༢༦།༣།༡༢ལ་གླིང་ཚ་ནས།
མདང་ནུབ་དུག་སྦྲང་གི་དམག་རྒྱབ་སྟེ་ང་ཚོ་ཚང་མ་གཉིད་སྐྱིད་པོ་ཞིག་ཁུག་ཏུ་མ་བཅུག་ནའང་ཞོགས་པར་དུས་ཚོད་ལྔ་པའི་སྟེང་ཁ་ཤས་ཀྱི་མིག་བསྐྲང་པ་དང་དྲིན་ཆེན་མ་ལོའི་ཁ་ཤ་ཡང་བསྐྲང་འདུག གང་ལ་ཐུག་ཡང་ང་ཚོ་མདུན་དུ་འགྲོ་བ་མ་གཏོགས་ཕྱི་ནུར་བྱེད་ས་ཞིག་གང་ནས་ཡོད།
ཉིན་གུང་གི་ཟ་མ་དེ་རིང་ཡང་ལྡི་ལུ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་གཙོ་བའི་མི་བདུན་གྱིས་ཁུར་ནས་འོང་། ང་ཚོ་སྐོར་སྐོར་བྱས་སྟེ་ཟ་མ་ཟ་བའི་འགོ་བཙུགས་མ་ཐག ཁ་པར་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་དུ་འབྱོར།ལྡི་ལུ་ནས་བོད་ཀྱི་ཕོ་གསར་ཞིག་མེ་ཡི་ཟོས་འདུག་པའི་སྐོར་རེད། མི་ཚང་མ་སེམས་པ་སྐྱོ་བའི་སྐད་ཆ་བཤད་འགོ་བཙུགས།
ལམ་བར་དུ་བཀྲས་མཐོང་སྐལ་བཟང་ཆོས་སྐྱིད།པདྨ་ཐང་གི་བདག་མོ།ཆེད་ལས་གླུ་མ་དང་གློག་བརྙན་འཁྲབ་མཁན་མ།རང་ལོ་༥༦ལ་སོན་པ་ཁོ་མོས་ང་ཚོ་ལ་ཞོར་ཟས་དང་འཐུང་ཆུ།ད་དུང་།ཧིན་སྒོར་༥༠༠༠གི་ཞལ་འདེབས་གནང་སོང་། ཁོ་མོ་དང་མཉམ་དུ་ཡོད་པའི་གློག་ལས་པ་བློ་བཟང་ཚེ་རིང་། རྡ་ས་གནས་བསྡོད། རང་ལོ་༤༧སོན་པ་ཁོང་གིས་ཧིན་སྒོར་༥༠༠གནང་།
ད་ལྟ་ང་ཚོ་ལྡི་ལུ་བར་དུ་མཉམ་ཞུགས་བྱེད་མཁན་དག་སྡོམ་པའི་མི་བཅུ་གཅིག་ཡོད། དེ་རིང་འདི་ནས་ལྡི་ལུར་འབྱོར་བ་ལ་སྤྱི་ལེ་ང་ལྔ་ལུས་ཡོད།
དུག་སྦྲང་གི་མཆུས་མི་རྨུག་པའི་བྱུག་སྨན་ཉོ་རྒྱུ་ཡོད་པས་ཉོ་རོགས། མཚན་མོ་གཉིད་ཡིན་བསམ་བསམ་ཞིག་མ་ཁུག་ན་གཟུགས་པོ་ལ་དཀའ་ངལ་ཕྲག་རྒྱུ་ཉག་ཅིག་རེད། སྐུ་གཟུགས་ལ་བཅག་པོ་གནང་རོགས།
ང་ཚོ་ལ་མི་མེད་མོད་རྒྱུ་ཕྱོགས་ནས་ཡུ་རོབ་སྒོར་མོ་གྲ་སྒྲིག་ཨང་གསར་ཡོད་ལ། དགོས་གལ་ཐུག་ཚེ་ལབ་རོགས་གནང་རྐྱང་བྱོས།
ལ་དཔྱད་པ། སངས་རྒྱས་ཆོས་ལུགས་ནི་གནའ་རབས་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་ནས་མགོ་འབུས་ཤིང་། བྲམ་ཟེའི་ཆོས་ལུགས་ཀྱི་འོག་ནས་ལག་ཆགས་པ་ཞིག་ཡིན་སྟབས། ཆོས་འདུལ་བའི་ལུགས་ཀྱི་བཅའ་ཁྲིམས་ཀྱི་ནང་དུ་ཡང་སྐབས་དེའི་རྒྱ་གར་བའི་ཡུལ་ཆོས་དང་། བྲམ་ཟེའི་ཆོས་ཀྱི་ཆོ་ག་མང་པོ་འདྲེས་ཡོད་པ་སྨོས་ཅི་དགོས་ཏེ། ཆེ་ས་ནས་བཤད་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ངང་ཚུལ་འདི་ཡང་ཕྱི་རོལ་མུ་སྟེགས་པའི་ལུགས་སྲོལ་ཡིན་པ་ལྟ་བུ་རེད། སྟོན་པ་སངས་རྒྱས་རང་ཉིད་ཀྱང་ཐོག་མར་མུ་སྟེགས་པའི་རབ་བྱུང་ཚོར་མིག་དཔེར་བལྟས་ཏེ་ཆ་ལུགས་བསྒྱུར་བ་ཞིག་ཡིན་ལ། ཕྱིས་སུ་ལྟ་བའི་ཐད་ནས་ཏོག་ཙམ་མ་མཐུན་པས་ཟུར་དུ་དོན་དགོས་བྱུང་ཡང་རྟགས་དང་ཆ་ལུགས་གསར་བརྗེ་གནང་མེད་པར་མ་ཟད། ཉིད་ཀྱི་རྗེས་འབྲང་ཚོར་ཡང་མུ་མཐུད་
བཀུར་འོས་གླིང་ཚ་ལགས་ཁྱེད་ལྟ་བུ་མི་མང་དག་ཅིག་ཡོད་ན་བོད་ལ་རེ་བ་ཡོད་རྒྱུ་རེད།
གླིང་ཕྲུག་ཚེ་རིང་ལགས། མདའ་སྨྱུག་རྩོམ་ཆོས་མ་རྐུས་རོགས། རང་ཉིད་རིག་གསར་ལམ་དུ་བསྐྱོད་རོགས།
ཞལ་འདེབས་ཕུལ་བ་དང་ཐུགས་ཕྲད་དུ་སོང་བ་ཙམ་ལ་ཐུགས་རྗེ་ཆེ་ཞུ་ཡིན་ན་ཡིང་བོད་མི་ཚང་མས་མི་རིས་ངོ་རེ་ནས་བོད་སྤྱི་བའི་ལས་འགུལ་གང་ཐུབ་ཐུབ་སྤལ་རོགས་འཀའ་དྲེན་ཆེ།།
གླིང་ཚ་མ་བུ་ཚོས་ཞི་བའི་གོམ་བགྲོད་གནང་།།
ཉམ་ང་བའི་མི་རིགས་ཤིག་སྐྱོབ་འདུན་ཅི་བས་ཆེ།།
ངོ་གདོང་གི་རྔུལ་ཆུའི་ཐིག་པ་ཕྱི་བཞིན་དུ།།
ངལ་དུབ་ཀྱི་གོམ་པ་མདུན་ནས་མདུན་དུ་སྤོས།།
ཉི་འོད་ལ་དེ་འདྲའི་སྙིང་རྗེ་མེད་པ་ལ།།
ཚ་གདུག་གིས་དབུགས་ཀྱང་གཏོང་ལེན་དཀའ་བར་གྱུར།།
དུག་སྦྲང་ཚོགས་དེ་འདྲའི་བྲེལ་ཟིང་ཆེ་བ་ལ།།
ངལ་གསོ་བའི་མཚན་མོའི་གཉིད་ཀྱང་མེད་པར་བྱས།།
རྒྱལ་སྤྱི་དང་རྒྱ་ནག ད་དུང་བོད་རང་གི་གནས་སྟངས་བཅས་གང་ཐད་ནས་བལྟས་ཀྱང་། གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་འདི་རེས་ཞིག་མཚམས་འཇོག་དགོས། གླིང་ཚ་ཟེར་བའི་བུ་རྒོད་འདིས་ཉན་དཀའ་ཡང་། དུས་ཚོད་སྨིན་མེད་པར་དགོངས་བཞེས་ངེས་པར་གནང་དགོས། ནམ་ཞིག་ན་ཁྱེད་མ་བུ་གསུམ་གྱིས་བོད་མི་བརྒྱ་ཕྲག་མང་པོའི་སྣེ་ཁྲིད་དེ་བོད་ཕྱོགས་སུ་གོམ་བགྲོད་བྱེད་རྒྱུའི་དུས་ཤིག་ཤར་སྲིད་པ་ཡིན། དེ་དུས་ནུས་པའང་ཐོན་སྲིད། ད་ལྟའི་དུས་ན། མི་གསུམ་ཁོ་ན་འདི་ལྟར་ཕྱིན་པས་རྒྱ་ནག་སྲིན་པོའི་གཞུང་གིས་གར་ཁྲིད་རྗེས་བྲལ་ནག་མེད་སེ་གཏོང་རྒྱུ་རེད་ལ། གྲངས་འབོར་ཉུང་བའི་བོད་ལ་མཚོན་ན། བོད་ཀུན་པོར་ངར་ཤུགས་སློང་བའི་དཔའ་བོ་དཔའ་མོ་གསུམ་དུས་ཐུང་ནང་རྩ་བརླག་ཏུ་སོང་ཚེ། བློ་ཕངས་པ་དང་གྱོང་གུན་ཚབས་ཆེན་ཞིག་རེད།
དེས་ན་སླད་ཕྱིན་མི་མང་གི་ལས་འགུལ་གཞི་རྒྱ་ཅན་ཞིག་ལ་དམིགས་ཏེ་གནས་སྐབས་རིང་གོམ་བགྲོད་ཕྱིར་འཐེན་གནང་གལ། ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། ཐུགས་རྗེ་ཆེ།
ངས་བལྟས་ན་་་དུག་སྦྲང་གི་བྱུག་སྨན་དེས་་་ཚུ་་ཚོད་གཉིས་གསུམ་རྗེས་ཁོ་རང་གི་ནུས་པ་རྫོགས་འགྲོ་ དེ་བས་ཉལ་གུར་རེ་གྲ་སྒྲིགས་གནང་དགོས་་་་དེ་ལ་རྗིད་ཁོག་ཡང་དེ་ཙམ་མེད་པས་ངེས་པར་དུ་མནམ་དགོས ལྷག་ཏུ་ལྡི་ལིའི་ཉེ་འགྲམ་ལ་དུག་སྦྲང་གི་ཉེན་ཁ་ཆེ་ཤོས་རེད་་་་གང་གཟབ་གནང་དགོས་་་གོམ་བསྒྲོད་པ་རྣམ་པ་ལགས་་ང་ཚོ་འགྲོ་མ་ཐུབ་རུང་སེམས་ཁྱེད་རང་ཚོ་དང་མཉམ་དུ་འགྲོ་བཞིན་ཡོད་་་་་་