བོད། ལྷ་ཀླུ་གཉན་གསུམ།
འོག་གི་འབོད་ཚིག་ལྔ་འདི་སྤུན་ཟླ་དག་གིས་རྒྱ་ཡིག་དང་དབྱིན་ཡིག ཧིན་རྡུ་བཅས་ལ་སྒྱུར་རོགས་ཞུ། ང་རང་ལ་དགོས་མཁོ་ཆེན་པོ་ཡོད་ལ། ངས་འབོད་ཚིག་འདི་ལྔ། རྒྱ་གཞུང་གི་དཔོན་ངན་དེ་དག་གི་རྣ་བར་འཛུལ་ནས་སེམས་གཏིང་དུ་སླེབས་ཐུབ་པར་བྱེད་རྒྱུ་ཡིན། སྤུན་ཟླ་ཚོ། ཐུགས་རྗེ་གཟིགས།
1) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།
2) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།
3) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྤྱོང་བའི་བདག་དབང་སྤྲོད་དགོས།
4) བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།
5) ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས།
བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་
བོད་ཤ་ཁྲག་ལགས།
འདིར་རང་གི་ཆོས་གོས་གོམས་གཤིས་སོགས་ཞེས་པའི་ཆོས་གོས་ཞེས་པ་ཆས་གོས་ཡིན་ནམ་ཡང་ན་ཆོས་ལུགས་དང་གྱོན་གོས་ཞེས་པའི་བསྡུས་མིང་ཡིན།
ཁྱོད་ཀྱིས་བཤད་སྟངས་ལ་བརྟགས་ན་ཁྱོད་ཀྱིས་ཅི་ཞིག་བྱེད་མདོག་ཁ་བ་འདུག་པས། བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས་ཡ། གྲོགས་པོ་ལགས།
5) ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས།
དོན་ཚན་ལྔ་པ་འདི། ངའི་སེམས་ལ་ཤིན་ཏུ་ཕན་པོ་འདུག ང་ཚོས་རྒྱལ་ཁབ་ཆེན་པོ་གཅིག་ལ་ཁ་གཏད་བཅོག་པ་ལ་བཙིར་ས་དངོས་སུ་མེ་མདའ་ཕེན་མཁན་དང་། དངོས་སུ་གདུག་རྩུབ་ཅན་ཚོ་དང་། དེ་ནས་ས་གནས་ལས་བྱེད་བཀའ་གཏོང་མཁན་ཁོང་ཚོ་བོད་ས་གནས་དབྱུང་རྩ་མེད་བཟོ་རྒྱུ་དེ་གནང་དགག་ཤིན་ཏུ་ཆེ་བ་ཅིག་མཐོང་བགྱིད་འདུག་གོ །
ཧ་ཅང་ཡག་པོ་རེད། དོན་ཚན་འདི་རྣམས་བོད་མི་ཚོས་མ་རྗེད་པར་ལས་འགུལ་སྤེལ་དགོས། ང་རང་གི་ལུས་སེམས་གཉིས་ལས་འགུལ་འདིའི་ཆེད་འབུལ་བསམ་ཡོད།
ཡག་པོ་འདུག འོན་ཀྱང་མེ་སྲེགས་ཀྱི་ལས་འགུལ་ཡི་ནུས་པ་ཐོན་མེད་ཟེར་ན་བདེན་པ་མིན་ཏེ། རྒྱལ་སྤྱིའི་བོད་དོན་ལ་དོཅསྣང་ཤུགས་ཆེ་འགྲོ་བཞིན་ཡོད་ལ། གསར་ལམ་ཁག་ཏུ་སྔ་ལས་ཤུགས་ཆེར་འགྲོ་བ་ནི་གསར་ལམ་ཁག་ཀློག་ན་ཤེས་ཐུབ། འོན་ཀྱང་གྲུབ་འབྲས་མ་ཐོན་པའི་འགག་རྩ་ནི་བོད་མི་ཡོངས་མཉམ་ཞུགས་མ་བྱེད་ཅིང་བྱེད་མ་ཐུབ་པས་ཛ་དྲག་ཏུ་མ་ཆགས་པས་རྒྱལ་སྤྱིའི་དོ་སྣང་དེ་ཙམ་མ་སླེབས་པ་འདོད། ང་ཚོའི་འཐབ་རྩོད་ནི་གསེ་རི་ཡའི་གནས་སྟངས་དང་བསྡུར་ན་བརྒྱ་ཆ་གཅིག་ཙམ་མ་ཟིན་པས་རེད། རྒྱུ་མཚན་ནི་མི་གྲངས་ཅི་ཙམ་མང་ན་པོ་ལས་འགུལ་ཁྲོད་མཉམ་ཞུགས་བྱེད་ཐུབ་ན་དེ་ཙམ་གྱིས་ལས་འགུལ་ཟ་དྲག་རེད་ལ། མི་ཅི་ཙམ་མང་བའི་ཚེ་སྲོག་ཤོར་ན་དེ་ཙམ་གྱིས་ཛ་དྲག་རེད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གནད་དོན་མི་བརྒྱ་གཉིས་བརྒྱ་ཡི་ཚེ་སྲོག་ཤོར་ན་ཛ་དྲག་མིན་ལ། དེ་ཙམ་ཚོགས་པ་ཁག་གཉིས་མ་མཐུན་པ་ལས་བྱུང་བས་རེད། མི་ཡི་འགྲོ་སོངམ་བཏང་བ་བོད་ལ་རང་དབང་ཐོབ་པ་འདོད་པ་ནི་རྨི་ལམ་རེད། དེ་དཀའ་ལས་རྒྱག་མི་དགོས་བ་ཟས་ཟ་དགོས་སྨྲས་བ་དང་གཅིག་མཚུངས་རེད། དཀའ་ལས་མེད་པ་གྲུབ་འབྲས་ཡོད་ན་ཆོས་ཉིད་དང་འགལ་བ་རེད་ལ་དེ་ལྟར་ཡོད་ན་ཀུན་ཀྱང་ལྷ་བཞིན་འཚོ་བ་སྐྱེལ་ངེས་རེད། རེ་བ་ཁག་པོ་རེད། ཆོལ་ག་གསུམ་སྡེབ་ལངས་མ་དགོས་རྔ་བའི་མཐའ་འཁོར་གྱི་ས་ཆ་དང་ཀིརྟིའི་དགོན་ཁག་རྣམས་ཀྱང་གདུང་སེམས་མཉམ་སྐྱེད་ཀྱིས་ལངས་མི་ཐུབ་པས་མི་པས་རྒྱ་ཡིས་བོད་ཀྱི་དགོས་འདོད་ཅི་ལ་སྐོང་། ད་ལྟ་ལངས་མཁན་གྱི་ས་ཁུལ་ནི་བོད་ཀྱི་བརྒྱ་ཆ་གཅིག་ལས་མི་ཟིན་པས་བརྒྱ་ཆ་གཅིག་གི་འདོད་པ་ལ་རྒྱ་གཞུང་གིས་བསམ་ཤེས་བྱེད་སྲིད་དམ། རྒྱ་གཞུང་མ་དགོས་བོད་གཞུང་གིས་བསམ་ཤེས་བྱེད་པ་དཀའ་བ་འདོད།
ལྷ་སྙན་ལགས། རྒྱ་ནག་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གོང་གི་ཁྱེད་ཁྱི་ཆ་རྐྱེན་རྣམས་དང་ལེན་བྱས་ཀྱང་བོད་ནང་འབྱོར་མཚམས་བོད་མི་རྣམས་ལ་སྨྲ་བརྗོད་རང་དབང་དང་ཆབ་སྲིད་ཀྱི་དབང་ཆ་གང་ཡང་མ་སྤྲད་ན་འདོད་པ་འཚིམས་སམ། བོད་མི་ཚོར་ཆབ་སྲིད་ཀྱི་དབང་ཆ་མེད་ན་གོང་གིས་ཆ་རྐྱེན་དེ་དག་གིས་ང་ཚོར་ཕུགས་ཐག་རིང་བའི་ཕན་འབྲས་ཡོང་གི་མ་རེད།
ཤ་ཁྲག་རུས་གསུམ་ལགས། དྲ་ཁྱི་འདི་ཚོས་འདི་མོ་འདི་བསྒྱུར་ཤེས་ནི་མ་རེད། དེ་ལས་གློག་འཕྲིན་བརྒྱུད་ཡར་མར་ལ་འབྲེལ་བ་བྱོས་དང་བ་ནི་རེད
ངོ་མ་ཡིད་སྐྱོ་བ་ཞིག་ལ་བོད་ནང་གི་གནས་སྟངས་འདི་འདྲའི་ཛ་དྲག་གཅིག་ཡིན་པའི་ཐོག་དྲ་ཐོག་ན་ཁ་སྟོང་ཚིག་སྟོང་གི་རྩོད་པ་རེ་ཤོར་གྱི་ཡོད་པ་དེ་ཚོ་མཐོང་ན་ངོ་མ་སྐྱུག་བྲོ་ཞིག་རེད། རབ་བྱུང་ན་རང་ཉིད་བོད་པ་ཞིག་གི་ས་ནས་ལས་འགུལ་ཞིག་གི་ཐོག་ལ་འབད་བརྩོན་གྱིས་བོད་ནང་གི་སྡུག་སྦྱོང་མྱོང་བཞིན་པ་དག་གདུང་སེམས་མཉམ་བསྐྱེད་བྱེད་རོགས། དེ་མ་བྱུང་ན་དྲ་ཐོག་འདིར་ཞབས་འདྲེན་མ་ཞུ་རོགས་གནང། ཡིག་འཁྱོག་ཕྲན་བུ་རེ་འབྲི་ཐུབ་པ་དེའང་གཞན་འཕྱ་སྨོད་དང་དམའ་འབེབས་བྱེད་སྤྱད་ཙམ་ལས་མེད་ན་ངོ་མ་ཡིད་སྐྱོ་བའི་ཐོག་སེམས་ན་ཡོང་གི་འདུག ངོ་མ་བསམ་མེད་རང་རེད།
དྲ་ཐོག་གི་སྤུན་ཟླ་གང་རུང་ཞིག་ནས་མི་རིང་བར་ཞི་བའི་འབོད་ཚིག་ལྔ་འདི་སྐད་ཡིག་གཞན་དག་ལ་སྒྱུར་ནས་གཤམ་དུ་བཀོད་པར་སྒུག་རྒྱུ་ཡིན། དེ་དོན་ཐུགས་འཇག་ཡོད་པ་ཞུ། གལ་ཆེན་ཡིན། དོན་ཆེན་ཡིན།
༡) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།
Without any conditions, His Holiness the Dalai Lama should be allowed to return to his homeland, Tibet.
2) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།
Without any conditions, the 11th Panchen Rinpoche Gedun Choekyi Nyima and all the Tibetan political prisoners should be released.
3) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྤྱོང་བའི་བདག་དབང་སྤྲོད་དགོས།
Without any conditions, Tibetan freedom to learn their own language should be provided
4) བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།
Tibetans in Tibet need the full freedom to preserve their culture and traditions;
5) ད་ལྟའི་ཆེསཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས
There should be an immediate withdrawal of all the military from Tibet who are oppressing the Tibetans in Tibet at present.
3. Without any conditions, Tibetans should be provided with the freedom to learn their own language.
ལྷ་ཀླུ་གཉན་གསུམ་ལགས་ཉིད་ཀྱི་འབོད་ཚིག་ལྔ་བོ་བརྒྱུར་ཁུལ་བྱས་ཡོད་མོད། གོང་གི་དེ་ཡག་པོ་ཞིག་བྱུང་མ་སོང་བས། འདིར་ཡང་བརྐྱར་བཀོད་ཡོད།
1) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།
Without any conditions, His Holiness the Dalai Lama must be allowed to return to his homeland, Tibet.
2) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བའི་
བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།
Without any conditions, the 11th Panchen Rinpoche Gedun Choekyi Nyima and all the Tibetan political prisoners must be released.
3)ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྤྱོང་བའི་བདག་དབང་སྤྲོད་དགོས།
3 Without any conditions, Tibetans must be provided with the freedom to learn their own language.
4) བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།
Tibetans in Tibet must be provided with the full freedom to preserve their culture and traditions;
5) ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས
་ཕྱིར་འཐེན་བྱེད་དགོས
There must be an immediate withdrawal of all the soldiers from Tibet who are oppressing the Tibetans in Tibet at present.
མཁས་གྲུབ་ལགས། སྙིང་ཐག་པ་ནས་དགའ་ཡོད། མཇུག་དེར་འདི་སྒྱུར་རོགས་ཞུ།
བོད་པའི་སྙིང་ཡོད་མཁན་ཚོ་ང་ཡི་རྒྱབ་དུ་ལོངས་ཤོག འགྲོ་བ་མིའི་སེམས་ཡོད་མཁན་དག་གིས་ང་ལ་རྒྱབ་སྐྱོར་བྱེད་རོགས།
བོད་ལྷ་ཀླུ་གཉན་གསུམ་མམ་རྡོ་རྗེ་ཚེ་བརྟན་ལགས་ལ་གུས་འདུད་ཞུ། ཐུགས་རྗེ་ཆེ།
མཁས་གྲུབ་ལགས། ད་དུང་ཁ་བྱང་ཞི་བའི་འབོད་ཚིག་ལྔ་ཟེར་བ་དེ་སྒྱུར་རྒྱུ་མ་བརྗེད་ཅིག མི་རིང་སྐད་ཡིག་གཞན་དག་ལ་སྒྱུར་མཁན་གྱི་སྤུན་ཟླ་རེ་དྲ་ངོས་འདིར་ཕེབས་པར་རེ་བ་ཡོད། ཨ་ཡོད་ནང་གི་ད་ཡོད་ལགས། ང་ཚོ་ཚང་མ་བོད་པ་ཡིན་པའི་བོད་མི་རེ་རེ་ལ་རང་ཉིད་བོད་ལ་སྐྱེ་བའི་འགན་ཞིག་ཡོད་པ་དེ་ཡིན། ང་ལ་ཐུགས་རྗེ་ཆེ་ཞུ་ག་ལ་དགོས། དེ་ནི་ང་རང་བོད་་ལ་སྐྱེ་བའི་འོས་འགན་རེད་ལགས།
ངོ་མས་ཆ་རྐྱེན་ཡག་པོ་བཏོན་འདུག་པས་རྒྱབ་སྐྱོར་འོས་ཡོད། སྤུན་ཟླ་ཚོ་ཕེབས་ཤོག་་་་ལངས་ཤོག་་་་་་རྒྱབ་ཏུ་ལངས་ཤོག
བསྒྱུར་གནང་མཁན་ཁོང་དག་ལའང་བཀའ་དྲིན་ཆེ་ཞུའོ།
བོད། ལྷ་ཀླུ་གཉན་གསུམ་ལགས། ཤར་དཀྱིལ་ཡོ་རོབ་ཧང་གྷ་རི་པའི་སྐད་ཡིག་ནང་ལ་བསྒྱུར་བ།
༡) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།
Őszentsége a Dalai Láma számára feltétel nélkül lehetővé kell tenni, hogy visszatérjen hazájába, Tibetbe.
2) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ གཙོས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།
A 11. Pancsen Rinpocse Gedün Cshökji Nyimát, és az összes tibeti politikai foglyot feltétel nélkül szabadon kell engedni.
3) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྤྱོང་བའི་བདག་དབང་སྤྲོད་དགོས།
A tibetieknek feltétel nélkül biztosítani kell, hogy szabadon tanulhassák saját nyelvüket.
4) བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།
Tibetben a tibetieknek teljes szabadságra van szükségük, hogy megőrizhessék a kultúrájukat és a hagyományaikat.
5) ད་ལྟའི་ཆེསཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས
Azonnal vissza kell vonnni az összes katonai erőt Tibetből, akik jelenleg elnyomják a tibetieket Tibetben.
མུ་མཐུད་དུ་སྤུན་ཟླ་ཚོ། ཡིག་སྒྱུར་བྱེད་རོགས། སྒྱུར་བ་དེ་དག་རང་རང་གནས་སའི་ཁོར་ཡུག་མི་ལ་འགྲེམ་ཐུབ་ན་དེ་བས་ཀྱང་བཟང་གི མི་རིང་བར་ངས་འདིའི་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ངེས་ཡིན། དེ་དུས་སྤུན་ཟླ་ཚོས་མཉམ་ཞུགས་བྱེད་ཐུབ་ན་རབ་དང་མ་ཐུབ་ཀྱང་རྒྱབ་སྐྱོར་བྱེད་རྒྱུ་དེ་ནི་ད་ལྟའི་བོད་མི་དག་གི་འོས་འགན་ཡིན་པར་ཐུགས་ལ་ངེས་པར་མཛོད་ཅིག
དྲ་ཐོག་གི་སྤུན་ཟླ་ཚོ། དངོས་ནས་དགོས་གལ་ཆེ་བའི་འཐབ་རྩཽད་ཀྱི་འབོད་ཚིག་ལྔ་འདི་གང་མགྱོགས་སྐད་ཡིག་གཞན་དག་ལ་སྒྱུར་རོགས་ཞུ།
བོད། ལྷ་ཀླུ་གཉན་གསུམ་ལགས། ངས་རྒྱ་ཡིག་ཏུ་སྒྱུར་ཐུབ་མིན་ཚོད་ལྟ་ཞིག་བྱེད་ཡོང་།
དཀོན་མཆོག་ལྷ་མོ་ལགས། དེ་ནི་དངོས་ནས་གཏམ་བཟང་རེད། སྒྱུར་ནས་འདི་ལ་བཀོད་དང་། ཤེས་མཁན་དག་གིས་བསྐྱར་བཅོས་ཡོང་གི་རེད། དེ་ནས་སྐད་ཡིག་ཅི་ཙམ་མང་ན་དེ་ཙམ་བཟང་གི་ལགས།
༡) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།
1.不要求任何條件之下,讓達賴喇嘛返回西藏.
༢) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ གཙོས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།
2.不要求任何條件之下,釋放班禪根頓卻吉尼瑪及其相關的全部政治犯.
༣) ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྤྱོང་བའི་བདག་དབང་སྤྲོད་དགོས།
3.不要求任何條件之下,讓西藏人民有學習西藏語文的權利.
༤) བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།
4.讓西藏人在自己的土地上可以有宗教,服飾與文化上的自由.
༥) ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས།
5.召回日前以激烈手段迫害藏民的所有士兵.
བོད་པའི་སྙིང་ཡོད་མཁན་ཚོ་ང་ཡི་རྒྱབ་དུ་ལོངས་ཤོག འགྲོ་བ་མིའི་སེམས་ཡོད་མཁན་དག་གིས་ང་ལ་རྒྱབ་སྐྱོར་བྱེད་རོགས།
有心的西藏人,請跟著我; 有心的人,請支持我!!!
དཀོན་མཆོག་ལྷ་མོ་ལགས། དངོས་ནས་བཟང་གི འདི་ནི་རིགས་ཀྱི་འདུ་ཤེས་དང་དུ་བླངས་པ་རེད། སྤུན་ཟླ་གཞན་དག་གིས་རང་རང་གནས་སའི་རྒྱལ་ཁབ་ཀྱི་སྐད་དུ་སྒྱུར་རོགས་ཞུ།