དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་ཞུ་སྐབས་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཞི་བའི་འཐབ་རྩོད་པ་ཞེས་པའི་གཟེངས་རྟགས་ཤིག་གནང་ཡོད།
ཨ་མ་ལྡོམ་པོ་སྐྱིད་དང་བུ་མོ་ལྷ་མོ་སྐྱིད་གཉིས་༧གོང་ས་ཆེན་པོར་མཇལ་བཅར་སྐབས། ཚེ་བརྟན་རྡོ་རྗེ་ལགས་མྱུར་ཏུ་བཙོན་ནས་གློད་གྲོལ་ཡོང་རྒྱུར་ཐུགས་སྨོན་སྐྱབས་འཇུག་ཞུ་ཡི་ཡིན་ཅེས་བཀའ་གནང་ཡོད།
དགའ་འོས་པ་ཞིག་རེད་་་་་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས
རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་དཔར་མ་ཐོན་པ་འདི་ཅིག་ཆད་མི་འདུག་གམ།
ཉམ་ཆུང་མ་སྨད་གཉིས་ལ་༧གོང་ས་མཆོག་ནས་མཇལ་ཁ་དང་བཀའ་སློབ་ཟབ་མོ་གནང་བ་སེམས་བསམ་པས་དགའ་བསུ་ཞུ་ཀི་ཡོད།
ཞོར་དུ་ཞི་བའི་འཐབ་རྩོད་པ་གླིང་ཚེ་རྡོར་མཆོག་ལ་དབུ་མའི་ལམ་ལས་འགུལ་ཁང་གིས་ཆེ་མཐོང་གཟེངས་རྟགས་གནང་བར་དགའ་བསུ་ཞུ་ཀི་ཡོད།
ཉམ་ཆུང་མ་སྨད་གཉིས་ལ་༧གོང་ས་མཆོག་ནས་མཇལ་ཁ་དང་བཀའ་སློབ་ཟབ་མོ་གནང་བ་སེམས་བསམ་པས་དགའ་བསུ་ཞུ་ཀི་ཡོད། འོན་ཀྱང་༧གོང་ས་མཆོག་གིས་བཀའ་སློབ་ག་རེ་གནང་ཡོད་མེད་འདིར་མི་བཀོད་པ་གང་ཡིན་ནམ། ཉམ་ཆུང་མ་སྨད་གཉིས་ལ་བཀྲ་ཤིས་བདེ་ལེགས་ཡོད།
བྱུང་འདུག་ཟེར་སྤྲོ།
བྱེད་རྗེས་ལ་གཟེང་སྟོད་དང་། བྱེད་ཉེས་ལ་ཆད་པ་བཅོད་པ་ནི་ལུགས་དང་མཐུན་པ་ཞིག་རེད། དགའ་བསུ་ཞུ།
བྱ་བ་དང་བྱེད་པོ་གཉིས་ཀ་གཅིག་པ་ཡིན་པ་འདྲ། ཧ་ཧ།
གླེང་ཚ་མ་བུ་གསུམ་ལ་ཆོ་ལོ་འདི་འབབ་འོས་བ་དེ་རེད། གསེར་འབྲུག་སྡེར་ལགས། བརྡ་འཕྲོད་མ་སོང་ཧུཧུཧུ
བརྡ་མ་འཕྲོད་ན་མཆན་བུ་ལ་མིག་བགྲད་ནས་བལྟོས་དེ་ནས་ཤེས་མདོག་ཁ་པོ་རེད།
གླིང་ཚ་མ་རྨད་གསུམ་ལ་གཟེངས་རྟགས་འདི་དངོས་གནས་བབས་སོང་། བཀོད་སྒྲིག་པ་དང་བཅས་པར་བཀའ་དྲིན་ཆེ་ཞུ།
ཁ་བརྡ་ཚང་གི་ད་ནང་ང་ཡི་མཆན་བུ་ཆུང་ངུ་ཞིག་བྲིས་ཡོད་བསུབས་ཚར་ཞག་ད་སྐུ་ཆེ་མ་བསུབས་རོག་ཞུ་
ཞི་བའི་འཐབ་རྩོད་པ་ཞེས་པའི་གཟེངས་རྟགས་འདི་གནང་རྒྱུ་སྔ་དྲག་བ་མི་འགྲོ་སྙམ། གང་ཡིན་ཟེར་ན་ཁོང་ནས་སྤེལ་བའི་ལས་འཆར་འདིར་བལྟས་ན་ད་ལྟ་མགོ་འབུད་ཙམ་རེད། རང་ཉིད་ཀྱི་མཐོང་ཚུལ་ཙམ་བཀོད་པ་ཡིན། མ་གཞི་གཟེགས་རྟགས་ཀྱི་དཔང་ཡིག་ནང་བཀོད་པའི་ཡི་གེ་ཆ་ཚང་འདི་ནང་བཀོད་ཐུབ་ན་ཡག་པོ་འདུག གང་ལྟར་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གང་མྱུར་བཙན་གྲོལ་ཐོབ་ནས་དམ་བཅའ་ལྟར་ལས་འགུལ་མུ་མཐུད་སྤེལ་ཐུབ་པའི་རེ་བ་ཡོད།། །།
གསེར་འབྲུག་སྡེར་ལྔ་ལགས། མིག་ཅེར་ནས་བལྟས་བས་མ་ཚད་རྣ་བ་ཅོར་ནས་ཉན་པ་ཡིན། གོ་བརྡ་ཞིག་དངོས་ནས་འཕྲོད་མ་སོང་། སྐུ་མཁྱེན་་་་ཡ་ཡུད་ཚ་བོ་དེ་དོར་ནས་བཀའ་གསལ་བོ་ཞིག་གནང་རོགས། ཧུཧུཧུ
གསེར་འབྲུག་སྡེར་ལྔ་ལགས། མིག་ཅེར་བས་མ་ཚད་རྣ་བ་ཅོར་ནས་ཉན་པ་ཡིན། གོ་བརྡ་ཞིག་དངོས་ནས་འཕྲོད་མ་སོང་། སྐུ་མཁྱེན་་་་ཡ་ཡུད་ཚ་བོ་དེ་གཡུག་ནས་བཀའ་མོལ་གསལ་བོ་དེ་གནང་རོགས། ཧུཧུཧུ
བོད་ཀྱི་དཔའ་བོ་ཁེར་རྒྱུགས་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ཞི་བའི་འཐབ་རྩོད་པའི་གཟེངས་རྟགས་ཐོབ་པ་དང༌། ཁོང་གི་ཨ་མ་དང་སྲིང་མོ་ལ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་གམ་མཇལ་ཞུ་རྒྱུ་བྱུང་བ་དགའ་སྤྲོ་ཆེ།
ཧ་ཧ་་གཟེངས་རྟགས་སྤྲོད་མཁན་དང་གཟེངས་རྟགས་སྤྲོད་ས་གཉིས་ཁྱི་སྤྱང་ལག་འབྲེལ་མཐུན་འདུག། གཞིས་ལུས་རྒྱ་ཆེའི་མི་དམངས་སེམས་པ་མུག་བཅུག་སོང་། ད་དུང་ཡག་ཤོས་བྱུང་ན་གླིང་ཚ་ཚང་གིས་རྒྱུན་དུ་གཅེས་ཉར་བྱེད་ཡས་ཀྱི་རྒྱ་དམར་གྱི་རྒྱལ་དར་དེ་གཟེངས་རྟགས་དེ་དང་མཉམ་དུ་ཡང་སྐྱར་གཅིག་གནང་ན་ཡག་པོ་འདུག།
བོད་དོན་འཐབ་རྩོད་པ་གླིང་ཚ་མ་བུ་གསུམ་ལ་དགའ་རྟགས་ཐོབ་པར་དགའ་བསུ་ལོས་ཞུ།
རྒྱང་རིང་གི་ཕུག་རོན་དཀར་པོ་་ཟེར་བ་དེ་ཡག་པོ་མི་འདུག ཁོང་ཚོ་ལ་རྒྱབ་སྐྱོར་མི་བྱེད་ན་ཡང་། མར་འཐེན་དགོས་དོན་མི་འདུག བསམ་བློ་ཡག་པོ་མི་འདུག ཁོག་རྒྱ་ཆུང་བ་ལ་་་སྙིང་རྗེ་་་་
དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན།། ཞེས་སློབ་དཔོན་རིན་པོ་ཆེས་གསུངས་པ་ལྟར་ད་ངོ་མ་བོད་མི་རྣམས་འགྱུར་འགྲོ་བཞིན་འདུག གཞིས་སྡོད་བོད་མིས་ཚེ་སྲོག་བསྡོས་ནས་དར་དམར་མར་ལ་ཕབ། ཡུལ་གྱར་བོད་མིས་ངོ་ཚ་དོར་ནས་དར་དམར་བསྒྲེངས་ལ་བསྟོད། གངས་ཅན་བོད་ནས་རང་བཙན་གླེང་ན་ལ་རྒྱའི་དཔའ་རྟགས་བརྩི། རང་དབང་ཡུལ་ནས་རང་བཙན་བརྗོད་ཚེ་མི་ཡི་གྲལ་ནས་ཕུད།
ཚེ་རྡོར་ལག་དུ་རྒྱ་དར་བཞག་མཁན་དབུ་ཚང་རེད་ལ་བྱ་དགའ་སྤྲོད་མཁན་ཡང་དབུ་ཚང་རེད་། ཆབ་སྲིད་པ་ཡིན་ན་དེ་འདྲ་ལོས་ཡིན་།
རྒན་བྲག་ལགས།
རྒན་བྲག་ལགས། ང་ཚོ་བཙན་བྱོལ་ལ་ཡོང་དགོས་དོན་ཡང་དར་དམར་འོག་སྡོད་གཟོད་མི་བདེ་བར་ཡོང་བ་ལས་རྒྱུ་མཚན་མང་པོ་འདྲེན་མི་དགོས་པར་རྩ་དོན་བཟུང་དགོས་པ་ལས་བོང་བུའི་རྣ་བར་གསེར་བླུགས་ནའང་ཧྲོབ་ཧྲོབ་དང་རྡོ་བླུག་ནའང་ཧྲོབ་ཧྲོབ་ཟེར་བའི་དཔེ་ལྟར་བྱས་ན་མི་འགྲིག་བསམས།
ཁ་བརྡའི་དྲྭ་བདག་ལགས། རིགས་ཞེན་དཀར་པོའི་ག་རེ་བྲིས་ཡོད་མེད་གཟིགས་ཡོད་ཤག །ཡོད་ན་འདི་ཁ་བརྡའི་སྒྲིགས་གཞི་དང་མཐུན་པ་ཡིན་ནམ་མིན། མིན་ན་མཆན་རང་སོར་བཞག་དོན་གང་ཡིན་ནམ།
སྤྱི་ཡོངས་ཀྱི་ཆ་བྱས་ན། གང་ཟག་སྒེར་སོ་སོའམ་ཚོགས་སྡེ་བྱེ་བྲག་པ་རྣམས་ལ་ལྟ་ཚུལ་མི་འདྲ་བ་སྣེ་མང་ཞིག་ཡོང་མཆོག་པ་མ་ཟད། དེ་དང་མཐུན་པའི་གནས་ཚུལ་རྒྱུད་ལམ་ཁག་ཏུ་སྤེལ་འོས་པ་ནི་མང་ཚོགས་ཀྱི་འགྲོ་བཏང་ཞིང་ཡིན་པར་སྙམ་ལ། གླིང་ཚའི་བུ་རྒོད་ཁོང་ནས་ཀྱང་རང་དབང་གི་རྒྱལ་ཁབ་ཀྱི་འགྲོས་དང་བསྟུན་ཏེ། བྱ་སྤྱོད་མ་འདྲ་ཙམ་སྤེལ་བ་དེ་ཡང༌། གཞི་རྩ་བོད་མི་མང་ཆེ་བའི་མངོན་འདོད་དང༌། དེང་དུས་འཛམ་གླིང་རྒྱལ་ཁབ་ཁག་གི་མཐུན་འགྱུར་རྒྱབ་རྟེན་འཚོལ་བདེ་བའི་ལམ་བུ་དེར་དམིགས་པ་ཞིག་ཡིན་ན། ཕྱོགས་ལྷུང་གི་བསམ་པ་ཡོངས་སུ་དོར་ཏེ། འཕྲལ་སེལ་བོད་མའི་གནས་འབབ་ལ་དགོངས་བཞེས་ཡོད་པ་ཞུ།
དབུ་མའི་ལམ་གྱི་འཁྲབ་སྟོན་སྣ་ཚོགས་་་ཧཧཧཧཧཧཧཧཧཧ
ཁྱེད་ཁ་བརྡ་དྲྭ་བ་ཚང་ལ་དྲང་བདེན་ཅེས་པ་དེ་ཡོད་དམ། ཡོད་ན་དྲང་གཏམ་ལ་རྒྱབ་སྐྱོར་མེད་པ་འདི་ག་རེ་རེད། ད་ནི་གུང་ཁྲན་ཏང་གི་གནོན་ཤུགས་དེ་ཁ་བརྡ་ཚང་གི་སྟེང་ལ་ཡང་སླེབ་ཚར་འདུག་གོ
ངས་ཁ་སང་དགོངས་མོ་མཆན་ཞིག་བཏབས་ཀྱང་དེ་རིང་མཐོང་ལམ་དུ་ཡང་མི་འདུག། འཇམ་གཅེས་ཟེར་བའི་གཡོན་ཐལ་ཅན་དེས་ཁ་བརྡ་དྲྭ་བའི་སྒྲིག་གཞི་དང་འགལ་ཡོད་རབ་བཤད་འདུག་པས་དེས་གནོན་ཤུགས་ཡིན་ནམ་མིན་གསལ་པོ་ཤེས་མ་སོང་། གལ་སྲིད་ཡིན་ན་ཁ་བརྡའི་གསལ་བསྒྲགས་ཀྱི་ནང་དུ་གང་ཟག་སྒེར་ལ་གཞི་མེད་སྐྱོན་འཛུག་བྱེད་མི་ཆོག་པར་བཤད་འདུག་པ་ལས། སྐྱོན་བརྗོད་མི་ཆོག་ཟེར་བ་ཞིག་མཐོང་མ་སོང་། རྒྱུ་མཚན་དེས་ན་ངས་གཞི་མེད་སྐྱོན་འཛུག་ག་རེ་བྱས་འདུག་རང་རེ་བགྲོ་གླེང་བྱེད་དང་ཁ་གསལ་གཏིང་གསལ་བཟོ་ཆོག་ཆོག་རེད། ངས་གཞི་མེད་སྐྱོན་འཛུག་རེད་འདུག་ན་ཉེས་ཆད་ག་རེ་བཀལ་ཡང་ངས་ངོས་ལེན་ཞུ་ངེས་ཡིན། དེ་ལྟར་མིན་པར་བསམ་འཆར་གཏན་ནས་བཤད་མ་ཆོག་ན་ཁ་བརྡ་ཚང་གིས་གུང་ཁྲན་ཏང་གི་སྲིད་བྱུས་སྨྲ་བརྗོད་རང་དབང་མེད་པ་དེ་ལག་ལེན་དུ་འདེབས་རྒྱུ་ཡིན་པ་འདྲ་ཟེར་བ་ལས་ཐབས་ཤེས་གང་ཡང་མེད་དོ།
གླིང་ཚ་མ་བུ་གསུམ་ལ་འཚམས་འདྲི་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་་བྱུང་བ་སྐལ་བ་བཟང་བོ་རེད། དེ་དང་ཆབ་ཅིག་ཁ་བརྡ་ཚང་ལ་ཞུ་རྒྱུ་ཞིག་ལ་ཉེ་ཆར་སྤྱི་འཐུས་གྲོས་ཚོགས་ནང་ན་བཀའ་མོལ་གནང་བཞིན་པ་ལྟར་དྲ་ཐོག་ལ་སྟངས་འཛིན་དོ་དམ་ཕྲན་བུ་མེད་ན་སྤྱི་ཚོགས་ལ་ཕན་པ་ལས་གནོད་པ་ཆེ་བས་ངེས་པར་དུ་གཟབ་དགོས་པ་མང་པོ་ཡོད་པར་སྙམ། དེ་ནི་གཙོ་བོ་བོད་གཞུང་གི་དྲིལ་བསྒྲགས་སོགས་དང་མི་མང་ལ་གོ་བརྡ་འཕྲོད་དགོས་རིགས་དེ་རྣམས་གསལ་བོར་བཀོད་ནས་དེའི་ཐོག་ལ་ཕན་ངེས་ཀྱི་བསམ་འཆར་སྡུད་ལེན་བྱེད་རྒྱུ་ལས་མིང་ངེས་སུ་མི་མཐོང་བའི་དྲ་འབུ་རེ་ཟུང་གིས་སྤྱི་ཚོགས་ལ་དཀྲུག་ཤིང་གི་ངན་ཇུས་རྣམས་མ་བཀོད་ན་ལེགས་སྙམ།
དྲ་བདག་ནས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བས་མཆན་བུ་ལ་སྟངས་འཛིན་གནང་བར་སྙིང་ཁོང་ནས་ཡིད་རངས་ཞུ་ངེས་ཡིན།
སྐད་ཆ་དྲང་པོ་བཤད་ན་ཚེ་རྡོ་མ་བུའི་སྙིང་སྟོབས་ལ་གུས་བཀུར་ཞུ་དགོས་ངེས་རེད་མོད་ཁོང་ཚོའི་བློ་གྲོས་དང་ཆོད་སེམས་ཀྱིས་མ་འདངས་པས་སྐབས་འཚོ་རིང་ལུགས་པའི་ལག་ཆ་རུ་གྱུར་པ་རེད། རྒྱུ་མཚན་དེ་ཉིད་ཁོང་གིས་ལས་འགུལ་འདིའི་བྱུང་རིམས་ཀྱི་ཐོག་ནས་ངོ་འཕྲོད་ཐུབ། མདོར་ན་རྒྱ་དམར་གྱི་དར་དམར་ཕྱར་བའི་མི་བུ་སུ་འདྲ་ཞིག་ཡིན་ཡང་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་དོར་བའི་རྣམ་ཤེས་མང་པོས་འཁོན་འཛིན་དང་ཁྲེལ་དགོད་བྱེད་ངེས།
བཙན་བྱོལ་གཞུང་གིས་ད་རེས་སྤྱན་གསལ་པོ་མཐོང་བ་ནོར་མི་འདུག གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཞི་བའི་འཐབ་རྩོད་པ་ཞེས་པའི་གཟེངས་རྟགས་ཤིག་གནང་པ་ཐུགས་རྗེ་ཆེ།
རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དར་དམར་བསྒྲེངས་པ་ལ་ཡང་རྒྱབ་སྐྱོར་ཡོད་ལགས། །
རྒྱང་རིང་གི་ཕུག་རོན་དཀར་པོ་ལགས། མི་སུམ་བཅུ་བསམ་པ་སུམ་བཅུ། མཛོ་སུམ་བཅུ་རྭ་ཅོ་དྲུག་ཅུ་ཞེས་པའི་དཔེ་ལྟར། གླུང་ཚ་ཚེ་རྡོར་ལ་མཚོན་ན་རྒྱ་ནག་གི་དར་དམར་འོག་མནར་སྤྱོད་ལ་མ་བཟོད་པར་ནང་མི་དང་རང་གི་ཤ་ལས་མཆེད་པའི་ཕྲུ་གུ་གཉིས་བཞག་ནས་རྒྱ་ནག་ལ་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་མ་གཏོགས་ཁོང་གི་རྒྱ་ནག་དར་དམར་ལ་ངོ་དགའི་ཆེད་དུ་མ་རེད་ལོ། ཡིན་ནའང་ང་ཚོའི་བོད་མི་རྣམས་ཀྱི་བདེན་དོན་དུ་ཆེད་དུ་རྒྱ་ནག་གི་དར་དམར་ལ་བརྩི་བཀུར་བྱས་ན་ང་ཚོ་ལ་ཁེ་ཕན་ཆེ་བ་ཡོད་ཀྱི་རེད་བསམ། ཁོག་པ་ཆུང་ཆུང་ཙུ་གུ་འདྲ་བོ་མ་བྱེད་ལོ་་་། ༴གོང་ས་མཆོག་གིས་ཀྱང་རྒྱ་མ་ི་རིགས་དང་འབྲེལ་བ་ཡག་པོ་འཛིན་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད། རྒྱ་རིགས་དང་བོད་རིགས་འབྲེལ་བ་ཡག་པོ་བཟོ་དགོས་ན་རྒྱ་ནག་གི་དར་དམར་ལ་བརྩི་བཀུར་བྱེད་རྒྱུ་གལ་ཆེན་རེད། གླིང་རྡོར་ལ་མཚོན་ན་ཕར་ཚུར་གཉིས་ཀ་ལ་བརྩི་བཀུར་བྱེད་ཀྱི་འདུག་པས།་ངོ་མ་སྐྱེས་བུ་རླབས་ཆེན་རེད།
ངོ་མ་ཐབས་སྐྱོ་བོ་ཞེ་དྲག་རེད། རླབས་ཆེན་གྱི་ཚོགས་པ་རེ་ཟུང་གིས་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་བཟུང་སྟེ་ཕར་རྒྱ་ལ་ཁ་གཏད་མི་བཅོག་པར་བཙན་བྱོལ་གྱི་འཁོར་ཡུག་ཆུང་ཆུང་འདི་དང་མི་སྒེར་ལ་འཁོན་སེམས་དང་ངན་སྨྲས་འདི་དག་གིས་ཚོགས་པ་དེའི་རིགས་ཀྱི་ལས་ཀ་ངོ་མ་དེ་གང་ཡིན་མི་ཤེས་པའི་གནས་སུ་བསྐྱལ་ཡོད། “ཕྱི་དགྲ་ལ་མི་ཐུབ། ནང་གཉེན་ལ་གནོད་”ཅེས་པ་ངོ་མ་བདེན་ནོ། །
ངོ་མ་ཚོགས་པ་དེ་དག་གིས་རླབས་ཆེན་གྱི་བྱ་བཞག་རེ་སྒྲུབ་འདོད་ན་ནང་ཁུལ་ཆིག་སྒྲིལ་གྱི་ནུས་པ་སྤུངས་དགོས་པ་དེ་གལ་ཆེན་པོ་རེད། དེ་མིན་ས་ཆ་འདི་ནས་ཁ་ནས་རྫིག་པོ་ག་ཚོད་བཤད་བཤད་རེད། ཞེད་སྣང་ནི་མེད། ཤི་ནི་མི་དགོས། ཡིན་ན་ཡང་དེ་ཙམ་གྱིས་འགྲིག་ཐབས་མེད་པ་གསལ་བོ་རེད། དོན་ངོ་མས་ཕན་ཐོག་ཡ་ཞིག་མེད་ན་རྫིག་མདོག་ཙམ་གྱིས་སྤྱི་ཚོགས་གང་ལ་ཡང་མི་ཕན་པ་གསལ་བོ་རེད། “ཁ་ནས་རང་བཙན་བརྩད་དོན་གྱིས་རང་དོན་སྒྲུབ།” ངོ་མ་རྒྱུ་མཚན་འདུག་གམ།
དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ཞི་བའི་འཐབ་རྩོད་པ་ཞེས་པའི་གཟེངས་རྟགས་དེ་གནང་དགོས་དོན་གང་ཡིན་ནམ། རྒྱ་ནག་གི་རྒྱལ་དར་འཕྱར་བས་ཡིན་ནམ། བལ་ཡུལ་གྱི་བཙོན་ཁང་ནང་ཡོད་པས་ཡིན་ནམ། ཡང་ན་བོད་པའི་འཐབ་རྩོད་གཞན་དག་ཚང་མ་ཞི་བའི་འཐབ་རྩོད་མ་ཡིན་པར་དྲག་པོ་ཆགས་ཀྱི་ཡོད་པ་ཡིན་ནམ། རྒྱ་ནག་གི་བཙོན་ཁང་ནང་ཚེ་བཙོན་དུ་བཞུགས་པའི་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་། བློ་བཟང་བསྟན་འཛིན་གཉིས་ལ་ག་རེ་བྱས་ན་གཟེངས་རྟགས་དེ་མ་འོས་པ་ཡིན་ནམ། བཀྲ་སྦེ་ནས་མགོ་ཁྲིད་པའི་དཔའ་བོ་༥༡ ལ་མི་འོས་པ་ག་རེ་ཡིན་ནམ། ༧སྐྱབས་མགོན་པོ་རིན་པོ་ཆེ་ཞི་བདེའི་དེད་དཔོན་ལ་ཡང་མ་འོས་པ་ག་རེ་ཡིན་ནམ། མ་ཤི་བར་ཟས་བཅད་ངོ་རྒོལ་གནང་མཁན་གསུམ་ལ་མི་འོས་པ་ག་རེ་ཡིན་ནམ། དེ་དག་ལས་གླིང་ཚ་ཁྱད་དུ་འཕགས་པའི་ཁྱད་ཆོས་ག་རེ་ཡོད་པ་ཡིན་ནམ།