ཚེ་བརྟན་རྡོ་རྗེ།
༤ཉིན་ལྡི་ལུ་གནས་གཞུགས་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་རིག་འཛིན་དང་དཀལ་ཐུབ་རྒྱལ། རྣམ་གྲོལ་གླིང་གི་གྲྭ་ཡོན་ཏན་རྒྱ་མཚོ་དང་ཐང་ག་འགྲེམ་ཚོང་མཁན་བྱམས་རྒན་བཅས་ཁོང་ཚོ་སྒེར་ངོས་ནས་ངེད་ཅག་མ་བུ་གསུམ་ལ་ཐུག་འཕྲད་བྱེད་དུ་རྒོ་ར་ཕོར་ས་གནས་སུ་འབྱོར་བ་དང་ཟ་བཏུང་རིགས་མི་ཉུང་བ་ཞིག་ཀྱང་ཁུར་འདུག རྡ་སར་གནས་གཞུགས་བཀའ་ཟུར་ཨ་ལགས་འཇིགས་མེད་ལགས་ཀྱིས་ཁོང་ཚོ་ལ་ངེད་མ་སྨད་གསུམ་ལ་ཧིན་སྒོར་ལྔ་སྟོང་གི་ཞལ་འདེབས་སྐུར་འདུག
གཤམ་གྱི་ཡི་གེ་འདི་ནི་ཕྲན་གྱི་གློག་འཕྲིན་ཁ་བྱང་སྟེང་ལ་ཕྱི་ནས་འབྱོར་བའི་ཞལ་འདེབས་ཤིག་གི་མིང་ཐོ་དང་དེ་ཁུལ་ནས་དྭང་བླང་ཞལ་འདེབས་འབུལ་མཁན་སྦུན་ཟླ་དག་གི་མཚན་རེད།
༄༅། །ལྷག་བསམ་དང་སྙིང་སྟོབས་ཀྱི་ཕྱུག་པའི་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ།
ཆེད་ཞུ།
ཞིབ་ཕྲ་ཉེ་སྔོན་ཞལ་དཔར་ཐོག་བཀའ་མོལ་བྱུང་དོན་བཞིན། ཁྱེད་མ་བུ་གསུམ་གྱི་བོད་རྒྱལ་ཁབ་དང་མི་རིགས་ལ་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡིད་རང་དང་ཐུགས་རྗེ་ལེགས་སྐྱེས་སུ་དང་བླངས་ཐོག་ཕ་རན་སི་བོད་རིགས་ཚོགས་པ་ནས་ཡུ་སྒོར་༢༠༠།༠༠ དང་བོད་རིགས་མི་མང་་ནས་ཡུ་སྒོར ༥༧༣།༠༠ བསྡོམས་༼མི་གཞུང་ཟུར་གསལ་ལྟར་༽ ཛ་བསྒྱུར་ཧིན་སྒོར་འབབ་༥༢ ༢༧༤།༢༡ བཞུགས་སྒར་གནས་བཞུགས་རིག་ལམ་སློབ་གཉེར་ཁང་གི་སློབ་དགེ་བསྟན་འཛིན་འགྱུར་མེད་ལགས་༠༩༤༡༨༧༡༡༡༣༢ བརྒྱུད་འབུལ་གཏོང་ཞུས་ཟིན་ན་དེ་དོན་དངུལ་འབབ་རྩིས་བཞེས་གནང་སྐྱོང་ཡོང་བ་དང་། ཁྱེད་རྣམ་པས་རླབས་ཆེན་གྱི་ལས་འགུལ་འདིར་འགེག་མེད་ལམ་ལྷོང་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ་བ་དང་བཅས། ཧྥ་རན་སི་བོད་རིགས་ཚོགས་པ་ནས་ ༢༠༡༢ ཟླ་ཚེས་ལ་ཕུལ།།
གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་གོམ་བགྲོད་ཀྱི་ལམ་ཞོར་དུ་༤།༥།༡༢
ཁོང་གསུམ་ལ་རྒྱབ་སྐྱོར་གནང་མཁན་རྣམས་ནི་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་ལ་ངོས་འཛིན་མ་ཞུས་ཐབས་མེད་རེད། གང་ཡིན་ཞེ་ན་ཁོང་མ་བུ་གསུམ་ནི་བོད་མིའི་བདེན་དོན་ཆེད་ལས་སྐུལ་ལ་བཞུགས་བཞིན་པས་སོ། ཁྱེད་གསུམ་སྐུ་གཟུགས་བདེ་དང་བསམ་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ།། །།
བདེ་ཐང་ལ་བཅོས་རོགས།
ཁྱེད་མ་བུ་གསུམ་གྱི་སྙིང་སྟོབ་ནི་ང་ཚོའི་ནམ་ཡང་བརྗེད་མི་སྲིད་།
དངས་སང་གཞོན་ནུ་ལྷན་ཚོགས་དུ་བོད་ནས་སྐྱེས་པའི་མི་ཞིག་མེད་པ་ཡང་ངས་དེ་རིང་
གསལ་བོ་མཐོང་སོང་།
བདེ་ས་སྐྱིད་ས་ཞིག་ནས་དར་ཆ་གླེང་གི་འདུག་། དངོས་གནས་བོད་གི་གནས་སྟང་མཁྱེན་གི་མི་འདུག་།
དབ྄ིན་ཡུལ་གནས་བཞུགས་གཞོན་སྐྱེས་ཁག་ཅིག་གིས་གླིང་ཚ་མ་བུ་གསུམ་གྱི་གོམས་བགྲོད་ཆེད་ཞལ་འདེབས་དབྱིན་སྒོར་༡༥༠༠ ལྷག་ཙམ་བསྡུས་ཡོད་྄པ་ཁྱེད་ཅག་ལ་དུས་ཐོག་འབྱོར་ཡོད་པའི་རེ་བ་ཡོད།
གླིང་གེ་སར་དང་མི་ཁ་ཤས་ལ། ཁྱེད་ཅག་གིས་བོད་ཀྱི་གཞོན་ནུའི་བྱས་རྗེ་ཤེས་ཀྱི་མེད་ཚོད་འདུག གླིང་ཚ་ཚེ་རྡོར་མི་སུ་ཡིན་དེ་བས་ཀྱང་ཤེས་ཀྱི་མེད་ཚོད་འདུག་པས། བསྟོད་སྔག་དང་ཡིད་སྨོན་བྱེད་རྒྱུ་སྔ་དྲག་པ་རེད།།
ཚེ་རྡོ་ལགས་ཀྱི་ལྷག་བསམ་ལ་དགའ་བསུ་ཞུ་ཆོག། འོན་ཀྱང་། དེང་སྐབས་ཞལ་འདེབས་ཀྱི་དྲིལ་བསྒྲགས་མང་ནས་མང་དུ་འགྲོ་བ་དང་། རྒྱལ་དར་ཡང་དེ་བཞིན་འདུག་པས་ངར་དོག་པ་ཞིག་ཤུགས་ཀྱི་སྐྱེ་ཡོང་གི་འདུག།
ང་ལྟབུ་ལ་མཚོན་ན་གླིང་ཚ་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་འདི་ལ་རྒྱབ་བསྐྱོར་དང་གུས་འདུད་བྱས་ཡིན། ཡིན་ནའང་བར་སྐབས་ཤིག་ནས་ཚེ་བརྟན་རྡོ་རྗེ་ཁོ་རང་གི་སེམས་ལ་ག་རེ་དྲན་མིན་མི་ཤེས། སྐར་ལྔའི་དར་དམར་ཞིག་བཟུང་ནས་འགྲོ་བཞིན་པ་ཤེས་བྱུང་། བོད་ཀྱི་སྒྲིག་འཛུགས་ཀྱིས་ད་ལྟའི་བར་ལོ་ངོ་དྲུག་ཅུའི་རིང་སྐར་ལྔའི་དར་དམར་གནམ་ལ་བསྒྲེངས་མེད་རེད་ཅེས་བཤད་ཆོག་ལ། གཞོན་ནུ་ཚོགས་པས་སྐར་ལྔའི་དར་དམར་མེར་སྲེག་གཏོང་བཞིན་ཡོད་པ་མཁྱེན་གསལ་རེད། ཚོགས་པ་གཞན་དག་ཀྱང་དེ་བཞིན་རེད། བོད་མི་ས་ཡ་དྲུག་གིས་སྐར་ལྔའི་དར་དམར་ལ་དགའ་མོས་མེད་པ་ལས་ཤེས། བོད་ནང་དུ་རང་ལུས་མེར་སྲེག་གཏོང་བ་ལ་སོགས་པའི་རང་སྲོག་དོར་མཁན་དེ་དག་ཀྱང་རྒྱ་དམར་གྱིས་དར་དམར་བཙན་གྱིས་ཁང་པའི་སྟེང་འཛུགས་བཞིན་པ་འདི་དག་དང་འབྲེལ་བ་དམ་ཟབ་ཡོད་པ་ཤིག་རེད་བསམ་གི ཁྱེད་རང་གིས་ཤེས་བཞིན་བྱས་པ་ཡིན་ན་ཁྱེད་རང་སྡུག་ཅག་རེད། བསམ་བློ་གཏོང་སྟངས་ཅིག་གིས་ནོར་འཁྲུལ་ཤོར་མི་སྲིད་པ་མིན། དར་དམར་དེ་ས་ལ་གཡུགས་རོགས་ཀྱིས། ཁྱེད་རང་གི་ལས་འགུལ་འདི་ལས་འགུལ་མིན། འདི་འཐབ་རྩོད་ཡིན་ཟེར་བ་དེ་དོན་ལ་གནས་དགོས་ཀྱི་རེད།།
སྐར་ལྔའི་དར་ཆ་དམར་པོ།
དགོན་གྲོང་ཡངས་སྟེང་བསྒྲེངས་དགོས།
བཙན་པོ་རྒྱ་དམར་ཇག་པས།
ཡང་ཡང་བཙན་བསྐུལ་བྱས་ཀྱང་།
གཞི་ལུས་སྤུན་ཟླའི་ཚོགས་ཀྱིས།
རང་སྲོག་གཏའ་མར་བཞག་ནས།
བདེན་པའི་མེ་ལྕེའི་དྲི་མ།
བག་ལ་མ་གཞལ་གོང་ནས།
སྐར་ལྔའི་དར་དམར་བཟུང་ནས།
རྒྱ་ཡའི་ཕྱོགས་སུ་བསྐྱོད་ཀྱང་།
ཕྱི་སྡོད་སྤྲེལ་རིགས་རྣམ་པས།
དངུལ་གྱི་འགྲོ་བགྲོན་ཕུལ་སོང་།
དགྲ་དགའ་གཉེན་སྡུག་འདི་ལ།
ང་ནི་ཡིད་ཐང་ཆད་སོང་།
དགྲ་ཡིས་བདག་སྤྲོད་མི་བྱེད།
གཉེན་ཀྱང་ཞེན་པ་ལོག་ཐལ།
གླིང་གེ་སེར་ལགས། ཁྱེད་རང་གི་གཞོན་ནུ་ཚོགས་པའི་ལས་འགུལ་སྤེལ་བ་དེ་ཚོ་མ་མཐོང་བ་དེ་ཞར་བ་ཡིན་གྱི་་རེད། ད་ལྟ་བར་བཙན་འབྱོལ་ནང་། རྒྱ་རྒོལ་ལས་འགུལ་སྤེལ་མཁན་ཤུགས་ཆེ་ཤོས་དེ་གཞོན་ལྷན་ཡིན་པ་ཚང་མས་ཤེས་གསལ་རེད། གང་ལྟར་ཁྱེད་རང་གི་positive ་དེ་མ་མཐོང་བར་negative གཅིག་པུ་མཐོང་ན་སོ་སོའི་སྐྱོན་ཡིན་པ་ཤེས་དགོས།