འཇར་མན་གྱི་གྲོང་ཁྱེར་Munchen ནས་བསོད་ནམས་ཀྱིས།
ཟླ་འདིའི་ཕྱི་ཚེ་༢༡ཉིན་སྔ་དྲོ་ཆུ་ཚོད་བརྒྱད་པ་ཙམ་ལ་རེབ་གོང་རྫོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་མ་ལྔ་བརྒྱ་ལྷག་ནས་སློབ་གྲྭའི་ནང་སྐད་འབོད་བྱེད་མགོ་བཙུགས་སྟེ་ཞོན་འོང་དཔྱིས་ཞིང་གི་སྲིད་གཞུང་གི་མདུན་དུ་སྐད་འབོད་བྱས་པ་དང་དེ་མུར་རོང་བོ་གྲོང་སྡེ་དུ་བསྐྱོད་པའི་གཞུང་ལམ་བརྒྱུད་ནས་སྤྱི་ལེ་བརྒྱད་ཙམ་གྱི་མཚམས་སུ་སླེབས་དུས་རེབ་གོང་རྫོང་གི་རྫོང་དཔོན་དང་རྫོང་གི་སློབ་གསོ་ལྡེ་ཁག་གི་མགོ་ཁྲིད་གཙོ་བྱས་པའི་གཞུང་འབྲེལ་ལས་བྱེད་མི་སྣ་ཁག་གཅིག་སླེབས་ནས་སློབ་ཕྲུག་རྣམས་བཀག་བགོག་བྱས་པ་དང་མཐར་སློབ་གྲྭར་ལོག་དགོས་པས་བཀའ་བཏང་ནས་སློབ་ཕྲུག་རྣམས་སློབ་གྲྭར་སློག་འདུགདགེ་འདུན་ཆོས་འཕེལ་སློབ་འབྲིང་ནང་འཛིན་གྲྭ་༡༧ཡོད་པ་དང་ཞོ་འོང་གྲོང་སྡེ་ཁག་ལ་དེ་སྔོན་སློབ་གྲྭ་མེད་པའི་ཕྱི་དངུལ་རོགས་རམ་འོག་ལོ་ཤས་གོང་གསར་འཛུགས་བྱས་པ་ཞིག་ཡིན་འདུག ད་དུང་ཁ་སང་ཕྱི་ཚེས་༢༡ཉིན་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་གྱི་ཨི་ཡོན་ལྷན་ཁང་གི་ཧྲུའུ་ཅི་ ་ ཆང་ཝེ་ རེབ་གོང་ལ་ཡོང་སྟེ་རྨ་ལྷོ་ཁུལ་སྲིད་གཞུང་དུ་མཐོ་རིམ་མགོ་ཁྲིད་རྣམས་འཚོགས་འདུ་བསྐོངས་འདུག་དང་ཆང་ཝེ་བརྗོད་དོན་གཙོ་བོ་ནི་སྨོབ་མ་རྣམས་དང་དགེ་རྒན་རྣམས་ལ་སློབ་གསོ་ནན་མོར་གཏོང་དགོས་པ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོའི་སྲིད་ཇུས་གསར་བ་དེ་ཐེ་ཙོམ་གང་ཡང་མེད་པར་ལག་བསྟར་བྱ་དགོས་བཅས་བཀའ་བསྒྲགས་འདུག
སློབ་མཚམས་འཇོག་རྒྱུ་རེད་ཟེར་བ་དེ་བདེན་པ་ཨེ་རེད།