གླིང་ཚ་ཚེ་བརྟན་རྡོ་རྗེ།
ཞོགས་པ་ནམ་རྒྱུན་ལྟར་ཡར་ལ་ལངས་སྟེ་ང་ཚོ་མདུན་ཕྱོགས་ཀྱི་གཞུང་ལམ་སྟེང་དུ་གྲལ་བསྒྲིགས་ནས་མུ་མཐུད་དུ་གོམ་བགྲོད་བྱས། ཞོགས་པ་ཆུ་ཚོད་བདུན་པ་ཡོལ་དུས་ང་ཚོ་ལྡི་ལི་ཡི་ས་གནས་སུ་འབྱོར་མ་ཐག་གཉེན་རྟོག་པ་ཞིག་གིས་ང་ཚོར་སྡོད་དགོས་པའི་ལག་བརྡ་བཏང་། ང་རང་མགོ་བྱས་ནས་ཡོད་དུས་ཚང་མར་སྡོད་དུ་བཅུག དེ་དུས་ངས་གཉེན་རྟོག་པ་དེར་སྐད་ཆ་དྲིས།
ཁོས་བཤད་ན་གཉེན་རྟོག་པའི་མགོ་དཔོན་ཡོད་སར་འགྲོ་དགོས་ཟེར།སྐར་མ་ཁ་ཤས་ཀྱི་རྗེས་སུ་གཉེན་རྟོག་རླང་འཁོར་ཆུང་ཆུང་ཞིག་སླེབས་ནས་ང་ཚོ་དེས་ནང་དུ་འབུད་རྒྱུར་བསྐུལ། གཉེན་རྟོག་ལས་ཁུངས་དུ་འབྱོར་ནས་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་གཉེན་རྟོག་པའི་མགོ་དཔོན་འབྱོར་ནས་ང་ཚོ་ཁོ་རང་གི་ལས་ཤག་དུ་སྐད་བཏང་ནས་རྒྱུ་མཚན་སོགས་སྐད་ཆ་མི་ཉུང་བ་ཞིག་དྲིས་སོང་། དེའི་རྗེས་སུ་ང་ཚོ་ལ་ཇ་སྤྲད་པ་དང་ཉིན་གུང་གི་ཟ་མ་ཡང་སྤྲད་། ཉིན་གུང་གི་ཟ་མ་ཟ་བཞིན་པའི་སྐབས་སུ་ལྡི་ལི་མདོ་སྨད་ས་རྒྱུན་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་སླར་ཡང་ང་ཚོ་ལ་ཐུགས་འཕྲད་བྱེད་དུ་ཡོང་བ་མ་ཟད་ཉིན་གུང་གི་ཟ་མ་ཡང་འཁུར་འདུག ཁོ་གཉིས་ཀྱི་ང་ཚོ་གློད་གྲོལ་ཡོང་བའི་ཐད་དུ་གང་བྱེད་དགོས་མིན་སྐོར་ལ་སེམས་ཁྲལ་དང་ཐུགས་ཁུར་ཚད་མེད་གནང་སོང་། ངས་ཁོ་གཉིས་ལ་ཕྱི་དྲོ་པར་དུ་ལྟོས་ཆོག་པ་དང་དོན་དག་འདྲ་བྱུང་ན་ཁ་པར་གཏོང་ཆོག་ཞེས་ཁོ་གཉིས་ཕྱིར་འགྲོ་རུ་བཅུག་པ་ཡིན།
ཕྱི་དྲོ་ཆུ་ཚོད་བདུན་པ་ཟིན་གྲབས་ཡོད་དུས་སུ་གཉེན་རྟོགས་པའི་མགོ་དཔོན་གྱིས་ང་ཚོ་ལ་ཁས་ཅག་མི་སྣ་ཞིག་ཡོད་ན་དོ་ནུབ་གང་དུ་འགྲོ་འདོད་ན་དེ་རུ་གཏོང་ཆོག་ཞེས་བཤད་སོང་། དེ་དུས་ངས་ལྡི་ལི་མདོ་སྨད་ས་རྒྱུན་ལ་ཁ་པར་བཏང་པ་ན་ཁོ་གཉིས་ཀྱིས་ཡིན་དང་ཡིན་ཞེས་གསུངས་ཏེ་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་སུ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་རོགས་པ་གཉིས་ཁྲིད་དེ་ང་ཚོ་ཡོད་སར་འབྱོར།
དེ་དུས་ང་ཚོ་གཉེན་རྟོགས་པའི་མགོ་དཔོན་གྱིས་མངགས་པ་ལྟར་གཉེན་རྟོག་པ་དཀྱིས་མ་གསུམ་བཞི་ཞིག་གིས་འཁྲིད་དེ་ཧིན་རྡའི་ལྷ་ཁང་ཞིག་གི་འགྲམ་དུ་དགོང་མོའི་ཟ་མ་ཟ་བཞིན་ཡོད་།
སང་ཞོགས་ང་ཚོ་མུ་མཐུད་དུ་གོམ་བགྲོད་བྱེད་ཐུབ་པར་རེ་བ་ཡོད།
གླིང་ཚ་ནས༢༨།༣།༡༢དགོང་མོ་བྲིས།
ཁྱེད་གསུམ་གྱི་ལྷག་བསམ་དང་སྙིང་སྟོབས་ལ་གཉེན་རྟོག་པའི་འགོ་དཔོན་དེ་ཡང་ཧ་ལས་ཡོད་པ་ཐག་ཆོད་ཡིན་ན་ཡང་གནས་སྐབས་སུ་ཁོ་རང་ལ་ཡང་ལས་དོན་ཞིག་གི་ཆེད་དུ་བཀའ་རྒྱ་ཟབ་མོ་ཞིག་ཡོད་པ་ཐག་ཆོད། མ་གཞི་ད་ལན་རྒྱ་ནག་གི་སྲིད་འཛིན་ལག་དམར་བ་དེ་ས་གནས་དེ་ལ་འབྱོར་ཡོད་ཙམ་ཁྱེད་་རྣམས་གསུམ་ལ་དོགས་པ་བྱེད་མཁན་མི་ཉུང་བ་ཞིག་ཡོད་དུས་ཁྱེད་རྣམས་ཀྱིས་ཀྱང་དེ་དོན་བཞི་གྲ་སྒྲིགས་ཡོད་པ་གནང་རོག་ཞུ། ངས་དེ་ཙམ་ལས་ཅི་ཡང་མ་ནུས།
ནམ་ཡང་བསམ་དོན་བཞིན་འགྲུབ་པར་ཤོག
ཀླིང་ཚ་མ་བུ་གསུམ་དེ་རིང་གི་བར་ཆོད་ལས་ཐར་བ་ཤིན་ཏུ་དགའ་། ཉིན་ཁ་ཤེས་གི་སྔོན་ལ་དུགའབྲང་གི་གནོད་འཚེ་བྱུང་བའི་སེམས་ཕྲེལ་བྱས་ཡིན་།
ལ་རྒྱ་ནི་རང་རེའི་བླ་སྲོག་ཡིན་པ་དང་། ང་རྒྱལ་ནི་རང་གི་གཟི་བརྗིད་རེད། ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ།
གཞན་གྱི་རྐང་འོག་ཏུ་མི་འཇོག་པ་དང་། ཁ་བ་ཅན་གྱི་ལ་རྒྱའི་དཔུང་བ་དེ། གཞན་གྱི་མགོ་ཐོག་ཏུ་བསྒྲེངས་ནུས་ན།
རང་རིགས་ཀྱི་གཟི་བརྗིད་དང་། མེས་རྒྱལ་གྱི་ལ་རྒྱ་ཡང་རེད། ———–དཔལ་དོན་འགྲུབ་རྒྱལ་གྱིས།
ཀླིང་ཚ་མ་བུ་གསུམ་ལ་རེ་འདུན་ཞིག་ནི་། ཁྱེད་ཅག་གི་ཉིན་རེའི་གནས་ཚུལ་ང་ཚོ་ལ་མཁོ་བསྤྲོད་བྱུང་ན་ཤིན་ཏུ་ལེགས་། ལམ་ཁ་ནས་སྟབ་གཟབ་བྱེད་རྒྱུ་སྙིང་གཏམ་ཡིན་།
སྙིང་ནས་བརྩེ་བའི་གླིང་ཚ་མ་བུ་གསུམ་ལ།
ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་དང་ཆོད་སེམས་འགྱུར་བ་མེད་པ་ལ་གུས་རང་ནས་ཀྱང་ཡི་རངས་བླ་མེད་ཞུ་བ་དང་ཆབས་གཅིག་ཡུལ་དུས་སྐལ་ནས་ཁྱེད་མ་སྨད་གསུམ་ལག་ཏུ་སྒོར་མོ་བཞག སྐེ་ལ་ཁ་གཏགས་གཡོགས། ཁ་རུ་ཟ་མ་སྤྲད་པ་སོགས་ནོར་ཟང་ཟིང་གི་ཕེབས་རྫོང་ཁོ་བོའི་མ་འགྲུབ་ཀྱང་། ངོས་ཀྱང་མི་ཚེ་འདིར་གསང་སྔགས་ཟབ་མོའི་ཆོས་ལ་ཡིད་ཆེས་ཡོད་མཁན་མ་ཟད་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཉིན་ལྟར་ཁྱེད་མ་བུ་གསུམ་གྱི་ཕེབས་ལམ་དུ་བར་ཆད་མེད་པའི་སྨོན་ལམ་འདི་འདྲ་བ་ཞིག་གི་སྐྱེལ་རྫོང་བྱེད་ཀྱི་ཡོད།
སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔
འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔
ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མར་བཅས༔
གདུག་པའི་སེམས་ཅན་སྤྲོད་པར་ཐེ་ཚོམ་མེད༔
ཨོ་རྒྱན་པདྨ་འབྱང་གནས་ལ་གསོལ་བ་འདེབས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔
བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔
ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔
ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔
ཙོ་ར་མི་རྒོད་རྔམས་སེམས་རླག་པར་བྱེད༔
ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པ་འདི་ཉིད་ཁྱེད་མ་བུ་གསུམ་ནས་ཀྱང་འགྲོ་ཞོར་ཁ་འདོན་དུ་གནང་ན་ཧ་ཅང་དགེ་མཚན་ཆེ། ལྷག་པར་དུ་བུ་ཚེ་བརྟན་རྡོ་རྗེ་ལགས་ནས་དུས་ཚོད་དང་ཆ་རྐྱེན་འཛོམས་སྐབས་ཁྱེད་མ་བུ་གསུམ་གྱི་གནས་སྟངས་སྐོར་ཉིན་ཐོར་བྱས་ནས་གཏང་ན་དེ་ལས་ཀྱང་ཡག་པོ་འདུག མ་བུ་གསུམ་གྱི་བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་ལམ་བཅས་དྲ་གྲོགས་ཀརྨ་ཡེ་ཤེས་དེས་ཨ་རིའི་བྱང་ཕྱོགས་ཀི་ལི་ཧྥོ་ཉ་ནས་གུས་པས་ཕུལ།།
ཁྱེད་ཀྱི་སྙིང་སྟོབས་ལ་ཡིད་རངས་ཞུ་བ་དང་། ལམ་དུ་བར་ཆད་ཆེན་པོ་མ་ཡོང་བར་སྨོན།
ཁྱེད་ཀྱི་དགོང་པ་བཞིན་འགྲུབ་པ་ཤོག། བོད་རྒྱལ་ལོ།་
ཁྱེད་མ་བུ་གསུམ་ལ་བར་ཆད་མི་ཡོང་བར་ཤོག །སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཁྱེད་ཀྱི་གོམ་པ་རེ་རེ་བཞིན་རྒྱལ་བ་སྲས་དང་བཅས་བས་མི་མངོན་པའི་དབྱིངས་ན་གཟིགས་འདུག །
ཕ་མ་སེམས་ཅན་བདེ་དང་ལྡན་གྱུར་ཅིག།
ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་།།
བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ།།
དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་མ་བུ་གསུམ་གྱི་རེ་སྙེག་ལ་བར་ཆད་མེད་པའི་རེ་བ་ཡོད། ཉིད་ཀྱི་རྩོམ་ཡིག་འདི་ཁོ་བོས་རང་དབང་དྲ་རྒྱའི་སྟེང་འགོད་འདོད་ཡོད་པ་ལགས་ན། རྒྱབ་སྐྱོར་གྱི་ཆོག་མཆན་གནང་རོགས་ཞུ།
འབྲོག་རུ་བ་ནས།
ཁྱེད་གླིང་ཚང་མ་བུ་གསུམ་གྱི་བྱ་བ་ཐམས་ཅད་ལ་བར་ཆད་མེད་པར་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་གཟུགས་པོ་ལ་གཅེས་སྲུང་ཡག་པོ་བྱེད་གལ་ཆེ་ཞུ། སྙིང་ནས་ཐུགས་རྗེ་ཆེ།
ཁྱེད་མ་བུ་གསུམ་གྱི་འདོད་དོན་འགྲུབ་པར་སྨོན། གནས་ཚུལ་ཅི་བྱུང་ཡང་ཐུགས་བསམ་བཞེས་རོགས། ཕོ་རྒྱུག་མ་གནང་རོགས།
དཔའ་བོ་ཁོང་གཙོས་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་གྲངས་མེད་ཞུ་་་་་་་་ང་ཚོས་འཐབ་རྩོད་ལ་འཐེན་ཁྱེར་མེད་པར་་་་་་་ད་དུང་མུ་མཐུད་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དགའ་བསུ་ཡོད་་་་་ཁོང་གསུམ་གྱིས་རླབས་ཆེན་མཛད་བཟང་ལ་བར་ཆད་མི་ཡོང་བའི་སྨོན་བཟང་ཞུ།
ཁྱིད་མ་བུ་གསུམ་ཁ་བྲོ་བཀྲ་ཤིས་ནད་མེད་ཚེ་རིང་ལོ་བརྒྱ།།
ཁྱོད་རྣམས་ཀྱི་འགལ་རྐྱེན་ཕྲ་མོ་ཡིན་ཡང་སེལ་ནས་བསམ་དོན་འགྲུབ་པའི་སྨོན་ལམ།།
ཁྱེད་མ་གསུམ་བྱ་བ་ལམ་ལྷོང་ཡོང་བས་སྨོན་འདུན་ཞུ
ཁྱེད་མ་བུ་གསུམ་བྱ་བ་ལམ་ལྷོང་ཡོང་བས་སྨོན་འདུན་ཞུ
གོང་དུ་ཀརྨ་མ་ཡེ་ཤེས་ཟེར་བའི་ཕོ་འདྲེ་དམ་ཉམས་གདུག་པ་ཅན་དེ། སྔ་འགྱུར་རྙིངས་མ་ཡིན་ཁུལ་བྱས་པའི་མི་དེ་སྔ་འགྱུར་པ་དེ་བས་མིན་ལ་དེ་སྔ་ཕན་ཆད་ཁོས་མིང་བརྫུན་མང་པོ་ཟོས་ནས། དབྱེན་དཀྲུག་མང་པོ་བྱས་པ་རེད་། དྲ་གྲོགསཚོས་ཤེས་པ་བྱེད་རོགས། ཡང་ཁོས་ཅི་འདྲ་ཞིག་བསམ་པ་ཡིན་མིན་གུས་པས་མི་ཤེས་ཀྱང་དེ་རིང་ཁོས་སྔ་འགྱུར་པ། ཡིན་ཁུལ་བྱས་ནས་གླིང་ཚ་མ་རྨད་གསུམ་ལ་སྨོན་ཁུལ་བྱས་ཤག།
གླིང་ཚ་མ་བུ་ཚོས་ཞི་བའི་གོམ་བགྲོད་གནང་།།
ཤོར་ཟིན་པའི་ཕ་གཞིས་དེ་ཚུར་ལ་ཨེ་རག་སྙམ།།
ལུས་ངལ་དུབ་ཀྱི་སྡུག་བསྔལ་ཅི་བས་ཆེ་ན་ཡང་།།
སེམས་སྙིང་སྟོབས་ཀྱིས་གདོང་ལེན་བྱས་ཏེ་ཕེབས།།
ཉིན་ཞག་བཅུ་ཟུང་གི་རྗེས་སུ་ལྡི་ལིར་འབྱོར།།
ས་གནས་ཉན་རྟོག་པས་ཞིབ་འདྲི་ཡང་དུ་བྱས།།
འོན་ཀྱང་མགོ་འཛིན་དེར་གདུང་སེམས་སྐྱེས་པ་འདྲ།།
ཇ་དང་ཞལ་ལག་གིས་སྣེ་ལེན་བྱས་ཏེ་མངགས།།
མི་རབས་གསུམ་གྱི་གངས་ཕྲུག
རང་དབང་ཆེད་དུ་བསྐྱོད་དང་།
ཁྱོད་ཚོའི་ཞབས་རྗེས་རེ་རེར།
གངས་རིའི་ལས་དབང་རེ་རེ།
ང་ཚོ་མཉམ་དུ་ཡོད།
ཁྱོད་དང་མཉམ་དུ་ཡོད།
བརྩེ་བ་དོར་ཐབས་མེད་པའི་གླིང་ཚ་མ་བུ་གསུམ་བདེ་ཐང་ངང་ལྡི་ལིར་འབྱོར་བ་དགའ་པོའི་ངང་ནས་མཚམས་སྤྲིའི་བཀྲ་ཤིས་བདེ་ལེགས་སྙིང་དབུས་ནས་ཞུ་རྒྱུ་དང་། ཁྱེད་རྣམས་ཀྱིས་དཀའ་ངལ་འཛེམ་མེད་ཐོག་གོམ་འགྲོད་གནང་བ་བློས་བཏང་ཧ་ལས་པའི་ཆེན་པོ་ཞིག་དང།མ་བུ་གསུམ་མཉམ་འགྲོད་ཀྱི་བོད་དོན་ལས་བསྐུལ་སོང་དམིགས་གསལ་དཀའ་ངལ་ཡོད་པ་ང་ཚོས་ཤེས་བཞིན་ཡོད། ཁྱེད་རྣམས་ཀྱི་སྐུ་སྲོག་ནི་རིན་ཐང་བྲལ་བ་ཞིག་དང་།བོད་མིའི་བདེན་པ་འཛམ་གླིང་ཡོངས་ལ་སྒྲོག་བྱེད་ཀྱི་མཚོན་བརྟགས་སུ་མཆིས་ན། ཁྱེད་མ་བུ་གསུམ་ནས་སྐུའི་འཕྲོད་བཞེས་ལ་ལྷོད་ཡང་མི་གཏོང་བའི་རེ་བ་དང་།ཁྱེད་རྣམས་ཀྱིས་ཐུགས་འདུན་ནི་ང་ཚོ་བོད་མི་ཚང་མའི་རེ་འདུན་ཡིན་པའི་གེགས་མེད་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ། བོད་རྒྱལ་ལོ། ལྷག་བསམ་ཅན་གྱི་མ་བུ་གསུམ་སྐུ་གཟུགས་བདེ་ཐང་ཡོང་བར་སྨོན་ནོ།། །།
སེམས་ཅན་དོན་དུ་བདག་གིས་སྔོན།།
དཀའ་བ་གང་ཞིག་སྤྱད་གྱུར་ཅིང་།།
བདག་གི་བདེ་བ་བཏང་བ་ཡིས།།
བསྟན་པ་ཡུན་རིང་འབར་གྱུར་ཅིག།
གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་འདི་ལམ་ལྷོང་ཡོང་བར་སྙིང་ནས་ཡིད་སྨོན་ཞུ།