གླིང་ཚ་ཚེ་བརྟན་རྡོ་རྗེ།
༡༧།༤ཉིན་གྱི་ཞོགས་པ་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་བསྟན་པའི་དངོས་གྲུབ། མངའ་རི་སྤྱི་མཐུན་རྒྱུན་ལས་གྲགས་པ་བསམ་གཏན་གཉིས་བརྗེ་བོ་རྒྱགས་དུ། དབུས་གཙང་ཆོལ་ཁའི་ཚབ་དུ་ན་བཟའ་ཆེན་མོའི་འཚེམ་ཁང་དུ་ལས་ཀ་བྱེད་བཞིན་པའི་ཚེ་རིང་བཀྲ་ཤིས་ལགས། ལས་མེད་ཚོགས་པའི་ནང་དུ་ལས་ཀ་བྱེད་བཞིན་པའི་བསྟན་འཛིན་ཉི་མ་ཚོང་ཁང་སྐྱིད་སྡུག་གི་ཚབ་དུ་ཁོང་རྣམ་པ་གཉིས་ཕེབས་པ་དང་ཁོ་གཉིས་ཕྱིར་རྡ་སའི་ཕྱོགས་སུ་ཆས་སོང་། ནེའུ་རྫུ་ལན་ཀྲི་ལ་བཞུགས་པའི་བུ་མོ་བསྟན་འཛིན་བཟང་མོ་ལགས་ཀྱིས་མ་སྐུལ་དྭང་བླང་གིས་ཞལ་འདེབས་ཤིག་བསྡུས་སྟེ་ངེད་མ་བུ་གསུམ་ལ་ནུབ་ཕྱོགས་དངུལ་འདྲེན་ཁང་རྒྱུད་དེ་འབྱོར་སོང་།
ཁོ་མོ་ལ་ཞལ་འདེབས་སྤྲོད་མཁན་མཚན་གཤམ་གསལ་ལྟར།
1) Tenzin Choedon (Auckland, NZ) – $100 USD
བསྟན་འཛིན་ཆོས་སྒྲོན།
2) Marc Knight (Auckland, NZ) – $20 USD
3) Kunsang Gyaltsen (Boston, USA) – $108 USD
ཀུན་བཟང་རྒྱལ་མཚན།
4) Lucy Pickles – $20 USD
5) Aryan Desallis Gill (Auckland, NZ) – $55 USD
6) Lucyna Pac (New York, USA) – $100 USD
7) Tenzing Lekshey (Auckland, NZ) – $50 USD
བསྟན་འཛིན་ལེགས་བཤད།
8) Tenzin Tsering (Madison, USA) – $100 USD
བསྟན་འཛིན་ཚེ་རིང་།
9) Tsering Dolkar (Berkeley, California) – $100 USD
ཚེ་རིང་སྒྲོལ་དཀར།
10)Karlo M Guadalupe (Auckland, NZ) – $20 USD
11)Tenzin Sangmo (Auckland, NZ) – $500 USD
བསྟན་འཛིན་བཟང་མོ་ཞལ་འདེབས་བསྡུ་མཁན།
ད་ལྟ་ངེད་མ་སྨད་གསུམ་མེག་ལོར་ནས་འགོ་བཙུགས་པ་དེ་ནས་རྩིས་ན་སྤྱི་ལེ་གཅིག་སྟོང་ལྷག་གི་ས་ལ་འབྱོར་ཡོད། སང་ཞོགས་ང་ཚོ་ལག་ནོན་ཟེར་བའི་གྲོང་ཁྱེར་ཆེན་པོ་དེར་སླེབས་ཀྱི་ཡོད། ད་ལྟའི་འཆར་ངེད་མ་སྨད་གསུམ་བདེ་ཐང་ཡིན། དྲིན་ཆེན་མ་ལོ་ལགས་མཚམས་རེར་ཟ་མ་སྤྲོད་མིན་གྱི་དཀའ་ངལ་དང་ཚ་བ་ཆེ་བའི་དཀའ་ངལ་སོགས་ཕྲན་པུ་རེ་ཡོད་ཀྱང་། ད་ལྟ་ངའི་བརྩེ་བའི་མ་ལོས་དེ་ནི་སྤྱི་བའི་ལས་ལ་ཕན་ཞིག་ཐོག་སོང་ན་ང་རང་ཤི་ཡང་མི་འགྱོད་ཅེས་གསུངས་དུས་སུ་ང་རང་ལ་ཆེས་གཞལ་དུ་དཀའ་བའི་དྲིན་ཆེན་མ་ལོ་ཞིག་གི་བཀའ་དྲིན་མཇལ་བར་ཚེ་རབས་ག་ཚོད་འགོར་ཡང་བསམ་ཞོར་དུ། རང་ཉིད་ལ་འདི་འདྲའི་མ་ལོ་ཞིག་ཡོད་པ་དེར་སེམས་གཏིང་ནས་སྤོབས་པ་སྐྱེ་སུ་བཅུགས་ཡོད།
བརྩེ་བའི་ནུ་མོ་ཡང་ད་ལྟ་ནི་སེམས་ཤུགས་གཏན་པོར་གནས་པ་མ་ཟད། ཕུ་བོ་ཁྱོད་རང་གང་དུ་འགྲོ་རོགས་བར་དུ་ང་ཡང་འགྲོ་ཡི་ཡིན་ཟེར་བཞིན་ཚ་བ་ཆེས་ཆེ་བའི་གཞུང་ལམ་སྟེང་དུ་ངོ་གདོང་ཡོངས་སུ་རྔུལ་ཆུས་བརླན་ནའང་དཀའ་སྣང་མེད་པར་འགྲོ་བ་མཐོང་དུས། ངས་ཁོ་མོ་རང་ཉིད་ཀྱི་ལག་འགོར་ཁྲིད་དེ་བཙན་བྱོལ་དུ་ཡོང་བ་དེར་ཆུད་ཟོས་སུ་སོང་མེད་པའི་སྣང་བ་སྐྱེ་ནས་འོང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་ནས༢༠།༤།༡༢ལ།
གདུང་སེམས་མཉམ་སྐྱེད་དོ།། བོད་རྒྱལ་ལོ།།
བུ་རྒོད་པོ་ཨ་མའི་བུ། ཁྱེད་ཅག་མ་སྨད་གསུམ་གྱི་གནས་ཚུལ་དེ་རིང་ཡང་ཁྱེད་ཀྱིས་དྲིན་ལས་གོ་བྱུང་བས་སེམས་གཏིང་ནས་ཧ་ཅང་གིས་དགའ་བོ་བྱུང་། དེ་ཙམ་དུ་མ་ཟད་ཁྱེད་མ་སྨད་གསུམ་བདེ་ཐང་ཡིན་པ་དེ་བས་ཀྱང་དགའ་བོ་བྱུང་། ང་ནི་ཁྱེད་ཅག་ལ་ཐུག་ཏུ་ཡོང་རྒྱུར་ཕྱོགས་གང་ལ་བལྟས་ཀྱང་ཐབས་མེད་པ་ཞིག་ཡིན་ཡང་། སྔར་བཤད་པ་ལྟར་ངའི་སེམས་པ་དེ་དུས་ནམ་ཡང་ཁྱེད་ཅག་མཉམ་དུ་འགྲོགས་ནས་ཡོད། ད་དུང་བཤད་རྒྱུ་ཞིག་ལ་གནམ་གཤིས་ཀྱི་ཚ་རླབས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་ཆེ་ས་རུ་སླེབས་ཡོད་པས་དུས་ཀུན་ཁྱེད་ཅག་གིས་གཟུགས་པོའི་འཕྲོད་བསྟེན་དང་བདེ་འཇགས་ལ་ཕྱོགས་གང་ས་གཟབ་གཟབ་བྱེད་རོགས་ཞུ་འདོད་བྱུང་། ད་མང་པོ་ཞིག་མིག་ནས་མཆི་མ་བཞུར་འོང་བས་འབྲི་ཐུབ་ཀྱི་མི་འདུག གླིང་ཚ་མ་སྨད་གསུམ་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་མཁན་རྣམས་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲང་མོར་བཤད་ན་ང་རྒྱབ་སྐྱོར་བྱས་པ་དང་ང་ལ་དངུལ་སྒོར་སྤྲད་པ་དང་ཁྱད་པར་གཅིག་ཀྱང་མེད་པའི་སེམས་ནང་ལ་ཚོར་བ་སྐྱིད་པོ་ཞིག་ཡོང་གིའདུག་པས་བསྐྱར་དུ་ཁྱེད་ཅག་ལ་ཐུགས་རྗེ་ཞུ།
གླིང་ཚ་མ་བུ་གསུམ་ཀྱི་འཇིགས་པ་མེད་པའི་སྙིང་སྟོབས་དང་ཞུམ་པ་མེད་པའི་དཔའ་ངར་ལ་གུས་འདུད་ཞུ།
གླིང་ཚ་མ་བུ་གསུམ་ལ་འཚམས་འདྲི་ཡོད། མ་ཚད་རྒྱབ་བསྐྱོར་ཡོད། ངའི་རེ་བར་རྒྱ་ནག་གི་དར་ཆ་དང་བོད་ཀྱི་རྒྱལ་དར་གཉིས་མཉམ་དུ་མཁའ་དབྱིངས་སུ་ཕྱར་ནས་ཞི་བའི་གོམས་དགྲོད་མུ་མཐུད་བྱེད་རོགས། ལམ་དབུ་མ་མཚན་ཉིད་པ་བོད་རྒྱ་གཉིས་ཕན་ཅེས་པའི་ཚིག་དེ་དང་ལས་འགུལ་དེ་ཁ་ནས་བཤད་པ་ཙམ་ལས་དོན་དངོས་ཐོག་དབུ་མའི་ལམ་ཟེར་བ་དེ་འདི་རེད། ཅེས་པའི་འཇུག་བསྡོམ་ཡག་པོ་གནང་འདུག་པས་དགའ་བསུ་ཡོད། བོད་པ་ཚང་རྒྱ་ནག་ལ་མི་དགའ་ཟེར། རྒྱ་བོད་ཁ་ཁ་རེད་ཟེར། དབུ་མའི་ལམ་རང་སྲིད་རང་སྐྱོངས་ལ་དགའ་ཟེར། རྒྱ་ནག་གི་རྒྱལ་དར་ལ་མི་དགའ་ཟེར། བདེན་པ་རེད་རྒྱ་བོད་ཁ་ཁ་རེད། དངོས་ཡོད་རེད། ལོ་རྒྱུས་གི་དཔང་པོ་བྱེད་ཐུབ། ཡིན་ན་ཡང་དབུ་མའི་ལམ་རང་སྲིད་རང་སྐྱོངས་ལག་ལེན་བྱེད་པ་འདོད་ན་རྒྱ་ནག་གི་རྒྱལ་དར་དེའི་འོག་ཏུ་འདུག་དགོས་པ་ཧ་གོ་དགོས། སྐར་ལྔའི་དར་དམར་ལ་ང་རང་ཚོའི་དགག་པ་མ་བྱེད། སྐར་ལྔའི་དར་དམར་དེ་ལ་གུས་བཀུར་ཞུས། ཡིན་ན་ཡང་སྐར་ལྔའི་དར་དམར་དེ་དང་དེ་ཡི་ནང་དོན་གཉིས་མ་འཚུངས་པ་དེར་ང་ཚོའི་དགག་བྱ་ངོ་མ་དེ་རེད། དེ་ལ་མཐའ་གཅིག་ཏུ་དགག་པ་རྒྱབ་རོགས། ཐུགས་རྗེ་ཆེ།
ཞལ་འདེབས་འབུལ་མཁན་དང་བསྡུ་སྒྲིག་པ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམས་ཀྱིས་ལས་དོན་བརྩམས་པ་བེད་མེད་དུ་དུས་ནམ་ཡང་འགྱུར་གིན་མ་རེད། ཕུལ་ས་གཏན་ནས་ནོར་མེད། རྒྱལ་ཆེན་ཅན་གྱི་བྱ་གཞག་འདི་རྣམས་ལ་གཞན་གྱིས་མིག་དཔེ་ནས་བལྟས་ནས་སྒེར་སོ་སོས་བོད་རྩ་དོན་ཆེད་དུ་ལས་དོན་ཆེན་པོ་ལ་མཉམ་ཞུགས་གནང་མ་ཐུབ་ན་ཡང་ལས་འགུལ་ནང་ལ་མཉམ་ཞུགས་གནང་མཁན་ལ་རྒྱབ་སྐྱོར་གནང་དགོས་པ་ཡིན། འགའ་ཞིག་ནི་དགའ་མིན་དགའ་མདོག་གིས་སྐྱོན་བརྗོད་དང་རྣམ་རྟོག་གི་ཤར་ཚོད་ལ་བདེན་ཁ་འཛིན་ནས་ཅི་ཡང་བཤད་བཞིན་འདུག་པ་ནི་ཆོ་མེད་པའི་ལས་ཀ་རང་རེད།
ངའི་མཆན་བུ་འདི་རྩོམ་ཡིག་འདི་དང་འབྲེལ་བ་མེད་ཀྱང་། དབུ་མའི་ལམ་གྱི་མཆན་སྒོ་ཁ་བརྡ་ཚང་གི་བཀག་ཟིན་པས། འདིར་ངའི་མཆན་ལྷག་འདི་བཀོད་རྒྱུ་ཡིན།
ཡུལ་གྱར་བ་ལགས།
ཁྱོད་ཀྱིས་ལ་རྒྱའི་བདག་པོར་ལན་འདེབས་གནང་བར་གནས་ཚུལ་དངོས་ཀྱི་འགྲེལ་བརྗོད་ཐུང་ཙམ་ཞུ་རྒྱུར།
དེ་ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྐྱོན་བརྗོད་བྱེད་སའི་གཞི་རྩ་ཡོངས་གླིང་སློབ་གྲྭའི་སྐོར།
དྷ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནི། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རང་ཉིད་ཀྱི་འགན་འཁུར་འོག་ཕྱི་ལོ་༡༩༨༤ ཟླ་༦ ཚེས་༡ ཉིན་ཟློས་གར་ལམ་ཆེན་སྐྱིད་གྲོང་ཇོ་ལྷག་པའི་ནང་རྒྱལ་བའི་ཡོངས་འཛིན་ྋསྐྱབས་རྗེ་རྡོ་རྗེ་འཆང་གླིང་རིན་པོ་ཆེའི་དྲན་རྟེན་དུ་དབུ་བརྙེས།
དེ་རྗེས་སློབ་གྲྭའི་ས་ཁང་ཆེད་བཙུན་དགོན་དགའ་ལྡན་ཆོས་གླིང་ནས་ས་ཆ་ཕི་ཊི་ཁ་གང་མ་༨༠༨༥ དངུལ་དམར་སྤྲད་དེ་ཉོས་ཤིང༌། སློབ་གྲྭ་གསར་འཛུགས་བྱས།
དེ་རྗེས་ཤར་པ་བློ་བཟང་དང༌། རྒྱ་གར་ས་བདག་བཅས་ནས་ས་ཆ་ཀར་ནལ་གཉིས་ཙམ་ཉོས། ས་རིན་དང་ཨར་ལས་འགོ་འཛུགས་ཆེད་སྐུ་སྒེར་ཡིག་ཚང་དང༌། དབུས་གཞོན་ལྷན། ཤེས་པར། དྷ་ས་མཉམ་འབྲེལ་ཡིག་ཚང༌། ར་ཆུ་བསོད་ནམས་སོགས་ཚོགས་སྒེར་ཁག་ནས་མ་དངུལ་སྔ་གཡར་གནང་ཞིང༌། (རྗེས་སུ་སྔ་འདོན་གནང་བའི་བུན་དངུལ་ཚང་རྩིས་འཇལ།) དེ་ཐོག་ཡོངས་གླིང་བླ་བྲང་ནས་ཞལ་འདེབས་མི་ཉུང་བ་གསོལ་རས་བསྩལ།
ཕྱི་ལོ་༡༩༨༤ ཟླ་༩ ཚེས་༢༧ ཉིན་ད་ལྟའི་ས་ཆའི་སྟེང་ཁང་པ་ཞིག་བརྒྱབ་པའི་ནང་ལོ་ཤས་རིང་འཛིན་ཁང་དང༌། གཉེར་ཚང༌། ཐབ་ཚང་གཅིག་ལྕོགས་བྱ་དགོས་བྱུང༌།
ཕྱི་ལོ་འཇར་མན་གྱི་ཨ་མ་ཝེ་སྒར་ལགས་ཀྱི་རོགས་དངུལ་གང་ཙམ་ཐོབ་རུང་འཛིན་ཁང་གསར་རྒྱག་གི་མ་དངུལ་འདང་ངེས་མ་བྱུང་སྟབས། འཛིན་ཁང་ཨ་མ་དེའི་ཐོག་རྒྱག་མ་ཐུབ་པར་ལོ་གསུམ་ཙམ་རིང་གྱང་རོ་ལྟ་བུར་ལུས། སྐབས་དེར་གང་ཅིའི་འགྲོ་གྲོན་ཐད་དཀའ་ངལ་ཧ་ཅང་ཆེ་བས་སློབ་གྲྭའི་འཛིན་ཁང་དགོང་དྲོ་མཚན་ཚོགས་ལ་གླ་གཡར་དང༌། ཨ་མདོ་བཀྲ་ཤིས་ལྷན་གློག་བརྙན་སྟོན་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་དགེ་ལས་ཀྱི་ཟླ་ཕོགས་དང་འཛིན་སྐྱོང་འགྲོ་གྲོན་འབད་སྒྲུབ་བྱས། ཕྱི་ལོ་༡༩༨༧ ལོར་SOIR-IM, Sweden རོགས་ཚོགས་ཀྱིས་འཛིན་ཁང་གསར་རྒྱག་དང༌། SCF, England ཀྱིས་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས་རོགས་རམ་ཞལ་བཞེས་ཐོབ་པ་ནས་བཟུང༌། སློབ་གྲྭ་འདིའི་འཛུགས་སྐྲུན་དང་མཐུན་རྐྱེན་གང་ཅིར་ཡར་རྒྱས་བྱུང་།
ཕྱི་ལོ་༡༩༩༠ ལོར་ IM རོགས་ཚོགས་ཀྱི་རོགས་རམ་འོག་འཛིན་ཁང་ཐོག་བརྩེགས་གཉིས་པའང་གསར་རྒྱག་དང༌། ཉལ་ཁང་གི་དཀའ་ངལ་སེལ་སླད་ས་ཆ་ཀར་ནལ་གཅིག་ཙམ་གསར་ཉོ་བྱས་པའི་ཐོག ཕྱི་ལོ་༡༩༩༨ ལོར་ཉི་ཧོང་ཨ་མ་ཡུ་ཀོ་ཀ་ཏོ་ལགས་ཀྱི་རོགས་དངུལ་དང་། སྐུ་སྒེར་ཡིག་ཚང་གི་བུ་ལོན་སྔ་འདོན་རོགས་རམ། སློབ་གྲྭ་རང་གི་མ་དངུལ་བཅས་ཀྱིས་ཚོགས་ཁང་དང༌། ཉལ་ཁང༌། སྡོད་ཤག་བཅས་ཐོག་བརྩེགས་གསུམ་ཅན་གསར་རྒྱག་གནང༌།
ཕྱི་ལོ་༢༠༠༧ ལོར་ IM རོགས་ཚོགས་དང་། ཨ་རི་བ་Westheim & Tom དང་། འཇར་མན་གྱི་ཨ་མ་ Wiebke བཅས་ཀྱི་རོགས་རམ་འོག་གསར་རྒྱག་གནང༌ནས་སློབ་གྲྭ་དེས་ད་བར་རྡ་སའི་ནང་གསར་འབྱོར་གཙོས་ཁྱིམ་བདག་ཚོར་ཕྲུ་གུ་དམར་སྦྱར་ནས་བདག་པོ་རྒྱག་སའི་ལྟེ་གནས་ཤིག་ཆགས་ཡོད། ཡོངས་གླིང་སློབ་གྲྭའི་སྔ་ཕྱིའི་ལས་དོན་ཚང་མ་སྤྱི་འཐུས་ཟླ་བ་ཚེ་རིང་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ཞིག་ཡིན་པ་ལས། གཞུང་རྒྱུ་ཡིན་པ་གང་དུ་གསལ་འདུག་གམ།
གནད་དོན་ངོ་མ་དེ་དག་ཡུལ་གྱར་བ་ཁྱེད་ཀྱིས་མ་རྟོགས་པ་ཡིན་ནམ། ཡང་ན་ལོག་པར་རྟོག་པ་ཡིན། དེ་མིན་བདེ་དོན་ཟླ་བ་ཚེ་རིང་གི་ཤེས་འཇོན་ཁྱད་ནུས་ལ་མིག་ཚིག་ནས། ཕྲག་དོག་དུག་ཆུའི་དྲི་མས་བརླན་ཏེ་གཟུགས་མེད་གྲིབ་བཟོའི་སྐྱོན་བརྗོད་བྱས་པ་ནི་ཁུངས་འཁྱོལ་ཐབས་མེད་པའི་རྫུན་གཏམ་ལད་ཟློས་སྐྱར་ཟློས་བྱེད་པ་ཙམ་ལས་མ་འདས།
ད་ཐེངས་ཡུལ་གྱར་བ་ཁྱོད་ཀྱིས་ཡོངས་གླིང་སློབ་གྲྭ་གཞུང་རྒྱུ་སྒེར་བདག་བྱས་པའི་སྒྲུབ་བྱེད་ཚད་ལྡན་ཞིག་སྟོན་ན་དགའ་བསུ་ཡོད།
ཞར་དུ་ཞུ་རྒྱུར། ང་ཚོས་ཅི་མཛད་ལེགས་ལྟ་དང་། ཅི་གསུང་བཀའ་སྒྲུབ་ཞུ་དགོས་མེད་ཙང་། གཞན་སྦྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར་འཁྱོག་བརྗོད་དང་ཧམ་སེམས་བཅངས་མཁན་མཐོ་དམའ་གཞུང་སྒེར་སུ་ཡིན་ཡང་དྲང་པོའི་ཡུལ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས་བཅའ་ཁྲིམས་དང་མཐུན་པ་རེད་ཟེར་བ་ཡིན། བཅའ་ཁྲིམས་ནང་དུ་གཞུང་རྒྱུ་སྒེར་བདག་བྱ་ཆོག་པ་གསལ་མེད་ལ། གཞན་རྒྱུ་ཧམ་འཕྲོག་དང་། ནག་མེད་ཉེས་འགེལ་བྱ་ཆོག་ཟེར་བ་དེ་བས་གསལ་མི་འདུག
སྤྱི་འཐུས་ཟླ་བ་ཚེ་རིང་ལ་ནག་མེད་ཉེས་འགེལ་དང་། གཟུགས་མེད་གྲིབ་བཟོ་བྱས་པ་མ་འོས་མ་འགྲིག་ཟེར་བ་མ་གཏོགས། སྤྱི་རྒྱུ་རྐུན་འཁྱེར་བྱེད་མཁན་ནག་ཆེན་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྟ་བུ་དང་གཞུང་དྲང་ལྷག་བསམ་ཤེས་འཇོན་ལྡན་པའི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་གཉིས་གྲལ་གནས་མཉམ་འཇོག་བྱེད་པ་ནི། ཞྭ་དཔེ་ལྷམ་འགེབ་ཀྱི་དཔེ་ལས་འདས། སྒོར་སྒོར་ཡོད་ཚད་བག་ལེབ་ཡིན་དགོས་ན། ཁྱོད་ཀྱི་ངོ་གདོང་དེའང་བག་ཡིན་དགོས་པས་ཧ་ཅང་ཐལ་བའི་ཕྱིར།
དྲ་གྲོགས་འུར་ཁང་ལགས་ཀྱིས་གསུངས་པར་རྒྱུ་མཚན་ཆེན་པོ་འདུག། རྒྱུ་མཚན་མེད་པར་ཁོ་རྐུ་མ་རེད། ཁོ་ཆོལ་ཁ་ག་གེ་མོ་རེད་ཡག་པོ་ཡོད་པ་མ་རེད་སོགས་ཁ་ནས་གང་དོན་བཤད་ན། སྨྱོན་པའི་ཚིག་དང་མཚུངས་པའི་འབྲས་བུ་མེད་པ་ཚམ་དུ་མ་ཟད། རྒྱལ་གཅེས་ལྷག་བསམ་ཅན་བདེན་པ་དོན་གཉེར་བ་གླིང་ཚ་མ་བུ་གསུམ་གྱི་གཙོས་བདེན་པ་ལ་དགའ་བའི་མི་མང་རྣམས་ལ་ཡང་ངོ་ཚ་ཤེས་སོང་ངམ་ཡུལ་གྱར་བ་ལགས། །
ཙམ་དུ་མ་ཟད་ཞེས་བཅོས་རོགས།
འུར་ཁང་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
བཀུར་འོས་མ་བུ་གསུམ་གྱིས་དམིགས་འདུན་མངོན་གྱུར་ཡོང་བའི་རེ་བ་དང་སྨོན་ལམ་ཡོད།
Thank you very much ling tsha family. Bot gal lo bot gal lo….ok take care
མ་བུ་གསུམ་གྱི་རྒྱལ་གཅེས་ཀྱིརང་གཤིས་རྣམ་པར་རྒྱལ་གྱུར་ཅིག
གླིང་ཚ་མ་སྨད་བུ་གསུམ་གྱི་སྙིང་སྟོབས་དང་།ལྷག་བསམ།ཆོད་སེམས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ།
ཞར་ལ་དྲ་གྲོགས་ཚང་མར་འཚམས་འདྲི་ཞུ་བ་དང་།ལྷག་པར་དྲ་གྲོགས་འུར་ཁང་གིས་ཡུལ་གྱར་བའི་གཏམ་གྱར་ལ་དག་སེལ་ངེས་འདྲོངས་ཤིག་གནང་བར་བཀྲིན་ཆེ་ཞུ་རྒྱུ་དང་།དྲ་གྲོགས་རེ་བ་ཡང་རེ་བ་ཆེན་པོའི་ངང་འདིར་ཕེབས་པར་དགའ་བསུ་ཞུ།
གླིང་ཚ་མ་སྨད་གསུམ་ལ་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཡི་རིང་ཞུས།
སྤྱིར་བོད་པ་ཚང་གི་བསྔགས་བརྗོད་དང་སྨོན་ལམ་ངུལ་སྐད་མ་གཏོགས་མི་རེ་ངོ་རེ་ནས་མཉམ་ཞུགས་དང་ལས་འགན་ལག་ལྟར་བྱེད་ཀྱི་མེད་པ་རེད། ཁོང་མ་བུ་གསུམ་གྱི་སྙིང་སྟོབས་དང་དཔའ་མངར་ལ་བསྔགས་བརྗོད་དང་ཡི་རིང་ཡོད་ན། སོ་སོ་རང་ཉིད་ནས་འགན་དང་ལེན་ཐོག་མཉམ་དུ་ཞུགས་པ་ཞིག་གནང་རྒྱུ་གལ་ཆེ། མ་གཏོགས་ཁ་བཤད་ཙམ་གྱི་སུ་ལའང་ཕན་ཐོག་མེད་དོ།
ཡོངས་གླིང་གི་རྩོད་རྙོག་དེར་རྒྱུན་རིང་ཞིག་ཉན་འཇོག་བྱས་དང་བྱ་མུས་ཡིན། མ་ཟད་སྐབས་དེའི་རྩོད་ལེན་པ་ཕག་རི་ཤོ་ཟུར་པ་སངས་ཚེ་དབང་དང་འབེྲལ་འདྲིས་ཆེན་པོ་ཡོད། ངས་ཐོག་མར་པ་སངས་ཚེ་དབང་ངམ་(ཡབ་ཆེན་ལགས་)་ཀྱི་མི་གཞིས་ལ་བལྟས་ཡོང་དུས། པ་སངས་ཚེ་དབང་དེ་དངོས་གནས་ཧམས་སེམས་དང་འུད་ཤོབ་ཚ་པོ་འདུག ཕལ་ཆེར་ཁོང་དགུང་ལོའི་གནས་འབབ་ལ་གཞི་བྱས་ན་ཁོང་རང་རྐྱ་འཕེལ་བའི་ནུས་པ་ཉམས་ལ་ཁོ་རང་སོ་སོའི་ཉིན་རེའི་འཚོ་བའང་དཀའ་སེ་འདུག འོན་ཀྱང་སྐབས་བཅོ་ལྔ་པའི་དབུས་གཙང་སྤྱི་འཐུས་འོས་གཞིར་ལངས་སོང་བ་ནི་ང་རང་དངོས་གནས་ཧངས་སངས་སོང་།
ནམ་རྒྱུན་རྩོམ་འབྲི་བྱེད་པ་མཐོང་མ་སོང་ཡང་། ཐེངས་ཤིག་གཞོན་ནུའི་(རེ་བ་ཆེ་ས་ནས་རྒྱོབ གྲྭ་སྒྲིག་སྡུག་ས་ན་བྱོས)ཞེས་ཨང་རིམ་གསུམ་ཅན་གྱི་གསལ་སྒྲགས་གཅིག་བྱས་སོང་བར། ཡང་ཁོས་ཡིག་རྙོགས་ལུང་བ་གང་གཞོན་ནུར་ཕུལ་ཏེ་ཨང་རིམ་དང་པའི་གསོལ་རས་ཧིན་སྒོར་ཁྲི་གཅིག་ཐོབ་ཐབས་ལ་སྒུགས་སོང་ྲ
ཡང་ཟླ་ངོ་ཁ་ཤས་རྗེས་ལ་སྐབས་གསུམ་པའི་བཀའ་ཁྲི་མཆོག་གི་མ་དངུལ་རོགས་སྐྱོར་གནང་རྒྱུའི་གསལ་སྒྲགས་བྱས་ནས་རྒྱུན་རིང་མ་འགོར་བར་ཡང་ཁོས་ལྷོ་ཕྱོགས་བ་ཕྱུགས་གསོ་ཉར་འཛུགས་རྒྱུ་ཡིན་ཞེས་ཧིན་སྒོར་འབུམ་བརྒྱ་གསོལ་རས་ཞུ་རྒྱུའི་སྙན་ཞུ་ཐེངས་མང་ཕུལ སྙན་ཞུ་ནང་འབུམ་བརྒྱ་གསལ་བ་ཙམ་ལས་ལས་ཀའི་འཆར་འགོད་ཅི་ཡང་གསལ་མིན་འདུག
གོང་གི་དེ་ཚོ་ནི་སྤྱི་འཐུས་ཟླ་བ་ཚེ་རིང་གི་རྩོད་ལེན་པ་ཕག་རི་ཤོ་ཟུར་ཟླ་བ་ཚེ་རིང་དང་དངོས་སུ་འབེྲལ་འདྲིས་བྱས་ནས་དངོས་སུ་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན། དེ་ལུགས་ཡོངས་གླིང་གི་སྐོར་དང་འབྲེལ་བའི་གླེང་ཀློང་དེར་དྲྭ་གྲོགས་ཚོས་དཔྱད་ཞིབ་མང་ཙམ་བྱས་ནས་མཆན་སྤེལ་རོགས་
པུ་རྒོད་ཕོ་་་་་་་་་་་་་་སེམས་ཤུགས་མ་ཅག་པར་མ་ལ་དང་གཅེན་མོ་གཉིས་དང་མཉམ་དུ་བོད་ཀྱི་རྒྱལ་ས་སླེབ་པར་ཡིད་ཆེ་ཡིན།+
སེམས་བསམ་པའི་གཏིང་ནས་ཁྱེད་མ་བུ་གསུམ་གྱི་འཐབ་བརྩོད་ལེགས་འགྲུབ་ཡོང་བའི་རེ་བ་དང་སྨོན་འདུན་ཡོད།
འུར་ཁང་གིས་མཆན་དེ་གང་སར་གཡུགས་ནས་བཙོག་པ་བཟོས་འདུག སོང་ཙང་སླར་གཅིག་མ་བཤད་ཀ་མེད་རེད། ཟླ་བ་ཚེ་རིང་གིས་ཡོངས་གླིང་དེ་ལྟར་འཛུགས་བསྐྲུན་བྱས་པ་ཕལ་ཆེ་བ་བདེན་པ་རེད། དེ་ལ་རྩོད་པ་ཡོད་མ་རེད། ག་རེ་རྩོད་པ་རེད་ཅེ་ན། དེ་བདེ་དོན་གྱི་མིང་ཐོག་ནས་བྱས་པ་དེ་རེད། དེ་སྐབས་ཟླ་བ་ཚེ་རིང་དྷ་སའི་བདེ་དོན་རེད། རོགས་པ་ཚང་མ་བདེ་དོན་གྱི་མིང་ཐོག་ཞུས་པ་དང་བྱས་པ་རེད་ཅེས་རྩོད་ཀྱི་ཡོད་རེད། གནད་འགག་དེ་རེད། སྔོན་མ་བོད་གཞུང་གི་འཛུགས་བསྐྲུན་མང་ཆེ་བ་བུན་ལོན་གཡར་ནས་བྱས་པ་རེད། སྐབས་དེར་འགན་ཁུར་མཁན་གྱི་བཀའ་བློན་དེ་ཚོས་བདག་སོང་ན་འགྲིག་གི་མ་རེད། བོད་ཀྱི་གཞུང་གི་མིང་ཐོག་ནས་བྱས་ཙང་རེད། དཔེར་ན་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་སྐད་གྲགས་ཅན་དེ་སྐབས་དེར་སྐུ་ངོ་ཉི་མ་ལགས་ཀྱིས་རོགས་རམ་བཙལ། ཡུལ་མི་ལ་རོགས་པ་བྱེད་རོགས་གསུངས་ནས་བརྒྱབ་པ་རེད། འོན་ཀྱང་དེ་བོད་གཞུང་དོན་གཅོད་ཀྱི་མིང་ཐོག་བྱས་ཙང་། བོད་གཞུང་ལ་བཞག་པ་རེད་མ་གཏོགས་སྒེར་བདག་བྱས་མེད། དེ་བཞིན་གཞིས་ཆགས་མང་པོའི་ནང་གཞིས་མགོས་རོགས་པ་དང་བུ་ལོན་གཡར་ནས་བརྒྱབ་པའི་མཉམ་འབྲེལ་ཚོང་ཁང་དང་བུ་བཅོལ་ཁང་དང་རྩེད་ཐང་སོགས་མང་པོ་ཡོད་རེད། འོན་ཀྱང་གཞི་མགོའི་མིང་ཐོག་ནས་བྱས་པ་ཡིན་དུས་གཞི་མགོ་བརྗེ་སྐབས་གཞི་མགོ་རྗེས་མ་རྩིས་སྤྲད་པ་ལས་སྒེར་བདག་བྱས་ཡོད་མ་རེད། ཟླ་བ་ཚེ་རིིང་གིས་བདེ་དོན་གྱི་མིང་ཐོག་ནས་བྱས་པ་དེ་ཁོ་རང་ལ་བདག་པ་ག་རེ་རེད་ཅེས་བརྩོད་པ་དང་དོགས་པ་བྱུང་བ་རེད། ཡོངས་གླིང་གི་རྩོད་པ་དེ་མ་ཡོང་སྔོན་དུ་ཟླ་ཚེ་རང་ཉིད་ཀྱིས་ཀྱང་ང་རང་བདེ་དོན་བྱེད་པའི་རིང་ལ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་གཅིག་ནི་ཡོངས་གླིང་དེ་ཡིན་ཞེས་ཡང་ཡང་བཤད་མྱོང་ཡོད་པ་རེད། རྗེ་བཙུན་པདྨ་ཡིན་ཀྱང་བོད་ཁྱིིམ་དེ་ཚོགས་པ་ཅིག་གི་ངོ་བོར་རིམ་བཞིན་རྩིས་སྤྲོད་ལེན་གནང་གི་ཡོད་རེད་མ་གཏོགས་སྒེར་བདག་གནང་གི་ཡོད་མ་རེད། ཡོངས་གླིང་འཛུགས་བསྐྲུན་སྐབས་བདེ་དོན་གྱི་མོ་ཀྲ་རྒྱུན་དུ་སྤྱད་པདང་། བདེ་དོན་ཟླ་ཚེ་རང་ཡང་བདེ་དོན་གྱི་ལས་ཀ་རེད་ཅེས་ལས་ཁུངས་ནང་བཞུགས་པ་ལས་ཁང་པ་བརྒྱབ་སར་མང་བ་བཞུགས་པ་རེད་ཟེར་གྱི་ཡོད་རེད། དེ་ཚོ་ཚང་མ་གསུངས་ན་ཡག་པོ་ཡོད་རེད། ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་ཀྱི་རེད།
བརྗོད་བདེ་དང་བསམ་བདེ་མེད་པའི་མ་བུ་གསུམ་གྱིས་ལས་སྐུལ་ལ་བསྔགས་བརྗོད་གྲངས་མེད་ཞུ་རྒྱུ་མ་ཟད།་གོ་སྐབས་འདི་བརྒྱུད་གླིང་ཚ་མ་བུ་གསུམ་གྱི་ལས་སྐུལ་ལམ་བོད་མིའི་ལས་སྐུལ་འདིའི་ཐོག་ལུས་ངག་ཡིད་གསུམ་དང་།དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མི་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བཞིན་མཆིས་ལགས།།
ཧ་་ཧ་་ཧ་་ཡུལ་གྱར་བའི་རྫུན་པའི་བྲག་རི་དེ་འུར་ཁང་གིས་བདེན་པའི་གནམ་ལྕགས་ཀྱིས་རྩ་མེད་བཟོས་སོང་།རྫུན་ངན་པ་ཉིན་མའི་ཕྱེད་མི་ཐུབ་ཟེར་བ་ཅི་མི་བདེན།།
གླིང་ཚ་མ་བུ་གསུམ་ལ་སེམས་གཏིང་ནས་གུས་བརྩི་དང་རྗེས་སུ་ཡི་རང་ཞུ། འདིར་འབྲེལ་མེད་མང་པོ་བཤད་དགོས་བྱུང་བ་དགོངས་པ་དག་པ་གནང་རོགས་ཞུ། ང་རང་སྤྱི་སེམས་རང་ཡིན། བོད་གཞུང་གི་འཛུགས་སྐྲུན་ཚང་མ་ལ་འགན་ཁུར་མཁན་དང་རོགས་རམ་འཚོལ་མཁན་རེ་རེ་ཡོད་པས། ཚང་མས་དེ་ངས་འགན་ཁུར་ནས་བྱས་པ་ཡིན་ཞེས་སྒེར་བདག་བྱས་སོང་ན། བོད་གཞུང་ལ་གང་ཡང་ལྷག་རྒྱུ་མིན་པས། མིག་ལྟོས་དེ་ཉེན་ཁ་དང་ཛ་དྲག་ཅིག་མཐོང་ནས་འདིར་བཤད་པ་ཡིན།
པའི་ཁ་ཅན་གྱི་གསར་འགྱུར་དེ་འགོ་ནས་མར་ཀློག་སྐབས་དགའ་ཡང་དགའ་ལ་ངུ་ཡང་ཤོར། ཚེ་བརྟན་རྡོ་རྗེ་ལགས་དེ་སྔོན་གཟའ་ཚང་དང་ཁ་བྲལ་དུས་ཁོང་གི་བུ་ཕྲུག་ལ་སྤྲེངས་པའི་རྩོམ་ཡིག་རླུང་འཕྲིན་ཁང་ནས་ཀློག་དུས་ཡང་འགོག་ཐབས་མེད་པའི་མིག་ཆུ་བཞུར་དགོས་བྱུང།
ད་ལམ་ཡང་ཁོང་གི་མ་ལོར་བཅིང་བའི་བརྩེ་སེམས་དང་མ་ལོའི་བོད་ལ་བཅིང་པའི་སྙིང་སྟོབས་འདིས་དབང་མེད་དུ་མིག་ཆུ་ཤོར། གཡས་གཡོན་གྱི་ལས་རོགས་ཚོས་མཐོང་ཨེ་ཡོང་བསམ་ནས་ངོ་ཡང་ཚ། གློག་ཀླད་ཀྱི་ཕག་ཏུ་ཡིབ་ནས་མིག་ཆུ་ཕྱིས་ཀྱང་འགོག་མ་ཐུབ་པར་ཀློག་འཕྲོ་བཞག།།
གང་འཚམ་གྱི་རྗེས་སུ་སྣང་མེད་ལྟ་བུས་སེམས་ཁུང་གི་ཚོར་བ་དྲོན་པོ་ཞིག་ཁྱེད་མ་བུ་གསུམ་ལ་ཕུལ་འདོད་ཀྱང་བསམ་བློ་ཞིབ་ཚགས་བཏང་ཡོང་དུས་མིག་ཆུས་བརྣངས་ནས་རེ་ཞིག་འབྲི་མ་ཐུབ།
ཁྱེད་རྣམས་ཀྱི་བསམ་དོན་ས་སྒང་འདིའི་ཡང་རྩེ་ནས་འགྲུབ་པར་སྨོན།
གླིང་ཚ་མ་སྨད་གསུམ་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་དང་འཚམས་འདྲི་ལུས་ཡོད། ཚེ་བརྟན་རྡོ་རྗེ་ལགས་ཉིན་ཤས་ཁྱོད་རྣམས་ཀྱི་གནས་ཚུལ་མ་གོ་བར་སེམས་ཁྲལ་བྱས་ནས་ཡོད། བྱུང་ན་གནས་ཚུལ་གང་མང་དྲ་ཐོག་གཏོང་རོགས་གནང་།
དེ་རིང་སྔ་དྲོ་ལས་ཁུངས་ནང་འབྱོར་མ་ཐག་གློག་ཀླད་སྒོ་ཕྱེས་ནས་དུས་བབ་དྲ་རྒྱར་བལྟ་འདོད་ཀྱང་སྒོ་ཕྱེ་མ་ཐུབ་པར་ལམ་སེང་ཁ་དྲ་རྒྱ་ཁ་ཕྱེས་ནས་འགོ་རྗོད་རྣམས་ཀློག་ཡོང་དུས་་་་་ ཞི་བའི་འཐབ་རྩོད། མཉམ་ཞུགས་མི་སྣ་དང་རྒྱང་ནས་སླེབས་པའི་ཞལ་འདེབས། ༼༡༠ -༢༠༽ ་་ཞེས་པའི་ཁ་ཅན་གྱི་གསར་འགྱུར་དེ་འགོ་ནས་མར་ཀློག་སྐབས་དགའ་ཡང་དགའ་ལ་ངུ་ཡང་ཤོར། ཚེ་བརྟན་རྡོ་རྗེ་ལགས་དེ་སྔོན་གཟའ་ཚང་དང་ཁ་བྲལ་དུས་ཁོང་གི་བུ་ཕྲུག་ལ་སྤྲེངས་པའི་རྩོམ་ཡིག་རླུང་འཕྲིན་ཁང་ནས་ཀློག་དུས་ཡང་འགོག་ཐབས་མེད་པའི་མིག་ཆུ་བཞུར་དགོས་བྱུང།
ད་ལམ་ཡང་ཁོང་གི་མ་ལོར་བཅིང་བའི་བརྩེ་སེམས་དང་མ་ལོའི་བོད་ལ་བཅིང་པའི་སྙིང་སྟོབས་འདིས་དབང་མེད་དུ་མིག་ཆུ་ཤོར། གཡས་གཡོན་གྱི་ལས་རོགས་ཚོས་མཐོང་ཨེ་ཡོང་བསམ་ནས་ངོ་ཡང་ཚ། གློག་ཀླད་ཀྱི་ཕག་ཏུ་ཡིབ་ནས་མིག་ཆུ་ཕྱིས་ཀྱང་འགོག་མ་ཐུབ་པར་ཀློག་འཕྲོ་བཞག།།
གང་འཚམ་གྱི་རྗེས་སུ་སྣང་མེད་ལྟ་བུས་སེམས་ཁུང་གི་ཚོར་བ་དྲོན་པོ་ཞིག་ཁྱེད་མ་བུ་གསུམ་ལ་ཕུལ་འདོད་ཀྱང་བསམ་བློ་ཞིབ་ཚགས་བཏང་ཡོང་དུས་མིག་ཆུས་བརྣངས་ནས་རེ་ཞིག་འབྲི་མ་ཐུབ།
ཁྱེད་རྣམས་ཀྱི་བསམ་དོན་ས་སྒང་འདིའི་ཡང་རྩེ་ནས་འགྲུབ་པར་སྨོན།
རེ་བ་ལགས་རྫུན་ཁྲམ་པ་ཉིན་མའི་ཆེད་མི་ཐུབ་ཟེར་བ་རེད་།་འུར་ཁང་ལགས་ཀྱི་བདེན་པའི་གནམ་ལྕགས་ཀྱི་ག་ལ་ཚད་ལ་རྒྱའི་བདག་པོའི་རྒྱུ་མཚན་དེ་དག་གིས་ཀྱང་ཁོ་པ་རྫུན་རྐུབ་བཏོན་པ་ང་ཚོས་ངོས་འཛིན་ཞུ་དགོས་ངེས་རེད།།
གླིང་ཚ་མ་བུ་གསུམ་ལ་བསྟོད་སྔགས་ཀྱི་ཡིག་ཐུང་ཞིག་འདྲི་འདོད་ཀྱིས་འདིར་འཛུལ་ཡང་འུར་ཁང་ལགས་ཀྱིས་གསལ་བཤད་དང་དེར་རྒྱབ་སྐྱོར་གནང་མཁན་ལ་རྒྱའི་བདག་པོ་ལགས་དང་བོད་དགའ་ལགས་བཅས་ལ་བསྐྱར་དུ་གསལ་བཤད་ཅིག་ཞུ་དགོས་པ་ཁུར་དུ་བབ་འདུག་པས་མདོར་ཙམ་སྤྲོ་ན། ཡོངས་གླིང་སློབ་གྲ་འདི་ཟླ་བ་ཚེ་རིང་གིས་གཙོ་མཁན་ཁུར་ནས་བརྒྱབས་མེད་ཅེས་ངས་ཞུ་རྒྱུ་མ་བྱུང་ཞིང་དགག་བྱ་གནང་མཁན་སུ་འདྲས་དེ་འདྲ་ཞིག་བཤད་ཡོད་འདོག་ཁ་པོ་མ་རེད་ལ་བཤད་ཡོད་ན་དེར་ངས་ཀྱང་མོས་འཐུན་མེད། ད་ལྟ་ང་ཚོའི་རྩོད་གཞི་དེ་སུས་མཁན་ཁུར་ནས་བརྒྱབས་པ་དེ་མ་ཡིན་པར་བདག་དབང་ཡིན། སྤྱིར་ན་ཁྱེད་ཀྱིས་དགའ་བསུ་གནང་མིན་མི་ཤིས་ཀྱང་ལྷ་མོ་ཞུ་བས་གསལ་བཤད་ལག་མཐིལ་གྱི་རྐྱུ་རུ་ར་བཞིན་གནང་འདུག་པས་ཕྲན་ལ་དེ་ལས་ལྷག་པའི་དཔེ་ཁ་ཤས་ལས་ཞུ་རྒྱུ་མེད་ལ་ཞུ་དགོས་ཀྱང་མི་འདུག སློབ་གྲ་འདི་རྒྱག་སྐབས་ཟླ་ཚེ་ལགས་ཀྱིས་བདེ་དོན་གྱི་མིང་ཐོག་ནས་ཞལ་འདེབས་བསྡུས་པ་རེད་དམ་ཡང་ན་ཁོ་སྒེར་གྱི་མིང་ཐོག་ནས་བསྡུས་རེད། བདེ་དོན་གྱི་མིང་ཐོག་ནས་ཐོབ་པའི་ཅ་དངོས་དག་རང་ཉིད་ལས་གནས་ནས་འཕོ་སྐབས་བདེ་དོན་གསར་པར་རྩིས་སྤྲོད་དགོས་སམ་ཡང་ན་རང་ཉིད་ལ་བདག་དབང་ཡོད། ཡོད་ན་སྒྲོལ་དཀར་ལྷ་མོས་ཚོགས་གཙོའི་ལས་ཡུན་རིང་བུད་མེད་ཚོགས་པར་སྒོར་འབུམ་གཉིས་བསྡུས་ཡོད་ན་དེ་ཁྱེར་རྒྱུའི་ཐོབ་ཐང་མོར་ཡོད་པ་འདྲ། དེ་བཞིན་དགོན་སྡེ་ཁག་གི་ཕྱག་མཛོད་ཚོས་ལས་ཡུན་ལོ་གཉིས་གསུམ་རིང་འདུ་འགོད་གནང་བའི་དཔལ་འབྱོར་དེ་དག་རང་ཉིད་ལས་འཁྱོལ་སྐབས་འཁྱེར་ཆོག་ཆོག་ཡིན་པ་འདྲ། འདི་འདྲའི་རྙོག་དྲ་འདི་སྤྱིར་ན་ཟླ་བ་ཚེ་རིང་གཅིག་པོ་མ་ཡིན་པར་ཉི་ཧོང་དོན་གཅོད་ཟུར་པ་རྒྱ་རི་པད་མ་རྒྱལ་པོ་དང་ཨ་རིའི་བོད་ཀྱི་ཐེབ་རྩ་ཁང་གི་འགན་འཛིན་རིན་ཆེན་དར་ལོ་སོགས་ཀྱང་ཚུད་ཡོད། འོན་ཀྱང་ཁྲིམས་ཐོག་ནས་སོ་སོའི་མིང་ཐོག་ཏུ་བསྒྱུར་ཚར་སྟབས་བཟང་སྤྱོད་ཀྱི་ཐོག་ནས་ཚུར་སློགས་རོགས་ཟེར་ནས་འབོད་སྐུལ་ཞུ་རྒྱུ་ལས་གཞན་རང་གཞུང་ལ་ཐབས་ལམ་ཅི་ཡོད། སྤྱི་རྒྱུ་ཆུང་ངུ་ཞིག་རྐུ་འཁྱེར་བྱས་རྗེས་རང་སྐྱོན་ངོས་ལེན་ཐོག་ཉེས་ཆད་དང་དུ་ལེན་མཁན་སྒྲོལ་དཀར་ལྷ་མོ་དང་། སྤྱི་རྒྱུ་འབོར་ཆེན་སྒེར་སྤྱོད་ཀྱིས་རང་སྐྱོན་ངོས་ལེན་ལྟ་ཞོག་ད་དུང་རྐུན་མས་སྦྱིན་བདག་ཁྲིམས་ཁང་དུ་སྦྱར་མཁན་ཟླ་བ་ཚེ་རིང་གཉིས་ཀྱི་བྱ་སྤྱོད་གཉིས་ལས་གང་ཞིག་དམན་པ་འདུག་བློ་ལྡན་དག་གིས་གཟིགས་དང་མཁྱེན་ངེས་རེད། དཔྱོད་པའི་བློ་མིག་མེད་ན་འུད་ཚོད་དང་ཕྱོགས་ཞེན་གྱི་རྗེས་སུ་འབྲངས་པ་ལས་སྐུ་ལས་མ་སྐྱོན་ན་བསྟན་སྲིད་ལ་མ་ཕན་ཀྱང་གནོད་པར་མི་འགྱུར་རོ།
སྐུ་ཞབས་ཚེ་བརྟན་རྡོ་རྗེ་ལགས། ཁྱེད་མ་སྨད་གསུམ་ལ་སེམས་གཏིང་བཀའ་དྲིན་དང་འཚམ་འདྲི་ཞུ། ལྷག་ཏུ་ཉིད་ཀྱིས་གོམ་བགྲོད་ཀྱི་བར་གསེང་དག་ནས་འདི་ལྟར་གནས་འཕྲིན་རེ་ཡང་རྒྱུན་དུ་གཏོང་གི་འདུག་པར་སེམས་ཀྱིས་བཀའ་དྲིན་ཞུས་ནི་ཡིན།
གཞན་གསལ་བཤད་ཅིག་ཡོད་པ་ནི། བསྟན་པའི་དངོས་གྲུབ་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་ཡིན་ནམ། ཡང་མདོ་དབུས་ཀྱི་ཚོགས་གཙོ་རེད། ཉེ་ཆར་མདོ་སྨད་དབུས་ཀྱི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཁྱེད་མ་སྨད་གསུམ་དང་ལྷན་དུ་འགྲོ་བཞིན་པའི་དཔར་ཁག་ཅིག་མཐོང་སོང་བས། ཕལ་ཆེར་སྐུ་ཉིད་ཀྱིས་ནོར་ཡོད་ས་རེད་སྙམ་ནས་བྲིས་པ་ཡིན།
དྲ་གྲོགས་རྣམ་པ་ལགས
ཁ་པར་ནང་ལ་བོད་ཡིག་འཆར་ན་ངེས་བར་དུ་ཁ་པར་ནང་གི་མིང་ཐོ་བོད་ཡིག་འབྲི་རོགས
གནང་། དེ་མིན་ས་རྟགས་ཀྱང་བོད་ཡིག་ཡིན་ན་བཟང་གི་འདོད། བོད་ཡིག་བཀོད་སྤྱོད་མི་བྱེད་
མཁན་དང་བོད་ཡིག་ཡག་པོ་མི་ཤེས་མཁན་ལ་ཟེར་ཡིན། ང་རང་ཉིད་ལྟ་བུ་ལ་ཟེར་ཡིན།
འདི་ལྟར་དཀའ་བ་ཁྱད་དུ་བསད། བདེན་པ་ཁུར་དུ་བླངས་ནས་ལེ་དབར་སྟོང་ཕྲག་བརྒལ་བ་གླིང་ཚ་མ་བུ་གསུམ་ལ་གུས་བཀུར་དང་ལུས་སྲོག་ལ་བར་ཆད་མི་ཡོང་བར་ཤོག །བཙན་བྱོལ་ཁྲོད་ན་ཕྱི་རྒྱལ་གྱི་རོགས་དངུལ་ཟོས་ནས་དོན་མེད་རྒྱས་སྤྲོས་ཀྱི་ངང་དུ་མི་ཚེ་ཆུད་ཟོས་གཏོང་མཁན་ལས། །བོད་མི་རིགས་ཀྱི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་དཀའ་ལས་རྒྱག་ཐུབ་མཁན་ཁོང་མ་བུ་གསུམ་ལ་ཞལ་འདེབས་གནང་མཁན་ཞིག་བྱུང་བ་སེམས་ལ་སྐྱིད་སྣང་ཤར། གང་ཡིན་ཟེར་ན། བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་དུས་ནས་དུས་སུ་དར་རྒྱས་ཡོང་བ་དང་གཅིག །བོད་མི་རིགས་སྤུན་ཟླ་ཡོངས་ལ་རྒྱ་ནག་གཞུང་གིས་བསམ་ཤེས་ཡོང་བ་དང་གཉིས། རྒྱལ་ཁབ་གཅིག་གི་མངའ་ཁོངས་སུ་བསྡད་ནས་བོད་རྒྱ་མི་རིགས་གཉིས་ཞི་བདེ་ཡོང་བ་དང་གསུམ། རང་དབང་དམངས་གཙོ་ལོངས་སུ་སྤྱད་ནས་དོན་ཕན་ལྡན་པའི་འགྲོ་བ་མི་རིགས་སྤྱིའི་མཛའ་བརྩེ་ཡོང་སླད་དུ། རྒྱལ་དར་གཉིས་མཉམ་དུ་ཁྱེར་རོགས། དོན་དངོས་ཐོག་དབུ་ལམ་གྱི་བགྲོད་པ་གཅིག་བུ་དེ་རེད། །
དེ་འདྲའི་ཧམས་པ་ཆེན་པོ་མ་ཤོད། ཁོ་བུ་མོ་ཅི་ཡིན་མི་ཤེས་ཀྱང་། ད་ལོ་ཁོའི་བུ་ཕྱི་རྒྱལ་དུ་བསྐྱོད་སྐྱབས་སྦྱིན་བདག་ཕཪ་ཞོག ཐ་ན་ཐོན་ཁར་ཀ་ཅི་རི་དང་ཕོ་ས་འགན་ཇི་ཉེན་རྟོགས་ལས་ཁུངས་ནས་འགན་ཡིག་ལེན་དགོས་པ་དེ་ལའང་རོགས་པ་མེད་ཁར། ཁོ་རང་གི་ཅི་བཤད་ལ་ཉེན་རྟོགས་པས་ཉན་རྒྱུ་བལྟ་ཞོག་ཁ་ཡ་མ་བྱས་པར་ཉིན་མ་གང་ཁོ་རང་ཡར་རྒྱུག་མར་རྒྱུག་བྱེད་པ་ངས་མིག་གི་མཐོང་བྱུང་། མི་འདི་ཚོ་དངོས་གནས་ཧམས་པ་ཚ་པོ་འདུག
སྤྱིར་བཏང་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ་མི་རེ་ངོ་རེ་ལ་སྦྱིན་བདག་ཡོད་ཡོད་པ་རེད། ཟླ་བ་ཚེ་རིང་གི་བུ་གཅིག་པོ་མ་རེད། འོན་ཏེ། བོད་ཕྲུག་ཁྱིམ་སྡེས་སྦྱིན་བདག་གིས་ཕྲུ་གུར་བཏང་བའི་སློབ་ཡོན་ཆ་ཚང་བཞེས་པའི་མ་ཚད། བྱེས་སུ་སྐྱེས་པའི་ཕྲུ་གུར་སློབ་ཡོན་མཐོ་ཐག་ཆོད་ལེན་གྱིན་ཡོད་པ་ཕྲུ་གུའི་ཕ་མ་ཚང་མས་ཤེས་གསལ་རེད། མ་ཟད་ཁ་ཤས་ཀྱི་བོད་ཁྱིམ་དེ་གཞུང་ལ་བདག་པ་འདྲ་བའི་མཆན་བཏབས་འདུག་ཏེ། བོད་ཕྲུག་ཁྱིམ་སྡེའི་རྩིས་ཁྲ་ཡོངས་རྫོགས་ཁོ་རང་ཚོ་སོ་སོའི་ལག་ཏུ་ཡོད་པ་རེད་མ་གཏོགས་བོད་གཞུང་དང་འབྲེལ་བ་མེད་པ་རེད།
སྙིང་སྟོབས་དང་ཆོད་སེམས་ལ་ཞུམ་པ་མེད་པའི་རྒྱལ་གཅེས་རང་ལུགས་པའི་བསལ་བློ་རྣལ་མ་ཅན་གླིང་ཚ་མ་བུ་གསུལ་ལ་མཚམས་འདྲི་ཞུ། ཕྲན་ལ་ཉེས་པ་ཅི་ཡང་མེད་པས་ཁྱེད་རྣམས་ཀྱི་ལ་རྒྱ་ལ་ཡི་རང་རེ་ཞུ་བ་ལས་བྱ་ཐབས་དབེན།
འོན་ཀྱང་ངས་ནམ་ཡང་ཁྱེད་ཚོར་སེམས་ཀྱི་གཏིང་རིམ་དུ་ཉལ།
མི་མཐུད་ནས་མདུན་བསྐྱོད་བྱེད་བཞིན་པའི་གླིང་ཚ་མ་བུ་གསུམ་གྱི་དཔའ་ངར་ཞུམ་པ་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་། བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་དཀའ་ངལ་ཁྱད་དུ་བསད་དེ་ལམ་ཐག་འདི་འདྲ་རིང་བོར་སླེབས་འདུག་པ་དང་། སྐུ་གཟུགས་བདེ་འཚམ་ཡིན་པ་ཐོས་འཕྲད་དགའ་སྤྲོ་བརྟས་། ལས་འགུལ་འདི་འགོ་བཙུགས་པ་ནས་མཇུག་མ་སྒྲིལ་བར་མ་བུ་གསུམ་གྱི་སྐུ་གཟུགས་བདེ་ཐང་ཡོང་བས་སྨོན་ལམ་ཡང་ཡང་ཞུ་བཞིན་ཡོད་།
བོད་མི་རིགས་བསྟན་སྲིད་དང་བཅས་པའི་ཆེད་དུ་་་ཞི་བའི་གོམ་བགྲོད་པ་ཁོང་མ་བུ་གསུམ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངའི་སེམས་པ་ནམ་ཡང་ཁྱེད་ཅག་དང་མཉམ་དུ་ཡོད་ལ་་་་མཉམ་དུ་ཚ་བ་དང་ལམ་བར་གྱི་དཀའ་ངལ་་་་ད་དུང་བོད་ལ་སླེབས་ཐུབ་མིན་གྱི་སེམས་ཁུར་ངང་ཁྱེད་ཅག་དང་མཉམ་དུ་ཡོད།
ཡུལ་གྱལ་བ་ལགས་ཉིད་ཀྱིས་དང་པོ་ཟླ་བ་ཚེ་རིང་ལགས་རྡ་སའི་བདེ་དོན་སྐབས་ཡོངས་གླིང་སློབ་གྲྭ་རྒྱབ་པ་དང་།དེ་ཡང་གཞུང་གི་མིང་ཐོག་ལ་བསྐྲུན་པ་དང་རྗེས་སུ་དུས་ཚོད་གང་འདྲ་ཞིག་ལ་ཟླ་ཚེ་སྒེར་ཐོག་ལ་བསྒྱུར་བའི་གནས་ལུགས་གསལ་པོ་ཞིག་གསུང་རྒྱུ་ཡོད་ན་ཡག་པོ་རེད། གཞན་དཔེ་མང་ཡང་ཞྭ་དཔེ་ལྷམ་དཔེ་ལས་རྒྱུ་ཡོད་པ་ཞིག་ཏུ་མ་མཐོང་།།
རྒྱུ་མཚན།ལ་བཅོས་རོགས།
དྲ་གྲོགས་ཡུལ་གྱར་བ་ལགས།ཁམས་བཟང་།
ཁྱེད་ལ་རྒྱུ་མཚན་སྔ་རྗེ་ག་ཚོད་དྲངས་ཀྱང་ཉན་ཤེས་གོ་ཤེས་ཀྱི་བློ་འགྲོས་ཀྱི་དབུལ་བ་ཅི་འདྲའི་ཡ་ང་བ་ལ་ཨང་།ངས་འདིར་ཡང་བསྐྱར་ཁྱེད་ཀྱི་དཀའ་གནད་དེ་དག་སྙིང་བསྡུས་བྱས་ནས་སེལ་དཀྲོལ་བྱེད་རྒྱུ་ཡིན།དེ་ནས་ཡིན་མིན་དབྱེ་འབྱེད་མ་ཐུབ་ན་ལེགས་བཤད་ལས།མི་ཉན་པ་ལ་ཁ་བརྡ་བྱེད་པ་ལས།།ཀོ་བ་རྐམ་པོ་ལག་པས་མཉེས་པ་དགའ།།ཅེས་དང་།མཁས་པ་བརྒྱ་ལ་ལན་ཐེབས་ཀྱང་།ཨ་ཚུགས་གཅིག་ལ་ལན་མི་ཐེབས་ཞེས་པ་ལྟར་བཏང་སྙོམ་དོར་བར་བྱའོ།
༡༽ཀིརྟི་སྒྲོལ་ལྷས་དངུལ་དམར་འཁྱེར་བའི་ནག་ཉེས་མཐའ་བསལ་མཐིལ་རྟོལ་བྱུང་བ་རེད།ཟླ་ཚེར་གཟུགས་མེད་གྲིབ་བཟོ་དང་ནག་མེད་ཉེས་འཁེལ་བྱས་པ་གཉིས་གྲལ་གནས་གཅིག་ཏུ་བཞག་ན་འགྲིགས་སམ།དེའི་དཀའ་གནད་དེའི་སྐོར་འགྲེལ་བཤད་བརྒྱབ་ཟིན།
༢༽ཟླ་ཚེས་གྱོད་དོན་རྒྱ་གར་ཡུལ་ཁྲིམས་ལ་བསྐྱལ་བ་དེར་ཧང་སངས་མཁན་རྣམས་ནི་ཁྲིམས་ལུགས་ཀྱི་གོ་རྟོགས་དམན་པ་དང་།དབུས་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་བཀླགས་མྱོང་མེད་པའི་རང་རྟགས་གསལ་པོ་བསྟན་པ་ཞིག་ཏུ་མངོན།དེ་ཡང་བཅའ་ཁྲིམས་རིན་པོ་ཆེའི་ནང་།བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་མཐའ་མའི་ཚད་གཞི་འཛིན་ས་ཡུལ་ཁྲིམས་ཡིན་པ་དང་།བོད་མིའི་ཁྲིམས་ཁང་ལས་ཡུལ་ཁྲིམས་དབང་བཙན་པ་དང་།ཚད་མཐོ་བ་ཡིན་པ་དེ་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཚང་མའི་ནང་བསྟན་ཡོད།
༣༽ཡུལ་གྱར་བ་དང་།ལྷ་མོ་ཐུན་མོང་ལ།ཡོངས་གླིང་ཉིན་སློབ་དེ་དང་ཐོག་འཛུགས་བྱེད་དུས་ཟླ་ཚེས་བདེ་དོན་རེད་དམ།བདེ་དོན་མིན་ན་བདེ་དོན་གྱི་མིང་ཐོག་ནས་ཞལ་འདེབས་ཇི་ལྟར་ཐུབ་བམ།རི་བོ་རྭ་མེད་པར་དེས་ལྐོག་བཟའ་ཇི་ལྟར་བྱེད།གནས་ཚུལ་དེ་ནི་གད་མོ་ཤོར་དགོས་རང་རེད།
སྤྱི་བཏང་ནས་བདེ་དོན་མིང་ཐོག་ནས་སྤྱི་ཚོགས་ལ་དམན་པའི་སློབ་གྲྭ་འཛུགས་བསྐྲུན་བྱས་ཡོད་དབང་དུ་བཏང་ཡང་དེ་ནི་བརྒྱ་ཆ་བརྒྱ་འགྲིགས་པ་ཞིག་རེད།དེའི་གྲུབ་འབྲས་ནི་དེ་རིང་ལོ་ངོ་༢༨རྗེས་སུའང་སློབ་གྲྭ་དེས་ལྷ་ནེ་ལྷ་མེར་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་མ་ཟད།སློབ་གྲྭ་དེ་ནས་འདབས་ཤོག་གཉིས་ལྡན་ཀྱི་བུ་རབས་ཚ་བརྒྱུད་མང་པོ་ཐོན་དང་འདོན་བཞིན་པར་ལྟོས་དང་།དེ་མིན་སྤྱི་ཚོགས་འདིར་ལས་འཆར་མང་པོ་གནམ་ལ་འཕྱར་ནས་དངུལ་དམར་ཇ་རྟ་ཇི་བསྡུས་རྗེས་གྲུབ་འབྲས་མིག་སྟོན་མེད་པ་ག་ཚོད་འདུག་གམ།
༤༽སྤྱིར་བཏང་གོང་དུ་ཁྱེད་རང་གིས་ཡོངས་གླིང་སློབ་གྲྭ་ཟླ་ཚེས་འཛུགས་བསྐྲུན་བྱས་པ་ཁས་འཆེས་པ་དེ་རང་གིས་རང་ལ་ཁོར་གསུམ་དང་ཚྭ་ཕོག་ཟིན་པས་ད་ནི་ཁ་ནང་དུ་མཛུབ་མོ་བཅུག་ནས་སྡོད་རྒྱུ་ལས་གཞན་བྱ་ཐབས་ཅི།
༥༽དེ་མིན་ཉི་ཧོང་སྐུ་ཚབ་དོན་གཅོད་དང་།ཨ་རིའི་ཐེབས་རྩའི་སྐོར་ནི་རྩོད་གཞི་འདི་དང་འབྲེལ་བ་མེད་པས་མ་གླེང་ན་མཛེས།གལ་ཏེ་མུ་མཐུད་ན་རྩོད་འདོད་ཡོད་ན་ནམ་དང་ཉི་མ་སུ་ལྟད་ཆོག
མཐའ་དོན་ངས་བཙན་བྱོལ་སྤྱི་ཚོགས་ནང་འཇོན་ཐང་དང་།ལྷག་བསམ།སེམས་ཤུགས་ཅན་གྱི་མི་སྣ་ཞིག་དཀར་འདོན་དག་སེལ་བྱེད་རྒྱུའི་སླད་ཁྱེད་རྣམས་ལ་སྐུ་གསུང་ཐུགས་ཕོག་བྱུང་ན་བཟོད་པར་མཛོད།
ལྷ་མོའི་མིང་ཅན་དང་ཡུལ་གྱར་བ་གཉིས་ཀྱིས་དུས་གཅིག་ཏུ་སླར་ཡང་རང་འཚང་ཁྲོམ་སྟོན་བྱས་འདུག
ཁྱོད་ཅག་གིས་གནས་ཚུལ་གང་ཡིན་མགོ་མ་ཚོས་པར། བླུན་པོ་ཆུ་སྣ་གར་འཁྲིད་ཀྱིས་གཞན་གྱི་དཀྲོགས་གཏམ་འོག་ཐུར་རྒྱུགས་བྱས་ན། རང་ཉིད་ཀྱང་ཐུར་དུ་ལྷུང་རྒྱུ་ལས་ཅི་ཡོད།
ཁ་སང་ཡོངས་གླིང་སློབ་གྲྭ་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཚུལ་གླེང་། དེར་ངེད་ཅག་གིས་རྒྱུ་མཚན་ཡང་དག་ཞིག་དྲངས་པས། ཁས་ལེན་མ་བྱེད་ཀ་མེད་ཆགས།
དེ་རིང་སླར་ཡང་། མ་རྟོགས་ལོག་རྟོག་གང་ཡིན་མི་ཤེས་ཀྱང་། གང་ལྟར་གཞན་རྐུབ་ཤར་རྒྱུགས་ཀྱིས། ཡོངས་གླིང་སློབ་གྲྭ་ཟླ་བ་ཚེ་རིང་གིས་བརྒྱབ་པ་ཡིན་ཀྱང་། ཁོ་རང་བདེ་དོན་གྱི་མིང་ཐོག་ནས་ཡིན་སྐོར་བརྗོད་འདུག
ངས་ཁྱོད་ཚོར་བརྗོད་ཞུར། དང་ཐོག་༡༩༨༤ སྤྱི་ཟླ་ ༦ ནང་ཟླ་བ་ཚེ་རིང་ལགས་ཀྱིས་ཡོངས་གླིང་སློབ་གྲྭ་དབུ་བརྙེས་སྐབས་རྡ་རམ་ས་ལའི་བདེ་དོན་སུ་ཡིན་མིན་དྲིས། དེ་ནས་ཟླ་བ་ཚེ་རིང་ལགས་ལོ་ཁམས་ག་དུས་ནས་ག་དུས་བར་རྡ་ས་བདེ་དོན་གནང་ཡོད་མེད་རྟག་དཔྱད་བྱོས། གཞི་ནས་སྐད་ཆ་གཉིས་པ་འདྲ་ཤོད་རྒྱུ་ཡོད་ན་ཤོད་རོགས། དེ་མིན་ལྟག་པར་ཁ་བརྡའི་ཁྲོམ་རར་ཞབས་འདྲེན་ཞུས་ནས་གང་ཡོང་།
ད་དུང་ངས་གཏམ་དྲང་པོ་ཞིག་ཞུ་རྒྱུར། ཁྱོད་ཚོས་ག་དུས་ཡིན་ཀྱང་སྤྱི་འཐུས་ཟླ་བ་ཚེ་རིང་ལ་དཀྲོགས་གཏམ་བཟོས་ནས་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོའི་ནག་ཉེས་དག་ཐབས་བྱེད་འདོད་པ་ནི་གླེན་རྟགས་ཆེ་ཤོས་སུ་མཐོང་།
མ་གཞི་ནས་སོ་སོས་སོ་སོ་ངོས་མ་ཟིན་པར་སྒེར་ཚུགས་དོར་ཏེ་དཔྱད་མེད་རྗེས་འབྲང་རིང་ལུགས་ཀྱི་བག་ཆགས་མཐུག་པའི་མི་བུ་ཁྱོད་ཚོའི་འགན་འཁྲི་མེད་པའི་བྱ་སྤྱོད་དག་གིས་ནང་ཁུལ་གཏོར་བཤིག་བཏང་བ་ཉུང་ཉུང་ག་ལ་ཡིན།
དྲ་གྲོགས་འུར་ཁང་ལགས།
ཇི་ལྟར་ཁྱེད་ཀྱིས་གསུངས་པ་དེ་དེ་བཞིན་ནོ།དེ་དེ་བཞིན་ཏེ།ཁྱེད་ཀྱིས་གསུངས་པར་མངོན་པོ་བསྟོད་དོ།
ཕལ་ཆེར་ངས་ལྟས་ན་འུར་ཁང་གིས་བཤད་པར་གནས་ལུགས་ཡོད་པར་སྣང།
དྲ་གྲོགས་འུར་འང་ལགས་དང་དྲ་གྲོགས་ལ་རྒྱའི་བདག་པོ་བཅས་ལ་ཞུ་རྒྱུ། ཁ་སང་ཡོངས་གླིང་སློབ་གྲྭ་སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཚུལ་གླེང་། དེར་ངེད་ཅག་གིས་རྒྱུ་མཚན་ཡང་དག་ཞིག་དྲངས་པས། ཁས་ལེན་མ་བྱེད་ཀ་མེད་ཆགས། ཟེར་བ་འདི་ཅི་ཞིག་ཟེར་བ་ཡིན། སྤྱི་འཐུས་ཟླ་ཚེས་སྤྱི་རྒྱུ་སྒེར་བདག་བྱས་མེད་ཅེས་ངས་ཁས་ག་དུས་བླངས་སོང་། སྤྱི་རྒྱུ་སྒེར་བདག་བྱས་ཟིན་པར་ངས་མ་བྱས་ཚུལ་ཇི་ལྟར་བཤད་ནུས། དེ་ནི་དེ་རིང་གུང་ཁྲན་གྱིས་བོད་རང་བཙན་སྤྲོད་ཀྱི་ཡིན་ཞེས་ཁས་བླངས་སོང་ཟེར་ནས་རྒྱལ་ཁའི་དབྱར་རྔ་སྒྲོགས་པ་དང་མཚུངས། འོན་ཀྱང་ཇི་ལྟར་གཞུང་རྒྱུ་སྒེར་བདག་བྱས་སྟངས་ཐོག་ཁོ་བོས་ནོར་འཁྲུལ་བྱུང་འདུག་པས་རང་སྐྱོན་ངོས་ལེན་ཐོག་ནས་ཟླ་ཚེ་ལགས་གཙོས་པའི་ཁྱེད་ཅག་ཡོངས་ལ་དགོངས་སེལ་ཞུ། འོན་ཀྱང་སྤྱི་རྒྱུ་སྒེར་བདག་བྱས་པའི་ཚུལ་ནི། ཡོངས་གླིང་སློབ་གྲ་འདི་དབུ་འཛུགས་སྐབས་འདས་པོ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཤེས་རིག་བཀའ་བློན་ཡིན་ལ་དེ་སྐབས་ཤེས་རིག་ལས་ཁུངས་ནས་ཧིན་སྒོར་འབུམ་བདུན་ནམ་བརྒྱད་གང་རུང་མ་དངུལ་གནང་བ་མ་ཟད་ཟུར་དུ་མ་འོངས་པར་སྒེར་བདག་མི་ཆོག་པའི་བཀའ་ཡིག་གནང་བ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཚད་ལྡན་གྱི་དཔང་ཡིག་ཏུ་ངོས་འཛིན་ཐོག་སྔོན་གྱི་བཅད་ཁྲ་དེ་བཏང་འདུག་པ་མ་ཟད་ཉེ་ཆར་ཀང་ར་ཁྲིམས་ཁང་དང་སིམ་ལ་ཁྲིམས་ཁང་གཉིས་ཀས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་ཚད་ལྡན་བྱུང་འདུག་ཚུལ་གྱི་ཡིག་ཆ་ཁྱེད་ཚོས་དག་གཙང་དུ་བརྩི་སའི་ཟླ་ཚེ་ལའང་འབྱོར་ཡོད་འདུག་པས་སྐྱག་པ་ཇི་ཙམ་སྦས་ཀྱང་དྲི་མ་སྔ་ཕྱི་ཙམ་ལས་མངོན་རྒྱུ་ཉག་གཅིག་ཡིན་པས་ངེད་ཅག་ཅུང་ཟད་སྒུག་ཏེ་ལྟ། དེ་བཞིན་སྒྲོལ་དཀར་ལྷ་མོའི་ནག་ཉེས་བསུབ་ཐབས་གང་ཡང་བྱེད་ཀྱི་མེད། སྤྱི་འཐུས་ལྷན་ཚོགས་ནས་བཟང་སྤྱོད་ཐོག་རྩ་དགོངས་ཞུ་དགོས་པའི་སེམས་ཚོར་ང་ལའང་ཡོད་ལ་བུད་མེད་ཚོགས་པའི་ཚོགས་གཙོའི་གོ་གནས་ནས་དབྱུང་བ་ངས་ཚད་དང་ལྡན་པའི་ཐག་གཅོད་དུ་ངོས་འཛིན་བཞིན་ཡོད། གནས་སྟངས་ཇི་ལྟར་བྱུང་ཡང་རྐུ་ནི་རྐུ་རེད།
རང་ཕྱོགས་མཐོང་ཚེ་སྐྱོན་མེད་ཁོ་ན་རྩིས།།
གཞན་ཕྱོགས་སྐྱོན་ཅན་ཁོ་ནར་སྣང་བ་དེ།།
རང་བློ་སྲོང་པོ་མེད་པའི་སྐྱོན་མཆིས་ན།།
རྫུབ་མོ་ནང་ཁུག་རང་བློར་བརྟགས་པ་འགྱིས།།
ཟོལ་བོར་མི་གནས་ཕྱོགས་ལྷུང་ཁོ་ན་ཡིས།།
གཞན་སྙིང་གཏུབས་རྗེས་རང་སྙིང་གཏུབས་རྐྱེན་ལས།།
རང་གཞན་གཉིས་ཀར་སྨན་པའི་ཐབས་མིན་ན།།
ཕྱོགས་ཞེན་སྤོང་ལ་རང་གཞན་གཉིས་སྨན་མཛོད།།
རེ་བར་འགྲུབ་ཏུ་རུང་མིན་སྣ་མང་བས། །ཟླ་ཚེ་གཙང་མ་ཡིན་པའི་རེ་བ་རྒྱོབས། །རྫུན་མ་བདེན་པར་འགྱུར་བའི་རེ་བ་རྒྱོབས། །ཡོངས་གླིང་སློབ་གྲ་བདག་རྒྱུ་རེ་བ་རྒྱོབས།། །།
འུར་ཁང་དང་ལ་རྒྱའི་བདག་པོ་གཉིས་ཀྱི་ལན་ཡུལ་གྱར་བའི་གནང་ཚར་འདུག ཡོངས་གློང་སུ་ལ་བདག་མིན་དེ་འཕགས་བོད་གཉིས་ཀའི་ཁྲིམས་ཐོག་ནས་ཞིབ་འཇུག་བྱས་ཟིན་ཡོད་འདུག་པ་དང་། ཁྲིམས་དཔོན་དང་ཁྲིམས་ཞིབ་པ་རྣམས་ལ་ང་ཚོ་ལས་མང་བའི་རྒྱུ་མཚན་དང་དཔང་རྟགས་ཡོད་རྒྱུ་རེད། དེ་ཚོའི་མཐའ་ག་ལེ་གསལ་ཡོང་གི་རེད། དེ་མིན་དྲི་བ་འགའ་ཞིག་དྲིས་པ་ཡིན་ཏེ་ཁོང་གཉིས་ཀ་ལ་ལན་གནང་ཡ་མེད་པ་འདྲ། སིམ་ལར་ཁྲིམས་གཏུག་རིང་བོད་གཞུང་གིས་ལོ་རེ་བཞིན་འབུམ་ཉེར་ལྔ་ཙམ་བཏང་ནས་ཁྱོན་བསྡོམས་ན་འབུམ་བརྒྱ་ཕྲག་བཏང་ཟིན་པས། གྱོད་ཡ་ཟླ་ཚེའི་ངོས་ནས་ཀྱང་འབུམ་བརྒྱ་ཕྲག་བཏང་ཡོད་པ་གཏན་ཁེལ་བས་དངུལ་དེ་ཚོ་ག་ནས་བྱུང་བ་དང་སུས་གཡར་བ་རེད། དེ་གསུངས་རོགས་གནང་། དེ་ནས་༧སྐྱབས་མགོན་རིན་པོ་ཆེས་ཐད་བསྐོས་སྤྱི་འཐུས་སྐོར་མང་པོ་ཞིག་གསུངས་འདུག དེ་ལ་བཤད་ཚུལ་གཞན་ཞིག་ཡོད་པས་བདེན་མིན་གསུངས་རོགས་གནང་། དེ་སྔོན་ ༡༩༩༦ ལོར་ཟླ་ཚེ་དབུས་གཙང་གི་འོས་ཐོབ་ཀྱང་སྤྱི་འཐུས་མ་གནང་བར་དགོངས་པ་ཞུས་ནས་བདེ་དོན་བྱས་པ་དེར་མི་མང་པོ་དོགས་པ་ཟ་བ་དང་། བདེ་དོན་གྱི་མིང་ཐོག་ནས་རོགས་སྐྱོར་མང་པོ་ཞིག་སྒེར་བེད་སྤྱད་པ་དང་། ཡོངས་གླིང་སོགས་མང་པོ་ཞིག་སྒེར་ཐོག་བསྒྱུར་འགྲོ་བ་དང་། ད་དུང་དེ་ལས་ཆེ་བའི་ལས་ཚབས་ཆེན་བྱེད་སྲིད་པའི་སེམས་ཚབས་བྱུང་སྟེ། ༧སྐྱབས་མགོན་རིན་པོ་ཆེར་སྙན་གསེང་ཞུས་པས་བདེ་དོན་ནས་ཕྱིར་འབུད་ཆེད་ཐད་བསྐོས་གནང་བ་དང་། ༧སྐྱབས་མགོན་རིན་པོ་ཆེས་ཐད་བསྐོས་གནང་ཙང་བདེ་དོན་དགོངས་པ་ཞུས་ནས་སྤྱི་འཐུས་མ་གནང་ཀ་མེད་བྱུང་བ་རེད་ཟེར། དེ་བདེན་པ་ཡིན་ནམ། དངོས་གནས་སྤྱི་སེམས་དང་སེམས་ཤུགས་ཡོད་ན་དང་ཐོག་དབུས་གཙང་མི་མང་གིས་འོས་བླུགས་སྐབས་ནས་སྤྱི་འཐུས་མ་གནང་བ་གང་ཡིན་ནམ། བོད་ཀྱི་རྩ་དོན་ཆེད་དུ་ཕྱག་ལས་གནང་བ་ལ་བདེ་དོན་ལས་སྤྱི་འཐུས་གལ་ཆེ་བ་མ་ཡིན་ནམ། དེ་ཚོ་གསལ་བཤད་ཅིག་གནང་དང་དོགས་པ་མང་པོ་ཞིག་སེལ་ཐུབ་ས་རེད།
༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཟླ་ཚེ་བདེ་དོན་གནང་བ་ལས་སྤྱི་འཐུས་གནང་ན་ཡག་བ་དགོངས་པ་དེ་ནོར་བ་རེད་དམ། ཟླ་ཚེ་རང་ཉིད་ཀྱིས་སྤྱི་འཐུས་ལས་བདེ་དོན་གལ་ཆེ་བ་མཐོང་ནས་སྤྱི་འཐུས་དགོངས་པ་ཞུས་པ་དེ་ནོར་བ་རེད། གཅིག་ནོར་ཡོད་ངེས་རེད་ན་སུ་ཞིག་ནོར་བ་ཡིན་ནམ། དེར་ཡང་དོགས་པ་ཞིག་དང་འདུག
འུར་ཁང་འུར་སྒྲ་ཙམ་ལས་རྒྱུ་མཚན་མེད། །རེ་བས་རེ་དོན་ནམ་མཁའི་འཇའ་ལྟར་ཡལ། །ལ་རྒྱའི་བདག་པོས་ལག་ཟུང་འགྲམ་སྦྱར་བར། །བཟོད་པ་ལྷ་རྩེས་སེམས་གསོ་གཏོང་སྟེ་བཞུགས།། །།ཀུ་རེ་ཡིན།
དྲ་གྲོགས་ཡུལ་གྱར་བ་དང་ལྷ་མོ་མིང་ཅན་གཉིས་ཁམས་བཟང་།
ཁྱེད་ཀྱིས་ལན་མང་པོ་བྲིས་འདུག་པ་ཐུགས་རྗེ་ཆེ།ཡིན་ནའང་ཁྱེད་ཚོས་ངའི་མཆན་བུ་༣༦དེར་གནད་འགག་ཅན་གྱི་འགའ་ཤས་ལ་ལན་མ་བརྒྱབ་པར་ཕར་གཡོལ་ཚུར་གཡོལ་བྱས་ནས་དེ་མིན་གྱི་གནད་དོན་ཆུང་ཚགས་རེ་གཉིས་གླེང་གཞི་ཆེན་པོ་བཟོས་པ་དེ་ནི་སྲིད་དོན་ལག་ཆའམ་རྒྱུགས་ཁྱིའི་བྱ་སྤྱོད་ངོ་མ་ཞིག་མ་རེད་དམ།དཔེར་ན།
༡༽ཀིརྟི་སྒྲོལ་ལྷས་དངུལ་དམར་འཁྱེར་བའི་ནག་ཉེས་མཐའ་བསལ་མཐིལ་རྟོལ་བྱུང་བ་རེད།ཟླ་ཚེར་གཟུགས་མེད་གྲིབ་བཟོ་དང་ནག་མེད་ཉེས་འཁེལ་བྱས་པ་གཉིས་གྲལ་གནས་གཅིག་ཏུ་བཞག་ན་འགྲིགས་སམ།
༢༽ཟླ་ཚེས་གྱོད་དོན་རྒྱ་གར་ཡུལ་ཁྲིམས་ལ་བསྐྱལ་བ་དེ་བོད་གཞུང་གི་བཅའ་ཁྲིམས་གང་དང་འགལ་ལམ།
བོད་གཞུང་གི་བཅའ་ཁྲིམས་དང་རྒྱ་གར་གྱི་ཡུལ་ཁྲིམས་གང་དབང་ཚད་མཐོ་བ་ཡོད་དམ།ཁྱེད་ཚོས་བཅའ་ཁྲིམས་བཀླགས་མྱོང་ཡོད་དམ།བཅའ་ཁྲིམས་ལ་ལེའུ་དང་དོན་ཚན་ག་ཚོད་ཡོད་དམ།ལེའུ་ཚང་མའི་ནང་ཡུལ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཚད་བསྟན་ཡོད་དམ།སོ་སོའི་བཅའ་ཁྲིམས་རིན་པོ་ཆེས་ཀྱང་བཀླགས་མྱོང་མེད་པར་ད་དུང་དྲ་ནང་འཛུལ་ནས་བོད་པའི་སྐོར་བརྗོད་ཕོད་ངོ་མ་སྤོབས་པ་རེད་ཨང་།ཨ་རོགས།
༣༽ཡོངས་གླིང་ཉིན་སློབ་དེ་དང་ཐོག་ཕྱི་ལོ་༡༩༨༤ལོར་གསར་འཛུགས་བྱེད་དུས་ཟླ་ཚེ་བདེ་དོན་རེད་དམ།བདེ་དོན་མིན་ན་བདེ་དོན་གྱི་མིང་ཐོག་ནས་ཞལ་འདེབས་ཇི་ལྟར་ཐུབ་བམ།རི་བོ་རྭ་མེད་པར་དེས་ལྐོག་བཟའ་ཇི་ལྟར་བྱེད།གནས་ཚུལ་དེ་ནི་གད་མོ་ཤོར་དགོས་པ་རང་རེད།
༤༽ཁྱེད་ཀྱིས་མཆན་བུ་༤༠ནང་༼འོན་ཀྱང་སྤྱི་རྒྱུ་སྒེར་བདག་བྱས་པའི་ཚུལ་ནི། ཡོངས་གླིང་སློབ་གྲ་འདི་དབུ་འཛུགས་སྐབས་འདས་པོ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཤེས་རིག་བཀའ་བློན་ཡིན་ལ་དེ་སྐབས་ཤེས་རིག་ལས་ཁུངས་ནས་ཧིན་སྒོར་འབུམ་བདུན་ནམ་བརྒྱད་གང་རུང་མ་དངུལ་གནང་བ་༽ཞེས་བྲིས་ནས་འདུག་ཀྱང་།ཤེས་རིག་གིས་སྐོར་འབུམ་༧དང་༨གང་ཡིན་ཤེས་ཀྱི་མེད་པར་མུན་ནག་མདའ་འཕེན་ངང་བྲིས་པ་དེ་གནས་ཚུལ་ཁུངས་ལུང་མེད་པ་གསལ་པོ་རེད།ཁྱེད་ཀྱི་གནས་ཚུལ་དེར་མི་གཞན་ཡིད་ཆེས་རྒྱུ་ལྟ་ཅི་ཁྱེད་རང་ཡང་ཡིད་ཆེད་པར་རྨོང་རྨོང་ཚོད་ཚོད་ངང་བྱུང་རྒྱལ་དུ་སྨྲ་བ་དེ་ནི་ལྷག་བསམ་དང་འཇོན་ཐང་ཆེ་བའི་མི་སྣ་ཞིག་ནག་པོ་བཟོ་རྩིས་བྱས་པ་གསལ་པོ་རེད།
ལ་རྒྱའི་བདག་པོ་ལགས་ནས་དྲི་བ་བཞི་བཀོད་འདུག་ཀྱང་༡ དེར་ལན་ཐེངས་མང་བརྒྱབས་ཟིན་པས་བསྐྱར་ཟློས་མི་བྱེད། ༢ བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་ཡུལ་ཁྲིམས་གཉིས་ལས་ཡུལ་ཁྲིམས་དབང་ཚད་མཐོ་བ་ངས་ཤེས་ཀྱི་ཡོད། ང་ཚོའི་བཤད་རྒྱུ་ནི། ཟླ་ཚེ་རང་ལ་བདེན་པ་མེད་བཞིན་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁུང་ལྡན་གྱིས་བཅད་ཁྲ་ལ་བརྩི་མེད་ཐོག་ཡུལ་ཁྲིམས་ལ་སྦྱར་ཞིང་དོ་བདག་རང་དང་བཙན་བྱོལ་གཞུང་གཉིས་ཀའི་སྒོར་འབུམ་མང་པོ་ཆུད་ཟོས་སུ་བཏང་བ་འདིར་སྐྱོན་བརྗོད་པ་ལས་རྒྱུ་མཚན་ཡོད་པའི་ཐོག་ནས་ཡུལ་ཁྲིམས་ལ་སྦྱར་ན་ངས་སྐྱོན་ཅི་ལ་བརྗོད། ངས་བྲིས་ཟིན་པ་དག་ལ་ཞིབ་ཀློག་གནང་རྒྱུའི་ཐུགས་འདོད་ཡོད་ན་ཞིབ་ཀློག་གནང་རོགས། ངས་གང་ཞིག་ཏུ་ཡུལ་ཁྲིམས་དང་བཙན་བྱོལ་གཞུང་གི་ཁྲིམས་གཉིས་ལས་བཙན་བྱོལ་གཞུང་གི་ཁྲིམས་ཀྱི་དབང་ཚད་མཐོ་ཚུལ་བརྗོད་འདུག ༣ འདིའི་ལན་མཆན་༤༠་ལ་གཟིགས་དང་གསལ་པོ་ཡོད། ངས་ནོར་ན་ནོར་བར་ཁས་ལེན་འདོད་ཡོད་ལ་ལེན་རྒྱུའི་སྤོབས་པའང་ཡོད། ༤ འབུམ་༧ དང་༨ གང་རུང་ཡིན་པ་དྲན་སོས་ཀྱང་དེ་གཉིས་གང་ཡིན་ཏན་ཏན་དྲན་མ་བྱུང་། འོན་ཀྱང་གྲངས་གནས་ཅུང་ཟད་འཁྲུགས་ན་མུན་ནག་མདའ་འཕེན་དང་ཁུངས་ལུང་མེད་པ་ཡིན་དགོས་པའི་རྒྱུ་མཚན་ཅི་ཡོད། གསལ་བཤད་ཅིག་ལ། གྲོགས་པོ་ལགས་ཁྱེད་ཀྱིས་ཡང་ནས་ཡང་དུ་བསམ་ཚུལ་བརྗོད་པ་འདིའང་མི་རིགས་འདིའི་བདེ་སྡུག་གི་ཆེད་དུ་ཡིན་པའི་རེ་བ་དང་ཡིད་ཆེས་ཡོད་ལ་ངས་འདི་ལྟར་ངལ་བ་དང་དུ་ལེན་པའང་མི་རིགས་འདིའི་ཆེད་དུ་ཡིན་པས་ཐུགས་ལ་མི་ཕོག་པའི་རེ་བ་ཞུ། དེ་བཞིན་སྐབས་རེ་ཚིག་ངན་རེ་གང་བྱུང་དུ་ཤོར་ཡོད་ན་བཟོད་གསོལ་ཞུ།