སྦེལ་ཀོབ་བློ་དར།
ཕྱི་ལོ་༢༠༡༡ ཕྱི་ཟླ ༡༡ ཚེས་༢༩ རེ་གཟའ་མིག་མར་ཉིན་གྱི་སྔ་དྲོ་༩།༣༠ ཐོག་ལུགས་བསམ་གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་བརྟེན་མདུན་ཐང་དུ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག དཔལ་ལྡན་ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་། བོད་མི་མང་སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་མཆོག སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག། སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོ། སེར་བྱེས་དགེ་བསྐོས། གཞན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྒྱལ་གཅེས་ལྷག་བསམ་གྱི་ཕྱུག་པའི་གདན་ས་ཁག་གི་དགེ་འདུན་པ་དང་། མི་མང་འདུ་འཛོམས་ཀྱིས། བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་པོ་རྣམས་ལ་བསྔོ་སྨོན་གསུངས་ཤིང་། མནར་གཅོད་སྡུག་རྩུབ་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ལས་འགུལ་དང་། མོན་གྷོ་ས་གནས་དྲུང་ཆེ་བློ་བཟང་ཕུན་ཚོགས་ལགས་ནས་མི་མང་ལ་འབུད་རྡུང་དཀྲོལ་གསུམ་གྱི་ལས་འགུལ་གྱི་དགོས་པ་རྒྱུ་མཚན་འགྲེལ་བརྗོད་དང་། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་དབང་ལགས་ནས་རྒྱ་ནག་སྲིད་འཛིན་ཧོའོ་ཅིན་ཐོའི་ཡིས་གཙོས་རྒྱ་དམར་དཔོན་རིགས་ཚོར་རྒྱ་བོད་དབྱིན་གསུམ་ཐོག་བརྗོད་གཞི་༼ རྒྱ་ནག་དམར་པོའི་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་ཉིན་རེ་ལས་ཉིན་རེ་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་གང་ལ་ཐུག་ཡོད་དམ།༽ ཞེས་པའི་ཡི་གེ་ཞིག་འབུལ་རྒྱུའི་གསར་འགོད་གསལ་བསྒྲགས་ᫍᨑᨵ་ཀྱང་སྤེལ་སོང་བ་མ་ཟད། བོད་མི་མང་སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་ནས་ལས་འགུལ་དང་འབྲེལ་བའི་བཀའ་སློབ་གནང་ཏེ་ལས་འགུལ་མཇུག་སྒྲིལ་སོང་བའི་གནས་ཚུལ་དུ།
ལས་འགུལ་དངོས་གཞིའི་གསར་འགྱུར་ལས་ལས་ཞུགས་མི་སྣེའི་ཁྱབ་བསྒྲགས་ཤུགས་ཆེ་བས་སུན་སྣང་ཞིག་ངང་གི་འོང་།
འབུད་རྡུང་དཀྲོལ་གསུམ་གྱི་ལས་འགུལ་འདི་ནི་ཅུང་རྣམ་པ་མི་འདྲ་ཞིང་དམིགས་བསལ་བ་ཞིག་ཡིན་པས་ཞིབ་ཙམ་གླེང་ནས་ཡོད་ན་དྲན་བྱུང་།
གང་ལྟར་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ།
ལས་འགུལ་སྤེལ་བས་དགའ་ཡོད།
བོད་གངས་ལྗོངས་སུ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་གཅིག་རྗེས་གཉིད་མཐུད་ཀྱིས་རང་ལུས་མེར་བསྲགེས་ཀྱི་གཟི་བརྗིད་ལྡན་པའི་རྒྱ་ནག་ལ་མི་འདོད་པའི་རྣམ་འགྱུར་བཏོན་པའི་སྐབས་འདིར་བཙན་བྱལ་བོད་མི་རྣམས་ཀྱིས་སོ་སོའོ་ཕྲག་པར་བབ་པའི་ལས་འགན་མ་བརྗེད་པར་མུ་མཐུད་དེ་སོ་སོའི་རྒྱལ་ཁབ་དང་། མི་རིགས་ཀྱི་ཆེད་དུ། ལས་འགུལ་དུས་ནས་དུས་སུ་སྤེལ་དགོས་པ་གལ་ཆེ་ཡིན་པ་ཚང་མས་མཁྱེན་གསལ་ལྟར་དང་། གཞུང་འབྲེལ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་གོ་སྒྲིག་ཞུས་པའི་ལས་འགུལ་ལ་ཞུགས་དགོས་པ་འདོར་དུ་མེད་པའི་ལས་འགན་ཡིན་པ་ཤེས་ཐོག་མཉམ་བཞུགས་གནང་དགོས་བསམ།
ལས་འགུལ་སྤེལ་བར་ཡི་རངས་ཞུ་རྒྱུ་མ་ཟད། སྤྱི་ཚོགས་ལ་ཕན་སེམས་ཀྱིས་ཀུན་ནསན་བླངས་ཏ་མུ་མཐུད་ནས་ལས་འགུལ་རྒྱ་གང་ཆེ་སྤེལ་རོགས་ཞུ།
རང་གཞན་གཉིས་ཕན་གྱི་ཞི་བའི་ངོ་རྒོལགམུ་མཐུད་ནས་སྤེལ་རོགས་གནོངས། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས།
ང་ཚོས་མི་ལོ་༥༠རིང་སྐད་འབོད་དང་ཟས་བཅད་ལས་འགུལ་འདིས་ནུས་པ་གང་ཡང་འཐོན་གྱི་མེད་པ་མངོན་གསལ་དོད་པོ་ཡིན་པ་མ་ཟད།དེས་གནས་ཡུལ་རྒྱ་གར་མི་མང་ལའང་སུན་པོ་དང་འདུག་བཟོད་མི་བདེ་བ་མང་པོ་ཡོང་བཞིན་་པར་བརྟེན།རྒྱ་གར་ཡུལ་མི་ཚོས་མི་དགའ་བ་ཆེན་པོ་གནང་གི་འདུག་ལ་དེ་ལ་ཁག་མི་འདུག་སྙམ།རྒྱ་མི་མིག་གིས་མཐོང་ས་ན་མེད་པར་རྒྱ་གར་གྲོང་གསེབ་རེ་ནས་ནུས་པ་འཐོན་རྒྱུ་མེད་པའི་ངར་ངར་རྫིག་རྫིག་དེས་ཁོང་ཚོའི་ལྷིང་འཇགས་ལ་གནོད་པ་རེད།
དེ་ལས་ང་ཚོས་ད་རྣམ་དཔྱོད་དཀྲུག་ནས་ལས་འགུལ་དོན་ཐོག་འབྲས་བུ་སྨིན་རྒྱུ་ཡོད་པ་ཅིག་སྤེལ་རྒྱུ་གལ་ཆེན་རེད།དཔེར་ན་རྒྱ་གར་བྷང་བྷེ་ཀི་པར་སིག་གྲངས་ཉུང་མི་རིགས་ཚོས་སོ་སོའི་མི་རིགས་སྲུང་སྐྱོབ་དང་ངོ་བོ་མི་བརླག་ཆེད་ལས་འགུལ་གང་འདྲ་ནུས་ལྡན་སྤེལ་གྱི་འདུག།དེ་ཚོ་དཔེ་བལྟ་ས་འདུག་ག
ད་ཆ་ང་ཚོས་གནང་བཞིན་པ་ཁག་གླེན་པའི་ས་སྒུག་རང་རེད་འདུག་་་་།ཟས་བཅད་དང་སྐད་འབོད་གོམ་བགྲོད་འདྲ་བྱས།དེ་ཡང་ཆོ་ག་ཕྱག་ལེན་གྱི་བཟོ་འདྲ་ཅིག་རེད།
དེ་འདྲའི་ལས་འགུལ་གྲོལ་མ་ཐག་སོ་སོའི་ཕྲུ་གུ་ཚོས་སུ་ལ་ཆང་ས་བརྒྱབ་མིན་དང་རང་གི་ཆོས་རིག་བསླབ་རྒྱུ་སོགས་འཕོང་ཕྱིས་ཀི་རྡོ་ནང་བཞིན་དོར།གནང་སྟངས་འདི་འདྲས་བསྐལ་བའི་བར་དུ་ང་ཚོར་ཅི་གང་ཐོབ་ཀི་མ་རེད་ལ་བོད་མི་རིགས་དེ་མི་རབས་གཉིས་ཀྱི་རྗེས་སུ་ངོས་འཛིན་མི་ཤེས་པ་ཅིག་ཆགས་ཀི་རེད།