ཤ་བོ།
ཟམ་གདོང་རིན་པོ་ཆེ་ནི། བཙན་བྱོལ་བོད་གཞུང་བཀའ་ཤག་ནང་མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་ཐོག་མ་དང༌། དངོས་གཞིའི་ལས་དོན་གྱི་ཆ་ནས་བྱས་ན། བཀའ་ཤག་སྐབས་གཉིས་པའི་ལས་དོན་ལ་འཇུག་བཞིན་པའི་སྐབས་རེད། ཟམ་གདོང་རིན་པོ་ཆེ་བཀའ་ཤག་ལ་སླེབས་པ་ནས་བཅོས་སྒྱུར་སྣ་ཚོགས་ཤིག་བྱས་ཡོད་པར། འདོད་པ་ཡོད་མཁན་དང་མེད་མཁན་མང་པོས་གླེང་སློང་སྣ་ཚོགས་བྱས་ཡོད་ནའང༌། གྲུབ་འབྲས་ཐོན་ཡོད་མེད་གླེང་བ་དུས་སུ་མ་བབས་པར་བརྟེན། བཅོས་བསྒྱུར་སྣ་ཚོགས་པའི་དགེ་སྐྱོན་གྱི་མཐིལ་དེ་མ་མཐོང་བར་ཡོད། དེ་ནི་དུས་ཚོད་དང་གྲུབ་འབྲས་ནི་བར་ཐག་གིས་ཆོད་ནས་ཡོད་པ་རེད།
ཕྱི་ལོ་ ༢༠༠༢ ལོ་ནས་ད་ལྟ་འགྲོ་མུས་ཀྱི་བོད་རྒྱ་ཞི་མོལ་འདིའི་མགོ་བཙུགས་པ་རེད། མགོ་བཙུགས་པ་དེ་ནི་གཞི་རྩའི་གནད་དོན་ཐོག་བོད་རྒྱ་ཕྱོགས་གཉིས་ཀྱི་ངོས་འཛིན་བྱེད་ཕྱོགས་མ་གཅིག་པའི་གནད་དོན་ལ་འགྱུར་བ་གཏོང་བ་ནས་མགོ་བཙུགས་ཡོད་པ་རེད། མགོ་བཙུགས་པ་དེ་ནི་དེ་སྔར་ཆད་པའི་འབྲལ་མོལ་གྱི་རྒྱུན་དེ་བསྐྱར་གསོ་བྱས་པ་ཞིག་ཡིན་ནའང༌། བསྐྱར་གསོ་འདིའི་མགོ་ཚུགས་པ་ནས་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་དེར་གཞི་རྩའི་ཆ་ནས་འགྱུར་བ་ཆེན་པོ་ཞིག་སོང་ཡོད། དེ་ནི་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་འདི་འདྲ་ཞིག་ནས་མགོ་བཙུགས་ཡོད་པ་སྟེ། ༼རྒྱ་ཕྱོགས་ནས་ཞི་བའི་དོན་ཚན་ལྔ་དང༌། སི་ཏྲས་སྦག་གི་གསུང་བཤད་ཀྱི་སྔོན་གླེང་སོགས་ལ་བསྙད་དེ་དྭོགས་པ་རྣམ་རྟོག་ཤུགས་ཆེར་བྱས་སྟབས། དྭོགས་གཞི་དེ་དག་སེལ་སླད་ཞི་བའི་དོན་ཚན་ལྔ་ནི་བོད་དོན་འགྲིགས་ཆགས་བྱུང་མིན་ལ་མ་ལྟོས་པར་བོད་རྒྱས་དབུས་འཇིག་རྟེན་སྐྱེ་འགྲོ་སྤྱི་ལ་སྨན་པའི་འབྱུང་འགྱུར་གྱི་འཆར་སྣང་ཞིག་ཡིན་༽སྐོར་བཤད་ཡོད་པ་དང༌། དེ་དང་ཕྱོགས་མཚུངས༼སི་ཏྲས་སྦག་གསུང་བཤད་ཀྱི་སྔོན་གླེང་དང་འགྲེལ་བརྗོད་སོགས་ནི་གྲོས་གཞིའི་ཆ་ཤས་མིན་པ། དེར་གསལ་རང་སྐྱོང་གི་སྒྲོམ་གཞི་ཁག་ཀྱང་གྲོས་གཞི་ཙམ་ལས་མཐའ་མའི་གཏན་འབེབས་མིན་པ་འགྲེལ་བརྗོད་བྱས་ཡོད། འབྱུང་འགྱུར་ཕྱོགས་གཉིས་ཀ་ནས་དྭོགས་གཞི་མི་འབྱུང་ཆེད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་ཡོངས་རྫོགས་མིང་དོན་མཚུངས་པ་ལག་བསྟར་བྱེད་དགོས་ཞེས་སྐུ་ཚབ་རྣམ་པས་ཚིག་ཚོགས་བསྐྱུངས་ཏེ་འགྲེལ་བརྗོད་བྱས་ཡོད།༽ཅེས་བོད་གཞིས་བྱེས་མི་མང་དང༌། གྲོས་ཚོགས་ནས་གཏན་འབེབས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྒྲོམ་གཞི་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་སི་ཏ་སི་སྦག་གི་གསུང་བཤད་དང་བཅས་པ་ད་ལྟའི་བོད་རྒྱ་ཞི་མོལ་དང་འབྲེལ་བ་མེད་པར་བྱས་ཏེ། ཁྱོན་ལོ་ངོ་བདུན་འཁོར་ཉེར་ཡོད་ནའང༌། དོགས་པ་དང་རྣམ་རྟོག་དེ་ད་དུང་ཡང་མུ་མཐུད་གནས་བསྡད་ཡོད།
ཡང་དཔེར་ན། ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་སུ་འདི་འདྲ་ཞིག་བཤད་མྱོང་ཡོད། བོད་རྒྱ་གཉིས་ཀྱི་བར་ལ་སྐུ་ཚབ་འདི་གཉིས་ལས་གཞན་གང་གིའང་འབྲེལ་ལམ་མེད་པ་དང༌། གལ་སྲིད་ཡོད་པ་ཡིན་ན་ངོས་ལེན་མེད་པ་འདྲ་ཞིག་བཤད་ཡོད་པ་རེད། ཡིན་ནའང༌། ཉེ་བའི་ལོ་ཤས་ནང༌། བཀའ་ཟུར་ཅིག་དང་གཞུང་གི་ལས་བྱེད་ཅིག་བཏང་མྱོང་བ་དང༌། རྣམ་རྒྱལ་མགོན་པོའི་ལག་པར་གཞུང་གི་ཡིག་ཆ་བསྐུར་བ་སོགས་བྱུང་ཡོད། གང་ལྟར། མཐའ་དོན་ནི། འབྲེལ་མོལ་སྐུ་ཚབ་ལས་ཞི་མོལ་སྐུ་ཚབ་མིན་པར་བཤད་པའི་སྐུ་ཚབ་ཀྱིས་ད་ལྟ་ཞི་མོལ་བྱེད་མགོ་ཚུགས་ཡོད། འབྲེལ་མོལ་གྱི་སྐབས་ང་ཚོས་ལམ་དབུ་མའི་གཞི་སྒྲོམ་བློས་བཏང་ཟིན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འཛུལ་རྒྱུ་ཁས་བླངས་ཡོད། ད་ནི་ང་ཚོས་གུང་ཁྲན་ཏང་གི་སྐྱབས་འགྲོ་ལྟ་བུ་ཡིན་པའི་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་ཟེར་བ་དེ་སློབ་སྦྱོང་བྱེད་དགོས་པ་རེད་དམ། གང་ཡིན་ཟེར་ན། ད་ནི་ཁོར་ཡུག་བསྐྲུན་པ་ལ་མགོ་འདི་ནས་འཛུགས་དགོས་པ་འདྲ་ཞིག་ཏུ་མཐོང༌།
ཡིན་ནའང༌། སྐུ་ཚབ་རྣམ་པས་ལས་ཀ་ཏག་ཏག་ཅིག་བྱུང་ཡོད་རབས་མི་འདུག སྐུ་ཚབ་ཚོས་ད་བར་རི་བོར་རྡོ་རྫུས་ཀྱི་ལས་ཀ་བྱས་པ་དེར་གོང་ས་མཆོག་གི་བཀའ་བཀྱོན་ཕེབས་ཡོད་པ་དང༌། ཉིན་ཤས་སྔོན་རྒྱ་རི་རྡ་སར་སོང་ཡོད་ནའང༌། མཇལ་ཁ་རག་མེད་རབས་ཤོད་ཀྱི་འདུག འདི་དག་བདེན་པ་ཡིན་ན། མང་ཚོགས་ཀྱིས་རིག་པ་སྒྲིམ་དགོས་པར་འདུག
ག་རེ། རྒྱ་རི་རྡ་རམ་ས་ལ་ལ་སོང་བ་རེད། མཇལ་ཁ་མ་རག་པ་རེད། དངོས་གནས། འདིའི་སྐོར་ལ་སྐད་ཆ་གསར་པ་དང་ཁུངས་དག་ཡོད་དམ།
རྒྱ་རི་མ་སོང་རྒྱ་རི་སོང་། །
རྒྱ་རི་རྒྱ་ནག་ཡུལ་ལ་སོང་། །
རྒྱ་རི་མ་ལོག་རྒྱ་རི་ལོག །
རྒྱ་རི་ལག་པ་སྟོང་བར་ལོག །
རྒྱ་རིའི་རྒྱ་བོད་སྐོར་བཤད་པའི་ཚོར་བ་ལ་ ངུ་ཤོར་སོང