ཞིག་གི་ཡང་དར་དམར་འཕྱར་འདོད་པ་རྩ་བ་རང་ནས་བྱེད་གྱི་འདུག།
ད་རེས་ཤར་ཕྱོགས་ཐན་བྱས་མཉམ་ཞུགས་བྱས་ཏེ་དར་དམར་མཁའ་ལ་སྒྲེང་བཞིན་ཞུགས་སྒར་རྡ་ས་ནས་འགོ་འཛུགས་བྱེད་ཀྱི་ཡིན་པ་རེད། མ་གཞི་ནས་ཤར་ཕྱོགས་ཐན་བྱ་ཁྱོད་གཉིས་དེ་འདྲའི་དཀའ་ལས་རྒྱབ་སྟེ་གོམ་འགྲོས་བྱེད་པ་ལས་དར་དམར་མཁའ་ལ་འཕྱར་ཏེ་ཐད་ཀར་ལོག་ཕྱིན་ན་དཀའ་ལས་ཆུང་གི་རེད། ལས་དོན་འགྲུབ་རྒྱུ་ལྷག་མ་བསྡད་ཡོད་ན་མ་གཏོགས།
གླིང་ཚ་ལགས། ད་རེས་ཤར་ཁུག་དང་འཇམ་གཅེས་ཟེར་བ་སོགས་མཉམ་དུ་འཁྲིད་ཐུབ་པའི་རེ་བསྐུལ་ནན་ཞུ་ཡོད། བཙན་བྱོལ་ནང་ཁྱེད་རང་ནང་བཞིན་དགྲ་དར་འཁུར་ཐུབ་མཁན་ཁོ་གཉིས་ལས་ཡོད་ཚོད་མི་འདུག སྤྱིར་ཁྱེད་རང་རྒྱ་མི་བྱེད་རྒྱུ་ཡིན་ན། རྒྱ་དར་འཁུར་རྒྱུ་ཡིན་ན། སོ་སོ་ངོ་མི་ཚ་ན་རང་གི་འདོད་པ་རེད། ཁྱེང་རང་གི་ཐོབ་ཐང་རེད། འོན་ཀྱང་། སོ་སོས་སོ་སོར་ས་ཡ་དྲུག་གི་བུ་སོགས་བཏགས་པ་ནི་ཤིན་དུ་མ་འོས་ཞིག་ཏུ་མཐོང་། ས་ཡ་དྲུག་གི་བུ་ངོ་མ་ཞིག་གིས་སྲོག་ལ་བབས་ཀྱང་དགྲ་དར་འཁུར་ནས་ཆབ་སྲིད་འཁྲབ་མི་སྲིད།
ད་ཐེངས་ཚེ་བརྟན་རྡོ་རྗེ་དང་མཉམ་ཞུགས་བྱེད་མཁན་ཞིག་ཡོད་ཚེ་དེ་ནི་ངེས་པར་དུ་ཤར་ཕྲོགས་ཁུག་རྟ་ཡིན་ངེས། གང་ཡིན་ཟེར་ན་ཁོང་ཉིད་ནི་རྒྱ་ནག་གི་དར་ཆ་འཕྱར་བར་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཡིན་པས་སོ།། ཁོང་གཉིས་ལ་རྡོ་དང་དབྱུག་པས་སྐྱེལ་མ་བྱེད་རོགས། སྐད་ཆ་འདི་ཙམ་ཐོས་དུས་ཁྱེད་ཚོ་ཧང་སངས་མདོག་མདོག་མ་བྱེད་རོགས་གང་ཡིན་ཟེར་ན་”གོ་བ་མེད་པའི་གླང་རྒན་ལ།། རྒྱལ་བོའི་བཀའ་ལས་དབྱུག་བ་བཙན།།”ཟེར་བ་མ་ཡིན་ནམ། ཞུ་བ་བརྒྱ་ཕྲག་ཕུལ་ནས་ངོས་ལེན་མ་བྱས་ཚེ་ཐ་མའི་གདམ་ག་དེ་ལས་མེད་དོ།།
གལ་སྲིད། གླིང་ཚས་སུམ་བཅུའི་དུས་དྲན་ཉིན་རྡ་ས་གཙུག་ལག་ཁང་ནས་རྒྱ་ནག་གི་དར་ཆ་མཁའ་རུ་ཕྱར་ཚེ་དེ་ནི་ལོ་རྒྱུས་ཁྲོད་ཀྱི་ནག་ཐིག་ཐོག་མ་དེ་ཡིན་པས། སྐབས་དེར་རྒྱ་ཆེའི་མི་མང་གིས་རྔོ་རྒོལ་བྱས་ནས་གླིང་ཚ་མ་བུ་ཚོ་རྡོ་དང་དབྱུག་པས་སྐྱེལ་མ་མི་བྱེད་པའི་ངེས་པའང་མེད། མ་གཞི་བོད་པ་འདི་ཚོ་ཚོར་ཤུགས་འཕར་བཞིན་པའི་སྒང་དེར་གང་ཡང་བྱེད་སྲིད་ལ་བྱེད་ཀྱང་ཐུབ་མཁན་ཞིག་ཡིན་པས་སོ།།
གལ་སྲིད། གཙུག་ལག་ཁང་ནས་རྒྱ་ནག་གི་དར་ཆ་ཕྱར་ནས་མི་མང་གིས་ཁ་བཏགས་དང་རྫོང་བས་སྐྱེལ་མ་ཞུས་ན། མ་འོངས་པར་དེ་ནི་ལོ་རྒྱུས་ཁྲོད་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་བརྩིས་ནས་ང་ཚོའི་མི་རབས་འདི་ལ་རྒྱུག་པ་ལེབ་རྡུང་མི་བྱེད་པའི་ངེས་པའང་མེད་དོ།། ངས་ནི་སུམ་དུས་ཉིན་མོར་ངོ་རྒོལ་རྒྱག་ཐག་ཆོད་ཡིན། ཁྱེད་ཚོ་རྒྱ་དམར་གྱི་དར་ཆ་འཕྱར་རྒྱུར་མི་སྐྲག་ན་ང་ཡང་ལོ་རྒྱུས་ཀྱི་ཉེས་ཅན་ཐེར་འདོན་བྱེད་པར་གཏན་ནས་མི་སྐྲག་གོ།།
བསམ་འཆར་ཞིག་འབྲི་ན་འདོད་གི་་་་་
འཇིགས་མེད་ཐོས་པ་རང་གྲོལ་གྱིས་ཡག་པོ་གསུངས་འདུག་།
སེམས་ཀྱི་ཤེས་པ་ཞི་བའི་ལྷ་དང་འགྲོགས།།
ལུས་ཀྱི་འགུལ་བསྐྱོད་འཚེ་མེད་ལུགས་དང་འགྲོགས།།
དམིགས་པའི་འབེན་ནི་བོད་རྒྱ་ཞི་འགྲིག་ཉིད།།
ཐབས་ཀྱི་ལག་ལེན་དར་ཆ་མཉམ་འཕྱར་ལ།།
སྡིག་དམོད་རྡོ་དང་དབྱུག་པའི་འཚེ་འདོད་པའི།།
རིགས་ཀྱི་སྤུན་ཟླ་གང་ན་སུ་ཡོད་ཀྱང་།།
བདག་གིས་ལན་དུ་བརྩེ་བའི་མེ་ཏོག་འབུལ།།
ཕྱི་ནང་སུ་ཡིས་ང་ལ་སྡང་ན་ཡང་།།
ང་ཡི་དེ་ལ་བསམ་ཤེས་སེམས་ཀྱིས་གུས།།
དེ་དང་ཁྱབ་ཅིག་འཁོན་སེམས་མྱུར་སྤངས་སྟེ།།
འགྲོ་བའི་འདྲེན་པ་༧སྐྱབས་གནས་ཀུན་འདུས་མཆོག།
གྲུ་འཛིན་ཕོ་བྲང་པོ་ཏ་ལར་ཕེབས་ཆེད།།
བོད་རིགས་སྐྱེ་བོའི་རིགས་རྟོགས་སེལ་བའི་ཕྱིར།།
སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས།།
དེང་སེང་སོ་སོས་སོ་སོ་སྙིང་རྗེ་བོ་ཅིག་བཟོ་གི་འདུག་་་་་་་་ཤེས་ནི་རེད་་་་་་་་་་ཤེས་ནི་རེད་་་་་
རེད་རེད་་བརྡོ་དང་དབྱུག་པ་གང་དགོས་ཁུར་ནས་ཤོག་དང་། གླིང་ཚ་གྲོགས་མེད་ཁེར་རྐྱང་རེད་འདུག་མིན་ལྟད་མོ་མཐོང་ངེས་རེད།
གླིང་ཚ་ཁྱེད་་་་ངོ་མ་བོད་མི་དམངས་ཀྱི་ཆེད་དུ་བཀའ་ལས་རྒྱབ་སེམས་པ་ཡིན་
བོད་མི་མང་ཤོས་ཟེར་བ་དེར་ཉན་ན་་་་་་མི་སེམས་ཡོད་པའི་རྟགས་རེད་་་་་་་་་དེ་མིན་ས་ཡ་དྲུག་གི་བུ་ཟེར་བ་སོགས་མིང་གང་བྱུང་བེད་སྤྱོད་མ་བྱེད་རོགས་
ད་ལྟོས་ཨ། ནང་དམེ་ཨང་ཀི་དང་པོ་ཞིག་བྱེད་ས་རེད།
རྒྱལ་བ་པཎ་ཆེན་བཞུགས་པའི་ཚེ།
པོ་ཏ་ལ་ན་རྒྱ་དར་མེད།
ད་ལྟའི་གུང་ཁྲན་དཔོན་ངན་གྱིས།
རྒྱ་དར་ཇོ་ཁང་སོགས་ལ་བཙུགས།
དེ་འདྲའི་ལས་ལ་རོགས་བྱེད་པ།
གླིང་ཚ་སྤྱང་གྲོགས་ཁྱི་རྒྱུགས་ཡིན།
ས་ཡ་དྲུག་ལ་བུ་འདི་འདྲ།
མང་ན་བོད་འདི་སྔ་ནས་འཇིག
དགྲ་ལ་རང་གི་མཚང་བསྟན་ཅིང་།
ནང་གི་མཐུན་སྒྲིལ་འབད་དེ་བཤིག
རང་གི་ཅི་བྱས་རང་གིས་ཁུར།
དབུ་མའི་ལམ་ལ་ཁག་མ་འཇོག
ཇི་སྲིད་རང་སྐྱོང་མ་ཐོབ་ཅིང་།
བོད་མིས་ཇི་སྲིད་རང་ཉིད་སྲེག
དེ་སྲིད་བོད་པ་ཐམས་ཅད་ཀྱིས།
རྒྱ་ཡི་དར་དམར་འཕྱར་མི་བྱ།
ཕྱི་ཡི་དགྲ་ལ་རྒོལ་པ་དང་།
ཆབས་ཅིག་ནང་གི་དགྲའང་ཟོན།
ཆུ་རགས་རི་བོའི་གཏོས་མཉམ་དག
ཕལ་ཆེར་གྲོག་ཚང་དག་གིས་བཤིག
གོང་དུ་བསམ་ཚུལ་གྱ་ངོ་གདོང་ནས་ལྷག་བསམ་ཡིན་གཤའ། དེས་ན། ཚང་མས་ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དང་རྒྱུ་ནུས་དེ་འཚེ་མེད་ཞི་ལྷིང་དང་། ཕུགས་བརྟན་བདེན་དོན་ཡིན་པ་དེ་རྒྱ་དམར་གྱི་མེ་མདའི་ཁ་འོག་ཏུ་ཡང་བརྗེད་མི་རུང་། རྒྱ་བོད་དབར་གྱི་འཐབ་རྩོད་དེ་མེ་མདའ་དང་མེ་མདའི་བར་གྱི་འཐབ་རྩོད་མིན། དེ་ནི། གཉའ་གནོན་དང་བཟོད་བསྲན། མེ་མདའ་དང་བདེན་པ། འཕྲལ་སེལ་དང་ཕུགས་རྒྱང་། མདོར་ན་ཞི་བ་དང་དྲག་པོའི་བར་གྱི་འགལ་ཟླའི་འཐབ་རྩོད་ཡིན།
ང་ཚོ་ནི་གོ་མཚོན་དམག་འཁྲུག་དོར་ནས་རང་རིགས་དང་རྒྱལ་ཁབ་ཀྱི་རྨང་དོན་ལ་ཐུག་ན། ཐ་ན་རང་གི་གཅེས་སྲོག་དོར་བར་ཞུམ་པ་ག་ནས་འདུག་གམ། གལ་ཏེ་དོན་གནད་ཐན་ཐུན་ནམ་དགོས་དམིགས་ཆུང་རྩག་ཆེད་རང་ལྕེབས་བྱས་ཡོད་ཚེ་གཞི་རྩའི་ལྟ་ཕྱོགས་དང་འགལ་ཞིང་། དོན་མེད་ཆུད་གཟོན་པ་རང་རེད་མོད། འོན་ཀྱང་དེ་ལྟར་མིན་པ་རང་རེའི་སྦྱིན་ཕོད་དཔའ་བ་བརྒྱ་ཕྲག་བརྒལ་བ་དག་གི་འགྲོ་ཁའི་ཞལ་ཆེམས་དང་འབོད་སྒྲར་གཟིགས་དང་ལེབ་མཐོང་རང་རེད།
རྒྱ་དམར་ནས་ང་ཚོའི་ལུང་པར་བཙན་འཛུལ་བྱས། རང་རིགས་ས་ཡ་བརྒལ་བ་བསད། ཆོས་དང་རིག་གཞུང་རྩ་གཏོར་ཧམ་སེམས་བཅངས། གཉོམ་ཆུང་བོད་རིགས་བཙོན་བཅུག་གནར་གཅོད་བསམ་ཡུལ་ལས་འདས་པ་བཏང་། བོད་ཀྱི་ཉིང་བཅུད་ཆོས་རིག་རྨང་ནས་བཤིགས་འཆར་བྱེད། ཁོར་ཡུག་ནགས་ཚལ་གཏེར་ཁ་གནའ་རྫས་ཉིང་བཅུད་ཇག་རྐུན་བརྒྱབ། ད་དུང་བོད་འབྱོར་ཕྱུག་ཡར་ཐོན་གོང་འཕེལ། གནའ་ཤུལ་གཅེས་འཛིན། འཛུགས་སྐྲུན་གནམ་ས་བླ་འོག་གི་དེང་རབས་ཅན་དུ་བསྒྱུར་ནས་སྔོན་མེད་ཡར་རྒྱས་གོང་མཐོར་གཏོང་བའི་རྫུན་གཏམ་སྟོང་པ་བཤད་བྱས། མདོར་ན་གདུག་རྩུབ་ཀྱི་དཔའ་བོ་ནི་རྒྱ࿒དམར་རང་རེད།
འདྲེ་རྒྱ་དམར་ཤར་ཕྱོགས་སུ་བཞག་ནས། གླུད་ནང་རྩོད་ལྷོ་ཕྱོགས་མ་འགྲོ་བར་ཤིན་ཏུ་གལ་ཆེ། ང་ཚོ་ཕན་ཚུན་བསམ་ཚུལ་བཏོན་རེས་དང་བགྲོ་གླེང་ནི་རང་དབང་སླར་གསོའི་རྒྱ་རུ་འགྲོ་དགོས་པ་ལས། ནང་ཁུལ་འཐེན་འཁྱེར་དུ་མི་འགྲོ་བར་བྱ་དགོས། བོད་རིགས་ཡིན་ནོ་ཅོག་དེ་དགྲ་ཡི་དགྲ་རེད། ང་ཚོ་སྤུན་ཟླ་ཡོངས་དགྲ་ཡི་དགྲ་རེད། དགྲ་ཡི་དགྲ་དེ་ང་ཚོའི་མཛའ་གཉེན་སྱུན་གྲོགས་ཡིན་བརྗེད་མི་ཉན་ཨང་། དེ་ལས་དོ་སྣང་དོ་གལ་བྱ་དགོས་ས་དཔེར་ན། རང་བཙན་འདོད་མཁན་ཚོར་དེ་བས་རྙོག་འཛིང་ཆེ་ལ་གྲ་སྒྲིག་ལམ་སྲོལ་འགྲོ་སྟངས་འཆར་གཞི་གདིང་རྒྱུ་ཧ་ཅང་བརླིང་ལ། དེ་བཞིན་རང་སྐྱོང་བྱས་ཀྱང་མི་རིགས་རང་སྐྱོང་། ས་གནས་རང་སྐྱོང་། ས་ཁུལ་རང་སྐྱོང་། དེའི་གནས་བབ། ས་མཚམས། ནང་སྲིད་དང་ཕྱི་སྲིད། ས་གནས་འགོ་དཔོན། ཤེས་ལྡན་མི་སྣ་གསོ་སྐྱོང་། དཔལ་འབྱོར་ཁྱབ་ཚད་དེ་དང་དེ་ལ་སོགས་པའི་གོ་སྒྲིག་སྣ་ཚོགས་བྱ་དགོས་སྐོར་འདུ་འཛོམས་བགྲོ་གླེང་གྲོས་གཞི་གྲོས་ཆོད་སོགས་ཀྱི་ལས་དོན་རིམ་པར་ཡོད་ན། འདུམ་བདེ་པོ་ལས་སླ་པོ་ཞིག་ཁྱོན་ནས་མ་རེད། གཙོ་ཕལ་དང་གལ་ཆེན་གལ་ཆུང་སྔ་ཕྱི་མ་ལྡོག་པར་གནང་གལ་དེ་བས་ཆེ་ཞེས་གཞེན་སྐུལ་ཞུ།
བོད་རང་མ་ཐོབ་གོང་ལ་རྒྱ་ནག་གི་ས་གནས་རང་སྲིད་རང་སྐྱོང་ཐོབ་དགོས། དེ་ནི་རྒྱ་ནག་རྩ་ཁྲིམས་ཀྱི་གནད་དོན་ཞིག་ཡིན་ལ་ད་ལྟ་བགྲོ་གླེང་ཡང་གང་མང་བྱེད་ཀྱིན་ཡོད། རྒྱ་ནག་གི་ས་གནས་རང་སྐྱོང་གི་གེགས་ནི་རྒྱ་དབུས་གཞུང་གི་དབང་ཚད་ཆེ་དྲག་པ་དེ་ཡིན། དེའི་ཕྱིར་བོད་རང་སྐྱོང་དེ་དཀའ་ཁག་ཏུ་གྱུར་ཡོད་པས་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད། རྗེ་མི་ལས་རྐུན་མ་ཞིག་ལ་ཁོ་བོས་ཉིན་དཀར་མི་རྙེད་པ་ཞིག་ཁྱེད་ཀྱིས་མཚན་མོར་ག་ལ་རྙེད་ཞེས་པ་བཞིན་མིག་སྔར་གྱི་རང་སྐྱོང་ནི་དེ་བཞིན་ནོ་རང་བཙན་ནི་དེ་བས་ཀྱང་ངོ་། མདོར་ན་དབུ་ལལ་ལ་དཀའ་ཁག་བྱུང་ན་ཚང་མས་མུ་མཐུད་ནས་འབད་པ་བྱེད་དགོས། ཆེན་པོ་བོད་ཀྱི་སྤྱི་ཚིས་འདི་ལ་དུས་ཚོད་དགོས། ཡིན་ན་ཡང་རང་ཚུགས་འདོར་མི་རུང། ཆར་འདོད་བྱེའུ་སྐོམ་ན་ཡང་། ས་ལ་བབ་པའི་ཆུ་མི་འཐུང་།
བོད་རང་སྐྱོང་ཞེས་ཁ་གསེབ་བྱ་རོགས།
རྒྱ་དར་དམར་པོ་གནམ་ལ་འཕྱར་ན་ཡང་འཕྱར། རྒྱ་དཔོན་བདུད་པོ་མགོ་ལ་འཁུར་ན་ཡང་འཁུར།
དབུ་མའི་ལམ་གྱི་མིང་ཐོག་ནས་མ་འཁྱེར་རོགས།
སྐྱེ་བོ་ཞིག་གིས་དམིགས་འདུན་འཚོལ་ཞིབ་བྱེད་པའི་བགྲོད་ལམ་ཐོག་ཀྱག་ཀྱོག་ཏུ་བསྐྱོད་མྱོང་བ་དང་ནོར་འཁྲུལ་ཤོར་མྱོང་བ་ནི་བྱས་ཉེས་ཤིག་གཏན་ནས་མིན་པ་མ་ཟད། ངོ་ཚ་དགོས་པའི་བྱ་བ་ཞིག་དེ་བས་ཀྱང་ག་ལ་ཡིན། དེས་ན་ལག་ལེན་དུ་ནོར་འཁྲུལ་ངོས་ལེན་བྱེད་ཕོད་པ་དང་ནོར་འཁྲུལ་ཡོ་བསྲང་ཐུབ་པ་བྱ་དགོས།
———དབྱིན་སི་ཐེས། ངས་ཁྱེད་ཀྱི་ཞི་བའི་གོམ་བགྲོད་དང་སྙིང་སྟོབས་བློས་བཏང་བཅས་ལ་བླ་ན་མེད་པའི་གུས་མདུད་ཞུ། མ་ཟད་ཁྱེད་ཀྱི་རྒྱ་དམར་གྱི་རྒྱལ་དར་ཁྱེར་ནས་ལོ་རྒྱུས་ལ་ནག་ཐིག་དང་ས་ཡ་དྲུག་གི་སྤུན་ཟླ་ཡི་སེམས་ཁམས་རྨ་ཁ་བཞག་ཀྱང་ཁྱེད་ཀྱི་རང་དབང་རེད། ཡིན་ཡང་བོད་ཀྱི་རྒྱལ་ས་གཉིས་པ་འབོད་པའི་རྡ་ས་ནས་དགྲ་དར་ཕྱར་བ་ནི་མི་འོས་པས། ང་རང་ཉིད་ལ་ཡང་རང་དབང་གི་རེ་འབོད་ཅིག་ཡོད་པ་ནི་དགྲ་དར་གནས་འདི་ནས་མ་ཁྱེར་རོགས།
དྲ་རྒྱར་གང་འདོད་འཇུག་དབང་མེད་པའི་མི་ངས། ཁྱེད་ཚོའི་རྗེས་ཀྱང་ཟིན་ཐུབ་ཀྱི་མི་འདུག ཡིན་ཡང་། ཁྱེད་ཚོས་བཤད་པའི་སྐད་ཆའི་སྙིང་དོན་ཏེ། ལྔ་དགུའི་ལོ་ནས་བཟུང་འུ་ཚོས་དར་དམར་ཕྱར་བ་རེད་དེ། དེས་ཅི་ཡང་ཕན་མ་སོང་ད་དུང་ཡང་དེ་བཞིན་ཞེས་དང་། དར་དམར་ཕྱར་རྒྱུ་སྔ་དྲགས་འདུག་སྟེ། འདི་ལ་དམིགས་ཡུལ་རང་བཞིན་གྱི་དགེ་མཚན་མེད་པས་ཅེས་པ་གཉིས། ཁྱེད་ཚོས་བསམ་པ་རྣམ་དག་གིས་ཟེར་གྱིན་ཡོད་ན། ངས་ཀྱང་བསམ་པ་རྣམ་དག་གིས་རང་གི་ལྟ་ཚུལ་བཤད།
༡གཙོ་བོ་ལྔ་དགུའི་ལོ་ནས་བཟུང་རང་ས་རང་མི་ལ་རྒྱ་ནག་དམར་གཞུང་གིས། བཙན་དང་གཡོ་སྒྱུ་གཉིས་ཀའི་སྒོ་ནས་དར་དམར་འཕྱར་བཅུག་པ་རེད་མོད། ཡིན་ཡང་། སྐབས་དེར་སུས་འུ་ཚོར་དར་དམར་འཕྱར་བཅུག་པ་རེད་དམ། རྒྱ་ནག་དམར་གཞུང་གིས་བཅུག་པ་རེད། ཅི་འདྲ་བྱས་ནས་དར་དམར་ཕྱར་བ་རེད་དམ། བཙན་དང་གཡོ་སྒྱུས་དབང་དུ་སོང་ནས་ཕྱར་བ་རེད། དུས་དེར་དར་དམར་འཕྱར་མཁན་ཚོའི་དམིགས་ཡུལ་ཅི་ཞིག་རེད་དམ། དུས་ངན་དེའི་ཚེ་རང་ཉིད་ཉེན་ཁ་ལས་གཡོལ་ཐབས་དང་། དམར་གཞུང་གི་ངོ་སྲུང་བའི་ཕྱིར་དུ་རེད།
༢དུས་དེ་རིང་། འུ་ཚོ་བོད་པར་སྔར་བྱུང་མ་མྱོང་བའི་ཞི་བའི་འཐབ་རྩོད་པ་ཆེན་པོ་དཔའ་གླིང་གིས། སྤྱིར་རང་གི་ཞི་བའི་འཐབ་རྩོད་དང་། ཁྱད་པར་དུ་དོན་ཚན་ལྔའི་ཆེད་དུ་དར་སྣ་གསུམ་ཕྱར་ཏེ། རྒྱ་ནག་དམར་གཞུང་ལ་ཞི་རྒོལ་བྱ་རྒྱུ་རེད། སྐབས་འདིར་ཁོང་ལ་སུས་དར་དམར་འཕྱར་གཞུག་གི་ཡོད་དམ། ཁོང་རང་ཉིད་ཀྱིས་རང་ཉིད་ལ་དར་དམར་འཕྱར་གཞུག་གི་ཡོད་རེད། ཅི་འདྲ་བྱས་ནས་དར་དམར་ཕྱར་རྒྱུ་ཡོད་དམ། ཤེས་ཡོན་པའི་གོ་རྟོགས་རྣལ་མ་ཞིག་གིས་དབང་དུ་སོང་ནས་ཕྱར་རྒྱུ་ཡོད་རེད། དར་དམར་འཕྱར་མཁན་ཁོང་གི་དམིགས་ཡུལ་ཅི་ཞིག་རེད་དམ། འུ་ཚོར་འུ་ཚོས་རྩོད་ཀྱིན་པའི་དབུ་ལམ་གྱི་ཆབ་སྲིད་གོ་རྟོགས་ཁྱད་པར་བ་ཞིག་དང་། གཟུ་བོར་གནས་པའི་རྒྱ་ནག་ཤེས་ཡོན་པ་དང་མི་མང་གིས་ལྟ་སྟངས་ཁྱད་པར་བ་ཞིག་ནས། ཁོང་གིས་བཏོན་པའི་དོན་ཚན་ལྔ་འགྲུབ་རྒྱུའམ་བོད་ལ་ཆེ་མཐོའི་རང་སྐྱོང་ཐོབ་རྒྱུ་དེ་རེད། དེས་ན་སྐད་ཆ་འདི་ངའི་མཐར་ཐུག་གི་བསམ་ཚུལ་ཡིན། གོང་གི་སྡེ་ཁག་གཉིས་ཕན་ཚུན་བསྡུར་ནས་ཁྱེད་ཚོས་བསམ་བློ་ཐོངས།
མདོར་བསྡུས་ན། གླིང་ཚ་བུ་རྒོད་མི་སྒེར་ངོས་ནས་བཤད་ན་འཐབ་རྩོད་ལམ་བུར་གང་འདྲ་ཞིག་བརྒྱུད་དགོས་མིན་ཁོ་རང་གི་ཐོབ་ཐང་ལས། སུ་ལ་འགྲིག་མིན་བཤད་པའི་འགན་དང་ཐོབ་ཏང་གཉིས་ཀ་མེད། མང་གཙོ་དང་རང་དབང་ལུང་པ་གང་ཞིག་གིས་ནང་དུ་ཁྲིམས་ལུགས་དང་མ་འགལ་བས་བྱ་བ་གང་བརྩོམ་ཡང་སོ་སོའི་ཐོབ་ཐང་རེད་ལ་རང་དབང་ཡང་རེད། སྡུག་སྐད་འདོན་དགོས་པ་གང་ཡང་མི་འདུག །
གནའ་དེང་གི་ལོ་རྒྱུས་ཁྲོད་ན་རྒྱལ་ཁབ་ཤོར་མྱོང་བ་གྲངས་མེད། ཤོར་ནས་ཕྱིར་བླངས་མྱོང་བའང་ཉུང་ཉུང་མ་རེད་། དེ་ན་འུ་ཚོས་ཅི་བྱ་དགོས་སམ་ཟེར་ན་ཚད་མཐོ་བའི་འཐབ་རྩོད་ལ་བློས་གཏོང་དང་ཐབས་ལམ་གཙོ་བོ་རེད། རང་དབང་འཐབ་རྩོད་པ་ཞིག་ལ་བློས་གཏོང་གཅིག་པུ་ལས་ཐབས་ལམ་གང་ཡང་མེད་པ་དང་ཡང་ན་ནོར་འཁྲུལ་ཅན་གྱི་ལམ་ལ་ཞུགས་ཚེ་མེས་པོའི་རང་བཙན་རྒྱལ་ཁབ་ཀྱི་ས་བུན་ལ་རང་དབང་གི་མེ་ཏོག་འཁྲུངས་མི་སྲིད་པ་རེད།
ངས་བལྟས་ན་བོད་དོན་ནི་ཆབ་སྲིད་ཀྱི་ལས་འགུལ་ཁོ་ན་ཞིག་དང་ཆོས་ལུགས་ཀྱི་ཆོ་ག་ཙམ་མིན་པ་འདྲ། ཕ་མ་བཟང་བོ་ཞིག་བྱས་ཏེ་བུ་བུས་ཕྲུག་གཉོར་སྐྱོང་གང་ལེགས་བྱེད་མཁས་པོ་ཡོད་ནའང་བོད་དོན་རང་བཞིན་གྱིས་ལྷག་མེད་པ་འདྲ།
ཚད་མཐོ་བའི་བོད་མིའི་གྱེན་ལོག་དང་བློས་གཏོང་མེར་བསྲེག་གི་ཞལ་གྲངས་བརྒྱ་ལྷག་བུད་པ་འདིས་བོད་ཀྱི་མ་འོངས་པའི་ལོ་རྒྱུས་གསལ་བོར་བྲིས་འདུག དར་དམར་འོག་ན་ཚེ་སྲོག་བློས་གཏོང་བྱ་འགུལ་ལས་གཞན་ཅིང་ལྷག་མེད་པ་བསྟན་འདུག ད་དུང་རྣ་བ་འོན་ཏེ་མིག་གཉིས་ལོང་བ་བྱས་ནས་རྒྱ་དར་མགོ་ལ་འཕྱར་བ་འདིས་། ལོ་རྒྱུས་ལ་དམའ་འབེབ། མེས་པོ་ངོས་མ་ཟིན་པར་རང་རིགས་ལ་མཐོང་ཆུང་ཚད་ལས་བརྒལ་བ་བྱ་རྒྱུ་ཡིན་པ་བསྟན་འདུག འཇིག་རྟེན་གྱི་བྱ་བཞག་གང་ཡིན་ནའང་རྒྱ་འབྲས་ཁྲེལ་བགས་དོར་མི་ཉན་གི་་་གླེན་རྟགས་ཨུ་ཚུགས་ལ་རྒྱབ་བཅོལ་མི་ཉན་གི་་་མྱི་ཁར་རྒྱུག་ནས་ཕ་མར་དྲིན་ལོག་བྱེད་མི་ཉན་གི་་་་་་རྒྱ་དར་འཕྱར་ནས་རྒྱབ་སྐྱོར་མེད་པ་བཟོ་མི་ཉན་གི་་་་་་་
ཨ་་་་ཚེ་བརྟན་རྡོ་རྗེ་་
གླིང་ཚ་ཚེ་རྡོར་འདིས་རྣམ་འགྱུར་གཉིས་གཏོན་པ་ཡ་ཚན་ཆེ་
ཕྱོགས་གཅིག་ནས་བོད་དོན་ལ་སེམས་ཤུགས་ཆེ་མདོག་ཁ་པོས་རང་གི་རང་ལ་ས་ཡ་དྲུག་གི་བུའི་མིང་བཏགས་ནས་གོམ་བགྲོད་དུ་སོང་ བཙོན་དུ་འཛུལ་།
ཡང་ཕྱོགས་གཞན་ནས་བོད་མི་ས་ཡ་གཅིག་དང་གྲངས་ཆུང་གཉིས་ལྷག་རྩ་མེད་བཟོ་ཁན་དྲ་བོ་རྒྱ་དམར་གྱི་དར་དམར་དེ་རང་ཉིད་ཀྱི་མགོ་བོའི་སྟེང་འཆར་ཏེ་འགྲོ་བཞིན་པ་དེ་ནི་ མི་མགོ་གཉིས་པ་ཞིག་གི་སྤྱོད་ཚུལ་སྣང་བ་ལས་ཡང་དག་ཞིག་ཡིན་པར་ཡིད་མཆེས་མི་ཐུབ་། གང་ལྟར་གོམ་བགྲོད་གཉིས་པ་མགོ་མ་ཚུགས་གོང་ དང་པོ་ཁྱེད་ནས་རྒྱ་དམར་གྱི་དར་དམར་དེ་སྔོན་བཞིན་སླར་ཡང་ཁྱེར་རྒྱུ་ཡིན་མིན་དེ་གསལ་པོ་ཞིག་བཟོ་རོགས་ དེ་ནས་བརྣོ་བསམ་གཏོང་རྒྱུ་ཡིན་།
ཕྱི་ཡི་དགྲ་བོ་རྐུན་མ་ཅི་བཞིན་འཇབས་ནས་མི་ཡོང་།
ཇག་པ་ནང་བཞིན་གྲོང་ནས་གྲོང་སྡེ་བཅོམ་ནས་མི་ཡོང་།
དམག་མི་ནང་བཞིན་ཚོན་དང་སྒྱོགས་མདེལ་ཕེན་ནས་མི་ཡོང་།
ཁ་བདེ་ལྕེ་བདེ་བྱེད་བཞིན་མི་མང་དཀྲུགས་ན་སླེབས་ཡོང་།
ཨ་རོགས་ཚེ་རྡོར་ཁ་སེམས་གཉིས་མེད་བོད་དོན་རྩོད་ན་།
དགྲ་ཡི་དར་དམར་དབྱུགས་ནས་བོད་དར་ཤར་ལ་སོང་དང་།
ཁྱོད་ལ་ས་ཡ་དྲུག་གིས་མིག་མཆིས་སྐྱེལ་མ་བྱེད་ལ་།
དཀའ་དུས་ལུས་དང་སེམས་པས་རྒྱབ་བསྐྱོར་ཡང་ཡོད་ངེས་ཡིན་
།
རྒྱ་དར་འཁུར་ན་རྒྱ་ལ་དགའ་བའི་ངེས་པ་དེ་ཡང་མ་མཆིས་ལ།།
བོད་ལ་གྱོན་པ་བོད་པ་ཡིན་པས་ཚིག་ཐག་དེ་ཡང་མི་ཆོད་པས།།
གླིང་ཚའི་བུ་ཡིས་སྙིང་སྟོབས་ལྷག་བསམ་རྒྱབ་ལ་གཡུག་པའི་གནས་འདི་ཡིས།།
མྱི་དག་སེམས་ལ་རང་དོན་གཉེར་བཞིན་ཁ་ཤོམས་ཆེན་པོ་འཆད་ལ་དགའ།།
ལ་ལས་རྒྱ་དར་དམར་པོ་འཁྱེར་ན་བལྟས་ངན་ལྟ་བ་ལོག་འདུག་ཟེར།།
ལ་ལས་གླིང་ཚའི་ཆོད་སེམས་བརྟེན་པོ་ཡིད་སེམས་གཏིང་ནས་བཀུར་འོས་ཟེར།།
ལ་ལས་ཁ་དང་ལག་པ་ཁོམས་ན་ཅི་བཤད་འདི་བཤད་མ་མཆིས་པས།།
རང་དབང་ཚང་གི་གྲུ་ཁ་འདི་ན་གླིང་ཚ་འདྲ་བའི་བུ་དུ་ཡོད།།
ཨ་མ་ནུ་མོ་བཟའ་མི་གང་བོས་བོད་པའི་སྐྱིད་སྡུག་གླེང་ན་ཡང་།།
བཀའ་དྲིན་བསམ་པའི་བསམ་ཤེས་ཅན་འགས་ཁ བཏགས་སྐེ་ལ་བསྒྲོན་པ་ལས།།
དྲ་རྒྱའི་སྟེངས་གི་མཆན་བུ་དག་གིས་གཞན་ལ་རྒྱབ་བཤད་རྒྱག་པ་ལས།།
ཁ་བ་གངས་རིའི་ལས་དབང་ཆེད་དུ་འདི་ཞེས་དོན་གཅིག་སྒྲུབ་ཨེ་མྱོང་།།
དྲ་ཐོག་འདི་ན། འགན་ཁུར་ཅི་ཡང་མེད་ནས་རང་འགར་བྲིས་འདུག་མཁན་ཚོ་ནི། ༡མི་ཚོས་ཡར་བཤད་དུས་མར་བཤད་ཨེ་ཐུབ་ལྟ་མཁན་སྐོར་ཞིག་དང་། ༢རང་གིས་ཅི་ཡང་མི་ནུས་ནས་གཞན་གྱི་ལེགས་བྱ་ལ་ཕྲག་དོག་འོང་མཁན་སྐོར་ཞིག ༣རང་གཟུགས་ངོ་མ་བོ་ནས་ཡ་རབས་མདོག་བསམ་བློ་ཡོད་མདོག་གི་རྫུ་འཕྲུལ་སྟོན་ཅི་ཐུབ་དང་། གདོང་འབག་གྱོན་ནས་རང་གི་དེ་ཉིད་ངོ་མ་བོ་སྟོན་མཁན་གྱི་ཐ་ཤལ་བ་སྐོར་བཅས་གསུམ་དུ་ངེས་སོ།
གཞན་ཡང་། འགན་ཁུར་ཡོད་པའི་དབང་གིས་ལོག་པར་སྨྲ་ཅི་ཐུབ་དང་། དཀྲུག་ཤིང་རྒྱག་ཅི་ཐུབ་དང་། ཁ་ངན་འཆད་ཅི་ཐུབ་གནང་མཁན་ཚོ་ནི་ངོ་མ་སྙིང་རྗེའི་ཡུལ་རེད། རང་ཉིད་རང་གི་མི་རིགས་ཀྱི་དགྲ་དང་། ཕ་མའི་དགྲ་དང་། རང་གི་དགྲར་ཆགས་པས་སོ།
དེ་མིན་གཞན་ཞིག་ཡོད་པ་ནི། རང་གིས་འུ་ཚོའི་རྩོད་ཀྱིན་པའི་གནད་དོན་དེ་མ་ཤེས་པ་མ་གཏོགས། མི་རིགས་ལ་ཞེན་ཁོག་ངོ་མ་ཡོད་མཁན་ཚོར་དལ་མོ་བྱས་ནས་གྲོས་མོལ་གནང་ཆོག་པར་འདོད།
ཨ་ལགས་། ཁྱེད་ཀྱིས་མི་རིགས་ལ་ཞེན་ཁོག་ཡོད་ན་དལ་མོ་བྱས་གྲོས་མོལ་བྱ་ཟེར་། ད་ཡིན་ན་འུ་གཉིས་གྲོས་མོལ་ཞིག་བྱ་། ངས་ཚེ་རྡོལ་གྱིས་བོད་དོན་ཆེད་ལས་འགུལ་སྤེལ་བར་རྒྱབ་བསྐྱོར་བྱས་ཡོད་། ཡིན་ཡང་དར་དམར་ཤར་བར་ནམ་ཡང་གུས་ཞབས་མེད་། རྒྱུ་མཚན་ནི་དབུ་མ་བས་རྒྱས་དུས་ནམ་ཞིག་ལ་ཆོལ་གསུམ་གཅིག་དུ་སྒྲིལ་བའི་མིང་དོན་མཚུངས་བའི་རང་སྐྱོང་བོད་ལ་སྦྱིན་ན་དེ་དུས་ནས་རྒྱ་དར་འོག་ནས་འདུག་ཟེར་བ་ལས་དེ་རིང་ནས་རྒྱ་དར་ཤར་གྱི་ཟེར་བ་མ་རེད་། དབུ་མ་ནི་ཆོས་ཚིག་ཆབ་སྲིད་བཏོགས་པ་ཡིན་པས་གཅིག་བྱས་ན་ཆབ་སྲིད་ཀྱི་དབུ་མའི་ནང་ནའང་དབུ་མ་ཙམ་པོ་ཡོད་ན་ཐང་། གང་ལྟར་ཚེ་རྡོར་གྱིས་དར་དམར་ཤར་ནས་ལོ་ངོ་གཅིག་ལྷག་བུད་སོང་ཡང་རྒྱའི་སྲིད་གཞུང་མ་དགོས་རྒྱ་མི་རྐང་གཅིག་གིས་ཀྱང་བྱེད་སྟངས་ནི་རྣམ་དཔྱོད་ལྡན་པ་དང་ཁ་ཞེ་གཉིས་མེད་ཀྱི་དབུ་མ་བ་རྒྱའི་འོག་ནས་འདུག་མཁན་རེད་ཟེར་ནས་བསྟོད་པའམ་རྒྱབ་བསྐྱོར་བྱས་བ་ངས་མ་མཐོང་ཐལ་། གལ་སྲེད་ཁྱེད་ཀྱིས་མཐོང་ཡོད་ན་ཡར་བཤད་དང་མར་བཤད་མ་བྱས་བར་དངོས་ཡོད་དྲ་གྲོགས་ཚོའི་མི་ལ་སྟོན་རོགས་། གལ་སྲིད་དེ་འདྲ་སྟོན་གྱི་མེད་ཚེ་རྡོར་གྱི་བྱེད་སྟངས་དེ་ནི་ཕན་པ་ལས་གནོད་པ་འདུག་། རྒྱུ་མཚན་ནི་། བོད་རྒྱའི་འོག་ལ་ཤོར་བའི་ཉིན་ནས་རྒྱ་དར་ཤར་མཁན་ཁོ་བོ་གཅིག་པོ་ཡིན་ལ་། བྱེས་སྟངས་དེ་ལ་བརྟེན་ནས་བོད་མིའི་ནང་ཁུལ་ལ་གཆལ་གཏམ་འདྲ་མིན་སློང་མཁན་ཡང་ཁོ་བོ་རེད་།
སྤུན་ཟླ་ཚོའི་བསམ་ཚུལ་མང་པོ་ཞིག་གསུང་སོང་། འོན་ཀྱང་བསམ་ཚུལ་ནི་བསམ་ཚུལ་རང་རེད། དེ་འདྲ་ཡིན་པ་སོང་ཙམ་ག་རེ་ཡིན་ན་བཤད་ཆོག་གི་རེད་མོད། ཡིན་ན་ཡང་ཚད་ལས་བརྒལ་ཏེ་སྤུན་ཟླ་ཕན་ཚུན་ལ་ཁ་ངན་ཚིག་སྦྱོང་མ་གནང་རོགས། ཐུགས་རྗེ་གཟིགས། གང་ཡིན་ཟེར་ན། འདི་ནི་དགྲ་དགའ་གཉེན་སྡུག་གི་ལས་དཀའ་ཞིག་ཡིན་པར་མཁྱེན་པར་མཛོད། གླིང་ཚ་ལགས་ཀྱིས་ཀྱང་། ད་རེས་གོམ་བགྲོད་ཐེངས་གཉིས་པའི་སྐབས། རྒྱ་དམར་ཀྱི་རྒྱ་དར་མ་ཁྱེར་ན་བཟང་བ་སྙམ། ཁྱེད་ཀྱིས་མཆན་དག་ལ་གཟིགས་དང་། མང་ཤོས་དེ་ཁྱེད་རང་གིས་རྒྱ་དར་དམར་པོ་ཁྱེར་བ་ལ་ངོ་རྒོལ་བྱེད་མཁན་རེད་འདུག། བྱས་ཙམ མི་མངས་ཀྱི་བསམ་ཚུལ་ལ་ཡང་ཐུགས་སྣང་གནང་རོགས།
དེ་མིན་ཁྱེད་ཀྱིས་ལས་དོན་མཐའ་དག་ལམ་ལྷོང་ཡོང་བའི་སྨོན་འདུན་གྲངས་མེད་ཞུ། བོད་རྒྱལ་ལོ།།།།།།
ཤ་ཁྲག་རུས་གསུམ་བོད་ནས་ཆད་པའི།།
ཤ་ཁྲག་གཅིག་པའི་གླིང་ཚ་ཚེ་བརྟན།།
ཤ་ཟན་གདོང་དམར་བོད་ཀྱི་ཆེད་དུ།།
ཤ་མཁོན་མེད་པར་འཐབས་རྩོད་གནང་བ།།
ཤ་རུས་ཐོར་ཞུགས་མ་སོང་བར་ཏུ།།
ཤ་དང་རུས་པའི་ནམ་ཡང་མི་བརྗེད།།
གླིང་ཚ་ལགས། སྐུ་མཁྱེན་ཁྱོད་ཀྱིས་གོམ་གྲོལ་གཉིས་པ་གནང་དུས་དར་དམར་མི་ཕྱར་བ་སྙིང་ནས་རེ་བ་ཞུ། ཁྱོད་ཀྱི་སེམས་པ་རྣམ་དག་ཡིན་ཡང་བོད་མི་ཚོགས་སྒེར་སུ་གཅིག་གིས་ཀྱང་མོས་མཐུན་མེད་པ་ཤེས་བཞིན་དུ་དེ་ལྟར་མི་གནང་རོགས་ཞུ་རྒྱུ་ཡིན།
(༩ “རང་སྐྱོང་ཐོབ་མཚམས་མ་གཏོགས་དར་དམར་མི་འཕྱར་ཞེས་པ་དང། དར་དམར་འཕྱར་ཏེ་རང་སྐྱོང་ཐོབ་རྒྱུར་འཐབ་རྩོད་བྱེད་པ་གཉིས་རྦད་དེ་ཁ་ཁ་ཡིན། སྔ་མ་ནི་ཐག་གཅོད་ཟིན་རྗེས་ཀྱི་ཁྲིམས་ཐོག་དང་ལོ་རྒྱུས་ཀྱི་གནས་སྟངས་ཤིག་དང། ཕྱི་མ་ནི་འཐབ་རྩོད་ཀྱི་གནས་སྐབས་ཡིན་པས་དེ་གཉིས་བསྡུར་ཐབས་བྲལ”།)འདིའི་དོན་དག་ཅི་ཞིག་རེད།
དེ་ནས་རྒྱལ་དབང་བཀའ་དྲིན་ཅན་གྱིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོས་པའི་ཨ་ལན་དེ་ལ། ཤེས་ཡོན་པ་དང་དད་ལྡན་སྐོར་ཞིག་གི་རབ་རིབ་དེ་མ་གཏོགས་རྒྱ་ཕྱོགས་ནས་མེད་པས། ཁྱོས། ཁོང་གིས་བདམས་པའི་ལམ་དབུ་མ་དེས་གནོད་ཀྱི་འདུག་ཟེར་ཕོད་དམ།
མི་ལོ་བཅུ་ལ་ཉེ་བའི་ནང་དུ་བོད་ཀྱི་དཔའ་ཕོ་མོས་རང་ཉིད་བསྲེགས་ནས་རེ་བའི་ལན་དེ་ལ། རྒྱ་ནག་དམར་གཞུང་གིས་ཉེས་འགེལ་དང་རྫུན་བསྒྲིགས་མ་གཏོགས་མེད་པས། ཁྱོས། ཁོང་ཚོས་གནང་བའི་བློས་བཏང་དེས་གནོད་ཀྱི་འདུག་ཟེར་ཕོད་དམ།
(“ངས་རྒྱ་ནག་གི་རྒྱལ་དར་འཕྱར་དོན་དབུ་མའི་ལམ་དང་མ་འགལ་བའི་ཐོག་ནས། བོད་རྒྱ་ནག་ནང་ཆེས་མཐོའི་རང་སྐྱོང་བྱ་རྒྱུའི་འདོད་པ་ཡོད་ཟེར་བའི་མཚོན་བྱེད་ཡིན”) འདིའི་དོན་དག་ཅི་ཞིག་རེད།
གཙོ་བོ་རང་ཉིད་ལ་བདེན་ཁ་ཡོད་ན་གཞན་ལ་རག་ལས་མི་དགོས་པར་ནམ་ཞིག་རྒྱལ་ངེས་རེད། སྐད་ཆ་འདི་དག གཟུ་བོར་གནས་པའི་སྤུན་ཟླ་ཚོར་ཁ་བརྡ་ཡིན་པ་ལས། ཁ་སང་དྲ་ཐོག་ནས་ང་ངུ་བཅུག་མཁན་དེའི་སྐལ་ཞིག་རྩ་ནས་མིན།
བདུན་ཕྲག་གཉིས་རིང་རི་སྟེང་གངས་ཤུར་རམ་(Ski)གཏོང་བར་ཕྱིན་ནས་ཕྱིར་འཁོར་མཚམས་ཡིན། དྲ་གྲོགས་རྙིང་པ་བོད་ཤ་ཁྲག་རུས་གསུམ་ལགས་ད་ལན་དངོས་སུ་དྲ་ནང་དུ་ཕེབས་ནས་སྐད་ཞིག་ཐོས་པ་དགའ་ཡོད་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་སྐུ་ཁམས་བཟང་ལགས་སམ།
མ་གཞི་སྐུ་ཉིད་ཀྱི་སྙིང་སྟོབས་དང་བློས་གཏོང་ལ་སྔར་བཞིན་བསྟོད་གླུ་ལེན་བཞིན་ཡོད་ཀྱང་ཏང་དར་དམར་ལིང་ལིང་འཕྱར་བར་མོས་མཐུན་ཞུ་ཡི་མེད་ལ་ངོ་རྒོལ་ཡོད། ད་ལན་སྐྱར་དུ་གོམ་བགྲོད་ཕེབས་དགོས་ཚེ་བོད་དང་བོད་མི་རིགས་ལ་རང་སྐྱོང་ཚད་ལྡན་ཞིག་མ་འཐོབ་བར་དུ་ཏང་དར་དམར་པོ་མ་འཕྱར་རྒྱུའི་རེ་བསྐུལ་ཞུ་ཡི་ཡོད། ཅི་སྟེ་འཕྱར་དགོས་ཚེ་ཏང་ལ་བློ་དཀར་གཞུང་དྲང་ཅན་རྒྱལ་གཅེས་དང་ཏང་གཅེས་རིང་ལུགས་པ་ཤར་ཁུག་དང་འཇམ་གཅེས་གཉིས་ཀྱི་མགོ་སྟེང་དུ་ཏང་དར་དམར་པོ་རེ་བཙུགས་ནས་འཁྲིད་རྒྱུའི་རེ་བ་ཡོད། རྒྱུ་མཚན་རིམ་པ་བཞིན་འགྲེལ་ཆོག།
ཤར་ཁུག་ཁ་ལ་ཉན་ན་བླུན་རྟགས་ཡིན།།
འཇམ་གཅེས་རོགས་ལ་བུད་ན་སྨྱོ་རྟགས་ཡིན།།
ས་འོག་ཆབ་སྲིད་པ་ཡི་ལག་གཡོག་ནས།།
བོད་ལ་རྒྱ་དར་མི་དགོས་ཁོཐག་ཡིན་།།
སུ་ཡིས་ཕ་མ་བུས་ཕྲུག་བསྐྱུར་ཀྱང་ཆོག།
རང་གི་གདོང་ལ་རང་གཅིན་བཏང་ཀྱང་ཆོག།
རང་ཁ་སེན་མོ་འདྲ་བོ་མ་སོས་ཀྱང་།།
རྒྱ་དར་བོད་ལ་འཁྱེར་ན་མི་འོས་སོ།།