བཅར་འདྲི་བྱེད་མཁན། རྔ་སྨད་ཆོས་གྲགས།
དྲི་བ། ཁྱེད་རང་གི་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན། ཨ་མདོ་རྔ་བའི་འབྲོག་སྡེ་ནགས་ཚང་ཕྱུགས་ར་གོང་མའི་ཐུབ་ཁོ་ཚང་ལ་སྐྱེས། རྔ་ཡུལ་ཇོ་ནང་དགོན་ཆེན་བསེ་དགོན་པར་ཆོས་ཞུགས་བྱས་ཤིང་འཛམ་ཐང་ཇོ་ནང་མ་དགོན་ནས་སློབ་སྦྱོང་གང་ནུས་བྱས། རྗེས་སུ་གཟི་ཚ་སྡེ་དགུའི་མི་རིགས་གླུ་གར་གླིང་དང་རྒྱལ་ཐང་གླུ་གར་ཚོགས་པ་སོགས་ནས་ལོ་ལྔ་ལྷག་ལ་གཞས་སྣ་འཁྲབ་སྟོན་དང་མདོ་འཛིན་པ། གྱོན་པ་ཁྱབ་བསྒྲགས་བྱེད་མཁན་སོགས་ཀྱི་ལས་རིགས་གཉེར། དེ་ནས་རྒྱ་གར་ལ་མ་ཡོང་བར་དུ་ཚོང་ལས་གཉེར་ནས་བོད་ཁམས་ཕལ་ཆེ་བ་བསྐོར་བསྐྱོད་བྱས། ༢༠༡༢ ལོ་འགོར་རྒྱ་གར་དུ་སྐྱབས་བཅོལ་ལ་མ་ཡོང་ཐབས་མེད་ཆགས།
དྲི་བ། ༢༠༠༦ ལོར་ཁྱེད་རང་གིས་ཤུགས་ལྡན་སྐོར་གྱི་ལས་འགུལ་གང་འདྲ་སྤེལ་བ་ཡིན།
ལན། ཕྱི་ལོ་ ༢༠༠༦ ལོར་ཟི་ལིང་གྲོང་ཁྱེར་ནས་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ། ཀརྨ་བ་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་ཀྱིས་ཤུགས་ལྡན་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་བའི་འོད་སྡེར་ཞིག་ཉོས་ཏེ་རྔ་བ་རྫོང་དང་མཛོད་དགེ་རྫོང་། ལི་ཐང་དང་འབའ་བ། སྨར་ཁམས་སོགས་སུ་འགྲེམས་སྤེལ་བྱས་པ་རྒྱ་གཞུང་གིས་ཤེས་རྟོགས་བྱུང་སྟེ་རྔ་བའི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ལོ་གསུམ་ལ་ཁྲིམས་ཐག་བཅད། ཟླ་བ་བརྒྱད་ལྷག་འགོར་བཞིན་པའི་སྐབས་སུ་ན་ཚ་ལྕི་མོ་ཞིག་གིས་མནར་བས་ཕྱིར་ཁྱིམ་མིར་རྩིས་སྤྲད་བྱས་ཀྱང་ཆབ་སྲིད་ཀྱི་ཁེ་དབང་ལོ་གསུམ་ལ་འཕྲོགས།
དྲི་བ། ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་ཁྱེད་རང་གིས་ལས་འགུལ་སྤེལ་སྟངས་གང་འདྲ་ཡིན་ནམ།
ལན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་གྱི་ཞོགས་པར་རྔ་བ་རྫོང་ནས་རྒྱ་གཞུང་གི་ལས་ཁུངས་ཁག་ལ་ངོ་རྒོལ་བྱེད་བཞིན་པ་གོ་སོང་། སྐབས་དེར་གཅའ་ཤང་ཐོག་ནས་རྒྱ་མིའི་རྒྱལ་དར་ཕབ་པ་དང་སྒོ་བྱང་བཅགས་པ་སོགས་ཀྱིས་ངོ་རྒོལ་བྱས་རྗེས། འཕྲུལ་རྟ་ཞོན་ནས་རྔ་བ་རྫོང་རང་དུ་ཡོང་ནས་མི་མང་ཞི་རྒོལ་ནང་མཉམ་ཞུགས་བྱེད་སྐབས་རྒྱ་མིའི་ཉེན་རྟོག་པས་ལྕགས་ཁེམས་ཀྱི་བརྒྱབས་ནས་ངའི་མགོའི་ཀླད་སྟག་ལ་རྨ་ཁ་ཆེན་པོ་བཟོས་རུང་སྨན་ཁང་དུ་བསྟེན་གཏུགས་འགྲོ་རྒྱུའི་གོ་སྐབས་ཕར་ཞོགས་ཚེས་ ༡༧ ཉིན་གྱི་དགོང་མོར་ཉེན་རྟོག་པའི་རུ་ཁག་འཛིན་བཟུང་བྱ་རྒྱུའི་བཀའ་ཁྱབ་བཏང་བས་རྒྱ་ནག་ཁྲི་འདུ་རུ་ཉེན་ཡོལ་དུ་བྲོས་ཏེ་མགོ་སྟག་གི་རྨ་ཁ་ཆེན་པོ་དེ་སྨན་ཁང་ཞིག་ནས་འཚེམ་བཟོས་བྱས་རྗེས། ཡང་བསྐྱར་ཉེན་ཡོལ་དུ་རྒྱ་ནག་གྲོང་ཁྱེར་ཧྲིན་ཏྲིན་ལ་བྲོས་བྱོལ་གྱིས་དེ་ནས་ཟླ་ཁ་ཤས་རིང་ཡིབ་སྡོད་བྱས་ཀྱང་། རྔ་བ་རྫོང་གི་ཉེན་རྟོག་པས་ཧྲིན་ཏྲིན་ཉེན་རྟོག་པ་ཆེད་མངགས་ཀྱིས་ཧྲིན་ཏྲིན་དྲ་རྒྱ་ཁང་ཞིག་ནས་འཛིན་བཟུང་བྱས་ཏེ་རྔ་བ་རྫོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ནས་གནམ་གྲུའི་ནང་རྒྱ་ནག་ཁྲིན་ཏུའི་གནམ་ཐང་དུ་འབྱོར་སྐབས་སྲོག་དང་བསྡོས་ཏེ་བྲོས་བྱོལ་གྱིས་མཐར་ཙམ་བྱུང་རུང་། དེ་ནས་རྒྱ་ནག་རི་བོའི་རྩེ་ལྔ་སོགས་ནས་ལོ་བཞི་ལྷག་ལ་ཡིབ་སྡོད་བྱས་མོད། འགྲོ་འདུག་གི་རང་དབང་སྤུ་ཙམ་མེད་པས་རྒྱ་གར་དུ་བྲོས་བྱོལ་དུ་མི་ཡོང་ཐབས་མེད་ཆགས་སོང་།
དྲི་བ། རྒྱ་གཞུང་གིས་གཏོར་བཅོམ་གཏོང་བཞིན་པའི་བོད་ཀྱི་ཁོར་ཡུག་གི་འདྲ་པར་མང་པོ་དངོས་སུ་གང་འདྲ་བྱས་ནས་བླངས་པ་ཡིན་ནམ།
ལན། ཕྱི་ལོ་ ༢༠༡༡ ལོར་མཚོ་སྔོན་ཐེམ་ཆེན་རྫོང་མི་རུ་ཞང་གི་ས་གནས་སུ་རྒྱ་གཞུང་གིས་རྡོ་སོལ་དང་ཞ་ཉེ། ལྕགས་དང་ཟངས་སོགས་ཀྱི་གཏེར་ཁ་ཆེན་པོ་ཞིག་སྔོག་འདོན་བྱེད་བཞིན་ཡོད་པས་ས་གནས་དེར་དངོས་སུ་སོང་ནས་དཔར་བླངས་ཤིང་གནས་ཚུལ་རྣམས་རྒྱུས་ལོན་བྱས་པ་ཡིན། རྒྱུ་མཚན་ནི། རྒྱ་གཞུང་གིས་འཛེམས་དོགས་མེད་པའི་སྒོ་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་བཅོམ་བྱས་དང་བྱེད་བཞིན་པའི་གནས་ཚུལ་རྣམས་རྒྱལ་སྤྱིའི་ཁོར་ཡུག་ཚན་པ་སོགས་ཀྱི་ཤེས་རྟོགས་ཐུབ་པའི་ཆེད་དུ་བླངས་པ་ཡིན་ལ། ལྷག་པར་ས་གནས་བོད་མི་རྣམས་ཀྱི་དཀའ་ངལ་རྣམས་གསལ་སྟོན་ཡོང་བའི་ཆེད་སོགས་ལ་དམིགས་པ་ཡིན། སྒོས་སུ་བོད་མི་དང་བོད་ཀྱི་ས་ཆའི་ཕྱོགས་སུ་རྒྱ་གཞུང་གིས་སྲིད་བྱུས་གང་འདྲ་སྤེལ་ཡོད་མེད་ཀྱི་ཁུངས་སྐྱེལ་ཡོང་ཐབས་སོགས་ལ་ཕན་ཐོགས་ཡོང་བའི་ཆེད་ཡིན།
ངར་གི། རྒྱ་གར་ལ་བདེ་འབྱོར་བྱུང་བར་བཀྲ་ཤིས་བདེ་ལེགས་ཡོད། རྡ་ས་འདི་ང་ཚོ་ཚང་མས་འཕག་ཤེད་རྒྱག་ས་ཡིན་ན་ཡང་། ཉིན་ཞིག་གཡོ་རྐྱལ་རྗུན་རྐྱལ་ཞིག་གི་ཁར་བརྒྱུགས་ནས། སེམས་ཤུགས་ཆག་སོང་། རེ་ལ་བརླག་སོང་སོགས་མི་ཞུ་བར། འཐབ་གཅིག་གྲོགས་དང་རྒྱུག་མཉམ་འདུར་ཡིན་པ་ཡིད་ནས་མ་ཤོར།
མིང་མེད་ཕོ་རྒོད་དེ་ལ་བཀྲ་ཤིས་བདེ་ལེགས་ཞུ།
དཀའ་སྡུག་གང་མང་འོག་ནས་རང་དབང་ལུང་བར་ཐར་ཙམ་བྱུང་བར་དགའ་བསུ་ཞུ།
དུས་རབས་འདི་ལ་དུས་འགྱུར་བརྗོད་ལས་འདས།།
དཔའ་བོ་དཔའ་མོའི་ཚེ་སྲོག་མེ་ལ་སྒྲོན།།
བྱས་རབས་མྱངས་རབས་ཟེར་བའི་ཆབ་སྲིད་པ།།
ས་འདིར་བདེ་བླག་འབྱོར་བར་ཕེབས་བསུ་ཞུ།།
ས་འདིར་ཐོན་ན་ཆབ་སྲིད་བཙོན་པ་མང་།།
ལས་ཀ་བྱས་དང་མ་བྱས་གཙོ་བོ་མིན།།
བྱས་རབས་མྱངས་རབས་གང་ཐུབ་བཤད་ཐུབ་ན།།
ཕྱི་རྒྱལ་བསྐྱོད་པའི་རྒྱན་ཤོག་ཐོབ་ངེས་ཡིན། །
ཕྱི་རྒྱལ་ཐོན་ན་ཆབ་སྲིད་མི་མཁོ་ཞིང་།།
གཞུང་དང་ཚོགས་པར་དྲིན་ལན་འཇལ་མི་དགོས།།
མི་སེར་ཐོབ་ཐང་སྒྲོ་ལར་གསོག་ཐུབ་ན།།
ཚང་མའི་དམིགས་ཡུལ་དེ་ཀས་གྲུབ་པ་ཡིན།།
དེང་སང་མིང་བརྗོད་འདོད་མེད་པའི་དཔའ་བོ་གང་མང་ཞིག་ཕེབས་ཀྱིན་པ་འདིའང་ཡག་རྟགས་ཤིག་གཏན་ནས་མ་རེད།
འདི་ལ་དམིགས་ཡུལ་གཉིས་པ་ཞིག་ཡོད་པ་འདྲ རྔ་སྨད་ཆོས་གྲགས འདི་ཡང་སུ་ཡིན་མི་ཤེས་པའི་མི་ཞིག ་གནམ་གྲུའི་ནང་རྒྱ་ནག་ཁྲིན་ཏུའི་གནམ་ཐང་དུ་འབྱོར་སྐབས་སྲོག་དང་བསྡོས་ཏེ་བྲོས་བྱོལ་གྱིས་མཐར་ཙམ་བྱུང་རུང་་་་་ ཧཧཧཧཧཧཧ ཨ་ན་མ་ན་ཞིག་ནི་་་་་
བུ་རྒོད་པོ་སྟག་འདྲ་བ་ཞིག་རང་དབང་ལུང་པར་འབྱོར་བར་དགའ་བོ་བྱུང་།
ཨ་རོ། ད་ཡིན་ན་བཤད་ས་ལས་ས་ཞིག་ལ་ཐོན་ཡོད་ནི་རེད། བུ་རྒོད་པོ་ སྐེ་རག་ཡར་ཆོང་ནས་ཤུགས་རྒྱོབས་ཤོག་ལོ ང་ཚོ་བོད་མི་ས་ཡ་དྲུག་གི་ནང་ནས་ཁྱོད་དང་ཁྱོད་འདྲ་བ་མང་བོ་ཞིག་གོ་མེད་ཚོར་མེད་ཀྱི་རྒྱ་དམར་ལག་ནས་ཤི་བཞིན་པ་འཛམ་གླིང་མི་མང་གི་མདུན་དུ་ཨེ་ཐོན་པར་བལྟོས་ཡ།