བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་འགྲུབ་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༣༧ ལོའི་བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་དགེ་བའི་ཉིན་མདོ་སྨད་རེབ་གོང་གི་ནང་ཚན་རྒྱལ་པོ་རླངས་ཚང་རོང་འབྲོག་གི་སྤྱི་དཔོན་རྡོ་རྗེ་དབང་རྒྱལ་དང་རོང་པོ་བཟའ་མཁར་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་པར། རེབ་གོང་སྐྱབས་མགོན་སྐུ་ཕྲེང་བདུན་པ་ཆེན་པོས་རོང་དབོན་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ཐུགས་ཐག་བཅད། དགུང་ལོ་བདུན་པར་ཕེབས་ལོའི་ས་ག་ཟླ་བའི་ཚེ་ ༡ ཉིན་མཁས་དང་གྲུབ་པའི་དབང་ཕྱུག་མ་ཧཱ་པཎ་ཊི་ཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་འཇིགས་མེད་འཕྲིན་ལས་ལྷུན་འགྲུབ་ཅེས་བསྩལ། ལོ་དེ་གར་རེབ་གོང་སྒྲུབ་སྡེ་དགའ་ཚལ་བཅོ་བརྒྱད་དང་དགོན་མ་ལག་སོ་ལྔའི་མ་དགོན་རོང་པོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་ཆོས་ཞུགས་གནང་བ་ནས། རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོ་དང༌། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ། ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། མཁན་ཆེན་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ། འདྲེན་མཆོག་བློ་བཟང་ཚུལ་ཁྲིམས་རྒྱལ་མཚན། མཁས་གྲུབ་ཆེན་པོ་དཔྱི་ས་བློ་གྲོས་རྒྱ་མཚོ། མཁས་བཙུན་བདག་ཉིད་རྫི་རྒྱའི་ཨ་ཁུ་གཡུ་ལོ་ཚང༌། གཞུང་བརྒྱ་སྨྲ་བ་ལྷ་སྡེ་ལུང་རྟོགས་རྒྱ་མཚོ་སོགས་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པའི་བླ་མ་སྐྱེས་ཆེན་དམ་པ་དང༌། ཚད་ལྡན་དགེ་བཤེས་བཅུ་གཅིག་གི་དྲུང་ནས་ཡེ་གེའི་སྦྱོར་ཀློག་དང་སྙན་སུམ་གྱིས་མཚོན་པའི་ཐ་སྙད་རིག་གནས་དང༌། ལམ་རིམ་ཆེ་ཆུང༌། བློ་སྦྱོང་སྐོར། བསྡུས་གྲྭ་དང༌། བློ་རྟགས། ཚད་མ། ཕར་ཕྱིན་གྱི་གཞུང་བཅས་ལ་ཐོས་བསམ་སློབ་གཉེར་རིམ་ཅན་གནང༌། དེ་བཞིན་དཔལ་དུས་ཀྱི་འཁོར་ལོ་དང༌། གསང་བདེ་འཇིགས་གསུམ། མི་ཏྲ་རྡོར་ཕྲེང་གིས་མཚོན་རྒྱུད་སྡེ་བཞིའི་དབང་དང་རྗེས་གནང༌། བཀའ་བསྟན་གཉིས་དང༌། མཁས་གྲུབ་དུ་མའི་གསུང་འབུམ་ཁག་གཅིག་གི་ལྗགས་ལུང་བཅས། དབང་ལུང་མན་ངག་དང༌། ཟབ་འཁྲིད་ཀྱི་རིམ་པ་རྣམས་ལེགས་པར་གསན། རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོའི་བཀའ་ལུང་བཞིན། རོང་པོ་དགོན་ཆེན་གྱི་གྲྭ་ཚང་གསེར་ཁྲི་ཁྲི་ཐོག་བདུན་ཅུ་དོན་གསུམ་པར་བཞེངས་ཏེ། ཆོས་ཕྱོགས་ནས་སྒྲིག་ཁྲིམས་གནོན་སྡོམ། སྨོན་ལམ་གསུང་ཆོས། དབྱར་དགུན་གྱི་དམ་བཅར་གཟིགས་རྟོག རྒྱུུགས་ལེན་དང་སློབ་གཉེར་ལ་གཟིགས་རྟོག གཞན་ཡང་ལོ་རེའི་དུས་བཞིའི་ཆོས་ཐོག་དང༌། དམིགས་བསལ་སྒྲུབ་མཆོད་ཁག བསྟན་སྲིད་ཞབས་རིམ་གྱི་གཏོང་སྒོ་ཆ་ཚང་སྐྱོང་ཁུར་གནང༌།
ཕྱི་ལོ་ ༡༩༥༥ ལོར་ཡབ་རྡོ་རྗེ་དབང་རྒྱལ་དང་ཡུམ་མཁར་མོ་རྒྱལ། གཞན་ཡང་འཁོར་མང་པོ་བཅས་ལྷ་སར་མཇལ་སྐོར་དུ་ཕེབས་ཤིང༌། དེར་རྒྱལ་བ་ཡབ་སྲས་གཉིས་གཙོ་བོར་གྱུར་པའི་སྐྱེས་ཆེན་དམ་པ་རྣམས་ལ་མཇལ་བཅར་དང༌། གདན་ས་ཁག་ལ་མཇལ་སྐོར་གྲུབ་འཕྲལ་ཕྱིར་མདོ་སྨད་ཕྱོགས་སུ་ཕེབས་འཆར་དེ་ལྟར་ཡང༌། ཡབ་རྡོ་རྗེ་དབང་རྒྱལ་དང་ཁུ་བོ་དགེ་སློང་བློ་བཟང་རྒྱལ་མཚན། འཇིགས་མེད་རིན་པོ་ཆེ་བཅས་ལ་གཟིམ་མཇལ་གོ་སྐབས་ཐོབ་པ་དེ་སྐབས། ྋགོང་ས་མཆོག་ནས་བཀའ་ཕེབས་སུ། འཇིགས་མེད་རིན་པོ་ཆེས་གདན་ས་སེ་འབྲས་དགེ་གསུམ་གང་རུང་དུ་སློབ་གཉེར་འཕྲོ་སྐྱོང་བྱས་ལེགས་ཀྱི་བཀའ་ཕེབས་བཞིན། ཡབ་ཡུམ་སྐུ་འཁོར་ལྷན་ལྷ་ལྡན་སྨོན་ལམ་ཆེན་མོ་དང༌། གདན་ས་གསུམ་གྱིས་གཙོས་བཀྲ་ཤིས་ལྷུན་པོ་དང་རྒྱུད་གྲྭ་སྟོད་སྨད། ས་སྐྱ་དགོན་པ་སོགས་རིས་མེད་ཆོས་སྡེ་ཁག་ལ་བསྙེན་བཀུར་དང༌། གནས་ཆེན་ཁག་ལ་མཇལ་སྐོར་གྲུབ་འཕྲལ། རྗེ་ཙོང་ཁ་པ་ཆེན་པོས་ཕྱག་འདེབས་གནང་བ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆོས་ཞུགས་ཀྱི་རིམ་པར། ྋགོང་ས་མཆོག་ནས་ཚོགས་ཆེན་སྤྲུལ་སྐུའི་གདན་ཐོབ་བསྩལ་བ་དང་བཅས། དགའ་ལྡན་ཚོགས་ཆེན་དང༌། བྱང་རྩེ་གྲྭ་ཚང༌། ཀླུ་འབུམ་ཁང་ཚན་བཅས་ལ་བསྙེན་བཀུར་དང་སྐུ་འགྱེད། སྤྱི་འཇོག་བཅས་ཕུལ་ཏེ་ཆོས་ཞུགས་གནང༌། དབུས་ལྗོངས་སུ་ཕེབས་ནས་སློབ་གཉེར་མགོ་འཛུགས་ཀྱི་ཐོག་མར་ཕོ་བྲང་ཆེན་པོ་པོ་ཏཱ་ལ་རུ་རྒྱལ་བའི་ཡོངས་འཛིན་སྐུ་བགྲེས་སྐྱབས་རྗེ་གླིང་རིན་པོ་ཆེའི་མདུན་ནས་ཕར་ཕྱིན་གྱི་གཞུང་ལས་སེམས་སྐྱེད་ཀྱི་ཆོས་འབྲེལ་ཞུས་པས་ཐོག་དྲངས། རིམ་ཅན་དུ་རྒྱལ་བ་ཡབ་སྲས་རྣམ་གཉིས་དང༌། དགའ་ལྡན་གསེར་ཁྲི། རྒྱལ་བའི་ཡོངས་འཛིན་རྣམ་གཉིས། བྱང་རྩེ་ཆོས་རྗེ། དགའ་བྱང་འབྲོག་མི་བྱམས་པ་བློ་གྲོས་རིན་པོ་ཆེ། བློ་གླིང་མཁན་ཟུར་པདྨ་རྒྱལ་མཚན་རིན་པོ་ཆེ། དགའ་བྱང་མཁན་རིན་པོ་ཆེ་ཡེ་ཤེས་དགའ་བ་བཅས་ཀྱི་མདུན་ནས་སྔོན་མའི་སློབ་གཉེར་འཕྲོ་སྐྱོང་དང༌། དགའ་བྱང་ཕ་ར་རིན་པོ་ཆེའི་མདུན་ནས་ཐ་སྙད་རིག་གནས་སྐོར། གཞན་ཡང་སྐྱེས་ཆེན་དམ་པ་དེ་དག་གི་དྲུང་ནས་དབང་ལུང་འཁྲིད་གསུམ་ཀྱང་གསན།
ཕྱི་ལོ་ ༡༩༥༨ ལོའི་ནང༌། འཇམ་མགོན་བླ་མའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གྲྭ་སྐོར་དམ་བཞེས་ཀྱི་མཛད་སྒོ་ཐུགས་གཏན་འཁེལ་བ་དང༌། དུས་མཉམ་འཇིགས་མེད་རིན་པོ་ཆེའང་དགའ་ལྡན་ཚོགས་ཆེན་དུ་ཕར་ཕྱིན་ཚོགས་ལངས་འཁེལ་ཡོད་པ་བཅས་མ་སྒྲིག་ལྷུན་འགྲུབ་ཀྱི་དུས་ཚེས་ཁྱད་པར་ཅན་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ཚོགས་ཆེན་དུ་ཚོགས་ཕེབས་གདན་ཞུས་གསོལ་འདེབས་གཞུང་གི་ལམ་སྲོལ་བཞིན་སྙན་སེང་སྔ་རྗེས་རིམ་པ་གསུམ་ཞུས་ཏེ་བཀའ་བཞེས་སྩལ་ཐོབ་བྱུང་བ་བཞིན། ཕྱི་ལོ་ ༡༩༥༨ བོད་ཟླ་ ༨ ཚེས་ ༢༨ ཉིན་དགའ་ལྡན་ཚོགས་ཆེན་ཆོས་རྭར་ྋགོང་ས་མཆོག་གིས་གྲྭ་སྐོར་དམ་བཞེས་ཀྱི་མཛད་ཆེན་གྲུབ་འཕྲལ་སྤྱན་རྒྱ་སྤོས་སྣེ་དང་བཅས་ྋགོང་ས་མཆོག་དགའ་ལྡན་ཚོགས་ཆེན་གྱི་རྗེ་ཙོང་ཁ་པའི་བཞུགས་ཁྲིར་ྋཞབས་སོར་འཁོད་པ་དང༌། འཇིགས་མེད་རིན་པོ་ཆེ་ནས་ཕྱག་འཚལ་སྔོན་དུ་འགྲོ་བའི་མཎ་ཌལ་རྟེན་གསུམ་འདེགས་འབུལ་ཞུས། ཕར་ཕྱིན་སེམས་བསྐྱེད་ཀྱི་གཞུང་ལས་འཕྲོས་པའི་ཚོགས་ལངས་གནང་སྒོ་གྲུབ་པ་དང༌། མཎ་ཌལ་ལྗགས་བཤད་གནང་སྟེ་རྟེན་གསུམ་འདེགས་འབུལ་ཞུས་སྐབས་ྋགོང་ས་མཆོག་གིས་ཁྱོད་ཀྱི་མིང་ཆ་ཚང་ཇི་ཡིན་བཀའ་སྤྱི་ཕེབས་བྱུང་བར། འཇིགས་མེད་ཕྲིན་ལས་ལྷུན་གྲུབ་ཡིན་ཞེས་༧སྙན་སེང་ཞུས་པར། རྟེན་འབྲེལ་ཡག་པོ་བྱུང་ཞེས་བཀའ་སྩལ་བ་དགའ་དད་སྤྲོ་གསུམ་གྱི་གསོས་སྨན་དམ་པར་གྱུར།
ཕྱི་ལོ་ ༡༩༥༩ ལོར་ལྷོ་ཁ་བརྒྱུད་འབྲུག་དང༌། དེ་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཤིང༌། ལོ་དེ་གའི་དགུན་ཐོག་གནས་མཆོག་རྡོ་རྗེ་གདན་དུ་ྋགོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་ནས་བླ་སྤྲུལ་ཁག་ཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བ་དེ་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་གནང་བ་དང༌། ཐོས་བསམ་ཐར་འདོད་གླིང་ངམ་ཡོངས་གྲགས་སྦག་ས་ཆོས་སྒར་དུ་ཞུགས་ཏེ། བློ་གླིང་མཁན་ཟུར་པདྨ་རྒྱལ་མཚན་རིན་པོ་ཆེ་དང༌། སེར་བྱེས་མཁན་ཟུར་བློ་བཟང་དབང་ཕྱུག་རིན་པོ་ཆེ། དགའ་བྱང་མཁན་པོ་ཡེ་ཤེས་དགའ་བ་རིན་པོ་ཆེ། དགའ་ཤར་དགེ་བཤེས་ཤར་བ་ཆོས་རྗེ་བློ་བཟང་ཉི་མ་རིན་པོ་ཆེ་སོགས་གདན་སའི་མཁན་ལས་ཟུར་རྣམ་པ་དང༌། གཞན་ཡང་བླ་མ་སྐྱེས་ཆེན་དམ་པ་མང་པོའི་མདུན་ནས་ཕར་ཕྱིན་གྱི་འཕྲོས་དང༌། དབུ་མ་དང་མཛོད་འདུལ་སྐོར་ལ་སློབ་གཉེར་དང༌། རྒྱལ་བའི་ཡོངས་འཛིན་རྣམ་གཉིས་དང༌། སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེ། སྐྱབས་རྗེ་དགའ་ཤར་ཟོང་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་ཁག་ཅིག་གི་མདུན་ནས་གསང་བདེ་འཇིགས་གསུམ་དང༌། རྡོ་རྗེ་རྣལ་འབྱོར་མ། སྒྲོལ་མ་ཙིན་ཏ་མ་ཎི་སོགས་ཀྱི་དབང་དང༌། རིམ་གཉིས་ཀྱི་འཁྲིད་སོགས་ཟབ་ཆོས་མང་དུ་ཞུས་གནངས། དེ་བཞིན་འཁོན་རིགས་བསྟན་པའི་གསལ་བྱེད་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང༌། སྐྱབས་རྗེ་དིལ་མགོན་མཁྱེན་རྩེ་རིན་པོ་ཆེ། སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་འདན་མ་བློ་ཆོས་རིན་པོ་ཆེ་བཅས་ཀྱི་མདུན་ནས་ཀྱང་ཆོས་འབྲེལ་ཞུས་པ་བཅས་མདོར་ན། ཁྱོན་ལོ་ངོ་ཉི་ཤུའི་རིང་བོད་ཕྱི་ནང་གཉིས་ནས་བླ་མ་སྐྱེས་ཆེན་དམ་པ་སུམ་ཅུ་ཙམ་བླ་མར་བསྟེན་གནང་ཡོད།
ཕྱི་ལོ་ ༡༩༦༣ ལོར། རྡ་རམ་ས་ལར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ས་སྐྱ་བདག་ཁྲི་རིན་པོ་ཆེ་དང༌། རྒྱལ་བ་ཀརྨ་པ་རིན་པོ་ཆེ། ཡོངས་འཛིན་རྣམ་གཉིས། བདུད་འཇོམས་རིན་པོ་ཆེ་སོགས་རིས་མེད་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང༌། གཞན་ཡང་བླ་ཆེན་ཁག་དང་མཁན་པོ་ལས་ཟུར། བཙན་བྱོལ་བོད་གཞུང་གི་དཔོན་རིགས་བཅས་ལྷན་འཛོམས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་ཆོས་ཚོགས་ཐེངས་དང་པོར་ཞུགས། ཕྱི་ལོ་ ༡༩༦༥ ནས་ཕྱི་ལོ་ ༡༩༧༩ ལོའི་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཞིའི་རིང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་དེ་འབྲེལ་གྱི་སྤྱི་འཐུས་ལས་ཁུར་དང༌། རིམ་པས་སྤྱི་འཐུས་སྐབས་ལྔ་པའི་ཚོགས་གཞོན་དང༌། སྤྱི་འཐུས་སྐབས་དྲུག་པའི་ཚོགས་གཙོའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༩༦ ནས་ཕྱི་ལོ་ ༢༠༠༤ བར་བཀའ་འབྲེལ་བཞིན་བོད་གཞུང་རྩིས་ཞིབ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་གནང་བས་མཚོན། གཞན་ཡང༌། འོས་བསྡུའི་འགན་འཛིན་དང༌། ལས་བྱེད་བདག་གཉེར་ལྷན་ཁང་གི་ཚོགས་མི་སོགས་ཀྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་མྱོང་བ་ཞིག་ཡིན།
ཕྱི་ལོ་ ༡༩༨༥ ལོར་ྋགོང་ས་མཆོག་གིས་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་པའི་ཁོངས་ཚོགས་གཞོན་གྱི་ ལས་ཁུར་བསྐོ་འཛུགས་བསྐྱངས་དོན་ལྟར། རྒྱ་ནག་པེ་ཅིང་དུ་ཕེབས་ཏེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང༌། ང་ཕོད་ངག་དབང་འཇིགས་མེད། བཀྲ་ཤིས་དབང་ཕྱུག འབའ་བ་ཕུན་ཚོགས་དབང་རྒྱལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་བོད་ཀྱི་བླ་དཔོན་ཁག་ཅིག་དང༌། ཕྱོགས་མཚུངས་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་བློན་ཆེན་ཡང་ཅིན་རིན་དང༌། བློན་ཆེན་གཞོན་པ་ཅཱང་ཕིན། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་རྒན་གཞོན་སོགས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་ལ་མཇལ་མོལ་དང༌། པེ་ཅིན་ཁུལ་གྱི་མི་རིགས་སློབ་གྲྭ་ཆེན་མོ་དང༌། མི་རིགས་དཔེ་སྐྲུན་ཁང༌། མི་རིགས་དཔར་སྐྲུན་ཁང༌། པེ་ཅིན་དུ་ཡོད་པའི་རྒྱ་ནག་གི་དགོན་པ་ཁག་ཅིག་ལ་གཟིགས་སྐོར་གྲུབ་མཚམས། རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་སུ་ཕེབས་ཤིང༌། དེ་ནས་ཕྱིར་པེ་ཅིན་དུ་འཁོར་བ་དང༌། རྒྱ་ནག་གཞུང་ལ་འབྲེལ་མོལ་གནང་སྟེ་པེ་ཅིན་ནས་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་འཁེལ་གྱིས་སྲུང་བརྩི་ཞུ་ཐུབ་པ་བྱུང་སྟེ། དེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཅཱང་ཕིན་གཉིས་ནས་གསུང་བཤད་ཀྱང་གནང་བ་དང༌། གཟིགས་སྐོར་ཚོགས་པའི་ངོས་ནས་གསོལ་སྟོན་ཡང་བཤམས་པ་བཅས་བྱུང་ཡོད་པ་རེད། དེ་རྗེས་ཞི་ཨན་དུ་ཡོད་པའི་བོད་ལྗོངས་སློབ་གྲྭ་དང་འདབས་འབྲེལ་གྱི་ལས་གྲྭ་ཁག་ཅིག་ལ་གཟིགས་སྐོར་བརྒྱུད། མཚོ་སྔོན་ཁོངས་དགོན་ལུང་དང༌། སྐུ་འབུམ། རེབ་གོང༌། ཆབ་ཆ། སྐྱེ་དགུ་མདོ་བཅས་དང༌། ཀན་སུའུ་ཁོངས་བླ་བྲང་བཀྲ་ཤིས་འཁྱིལ། གཙོས། ཨ་མཆོག སྟག་ཚང་ལྷ་མོ། ཀླུ་ཆུ། རྨ་ཆུ། རྒན་གྱ། དཔའ་རིས་བཅས་སུ་ཆེད་ཕེབས་ཀྱིས་དགོན་སྡེ་དང་སློབ་གྲྭ་ཁག་ལ་གཟིགས་སྐོར་གྱིས་ སྐབས་དེའི་གནས་སྟངས་རྟོག་ཞིབ་དང༌། གཞན་ཡང་སྐྱབས་མགོན་འཇམ་དབྱངས་བཞད་པ་རིན་པོ་ཆེ། སྐྱབས་རྗེ་གུང་ཐང་རིན་པོ་ཆེ། སྐུ་འབུམ་ཆེ་ཤོས་ཚང་དང༌། ཨ་པ་ཨ་བློ་བློ་བཟང་ཚེ་དབང༌། རེབ་གོང་རྫོང་དཀར་གསེར་ཁྲི་ཚང༌། རོང་པོ་ཚང་རིན་པོ་ཆེ། ཁ་སོ་རིན་པོ་ཆེ། ཚོ་འདུ་གྲུབ་ཆེན་ཚང་སོགས་བླ་སྤྲུལ་ཆེ་ཁག་དང༌། མཁས་པ་སོགས་མི་སྣ་གནད་ཡོད་དང༌། གཞན་ཡང་སེར་སྐྱ་ཕོ་མོ་རྒན་གཞོན་གང་མང་ལ་འབྲེལ་མོལ་གནང་ཐུབ་པ་བྱུང་འདུག
ཕྱི་ལོ་ ༡༩༨༦ ལོར་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཆིབས་བསྒྱུར་སྐབས་ྋགོང་ས་མཆོག་གིས་སྐུ་ཚབ་ཏུ་མངགས་པ་ལྟར། ཀུན་གཟིགས་མཆོག་དང་གུང་ཐང་རིན་པོ་ཆེ་སོ་སོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཇལ་མོལ་གནང༌། ཕྱི་ལོ་ ༡༩༩༩ ལོར་བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་མཚོན་པའི་མི་སྣ་རྒྱས་འཛོམས་ཀྱི་ཐོག་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་དང༌། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་བཅུ་འཁོར་བར་རྗེས་དྲན་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་བཞིན། སྐབས་དེའི་འགྲོ་གྲོན་ཡོངས་རྫོགས་རིན་པོ་ཆེ་རང་ཉིད་ནས་འབོད་སྐུལ་ཐབས་ཤེས་གནང་ཞིང༌། བརྟན་བཞུགས་སྐབས་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་རིན་པོ་ཆེ་ནས་མཎ་ཌལ་ལྗགས་བཤད་དང༌། ཁྲིམས་ཞིབ་ཆེ་བ་གྲ་བཞི་ཕུན་རབ་བློ་བཟང་དར་རྒྱས་དང༌། བཀའ་ཁྲི་མཛེས་བཅུ་ཚང་བསོད་ནམས་སྟོབས་རྒྱས་རྣམ་གཉིས་ནས་མཎ་ཌལ་ཚོམ་བུ་འདེགས་འགྱོགས་ཞུས། རྗེས་དྲན་དུས་ཆེན་ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་གལ་ཆེའི་བཀའ་སློབ་སྩལ་བ་དང༌། དེ་བཞིན་བོད་གཞུང་གི་སྤྱི་འཐུས་ཚོགས་གཙོ་དང༌། བཀའ་བློན་བློན་ཁྲི་པ། རྗེས་དྲན་ཚོགས་ཆུང་གི་ཚོགས་གཙོ་བཅས་ནས་ཀྱང་གསུང་བཤད་གནང༌། དེ་བཞིན་རྩོམ་སྒྲིག་ཚོགས་ཆུང་ཞིག་ཆེད་འཛུགས་གནས་སྟེ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང༌། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་མཛད་རྗེས་ལ་བསྔགས་པའི་སྙན་རྩོམ་ཕྱོགས་བསྒྲིགས་༼དད་གདུང་ཉི་ཟླའི་མཆོད་ཕྲེང་༽དང༌། རྒྱལ་བའི་མཛད་རྣམ་༼ཀྱག་ཀྱོག་ཆེ་བའི་བཞུད་ལམདང༌། འོད་སྟོང་འབར་བའི་མི་ཚེ།༽ ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་མཛད་རྣམ་༼བདེན་པའི་རང་མདངས་གསལ་བའི་མེ་ལོང་༽ ཞེས་པའི་མཛད་དེབ་ཆེད་དུ་རྩོམ་སྒྲིག་ཞུས་པ་དེ་དང༌། དེ་བཞིན་བདེ་སྲུང་ཉམས་ཞིབ་ཁང་ནས་དཔར་འདེབས་ཞུས་པའི་༼ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་༽དེབ་བཅས་ཚོགས་མི་ཡོངས་རྫོགས་ལ་འགྲེམས་སྤེལ་ཞུས་པ་བཅས་ཀྱིས་མཚོན། བོད་བསྟན་པ་ཆབ་སྲིད་གང་ཅིར་སྨན་ངེས་ཀྱི་ཕྱག་ལས་རྒྱ་ཆེ་ཆུང་མང་པོ་ཞིག་གནང་ཡོད་པ་དང༌། རྒན་ཡོལ་དུ་བཞུགས་པའི་གནས་སྐབས་སུའང༌། གཞོན་སྐྱེས་ཤེས་ཡོན་ཅན་མང་པོར་མགོ་འདོན་རོགས་འདེགས་གང་ཡོང་གནང་སྟེ། བསྟན་སྲིད་ལ་སྨན་ངེས་ཀྱི་ལས་གཞི་མང་པོར་མགོ་འདྲེན་དང༌། དགའ་ལྡན་བྱང་རྩེ་ཀླུ་འབུམ་ཁང་ཚན་ལ་དགེ་འདུན་པའི་བཞུགས་ཤག་དཀའ་ངལ་སེལ་རོགས་ཕན་གང་ཐུབ་གནང་པས་མཚོན། བཙན་བྱོལ་སྤྱི་ཚོགས་ནང་ཙམ་མ་ཡིན་པར། འཁྲུངས་ཡུལ་རེབ་གོང་གི་རོང་པོ་དགོན་ཆེན་ནས་ཞུས་ངོར་ཁྲི་རྒན་ཚང་དང་ལྷན་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་བསྐྱར་བཞེངས་གནང་བ་དང༌། དཔྱི་ས་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་ནས་ཁོང་ལ་གཉེར་གཏད་མཛད་པ་དཔྱི་ས་དགོན་དུ་གདུང་རྟེན་ལྷ་ཁང་བསྐྱར་བཞེངས་ཀྱིས་མཚོན་བོད་ནང་དུའང་ཕྱོགས་གང་སར་གང་ལ་དེ་འཚམ་གྱི་འབྲེལ་ལམ་གནངས་ཡོད་ཅིང༌། དེ་བཞིན་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གི་ལས་དོན་ཆེ་ཕྲར་བཀོད་འདོམས་དང་མཐུན་རྐྱེན་ཐབས་འཚོལ་གྱི་རྐང་འགན་བཞེས་པའི་རྗེས་འབྲེལ་དུ། ཕྱི་ལོ་ ༢༠༠༡ ལོར་དོལ་རྒྱལ་རྗེས་འབྲངས་དང་བཅས་པར་མདོ་སྨད་མི་དམངས་ཀྱི་ལངས་ཕྱོགས་སྐོར་གྱི་དེབ་༼མདོ་སྨད་ཆོལ་ཁས་དོལ་རྒྱལ་སྐོར་ལ་བསྒྲགས་གཏམ།༽ ཕྱི་ལོ་ ༢༠༠༢ ལོར་རྩོམ་སྒྲིག་མགོ་འཛུགས་ཞུས་ཏེ་ཕྱི་ལོ་ ༢༠༠༦ ལོར་ཉམས་ཞིབ་དང་རྩོམ་སྒྲིག་གྲུབ་པའི་དེབ་༼དོལ་རྒྱལ་བྱུང་རིམ་དང་རྙོག་གླེང་བཅས་པར་དཔྱད་པ་གཡའ་སེལ་མེ་ལོང་༽ ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ནང་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་རིམ་ལས་རྒྱུས་བབ་དང་བཅས་པའི་ཆ་ནས་མདོ་སྨད་ལྷོ་བྱང་ནས་ཞི་རྒོལ་ལས་འགུལ་སྤེལ་རིམ་གྱི་གནས་སྟངས་ཕྱོགས་བསྒྲིགས་ཀྱི་དེབ་ ༼ས་བྱི་ཞི་རྒོལ་ཆེན་མོ༽ ཕྱི་ལོ་ ༢༠༠༩ ལོར་གཞིས་བཞུགས་པ་བཀྲ་རྒྱལ་ལམ་ཞོགས་དུང་གིས་ས་བྱི་ཞི་རྒོལ་ཆེན་མོའི་སྐོར་བརྗོད་གཞིར་བྱས་པའི་དེབ་༼གནམ་ས་གོ་འབྱེད༽ཅེས་པ་བོད་ནང་དཔར་འགྲེམས་བཀག་སྡོམ་བྱས་པ་ས་བྱི་ཞི་རྒོལ་དེབ་ཕྲེང་དང་པོའི་ངོ་བོ་ནས་བཙན་བྱོལ་སྤྱི་ཚོགས་ནང་ཡོངས་ཁྱབ་འགྲེམས་སྤེལ། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གི་མཛད་རྣམ་བརྙན་དེབ་༼འཇིག་རྟེན་མིག་འབྱེད༽ བོད་དབྱིན་འགྲེལ་བཤད་གཉིས་ལྡན་ཡོངས་ཁྱབ་འགྲེམས་སྤེལ། ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༡༦ ཉིན། བོད་ལྕགས་ཡོས་ཕྱི་ལོ་ ༢༠༡༡ ནང་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རིམ་བསྟུད་བྱུང་བ་བརྗོད་གཞིར་དྲངས་འབྲེལ། དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གིས་རང་ལུས་མེར་བསྲེགས་བཏང་བ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ བར་གྱི་མེར་བསྲེགས་ལས་འགུལ་སྐོར་གྱི་གནས་ཚུལ་ཕྱོགས་བསྒྲིགས་ཀྱི་དེབ་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽ ཡོངས་ཁྱབ་དཔར་འགྲེམས། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན། བོད་ནང་བཞུགས་པའི་ཤེས་ཡོན་པ་ཚོས་ས་བྱི་ཞི་རྒོལ་ཆེན་པོའི་རྗེས་འབྲེལ་དུ་སྤེལ་བའི་རྩོམ་ཡིག་ལེགས་འདེམས་ཀྱི་དེབ་༼གཞིས་བཞུགས་ཤེས་ཡོན་པ་ཚོས་ས་བྱི་ཞི་རྒོལ་ལ་ལྟ་བ༽ ཞེས་པ་ས་བྱི་ཞི་རྒོལ་དེབ་ཕྲེང་གཉིས་པའི་ངོ་བོ་ནས་དཔར་འགྲེམས་དང་། ཞིང་གཤེགས་སྐུ་ངོ་རྒྱལ་རོང་ཟླ་བ་ཚེ་རིང་གི་མི་ཚེའི་ལོ་རྒྱུས་ཉིང་བསྡུས་དེབ་༼རྒྱལ་རོང་ཟླ་བ་ཚེ་རིང་གི་མི་ཚེའི་ལོ་རྒྱུས༽ ཞེས་པ་གཉིས་ཡོངས་ཁྱབ་དཔར་འགྲེམས་ཞུ་ཐུབ་པ་བྱུང་བ་བཅས་ནི་བཀའ་ཟུར་ཁོང་གི་མགོ་འདོན་གནང་བ་ལས་བྱུང་བའི་གྲུབ་འབྲས་ཆགས་ཡོད།
གཞན་ཡང་ཁོང་གིས་གཙོ་འགན་བཞེས་ཏེ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་པར་སྣ་ཚོགས་དང༌། བཀའ་སློབ་གསུང་བཤད་རིགས། བརྙན་འཁོར་གྱི་རིགས་བསྡུ་སྒྲིག་གིས་ Documentary གློག་བརྙན་དང་འབྲེལ་བའི་དངོས་བྱུང་རྣམ་ཐར་ཞིག་བཟོ་སྐྲུན་ཞུ་འཆར་སྐོར་༸གོང་ས་སྐྱབས་མགོན་ཆེན་པོར་སྙན་གསན་ཕུལ་བའི་ཕྱིར་ཕེབས་སུ། དེ་སྐོར་ངེས་པར་སྤུས་དག་ཅིག་ཡོང་བ་དགོས་སྐོར་བཀའ་བཞེས་སྩལ་ཐོབ་དང་བཅས་ཏེ། ལོ་ཤས་གོང་ནས་དེ་སྐོར་ལས་དོན་དབུ་འཛུགས་ཞུས་ཟིན་ནས་ཡོད་པ་བཅས་མདོར་ན། གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་ནང་མཛད་རྗེས་སྤམ་མཐོ་བ་བཞག་དང་འཇོག་མུས་ཀྱི་སྐབས་འདིར། ཉེ་བའི་ཆར་བསྙུན་མནར་གྱི་རྐྱེན་པས་ཟླ་འདིའི་ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་སྐུ་གཤེགས་སོང་བ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ།
རྡོ་རྗེ་དབང་ཕྱུག་གིས།
སྐུ་གཤེགས་ཨ་ལགས་འཇིགས་མེད་མཆོག་༧གོང་ས་མཆོག་དང་བོད་གཞུང་ལ་སྐུ་ཚེ་ཧྲིལ་པོར་ལྷག་བསམ་རྣམ་དག་ཡིན་པ་དེས་ཕྱི་མར་བདེ་འགྲོ་དང་བར་དོ་རུ་སྡུག་བསྔལ་མེད་པའི་སྨོན་ལམ་འདེབས།
དཀོན་མཆོག་གིས་མཁྱེན་ནོ། འོ་ཡ་ད་ཁོ་རང་ནི་་་་་་སྐུ་གཤེགས་ཟེར་ཞུས་ནའང་འདྲ་་་་ཕེབས་ཟེར་ནའང་འདྲ་་་་གང་ལྟར་ཤི་ཚར་བ་རེད། ང་རང་ཚོ་ཡང་ཉིན་གཅིག་ལམ་འགག་དེ་ག་རང་ལ་འགྲོ་དགོས་ཀྱི་རེད་་་་་་ཤི་བའི་འོག་ཏུ་ནི་་་་་ལས་དཀར་ནག་གི་རྗེས་སུ་འབྲངས་པ་ལས་་་་་་ངས་བོད་དོན་ཆེད་ཆབ་སྲིད་ཀྱི་ལས་ཀ་བྱེད་པ་ཡིན་ཟེར་ནས་ང་སོ་བཏང་ས་ནི་མེད། ཡང་ང་རང་རྒྱལ་པོ་ཡིན་་
ང་ལ་འཁོར་ཚོགས་མང་པོ་ཡོད་ཟེར་ས་ནི་མེད། ང་ཚོང་པ་ཡིན་ང་ལ་རྒྱུ་དངོས་མང་པོ་ཡོད་ཟེར་ནས་སྤོབས་པ་བྱེད་ས་རྩ་བ་ནས་མེད། ཡོད་པ་གཅིག་ནི་་་་་ངས་དེ་སྔར་ཆོས་ཡག་པོ་བྱེད་ཡོད་་་་་སེམས་བཟང་བྱེད་ཡོད་་་་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་བྱེད་མེད། གྱོང་ཁ་རང་གིས་ལེན་ནས་རྒྱལ་ཁ་གཞན་ལ་ཕུལ་ཡོད་ཟེར་ནས་སྤོབས་དཔའ་བྱེད་ཆོག །སོང་ཙང་ཐུགས་རྗེ་གཟིགས་གྲོགས་པོ་ཚོ་་་་བློ་ཁ་ཆོས་ལ་བསྒྱུར་དང་། འཆི་བ་མི་རྟག་པའི་སྐོར་བསམ་བློ་འཐོང་དང་། ལས་འབྲས་ལ་བརྩིས་བཀུར་གནོང་དང་། ང་ཡི་མ་གྱུར་འགྲོ་བ་ཚོ།།
གྲོགས་པོ་སུ་ཡིན་ན་ཆོག
༧གོང་ས་མཆོག་དང་བོད་གཞུང་གི་དོན་ལ་མི་ཚེ་གང་བོ་གཏོང་ཐུབ་ན་དེ་ལས་ལྷག་གི་ཆོས་ཞིག་མེད་ཟེར་ནས་ཐག་བཅད་ཆོག་གི་རེད། རྒྱུ་མཚན་མང་པོ་དགོས་པ་མེད། བོད་དོན་ནི་སངས་རྒྱས་བསྟན་པ་བསླར་གསོའི་ཆེད་ཡིན་པ་དང་། སངས་རྒྱས་བསྟན་པ་ནི་འགྲོ་བ་ཡོངས་ཀྱི་དོན་དུ་ཡིན་པས་ན་ཁྱེད་ཀྱིས་བོད་དོན་དུ་བྱ་བ་གང་ཞིག་བྱེད་ཐུབ་ན་འགྲོ་བའི་དོན་དང་ཆོས་ཟེར་པ་དེ་མ་ཡིན་ས་འགྲོ་གི་མ་རེད། གྲོགས་པོ་ལགས།
དེ་རིང་ཁ་སང་ཁ་བརྡ་ཚང་ལ་མི་རྟག་པའི་སྐོར་བཤད་མཁན་ཧ་ཅང་མང་གི་ མི་རྟག་པ་བཤད་མཁན་དེ་ཚོས་ཡང་འཁྲབ་སྟོན་ཅིག་བྱེད་ཀིན་ཡོད་ནི་མིན་ནམ
མི་ཞིག་གི་ནང་ལ་དགའ་མིན་དགའ་སྡུག་གི་སྐད་ཆ་ཡོང་བ་ནི་ཆོས་ཉིད་རེད། དེ་ལ་ཧ་ལས་ཡ་གང་ཡང་ཡོད་
རེད། གང་ལྟར་ཁོང་གིས་སྐུ་ཚེ་གང་བོར་༧གོང་ས་མཆོག་དང་བོད་མི་མང་། ཨ་མདོ་མི་མང་བཅས་ཀྱི་ཆཻད་དུ་
བཏང་ཡོད་རེད། དངོས་གནས་རླབས་ཆེན་རེད། ཁོང་ལ་མ་ཎི་ཚིག་གཅིག་མ་་གཏོགས་མ་བྱུང་ཡང་འདོན་གྱི་
ཡིན། ཨ་རྡུ་མན་ཟེར་ཡ་འདིས་ཁོ་རང་ཞེད་པོ་ཞིག་ཆོས་པ་ཡིན་མདོག་མདོག་བྱེད་ཀྱིན་འདུག དེ་འདྲ་ཡིན་ན་
རི་ཁྲོད་ལ་བསྡད་མི་འདུག་པར་ཆགས་སྡང་གི་འཁོར་ལོ་བསྐོར་ས་ལ་ག་རེ་བྱས་ནས་ཡོང་གིན་ཡོད་་རེད།
སྐྱེ་བའི་མཐའ་མ་ཤི་ཡ་ཡིན་པ་ཁྱེད་ཀྱིས་བཤད་དགོས་ཡ་ཡོད་མ་རེད། ཚང་མས་ཤེས་ཤེས་རེད། དེ་ལ་སྐྲག་ན་
ཁྱི་རེད།
རེབ་གོང་ཤོག་ཁག་བཅུ་གཉིས་ཀྱི་ནང་ཚན་རླངས་རྒྱལ་པོ་དཔོན་ཚང་གི་སྲས་ཨ་ལགས་འཇིགས་མེད་ཀྱིས་སྐུ་ཚེ་རིལ་པོ་རང་ནུས་གང་ལྕོག་གི་བོད་དོན་སྒྲུབ་བཞིན་པའི་ངང་ཚེ་འདིའི་སྣང་བ་དང་ཁ་བྲལ་བའི་ཡིང་སྐྱོའི་གནས་ཚུལ་འདིར། རང་གི་རིགས་ལ་ཞེན་པ་དཀར་པོའི་མདངསས་ཡོད་མཁན་ཞིག་ཡིན་ན་མྱ་ངན་ངང་སྨོན་ལམ་འདེབས་རྒྱུ་མ་གཏོགས། དགོས་མཁོ་མེད་པའི་མཆན་བུ་མ་བཏབ་བཟང་གི་བསམ། སྐྱེས་བུ་གང་གི་མཛད་རྗེས་ལ་གུས་འདུད་ཞུ། །།
ངས་ཨ་ལགས་འཇིགས་མེད་ལྷུན་གྲུབ་མཆོག་མཇལ་མ་མྱོང་། བླ་མ་དམ་པ་ཞིག་བཞུགས་པར་མངོན། སྐུ་གཤེགས་པར་གང་གི་བཞེད་པ་བཞིན་དུ། བོད་ཀྱི་རིང་གཞུང་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར། ས་སྟེང་དུ་ཡུན་རིང་དུ་གནས་པར་གྱུར་ཅིག
སྡོམ་པ་བསྩལ་བ་ཞེས་པ་ལ་བཀའ་བསྟན་ནས་གསལ་བ་བཞིན་དུ། སྡོམ་པ་སྩལ་པ་ཞེས་འབྲི་ན། སྐུ་གཤེགས་དམ་པའི་དགོངས་རྫོགས་ལ་སྒྲུབ་པའི་མཆོད་པ་ཕུལ་དུ་བྱུང་བར་འགྱུར་རོ།།
ཨ་བླག་ཁོང་སྐུ་བཤེགས་པར་མྱ་ངན་གུས་འདུད་ཞུ།
རྒན་བློ་བཟང་འཇམ་དཔལ་མཆོག་ལ་ཞུ་བ།
སྐུ་ཉིད་ནས་དག་ཆའི་ཐད་དགོངས་འཆར་ཕེབས་པ་དེ་དེ་བཞིན་ནོ་ཞུ་བ་དང་ཆབས་ཅིག འདིར་བཅོས་འགོད་ཞུས་ཡོད། ལམ་སྟོན་གསལ་བཤད་གནང་བ་ལ་ཐུགས་རྗེ་ཆེ་ཞུ།
སྐུ་བཤེགས་པར་མྱ་ངན་གུས་འདུད་ཞུ།
མྱ་ངན་གུས་འདུད་ཞུ།
མི་ཤི་མཁན་དེ་ཡག ལོ་ན་ནིང་ཡག ཨ་ལགས་འཇིགས་མེད་ཟེར་བ་དེ་གྲྭ་པ་ཡིན་ངེས་འཛིན་རྩ་བ་ཉིད་ནས་མེད། བྱས་རྗེས་ཆེན་པོ་ཡོད་མེད་ཤེས་ཀྱི་མེད།
སྙིང་རྗེ་ཨ་ལགས
ཨ་ལགས་མཆོག་ལ་མྱ་ངན་གུས་འདུད་ཞུ།
ཁ་བ་དཀར་པོ་ཕོ་གསར་ལ་འདས་པོ་ཨ་ལགས་ཚང་གི་གསང་བ་ཁ་ཤས་ཤོད་རྒྱུ་ཡོད་ས་རེད་ད།
རེབ་ཀོང་ཚོས་དམ་པ་ཁོང་གི་སྐུ་ཚེ་མཛད་རྣམ་ཞིག་བསྒྲིགས་ཐུབ་ན་བཟང་། སྒྲིག་མཁན་རབ་གསལ། པདྨ་འབུམ།
རྡོ་རྗེ་དབང་ཕྱུག དོན་བཀྲ། བཀྲ་ཤིས། ལྷ་ལུང་རྒྱལ། ད་དུང་ཤེས་ཡོན་ཅན་གང་བཟང་འདེམས་རོགས།
ཡིད་གདུངས་དྲག་པོའི་སྒོ་ནས་མྱ་ངན་ཞུ།
སྐུ་བསོད་ཅན་གྱི་བླ་མ་ཞིག་རེད། རྒྱལ་མཆོག་ཡབ་སྲས་གཉིས་དང་།
ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ། ཁྲི་ཆེན་གོང་ཐང་རིན་པོ་ཆེ་རྣམ་པ་མཇལ་ཞིང་གསུང་ཐོས། སྐུ་པར་མཉམ་དུ་བསྒྲོན། སྤྱིར་བླ་མ་འདི་རྣམས་ཀྱི་མཚན་གྱིས་བྱིན་གྱིས་བརླབས་དང་། ལྷག་པར་སྐུ་ཕྲེང་འདི་དག་ནི། ཁྱད་དུ་འཕགས་པའི་སྐྱེས་བུ་དམ་པ་ཤ་སྟག་ཡིན། དངོས་གནས་ཡིད་སྨོན་ཤོར་སོང་།
ཨ་ལགས་རིན་པོ་ཆེ་བདེ་སྲུང་ཉམས་ཞིབ་འགན་འཛིན་ཡིན་སྐབས། ཁོང་གི་ལམ་སྟོན་འོགསབོད་ཀྱི་རང་བྱུང་ཁོར་ཡུག་གི་སྐོར་གྱི་དེབ་པར་རིས་དང་བཅས་པ་ཞིག་དཔར་འདུག་པ་དེ་ཡང་མི་ཚེའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཏུ་བགྲང་འོས། རྒན་རྡོར་དབང་ལ་ཁ་སྣོན་ཙམ་ཡིན།
དྲྭ་བདག་དང་དྲ་མི་རྣམས་ཨམ་མདོ་བ་ཡིན་ཙ་ན་ཨ་ལགས་འཇིགས་མེད་ཀྱི་གནས་ཚུལ་འགོད་མཁན་མང་ཀི་ཡ།
དངོས་གནས་བྱེད་ན་ཁོང་སྐུ་ཚེའི་འཕེན་པ་རྫོགས་སོང་བ་ནི་འདུ་བྱེད་མི་རྟག་གཤིས་ལུགས་ཤིག་ལ་སོང་ཡིད་སྐྱོ་བའི་གནས་མི་འདྲ་བ་ཞིག་གང་ཡང་མིན། དེ་ལས་བོད་ནང་གི་མེར་སྲེག་གི་སྐོར་མང་ཙམ་འགོད་རོགས་གནང་དང་།
ཨ༌ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་སྐུ་ཚེ་གཞན་དོན་དུ་གཤེགས་པར་མྱ་ངན་གུས་འདུད་ཞུ།
མེས་པོའི་ལམ་སྲོལ་གཡས་འཁྱིལ་དུང་གི་སྒྲ།།
དབྱངས་གསལ་ལྷུ་ལག་བསྒྲིགས་པའི་བར་གསེང་ནས།།
འཕུར་བའི་བསིལ་ལྡན་རིག་པོའི་བང་མཛོད་ཆེ།།
མི་ཉམས་གླིང་བཞི་སྐྱོང་བའི་གཉེན་དུ་བསྟབས།།
མི་མངོན་འཇིག་རྟེན་གསང་བའི་རི་མོ་ནི།།
དཔྱད་བཟོད་རིག་པའི་མེ་ལོང་ངོས་ཡངས་སུ།།
འཕོས་པའི་རབ་འབྱམས་གནད་ཀྱི་རྒྱུ་སྐར་འབུམ།།
སྐལ་ལྡན་བློ་གྲོས་རྒྱས་པའི་ཡོན་དུ་ཕུལ།།
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་སུ་ད་དུང་བཀའ་ཟུར་ཨ་ལགས་འཇིགས་མེད་འཕྲིན་ལས་ལྷུན་གྲུབ་ལགས་སྐུ་གྲོངས་པའི་གནས་ཚུལ་བཀོད་མེད་དོན་ཅི།
རྡོོར་དབང་ནས་རིན་པོ་ཆེ་མཆོག་གི་ལོ་རྒྱུས་ཅུང་རྒྱས་པ་ཞིག་བྲིས་འདུག་པས་ཁོང་གི་མི་ཚེའི་རྒྱུད་རིམ་ཀྱི་གནས་སྟངས་གང་འཚམས་ཞིག་ཧ་གོ་བས་ཡག་བྱུང་ལབ་ཡ་ཡིན།
ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་རྗེས་བློ་ཕམ་བྱུང་།
ཡིད་སྐྱོ་གནས་ཚུལ་གོ་ནས་བློ་ཕམ་བྱུང་། ཡང་སྲིད་མྱུར་དུ་བྱོན་ཏེ་སྔར་ལྟར་༧གོང་ས་མཆོག་ལ་ཞབས་ཞུ་གནང་ཐུབ་པའི་སྨོན་འདུན་ཞུ།
འཇམ་དབྱངས་ལགས། བཀའ་བློན་ཁྲི་བ་སོགས་གནད་ཡོད་མི་སྣ་མང་བོས་ཁོང་གི་བཞུགས་ཤག་དུ་ཕེབས་ནས་མྱ་ངན་རྗེས་དྲན་བྱས་དང་བྱེད་བཞིན་ཡོད་པས་བོད་མའི་སྒྲིག་འཛུགས་ཀྱིས་གནས་ཚུལ་ཆ་ཆང་བཀོད་ངེས་ལ་ཁྱེད་ཀྱི་སེམས་ཁྲལ་དང་དོགས་པ་གང་ཡང་གནང་དགོས་དོན་མི་འདུག
ཁ་བ་དཀར་པོའི་ཕོ་གསར། འཇུ་ཆེན་ཐུབ་བསྟན་བྱས་རྗེས་ཆེན་པོ་རེད་དམ།
ཧ་ཧ་་་་་བོད་དོན་ནི་སངས་རྒྱས་་ཀྱི་བསྟན་པའི་དོན་དོན་རེད་ཟེར་ཡག་དེ་ཚོ་་་་་ད་བར་ཆོས་སྲིད་འདྲེས་མ་རྐྱང་རྐྱང་བྱས་པའི་ནང་རྟགས་ཕྱི་ལ་ཐོན་པ་གསལ་པོ་རེད། ད་བར་བོད་དོན་བྱེད་མཁན་ཚོས་རང་རྒྱལ་གཞན་ཕམ་གྱི་བྱ་བ་རྐྱང་སྒྲུབ་ནས་སླེབས་པ་རེད་་་དེ་འདྲ་སོང་ཙང་་་་དེའི་དོན་དེ་་་་སངས་རྒྱས་བསྟན་པའི་དོན་ལ་འགྲོ་ཡི་རེད་ཟེར་ན་་་་་ཐར་པ་དོན་དུ་གཉེར་མཁན་ཚོ་ཡིད་ཤིན་ཏུ་སྐྱོ་བའི་གནས་སུ་ངེས། གཞན་ཡང་ཁྱེད་རང་གི་རྒྱུ་མཚན་ནི་་་་བོད་ཡིག་ཐོག་ལ་ནང་པ་སངས་རྒྱས་པའི་ལུང་གི་བསྟན་པ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ན་ནི་་་་རྒྱ་གར་དང་་་་རྒྱ་ནག་་་་ཨ་རི་དང་་་་་ཡོ་རོབ་རྒྱལ་ཁབ་ཁག་ལ་སོགས་པ་ཡང་དེ་བཞིན་དུ་འགྱུར་རོ།
དེ་མིན་ན་་་་་བོད་དོན་བྱེད་པ་དེ་སངས་རྒྱས་བསྟན་པའི་དོན་ཡིན་པའི་རྒྱུ་མཚན་ཞིག་གསུང་རོགས་གནང་། རྒྱུ་མཚན་མེད་ན་སྨྱོན་པའི་ཚིག་དང་མཚུངས་པས་་་་་ཁ་ཡག་བྱེད་ལོངས་མི་འདུག །རྒྱལ་བ་རིན་པོ་ཆེ་ནི་ནང་པ་སངས་རྒྱས་པའི་དགེ་སློང་ཞིག་རེད་་་་འོན་སྟངས་ནང་པ་སངས་རྒྱས་པའི་བསྟན་པ་འཛིན་མཁན་ཞིག་ཡིན་ཕྱིན་ཁོང་བླ་མར་བསྟེན་དགོས་པ་རེད་་་་་དེ་མིན་ནང་པར་མི་ཚུད་བ་དང་རྒྱ་མིའི་རྒྱུགས་ཁྱི་ཡིན་དགོས་པ་སོགས་བརྗོད་པ་ནི་་་་་ནང་པའི་གོ་དོན་དང་ཆོས་ཀྱི་གནས་དོན་གསལ་པོ་མ་ཤེས་པའི་རང་ཚང་སྒྲགས་པ་རང་རེད། སོང་ཙང་གངས་ལྗོངས་ཀྱི་ཕུ་ནུ་ཚོ་་་་་་དུས་རྒྱུན་དུ་ནས་་་་་ང་ཚོས་སྐད་ཆ་བཤད་ཡོང་དུས་་་་གནས་ལུགས་དང་
རྒྱུ་མཚན་ཡོད་པའི་ཐོག་ལ་བཤད་དགོས་པ་དེ་ནི་ཤུན་ཏུ་ནས་གལ་འགང་ཆེ་བ་ཡིན། དེ་འདྲ་བྱེད་ན་་་་མི་གཞན་དག་ཚོ་ཡིན་ནའང་ཉན་མཁན་ཡོད་སོ་སོ་རང་ཉིད་ཡིན་ནའང་་་་་་་ཚེ་འདི་ཕྱི་གང་རུང་ལ་ཕན་ཐོགས་ཡོད་པས་སོ།།
མྱ་ངན་གུས་འདུད་ཞུ།
ཨ་རྡུ་མན་ཞེས་པ་འདི་ཁ་ནས་ཆོས་བཤད་དང་ཁོག་ནས་དུག་སྦྱོར་བྱེད་མཁན་ཞིག་ཡིན་པ་ཚངས་མས་ཤེས་ན་འགྲིག་པ་རེད། ཁ་ཡ་བྱེད་དགོས་དོན་མེད།
བཀའ་ཟུར་གྲོངས་པར་མྱ་ངན་ཞུ། ཨོཾམཎིཔདྨེཧཱུཾ བདེ་བ་ཅན་དུ་སྐྱེ་བ་ཤོག
རྣམ་ཐར་བྲི་ན་ཡག་པོ་གས་ཡོད་མ་རེད། རྣམ་ཐར་མང་ཆེ་བ་ཡག་རབས་བཟང་རབས་རྐྱང་བྲི་དགོས་པ་རེད། རྫུན་མ་ཆགས་གི་རེད། བོད་གཞུང་གི་མགོ་ཁྲིད་ནང་ལ་མི་ཡག་ན་ཡག་ཐག་ཆོད་དང་ངན་ན་ངན་ཐག་ཆོད་ཡིན་ཞེ་དྲགས་མང་པོ་ཡོད་མ་རེད། མི་གཅིག་ལ་བཟང་ངན་ཉིས་ཆ་ཡོད་པ་རེད། ལོ་རྒྱུས་དེབ་ཞིག་བྲི་ན་ཡག་པོ་མེད་འགྲོ། མི་རྣམས་ལ་བཟང་ལེན་ངན་འགོག་གི་སློབ་གསོ་སྟེར་གི་རེད།
ལོག་སྨྲ་ཚར་གཅོད་ཀྱིས་ངོ་མ་དྲང་པོ་གསུངས་འདུག། རྒྱབ་སྐྱོར་ཡོད།
་ཨ་ལགས་འཇིགས་མེད་རིན་པོ་ཆེ་སྐུ་གཤེགས་བ་ལ་མྱ་ངན་ཞུ།
ཁ་བ་དཀར་བའི་ཕོ་གསར་ལགས།
གང་ཟག་ག་འདྲ་ཞིག་ཡིན་རུང་མའི་སྤྱི་ཚོགས་ནང་སླེབས་པ་ཡིན་ཙང་གཅིག་ཕན་གཅིག་རོགས་བཅས་ཏ་གོམས་གང་མདུན་སྤོས་བྱེད་པ་ལས།་་་་་་་་་་་་་་་་་་་་་་་་་་་རྒྱབ་ཏུ་སྣ་མང་བཤད་ན་མའི་ནང་ནས་མཐའ་མ་དེ་ཡིན་པའི་སོ།
རྒྱབ
བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་སྐུ་གཤེགས་པར་མྱ་ངན་གུས་འདུད་ཞུ། ལྷག་པར་རྩོམ་པ་བོ་རྡོ་རྗེ་དབང་ཕྱུག་གིས་དམ་པ་གང་གི་ལོ་རྒྱུས་ཀྱི་སྙིང་བོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ངོ་སྤྲོད་གནང་བར་ངོ་མ་ཡག་པོ་བྲུང་།
ཁོང་གྲོངས་ཚར་བ་རེད། སྐྱོན་དང་ཡོན་ཏན་མང་པོ་བརྗོད་ན་ཕན་ཐུབ་ཡོད་མ་རེད། དེ་ལས་དམིགས་བརྩེ་མ་དང་། མ་ཎི་བགྲངས་ན་ཡག་གི་རེད། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས་། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།
ཞིང་གཤེགས་དམ་པ་ཁོང་ལ་མྱ་ངན་ཞུ། ཁོང་གིས་སྐུ་ཚེ་ཧྲིལ་བོར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བཏང་བ་དངོས་གནས་དགའ་གུས་ཡི་རངས་ཞུ་འོས་པའི་གནས་ཡིན། དེ་བཞིན་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གི་འགན་འཛིན་གནང་སྟེ། ཁ་ཚ་དགོས་གཏུགས་ཀྱི་ཕྱག་ལས་ནི་ས་བྱི་ཞི་རྒོལ་ཆེན་མོ་དང་ལྕགས་ཡོས་མེ་རྒོལ། གཡའ་སེལ་མེ་ལོང་སོགས་ནི་དངོས་གནས་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ངོམ་དུ་རི་བའི་རིན་ཐང་ལྡན་པ་རྐྱང་ཡིན། དངོས་གནས་ཕྱག་ལས་རླབས་ཆེན་རེད། ༸གོང་ས་མཆོག་ལ་བློ་སེམས་རྩེ་གཅིག་གིས་དད་གུས་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རླབས་ཆེན་ནང་གི་རླབས་ཆེན་རེད།
ད་རེས་བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག་སྐུ་ཚེ་འཕེན་པ་རྫོགས་པར་མྱ་ངན་གུས་འདུད་ཞུ། ཁོང་གིས་སྐུ་ཚེ་གང་བོར་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་པ་དང་མཛད་རྗེས་བཞག་ཡོད་པ་ཤེས་དགོས། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དུས་དབང་སྐབས་ཁོང་གིས་གཞིས་ལུས་མི་དམངས་ཚོ་ལ་གོང་ས་མཆོག་གི་མཛད་འཕྲིན་སྐོར་ངོ་སྤྲོད་མཛད་སྐབས་ཞལ་མཇལ་མྱོང་། དེ་མིན་རྒྱུས་མེད་མོད། གོང་ས་མཆོག་ལ་ཕྱག་རོགས་གནང་སྟངས་དང་ཆོས་དང་རིག་གཞུང་ལ་ཕན་པའི་ཕྱག་ལས་གནང་སྟངས་དེ་ཚོ་རྩ་ཆེ་བར་འཛིན་དགོས་པ་ཡིན།
༄། ཨ་ལགས་་འཇིག་མེད་ལགས་ལ་མྱ་ངན་ཞུ་ཞུ ཀརྨ་པ་མཁྱེན་ནོ
་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་
ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་
ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་
ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་ཀརྨ་པ་མཁྱེན་ནོ་
ཤི་བའི་ཕུང་པོ་རྣ་ལམ་དུ་ལན་ཅིག་སྒྲགས་ན་ནུབ་ཕྱོགས་བདེ་བ་ཅན་
གྱི་ཞིང་ཁམས་
དུ་སྐྱེ་བ་ཡིན་ནོ།
ཁོང་གིས་སྐུ་ཚེ་གང་བོར་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་པ་དང་མཛད་རྗེས་བཞག་་ནས་འགྲོ་བ་ནི་སེམས་ཕམ་དགོས་ཞིང་མ་ཡིན་ནོ་། བོད་ནང་ལ་ན་གཞོན་རྣམས་ཀྱིས་དོན་མེད་རང་སྲོག་གཏང་བ་ནི་སུ་གང་ལ་ཕན་མེད་པ་ཧ་ཅང་སྐྱོ་པོ་རེད་
བསམ་གྱི་འདུག་། ད་ལྟར་བར་དུ་འབྲས་བུ་གང་ཡང་བྱུང་མེད་པ་རེད་ཧ་ཅང་སེམས་ཕམ་པ་བྱུང་
དམ་ཁོང་ལ་མྱ་ངན་ཞུ། ཨོཾ་མ་ཎི་པདྨེ་ཧཱུཾ། སེམས་ཁྲལ་ཞིག་ཡོད་པ་ནི་བར་རྡོའི་འཕྲེང་ལམ་ན་གུ་ཐང་ཚུལ་ཁྲིམས་ཀྱིས་སྒུག་བསྡད་མེད་པར་ཤོག། བླ་མ་དཀོན་མཆོག་གི་མཁྱེན་ནོ།།
ཨོྃ་མ་ཎི་པདྨེ་ཧཱུྃ། ཚང་མ་འདི་ལྟར་འགྲོ་དགོས་པ་རེད། ཡག་པོ་བྱས་ཡོད་ན་ཡར་ལ་འགྲོ་གི་རེད། ལན་ངན་བསག་ཡོད་ན་མར་ལ་འགྲོ་གི་རེད། ཡོད་ཚད་སོ་སོའི་སེམས་ལ་རག་ལས་ཙང་། ང་ཚོའི་མཐོ་བཤད་མདའ་བཤད་ལ་ཆོད་རྐང་གཅིག་ཡོད་ནི་རེད།
ཧ་ཧ་ཧ། ཆོས་འཛིན། ཧཧཧཧཧ
༄༅། །ཆེས་བཀུར་བར་འོས་པའི་ཞིང་གཤེགས་དམ་པ་བཀའ་ཟུར་༧སྐྱབས་རྗེ་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེའི་སྐུ་ཚ་ལྷག་བསམ་ཤེས་འཇོན་མཚུངས་མེད་བློ་བཟང་ཐུབ་བསྟན་སོགས་བླ་བྲང་ཤུལ་བཞུགས་པ་ཡོངས་ཀྱི་ཞབས་དྲུང་དུ།
ཆེད་གསོལ།
བཀའ་ཟུར་དམ་པ་༧སྐྱབས་རྗེ་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་ནི་སྐུ་ཚེ་གང་ལ་༧གོང་ས་སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་རླབས་ཆེན་ཐུགས་དགོངས་ཟབ་མོ་གཞིར་བཟུང་། བོད་བསྟན་སྲིད་མི་རིགས་ཁོ་ནའི་ཆེད་སྐུ་ཚེ་ཧྲིལ་བོ་སྤྱི་དོན་དུ་བཏང་བའི་རང་རེའི་རླབས་ཆེན་རྒྱལ་གཅེས་མི་སྣ་ཆེས་རྩ་ཆེན་ཞིག་ཡིན་པར་བརྟེན། ཐེངས་འདིར་ཁོང་ཞིང་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་ནི་གང་གི་བླ་བྲང་དང་། དགའ་ཉེ་ཡུལ་ཕྱོགས་ཙམ་མིན་པར་རང་ཁོངས་མདོ་སྨད་ཆོལ་ཁ་དང་། དེ་མཚུངས་བོད་སྤྱི་ལ་སོས་ཐབས་བྲལ་བའི་གྱོང་གུད་ཚབས་ཆེན་ཞིག་ཡིན་པ་སྨོས་མ་དགོས།
འོན་ཀྱང་འཇིག་རྟེན་མི་རྟག་པའི་སྣང་ཚུལ་ནི་ཟློག་ཐབས་གཏན་ནས་མ་མཆིས་པས་བླ་བྲང་ཤུལ་བཞུགས་པ་རྣམས་སོགས་ཀྱིས་ཐུགས་ཕམ་ཆེན་པོ་གནང་བས་གང་ཡང་མི་ཕན་པས་ན། དེ་ལྟར་མི་གནང་བའི་རེ་གསོལ་ཞུ་རྒྱུ་དང་།
ང་ཚོ་ཤུལ་ལུས་པ་དག་གིས་ཀྱང་དམ་པ་ཁོང་གི་མཛད་རྗེས་ལ་ཡི་རང་ཞུས་ཏེ། མི་ཚེ་ཧྲིལ་པོར་སྤྱི་ཚོགས་ཞབས་ཕྱི་སོགས་ཁོང་གི་རྗེས་སུ་སློབ་རྒྱུའི་དམ་བཅའ་རེ་མི་རེའི་སེམས་ནང་འཇོག་གལ་ཆེ་བ་དང་།
ལྷག་ཏུ་དམ་པ་གང་གིས་རང་རེའི་སྤྱི་ཚོགས་ཆེད་འགོ་འཛུགས་གནང་ཟིན་པའི་རླབས་ཆེན་ཕྱག་ལས་གང་ཇི་སྙེད་ཅིག་འཕྲོ་ཅན་དུ་ལུས་ཡོད་པ་དེ་དག་ཁོང་གི་ཐུགས་བཞེད་ལྟར་ལེགས་འགྲུབ་འབྱུང་ཐབས་ལ་བརྩོན་རྒྱུ་ནི་སྐྱེས་མཆོག་གང་གི་ཐུགས་དགོངས་ཟབ་མོ་རྫོགས་བྱེད་དང་། ཆེས་ཐུགས་དགྱེས་པའི་དགོངས་རྫོགས་མཆོད་སྤྲིན་ལེགས་ཤོས་དེ་ཡིན་པ་མཁྱེན་པའི་སྒོ་ནས་དེ་ལྟར་བརྩོན་པ་གནང་སྐྱོང་ཡོང་བར་ཞུ་རྒྱུ་དང་། ལས་དོན་དེ་དག་གི་ཆེད་བླ་བྲང་ཞབས་འབྲང་པ་སོགས་འབྲེལ་ཡོད་སུ་ཞིག་གིས་བཀོད་མངག་བྱུང་ཡང་དམ་པ་གང་གི་བཀའ་དྲིན་དྲན་ཤེས་ཐུབ་པ་ཡོངས་ཀྱིས་རང་དོན་རང་གཅེས་ཀྱིས་འབད་བརྩོན་ལྷོད་མེད་དགོས་པའི་དྲན་བསྐུལ་དུ། མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ཕྱི་ལོ་༢༠༡༢ཟླ་༧ཚེས་༢༧ཉིན་ཕུལ།།
རྡོ་རྗེ་དབང་ཕྱུག་ལེགས། ཁྱེད་ཀྱི་བརྗོད་པ་རྣམས་ཀློག་བདེ་བ་དང་། རྣ་བར་འཇེབས་པ་ལ་རྗེས་སུ་ཡི་རང་། ལེགས་སྦྱང་གི་འབྲས་བུར་ངེས། ད་དུང་ཁྱེད་དགུང་ལོ་གཞོན་པས་བོད་ཀྱི་སྐད་ཉམས་པ་གསོ་བ་དང་། མི་ཉམས་གོང་འཕེལ་ལ་འབད་བཞིན་སྐུ་ཁམས་བདེ་བར་ཡིད་སྨོན་ཞུའོ།།
ཁོང་གི་རྣམ་ཐར་འབྲི་མཁན་ཞིག་ཡོད་ན་སྔོན་མ་ཆོལ་གསུམ་ཆིག་སྒྲིག་ཚོགས་པའི་ནང་དུ་ཞུགས་པའི་གནས་ཚུལ་རྣམས་ཁ་གསལ་ཞིག་འགོད་དགོས། དེར་ལྟ་འོས་པ་དང་དཔྱད་འོས་པའི་གནས་ཚུལ་མང་པོ་ཡོད། ང་ཚོས་མྱི་མྱི་ས་ནས་བཞག་སྟེ་ལོ་རྒྱུས་འབྲི་དགོས་པ་ལས་མྱི་བཙན་ཐབས་ཀྱིས་སངས་རྒྱས་སུ་སྒྱུར་མི་ཉན། དེ་ནས་ལོ་རྒྱུས་ཟེར་བ་ཞིག་རྙེད་རྒྱུ་མེད། དེར་བརྟེན་ཡག་ས་སྡུག་ས་གཉིས་ཀ་ནས་བཤད་དགོས་པ་རེད།
མྱ་ངན་གུས་དུད་ཞུའོ། །
ལ་དྭགས་བློ་བཟང་འཇམ་དཔལ་གྱིས་དག་ཡིག་ལ་མཁས་མདོག་གིས་བཀའ་བསྟན་ལས་ཞེས། ག་ས་གང་ལ་མ་དག་པར་བཤད་ཀྱི་འདུག བཀའ་བསྟན་ཚང་མ་ཡག་པོ་ཞིག་མཇལ་མྱོང་ཡོད་མེད་མི་ཤེས། ང་མཚམས་མཚམས་ལ་བགད་མོ་ཤོར་གྱི་འདུག དང་པོ་ཁྱེད་རང་གིས་ཡི་གེ་བྲིས་པ་རྣམས་ཞུ་དག་ལེགས་པ་ཞིག་བགྱིས་ཏེ་མི་གཞན་གྱིས་བྲིས་པ་དེ་འགྲིག་དང་མི་འགྲིག་བཤད་ན་ལེགས། དཔེར་ན། ཁྱེད་རང་གོང་དུ་རྡོ་རྗེ་དབང་ཕྱུགས་ལགས་ལ། རྡོ་རྗེ་དབང་ཕྱུག་ལེགས་ལ་བྲིས་ཡོད་པ་མ་ཡིན་ནམ།
མེས་དབོན་གོང་མའི་མཛད་རྫེས་དང་འབྲེལ་ཏེ་་་་་་་་་་་་་་་་་་་་དྲ་བརྒྱའི་ལམ་ནས་དགག་བཞག་སྤོང་གསུམ་གནང་རོག
བཀའ་ཟུར་རིན་པོ་ཆེ་སྐུ་གཤེགས་ཚེ་་་་་་་་་་་ཀརྨ་པ་མཁྱེན་ཞེས་འབོད་ན་་་་་་་་་་་་་་འོ་ན་ང་རང་ཚོ་གྲོང་ཚེ་ཞརྨ་པ་མཁྱེན་ཞེས་འབོད་དགོས་ཞརྨ་པ་་་་་་་་་་ཞརྨ་པ་ཞརྨ་པ་མཁྱེན་མཁྱེན་མཁྱེན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྐྱེས་ཆེན་དམ་པ་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་ཡིད་སྐྱོ་གནས་ཚུལ་གོ་མ་ཐག་ཏུ་ལམ་སང་ཡིད་ཆེས་བྱས་མ་ཐུབ་པ་བཟོ་འདྲ་བྱུང་སོང་།་རིན་པོ་ཆེ་མཆོག་ལ་མྱ་ངན་གུས་འདུད་ཆེན་པོ་ཞུ། སྐུ་ཚེ་གང་པོ་རྒྱལ་བ་ཡིད་བཞིན་ནོར་བུའི་རྗེས་སུ་འབྲངས་ཏེ་སྐུ་ལས་མང་པོ་བསྐྱོན་བར་བསྟོད་སྔགས་ཀྱི་མཆོད་པ་རྒྱ་ཆེན་པོ་འབུལ།གཞི་བྱེས་གཉིས་བར་ལ་ལོ་ངོར་༣༠་ལྷག་ཙམ་གྱི་ཟམ་པ་ཆེན་པོའི་ཕྱག་ལས་་གནང་སྟེ་འགྲུབ་འབྲས་མིག་མཐོང་ལག་སོན་བྱུང་བ་ལ་རྗེས་སུ་ཡིད་རངས་ཤུགས་ཆེན་པོ་སྒོམ།ཉེ་རིང་མེད་པར་ཀུན་ལ་མཐུན་
པོ་དང་ཚང་མ་ལ་སྙིང་རྗེ་ཆེ་ཞིང་ལྷག་པར་དུ་ཕྱིས་སུ་བོད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པ་རྣམས་ལ་
ས་ཕྱོགས་དང་ལུང་མཚམས་ཀྱི་ཁྱད་མ་འབྱེད་པར་རོགས་སྐྱོབ་དང་མགོ་འདྲེན་གནང་པའི་བླ་མ་བྱང་སེམས་ཅན་གྱི་མཛད་པ་དེ་དག་ཚང་མ་ལ་རྗེས་དྲན་དང་ཐུགས་རྗེ་ཆེ་གྲངས་མེད་ཞུ།རྒྱའི་ཕོགས་ཐོབ་ཆེན་པོ་ལ་ཁ་ཆུ་དང་
ལུད་པ་བཞིན་དོར་ཅིང་ནུབ་ཕྱོགས་རྒྱལ་ཁབ་ཏུ་སྐྱིད་པོར་བཞུགས་པའི་གོ་སྐབས་ག་ཚད་བྱུང་ཡང་མ་བཞེས་པར་རྡར་སར་བོད་སྐྱབས་བཅོལ་གཞུང་དེ་བློས་བཏང་མ་ཐུབ་པར་མེ་བཏང་ས་དེར་ས་ཚིག་པ་བྱས་ཞེས་བཤད་སྲོལ་ཡོད་པ་ལྟར་བོད་རྩ་དོན་ཐོག་རང་ཚིགས་བརྟན་པོར་གནང་བར་ཀུན་གྱིས་མཁྱེན་པར་གྱིས་ཞེས་འབོད་སྐུལ་ནན་ཏན་ཞུ།
ཁས་ལེན་རུང་མ་ལེན་རུང་བོད་མདོ་སྨད་ཡུལ་ལ་ཆ་མཚོན་ན་བོད་ཤོར་ནས་བཟུང་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ནང་བཞིན་ཨུ་ཚུགས་དང་ཐབས་ཇུས་ཀྱིས་བོད་ཀྱི་འདས་མ་ད་གསུམ་གྱི་ཆབ་སྲིད་ཀྱི་བདེན་དོན་
དང་ཐོབ་ཐང་རྩོད་མཁན་གྱི་མི་སྣ་ཞེ་དྲག་མང་པོ་བྱུང་མེད།
ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་མི་ཡུལ་ལས་ཞིང་གཞན་དུ་སྐུ་གཤེགས་པར་ཡིད་སེམས་ཤིན་ཏུ་སྐྱོ་བློ་
ཤིན་ཏུ་ཕམ་ཡིན་ནའང་རིན་པོ་ཆེ་མཆོག་གིས་བོད་དོན་ལ་སྐུ་ལས་བསྐྱོན་བཞག་པའི་རླབས་ཆེན་གྱི་མཛད་རྗེས་དེ་དག་ཁོང་ལ་རྒྱུས་མངའ་ཡོད་པ་དང་གུས་འདུད་ཞུ་མཁན་ཚང་མས་རྒྱུན་འཛིན་གནང་རྒྱུ་ནི་གདོན་མི་ཟའོ།
མཐར་སྐྱེས་ཆེན་དམ་པ་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་ལ་གུས་འདུད་མྱ་ངན་གྲངས་མེད་ཞུའོ།
ཐོས་བསམ་གླིང་པས་གུས་པ་ཆེན་པོས་བྲིས་ཏེ་ཕུལ
བོད་རྒྱལ་ལོ
སྐུ་ཚེ་གང་བོར་བོད་གཞུང་ལ་ཞབས་ཞུ་བྱས་བས་རྒྱུ་མཚན་གྱིས་ཞིང་གཤེགས་དམ་ཁོང་ལ་མྱ་ངན་ཞུ་རྒྱུ་ཡིན། མ་གཏོགས་གཞན་མི་ཤེས་གོང་ནས་(བཀྲ་ཤིས)་ཀྱིས་རྣམ་ཐར་ཞིག་བྲིས་ན་བཟང་ཟེར། རྣམ་ཐར་ཞིག་བྲིས་ན་མི་དེའི་བཟང་དང་སྐྱོན་གཉིས་ཆ་འབྲི་དགོས་རེད། གོ་ཐོས་ཡིན་ན་དམ་པ་ཁོང་ལ་གཉིས་ཆ་ཡོད་པ་འདྲ། ཚང་མ་ཞིག་བྲིས་ན་རྣམ་ཐར་ཏེ་ཡག་པོ་ཞིག་འུ་ཡོངས་བསམ།
སྙིང་རྗེ། ལོ་ཤས་སྔོན་ཨ་ལགས་ཁོང་ལ་གླུ་གར་བྱམས་ཟེར་བ་ནས་མ་ཉེས་ཁག་གཡོགས་ཀྱིས་གཏམ་འཆལ་ཞིག་བྱུང་སོང་།
བཀའ་ཟུར་ཁོང་ལ་མྱང་ངན་གུས་འདུས་ཡོད། དེང་སང་ཆོས་སྲིད་འདྲེས་མའི་སྐད་ཆ་མི་ཉུང་བ་ཞི་སླེབས་འདུག་སྙན། བོད་དོན་ཆོས་ཡིན་ཟེར་ནས་ཚིགས་སྦྲམ་པོ་རང་བཤད་ཀྱི་འདུག ཡ་བོད་དོན་ཆོས་ཡིན་ན་མགོན་པོ་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡོང་གཏི་མུག་གསུམ།། དེ་སྐྱེས་ལས་ནི་མི་དགེ་བ།། མ་ཆགས་མ་སྡོང་གཏི་མུག་མེད།། དེ་སྐྱེས་ལས་ནི་དགེ་བའོ།། ཞེས་གསུངས་འདུག་པས་དེ་གསུམ་གང་གི་སྒོ་ནས་སྒྲུབས་ཀྱི་འདུག་ལེགས་པར་སེམས་ཤིག གཞན་ཚིག་ལ་དགའ་ངེས་ཁག་གཅིག་གི་ཆོས་ཡིན་དང་ཡིན་དངོས་དངོས་མེད་ཐམས་ཅད་ཆོས་ཡིན་པས་སོ་སྙམ་ན། དེ་ལ་དུས་ནམ་ཡང་ལན་འདེབས་མེད་དོ།
ཁ་སང་གི་ཁྱོད
འཛུམ་མདངས་དང་དགོད་སྒྲའི་ཀློང་ནས
ང་དང་ངའི་ཕུ་ནུ་ཚོས་ལས་དབང་མཁན་ཁྱོད
ལོ་ངོ་བཞི་བཅུ
རི་ཁ་བ་ཅན་ལ་ལག་སྐྱེས་སུ་འབུལ་དུས
འཇིགས་པ་མེད་པའི་ཁྱོད
ས་ཡ་དྲུག་གི་སྐུ་ཚབ་དུ་ལངས་དེ
ལོ་ཟླ་ཞིག་གི་སྣེ་མོ་ནས
ཕ་ཡུལ་ཀྱི་བདེ་སྡུག་གི་ཆེད་དུ
མི་ཚེ་གཅིག་འདི་ལྟར་འབུལ་བ་གོ་དུས
རིན་པོ་ཆེ
ངའི་ཁྱོད་ཀྱིས་ཞལ་རུས་དེ་མཐོང་གིན་འདུག་ལ
ངའི་ཁྱོད་ཀྱིས་སྐད་ཆ་དག་དྲན་ཀྱིན་འདུག
དེའི་རྐྱེན་ཀྱིས
ཁ་སང་དེ་རིང
ང་དང་ངའི་སེམས་པ
མིག་ཆུ་ཞིག་མཉམ་ཏུ
ཧ་ཅང་ཉམས་ཆུང་ཆུང་ངང་ནས
ངུ་ཀྱིན་ཡོད
རིན་པོ་ཆེ
སྐྱེ་བ་ལ་མགོ་སྔ་ཡོད་ཀྱང
འཆི་བ་ལ་མགོ་སྔ་མེད་ཟེར་བའི་གཏམ་དཔེ་དེའི
ངའི་ད་གཟོད་གནས་ལུགས་ཞིག་དལ་ཀྱིས་རྟོགས་སོང་ལ
ངའི་ད་གཟོད་སྐྱེས་བུ་དམ་པ་ཁྱོད་དང་གྱེས་བ་ཡང་ཆོས་ཉིད་ཅིག་ཡིན་པ་ཡང་དྲན་སོང
རིན་པོ་ཆེ
དུས་ཚོད་ཞིག་གི་སྔ་གཞུག་ནས
ཁྱོད་འདི་ལྟར་ཆས་སོང་ཡོང
མི་རིགས་འདིའི་བདེ་སྡུག་གི་ཆེད་དུ
སྐད་ཡིག་འདིའི་ཆགས་འཇིག་གི་ཆེད་དུ
ཁྱོད་ཀྱིས་ལག་རྗེས་རེ་རེ
ང་དང་ངའི་ཕུ་ནུ་དག་གི་སེམས་ལ་བཟུང་ནས
སྙིང་ལ་བྲིས་ནས
སླར་ཡང
ཡང་སྤྲུལ་ཡིད་བཞིན་ནོར་བུ་ཞིག
ང་ཚོ་དང་ལྷན་འཛོམས་ཀྱིས་སྨོ་ལམ་སྙིང་ཁོངས་ན་འདེབས་བཞིན་ཡོད
མཚམས་ལན་རེར་ངའི་སེམས་པ་ནི་མཐོངས་ཡངས་པའི་ཨ་སྔོན་བཞིན་སུ་ཡང་དགའ་མགུར་དང་ཅི་བདེར་ལོངས་སྤྱད་ཆོག་ལ། སྐབས་ལན་རེར་ངའི་སེམས་ཁམས་ནི་འཇུར་མིག་ཏུ་དྲངས་པའི་བྱ་དངོས་བཞིན་ཅི་ཡང་བྱ་ལོང་མེད་ཅིང་གང་ཡང་བྱེད་དབང་མེད། འདི་ནི་སྤྱི་ཚོགས་ཤིག་གི་ཤུགས་རྐྱེན་ཡིན་ནམ། ཡང་ན། སུ་ཞིག་གིས་ང་ལ་བཏང་བའི་ཉེས་ཆད་རེད།
ཅི་ཞིག་བཤད་ཀྱང་ཆོག ཚིག་བརྒྱ་བཤད་རྩ་བ་མདོར་སྒྲིལ་ན། ད་བར་༧རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་བཀའ་དྲིན་ཚོར་ཏེ་བཀའ་དྲིན་རྗེས་དྲན་དང་། རླབས་ཆེན་གྱི་སྐྱེས་བུ་དེ་དག་གི་རྗེས་སུ་འབྲངས་དགོས་པའི་བསྐུལ་མ་དང་ཆབས་ཅིག གང་ཟག་རང་ངོས་ནས་ཀྱང་མི་ཚེ་ཧྲིལ་བོ་དེ་ལྟར་བསྐྱལ་བ་དེ་རླབས་ཆེན་རེད། དེ་ལྟ་བུ་སོགས་ཀྱི་རྐྱེན་གྱིས་ང་ཚོ་ཅི་འདྲའི་ཕངས་པ་དང་འདི་འདྲའི་སྐྱོ་གདུང་དང་རྗེས་དྲན་བྱེད་དགོས་པའི་རྒྱུ་མཚན་དེ་རེད།
དམ་པ་ཁོང་ལ་གང་ལྟར་མྱ་ངན་ཞུ་རྒྱུ་ཡིན། མི་ཞིག་ཡིན་ས་ནས་བཟང་སྐྱོན་གཉིས་ཡོང་ངེས་རེད། འདུས་བོ་དམ་པ་ཁོང་ལ་དམ་ཚིགས་ཡོད་མེད་དང་བྱས་རྗེས་ཡོད་མེད་དེ་བཤད་དགོས་བ་མ་རེད་ཚར་ཚར་བ་རེད། དགོས་པ་དེ་མ་ཎི་རེ་འདོན་རྒྱུ་གལ་ཆེན་ཡིན། ཨོཾ་མ་ཎི་པདྨེ་ཧཱུཾ། བདེ་བ་ཅན་དུ་སྐྱེས་བར་ཤོག།
བོད་རིགས་སྤུན་ཟླ་ཞིག་ཡིན་པའི་ཆ་ནས་དང་དེ་བཞིན་བོད་སྤྱི་པའི་དོན་ལ་ཕྱག་ལས་ཡུན་རིང་གནང་བར་གུས་འདུད་དང་མྱ་ངན་ཞུ། འོན་ཀྱང་མང་པོ་ཞིག་གིས་ཁོང་ནི་ཡོན་ཏན་དང་བྱས་རྗེས་ཀྱི་ཕུང་པོ་ལྟ་བུ་ཞིག་ལས་སྐྱོན་གྱི་ཆ་ཟུར་ཙམ་གླེང་མི་འདུག་པས་དྲང་བདེན་གྱི་ལོ་རྒྱུས་ཤིག་ཏུ་ངོས་འཛིན་ཐབས་བྲལ། དཔེ་མཚོན་ཁ་ཤས་ཤིག་ནི། མཚན་མོ་ཕལ་ཆེར་བུད་མེད་དང་མཉམ་དུ་སྐྱིད་ཉལ་རྒྱག་བཞིན་གྲ་ཆས་གྱོན་ནས་བཞུགས། གཞུང་སྒེར་མང་པོ་ཞིག་གི་མིང་སྤྱད་དེ་དགའ་ཉེ་སྤུན་མཆེད་དང་འདས་མ་ད་གསུམ་གྱི་གསང་ཡུམ་མང་པོ་ཞིག་ཁྲིམས་འགལ་ཐོག་ཕྱི་རྒྱལ་དུ་བཏང་། ཀུན་གཟིགས་པན་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཕེབས་སྐབས་རྒྱ་དགའ་ཡིན་ཚུལ་གྱིས་ངོ་རྒོལ་བའི་གཙོ་འགན་བཞེས། ཀླུ་མཁར་བྱམས་སོགས་ཉེས་མེད་ཉམ་ཆུང་དག་ལ་སྡིག་ར་གང་བྱུང་དུ་བཀོལ་བ་མང་པོ་ཡོད་པས་བཟང་རབས་རྐྱང་པ་བཤད་པས་ཟོལ་བསྟོད་ཙམ་ལས་དངོས་ཡོད་ཀྱི་ལོ་རྒྱུས་སུ་ཇི་ལྟར་རུང་། གང་ལྟར་མྱ་ངན་དང་གུས་འདུད་ཞུ། ཤུ་རེ།
དུས་དང་རྣམ་པར་ཀུན་ཏུ་ཨ་ལགས་ཀྱི་ཡང་སྲིད་མ་ཡོང་བའི་རེ་བ་ཡོད། རྒྱུ་མཚན་ནི་ཁོང་ལ་དབང་ཆ་ཡོད་པའི་སྐབས་ཨམ་མདོ་དང་ཁམས་པའི་བར་དུ་ཁྱོད་ཤི་ང་གསོན་གིས་འཐབ་འཁྲུག་འགོ་འཛུགས་པ་དེ་དང་ཆོལ་གསུམ་མཐུན་ར་གཏོར་རྒྱུ་བཅས་སྔར་གོང་དུ་བྱས་ཟིན་པར་དེ། ཡང་བསྐྱར་བྱེད་དུ་འཇུག་མཁན་ཞིག་བྱུང་ན་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདི་འཐོར་ཞིག་འགྲོ་བ་སྨྲོས་ཅི་དགོས། ད་ནས་ཡང་སྲིད་མ་ཡོང་བའི་སྨོན་ལམ་ཞུ།
ཨ་བླ་ཁོང་བཤེགས་པར་བློ་ཕམ་ཡོད། ཡིན་ན་ཡང་མི་ཚང་མ་རྒས་ནས་འགྲོ་དགོས་པ་དེ་འཇིགས་རྟེན་གྱི་རང་བཞིན་ལ་འགྱུར་བ་གཏོང་ཐབས་མེད། དེ་རིང་ཨ་བླ་དང་། སང་ཉིན་ང་ཚོ་ཡང་ལན་སྒྲིག་ནས་འགྲོ་རྒྱུ་རེད། ཉེ་ཆར་ཀུན་གཟིགས་མཆོག་གི་རྒྱལ་ཡུམ་མཆོག་ཀྱང་ཕེབས་པ་རེད། ཡིན་ན་ཡང་ཁ་བརྡའི་ནང་ཁོང་ལ་རྗེས་དྲན་གྱི་རྩོམ་མམ་གསར་འགྱུར་མཐོང་མ་སོང་། དེ་བས་ཨ་བླ་ཁོང་རྒྱབ་རྩ་མང་ས་རེད།
སྐད་ཆ་དྲང་མོ་ཤོད། ཨ་ལགས་འཇིགས་མེད་ཀྱིས་ཁམས་དང་ཨ་མདོའི་བར་འཐབ་འཛིངས་སློང་བ་དེ་འདྲ་གོ་མ་མྱོང་། བོད་གཞུང་གི་ལངས་ཕྱོགས་འོག་ཤར་སྐྱོད་གནང་མཁན་ཁམས་ཕྱོགས་ཀྱི་མགོ་ཁྲིད་ཚོར་འབྲེལ་བ་ཡག་པོ་འདུག་བསམ་སོང་། སྔོན་ཀུན་བཟང་བླ་མའི་རྙོག་དྲའི་སྐབས་དང་། ཆུ་བཞི་སྒང་དྲུག་གི་རྙོག་དྲའི་སྐབས་སོགས་སུ་༧རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་གཞུང་གི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་ཁ་གཏད་གཅོག་དགོས་སར་ཁ་གཏད་བཅག་པ་རེད། ཀུན་བཟང་བླ་མའི་རྙོག་དྲའི་སྐབས་དེར། འཇུ་ཆེན་དང་ཨ་ལགས་གཉིས་ཀ་བཀའ་ཤག་ནང་ཡོད་པ་རེད། ཁོང་གཉིས་ཀའི་བསམ་ཚུལ་ཐ་དད་དུ་གྱུར་ནས་སེལ་ཐུབ་པའི་རྙོག་དྲ་དེ་སེལ་མ་ཐུབ་པར་ཆེ་རུ་ཕྱིན་པ་རེད། དེ་སྐབས་གནས་ཚུལ་ཛ་དྲག་ཏུ་ཕྱིན་ནས་འཇུ་ཆེན་གྱིས་ཁམས་ཀྱི་ཕོ་སར་དེ་འདྲ་སྐུ་སྲུང་ལ་ཉར་བ་དང་ཨ་ལགས་ཀྱིས་ཨ་མདོའི་ཕོ་སར་དེ་འདྲ་སྐུ་སྲུང་ལ་ཉར་དེ་འདྲ་བྱས་བཞག དེ་ནི་ཆོལ་ཁའིརྙོག་དྲ་མ་རེད། འཇུ་ཆེན་གྱིས་མཚོན་པའི་ཁམས་ཕྱོགས་ཀྱི་མི་སྐོར་ཅིག་གི་ཁ་གཏད་དུ་ལངས་པ་ཞིག་རེད། ཨ་ལགས་དེ་སྐབས་བདེ་སྲུང་བཀའ་བློན་ཡིན་བསམ་སོང་། ཀུན་བཟང་བླ་མས་བོད་གཞུང་གིས་ཐེ་ཝན་གྱི་ཕོགས་ཟ་གི་ཡོད་ཚུལ་འདྲ་བོ་ཞིག་བཤད་ནས་གང་སར་ཡི་གེ་སྦྱར་བ་རེད་བསམ་སོང་། དེའི་ནང་བདེ་སྲུང་ལས་ཁུངས་དང་ཨ་ལགས་འཇིགས་མེད་ཀྱི་མིང་བཀོད་ཡོད་པ་འདྲ་ཞིག་དྲན། དེའི་སྐབས་ཀྱི་གསར་འགྱུར་ཁག་ལྟར་ན། ཀུན་བཟང་བླ་མ་ཟེར་བ་འདི་ཐེ་ཝན་གྱི་ཕོགས་ཟ་མཁན་དེ་འདྲ་མི་ཡག་པོ་ཞིག་མིན་པའི་མཐོང་ཚུལ་ཞིག་ང་ལ་སྤྲད་འདུག ཡིན་ན་ཡང་། ཁོའི་རྙོག་དྲའི་འབྲས་བུར། རྒྱ་རི་པདྨ་རྒྱལ་པོས་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་བ་དང་ཆད་པའང་བཅད་པ་རེད་བསམ་སོང་།
དོན་དག་ཆུང་ཆུང་ཞིག་བཀའ་ཤག་ནས་ཐག་གཅོད་བྱེད་མ་ཐུབ་པར་ཕྱོགས་གཉིས་སུ་གྱེས་ཏེ་དོན་དག་ཆེན་པོ་ཆགས་པ་སོགས་ཀྱིས་༧རྒྱལ་བ་རིན་པོ་ཆེས་དེའི་སྐབས་ཀྱི་བཀའ་ཤག་ལ་དགོངས་པ་སྤྲད་དེ་བཀའ་ཤག་གསར་འདེམས་བྱས་ཏེ་སྔོན་མ་ལས་ཡར་རྒྱས་ཕྱིན་པ་རེད། ཀུན་བཟང་བླ་མ་དེ་བོད་གཞུང་ལ་མི་དགའ་མཁན་སྡུག་ཅག་ཅིག་ཏུ་བརྩི་ནའང་ལྡོག་ཕྱོགས་ནས་བོད་གཞུང་གི་ལས་ཀ་བྱེད་སྟངས་ལའང་གྲུབ་འབྲས་ཤིག་བྱུང་ཡོད་པར་འདོད།
འཇུ་ཆེན་ཐུབ་བསྟན་དང་ཆུ་སྒང་རྙིང་པ་དེ་ཨ་མདོ་དང་དབུས་པ། ཁམས་ཀྱི་ཕལ་ཆེར་ཕྱེད་ཀ་ཙམ་ཞེས་བཤད་ན་ཏག་ཏག་ཅིག་ཡིན་མིན་མི་ཤེས་ཀྱང་བཙན་བྱོལ་བོད་མིའི་ནང་མཐོང་ཚུལ་ཡག་པོ་ཞིག་མེད་པ་ཡོངས་གྲགས་ཡིན་པ་ལྟར་རེད། ཨ་ལགས་འཇིགས་མེད་ཀྱིས་ཛ་དྲག་གི་གནས་ཚུལ་འདི་དག་བྱུང་སྐབས་བོད་གཞུང་གི་ལངས་ཕྱོགས་བརྟན་པོར་བཟུང་བ་རེད། དེ་ནི་ཡག་པོར་མཐོང་། གཞན་གཞིས་ལུས་མདོ་སྨད་དུ་རང་དབང་བརྩོན་ལེན་བྱེད་པ་ལ་ཨ་ལགས་འཇིགས་མེད་ཀྱིས་ས་བོན་གྲུང་པོ་ཞིག་བཏབ་ཅིང་ནུས་པ་ཆེན་པོ་ཞིག་བཏོན་ཡོད་པ་རེད་བསམ།
ཆོལ་ཁའི་ཕྱོགས་ཞེན་ཟེར་བ་དེ་ལའང་བསམ་ཞིབ་བྱས་ནས་སྐད་ཆ་བཤད་ན་བཟང་གི སྔོན་ཞིག་ལ་ཀོང་པོ་མདོ་སྟོད་ཁོངས་ཡིན་པའི་རྙོག་དྲ་ཞིག་བྱུང་འདུག དེ་ནི་མདོ་སྟོད་ཀྱི་མི་ཉུང་ཤས་ཀྱིས་བྱས་པའི་རྙོག་དྲ་ཞིག་རེད་འདོད། དེ་ནས་ཀུན་བཟང་བླ་མའི་རྙོག་དྲ་བྱུང་བ་རེད། དེའང་མི་ཉུང་ཤས་ཤིག་ལས་མདོ་སྟོད་ཚང་མ་ཡིན་རྒྱུ་མ་རེད། རྗེས་སུ་ཆུ་བཞི་སྒང་དྲུག་གི་རྙོག་དྲ་བྱུང་བ་རེད། དེ་ལའང་མདོ་སྟོད་མི་དམངས་མང་ཆེ་བས་ངོ་རྒོལ་བྱས་པ་རེད། དེས་ན་ད་བར་ཆོལ་ཁའི་རྙོག་དྲ་ཟེར་ནས་རྙོག་དྲ་ཆེན་པོ་ཞིག་ཡོད་པ་ལྟར་བཤད་པ་དེ་ནི་དེ་འདྲའི་དོན་ལ་གནས་པ་ཞིག་མིན་པ་འདྲ། རྙོག་དྲ་དེ་ནི་ཆོལ་ཁ་ཕྱོགས་གཅིག་ནས་ཡོང་ཞིང་དེ་ཡང་མི་གཙོ་བོ་ཉུང་ཤས་ཤིག་ནས་བྱུང་བར་འདོད། ཆོལ་ཁ་གཞན་པའི་ནང་དེ་ལ་གདོང་ལེན་བྱེད་མཁན་རྣམས་ཆོལ་ཁའི་ཕྱོགས་ཞེན་མ་རེད། དེ་ནི་ཆོལ་གསུམ་གཅིག་གྱུར་གྱི་ཆེད་དུ་རེད། ཡིན་ནའང་། གཟབ་གཟབ་བྱེད་དགོས་པ་ཞིག་ནི། མི་སྒེར་བ་རེ་ཟུང་དང་མི་ཉུང་ཤས་ཤིག་གི་རྙོག་དྲ་དེ་ཆོལ་ཁའི་རྙོག་དྲར་འགྱུར་གྲབས་བྱེད་ཀྱི་མི་འདུག་གམ། ཉེ་སྔོན་སྤྱི་འཐུས་ནང་བྱུང་བའི་མདོ་སྟོད་སྤྱི་འཐུས་གཅིག་གི་གནམ་གྲུའི་རིན་གོང་ལ་རྩོད་ནས་མདོ་སྟོད་ཀྱི་སྤྱི་འཐུས་ཁ་ཤས་ཤིག་གྲོས་ཚོགས་ནས་ཕྱི་རུ་ཐོན་ཕྱིན་པ་དེ་ནི་དཔེ་མཚོན་གསལ་ཤོས་ཤིག་རེད།
ཨ་ལག་ཚག་གིས་སྔོན་མ་པཎ་ཆེན་རིན་པོ་ཆེ་བལ་ཡུལ་ལ་ཕེབས་དུས་གཞུང་འབྲེལ་ཐོག་ནས་ངོ་རྒོལ་བྱས་རབས་རེ་ཐོས་པའི་དངོས་གནས་ཡིན་མིན་ཤེས་མཁན་ཡོད་ན་འབྲེལ་བཤད་ཅིག་གནང་རོགས་ཞུ།
དེ་མིན་དྷ་སའི་ཨ་མ་ཚང་མ་ལ་མྱ་ངན་གུས་འདུད་ཞུ། ད་སྐམ་པ་ཆགས་འགྲོ་བ་ལས་ཐབས་གཞན་ཅི་ཡོད་མ་རེད། ཨ་ལག་འདི་བ་ཚང་རྒྱོ་རྒྱག་དགོས་ན་དྷ་ས་ན་སྐད་གྲགས་ཡོད་འདུག །ཉིན་མོ་ཆོས་གོས་སེར་ཤར་རེ། མཚན་མོ་ནག་མོ་རྒྱོ་ཤར་རེ།
༸གོང་ས་མཆོག་གི་༸སྐུ་ཚབ་བྱས་ནས་བལ་ཡུལ་དུ་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་ངོ་རྒོལ་བྱས་པ་ཞེས་པ་འདི་ལ་ཡིད་ཆེས་གཏན་ནས་མེད་ལ། དགེ་སློང་ཞིག་གིས་མཚན་མོ་བུད་གཅིག་དང་མཉམ་དུ་ཉལ་པོ་བྱས་ན། མི་མ་འཆི་གོང་ནས་གྲྭ་ཆས་ཕུད་མ་ཐུབ་པ་དེ་མི་མང་གིས་ཀྱང་ནོར་བ་མིན་ནམ། ད་གཤེ་བས་སུ་ལ་ཕན་ནམ། གནས་ཚུལ་གཞན་ཤེས་ཀྱང་མི་ཤེས། ངན་སྐྱུག་ཁྲོན་པ་སློང་འདོད་མེད་ལགས། ལས་བྱེད་པ་ཅིག་ཡིན་པའི་ཆ་ནས་འདས་པོར་མྱ་ངན་གུས་དུད་ཡོད།
གོང་དུ་དྲ་གྲོགས་འགས་གསུངས་པ་ལྟར་རེད། ཀུན་བཟང་བླ་མས་ཐེ་ཝན་བོད་སོག་ལས་ཁུངས་ནས་ཕོགས་བཟས་པར་བརྟེན་དེ་དང་བོད་གཞུང་བར་རྙོགས་གྲ་བྱུང་བ་རེད། དེ་ལ་༧གོང་ས་མཆོག་ཀྱང་ཐུགས་མཉེས་པོ་མེད་པ་རེད། དེ་བཞིན་ཨ་ལགས་འཇིགས་མེད་ཀྱིས་ལི་ཐང་ཨ་ཐར་གཙོས་ཆུ་བཞི་རྙིང་པའི་བྱེད་འཛོར་ལ་ཁ་གཏད་བཞག་ཡོད་པ་རེད། ཁ་གཏད་གཅག་དགོས་དོན་ནི་སྐབས་དེར་ཆུ་སྒང་གི་ལི་ཐང་ཨ་ཐར་ཅན་སོགས་ཀྱིས་ཐེ་ཝན་བོད་སོགས་ལས་ཁུངས་དང་མདོ་སྟོད་གཉིས་བར་ཆིངས་ཡིག་བཞག་ཏེ། དེ་ལ་རྒྱབ་སྐྱོར་ཐོབ་ཆེད་༧གོང་ས་མཆོག་ལ་མཇལ་ཞུས་ཀྱིས་ཁོང་ཡང་དབུ་སྐོར་གཏོང་ཐབས་བྱས་པར་དབུ་སྐོར་གཏང་མ་ཐུབ་པར་མ་ཟད་༧གོང་ས་མཆོག་གིས་ཐུགས་ཕམ་ཚད་མེད་དང་བཅས་ཏེ། ཁྱེད་ཚོས་ང་ལ་སྔོན་ལ་སྐད་ཆ་དྲིས་ན་འགྲིགས་པ་རེད། ལས་ཀ་ཆ་ཚང་བྱས་ཚར་རྗེས་ནང་ཚགས་ཡིན་མདོགས་མདོགས་བྱས་ན་དེ་ང་མགོ་སྐོར་གཏོང་ཐབས་རེད། ང་ལ་བོད་སྤྱི་བའི་འགན་ཡོད་ཕྱིར་དེའི་རིགས་ལ་ང་གཅིག་པུས་ངོས་ལེན་ཞུས་པས་འགྲིག་གི་མ་རེད། ནང་ཚགས་བྱས་ན་མི་འགྲིག། ངས་ཡིག་ཆ་འདི་ཚོ་བཀའ་ཤག་དང་། སྤྱི་འཐུས་ལ་སྤྲད་གི་ཡིན། ད་ཁྱོད་ཚོ་ཕར་རྒྱུགས་ཤིག་གསུངས་པ་རེད། དེ་དུས་ཟམ་གདོང་སྤྱི་འཐུས་ཚོགས་གཙོ་དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་རེད། བཀའ་སྤྱི་གཉིས་ཀྱིས་གཙོས་དེའི་སྐབས་ཀྱི་ཟམ་གདོང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཨ་ལགས་འཇིགས་མེད་ལྷུན་གྲུབ། དབུས་གཙང་སྤྱི་འཐུས་སྐུ་ངོ་ཟླ་བ་ཚེ་རིང་སོགས་མདོ་དབུས་ཁམས་གསུམ་གྱི་རྒྱལ་ཞེན་ལྷག་བསམ་ཅན་ཚང་མ་གཅིག་གྱུར་གྱིས་ལི་ཐང་ཨ་ཐར་ཅན་སོགས་ཀྱིས་བྱེད་སྟངས་དེ་ནོར་འཁྲུལ་ཚབས་ཆེན་ཡིན་པར་ཐག་བཅད་དེ། ངོ་རྒོལ་བྱས་པ་རེད། འོན་ཀྱང་མི་སྐོར་ཞིག་གིས་དེར་འཁོན་ལན་ཀློག་ཕྱིར་བཟོ་ལྟ་གཞན་ཞིག་བཟོས་ཏེ། ཟམ་གདོང་དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཨ་ལགས་འཇིགས་མེད། ཐད་བསྐོས་སྤྱི་འཐུས་ཟླ་བ་ཚེ་རིང་སོགས་མདོ་སྟོད་ལ་མ་དགའ་བས་རེད། ཟེར་བ་དང་། དེ་ཚོས་ཁམས་པའི་ནང་དཀྲུགས་ཤིང་རྒྱག་གི་ཟེར་བ་སོགས་ད་ལྟ་འང་བཤད་བསྡད་པ་རེད། དོན་ལ་དེ་འདྲ་མ་རེད་དོ། བཤད་བསམ་ན་སྔ་ཕྱིའི་གནས་ཚུལ་ཆ་ཚང་ཤེས་དགོས་པ་རེད། འོན་ཀྱང་ལི་ཐང་ཨ་ཐར་ཕྱོགས་ཁག་གིས་ཟམ་གདོང་དང་། བཀྲས་མཐོང་། ཨ་ལགས་འཇིགས་མེད་སོགས་ལ་མིང་ཆད་འདྲ་བཟོ་ཨེ་ཐུབ་བལྟས་པ་ཙམ་ལས་འཁོན་ལན་ཀློག་ཐུབ་མེད་པ་རེད། འོན་ཀྱང་དེ་རྗེས་བྱ་དུར་བཟང་པོ་ཁྲིམས་དཔོན་ཆགས་སྐབས་དེའི་གོ་སྐབས་དམ་འཛིན་གྱིས་ཨ་ཐར་ཕྱོགས་གཏོགས་ཚོས་དབུས་གཙང་གི་ཡབ་ཆེན་པ་སངས་ཚེ་རིང་ཟེར་བ་དེ་བེད་སྤྱད་ནས་སྐུ་ངོ་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་ཟས་བྱས་སོང་ཟེར་བའི་ཁ་མཆུ་བཙུགས་བཅུག་པ་དང་། དེ་མ་ཐག་སྐུ་ངོ་འཇུ་ཆེན་གྱིས་ལམ་སྟོན་ལྟར་ཁྲིམས་དཔོན་བྱ་དུར་བཟང་པོས་ཟླ་བ་ཚེ་རིང་གིས་ནག་ཉེས་ཚབས་ཆེན་རེད། ཅེས་དྲང་བདེན་མིན་པའི་ཐག་གཅོད་བྱས་པ་རེད། དེ་བཞིན་སྐབས་དེའི་ལི་ཐང་ཨ་ཐར་ཅན་ལ་ངོ་རྒོལ་བྱེད་མཁན་སྨར་ཁམས་ཕུ་བ་དཔོན་སོགས་ཆུ་སྒང་གསར་བ་ཡང་ཁྲིམས་འགལ་རེད། ཅེས་འཇུ་ཆེན་གྱི་ལམ་སྟོན་ལྟར་ཁྲིམས་དཔོན་བྱ་དུར་བཟང་པོས་ཐག་བཅད་པ་རེད། གྲོགས་པོ་ཚོ་དངོས་ཡོད་གནས་ཚུལ་དེ་འདྲ་རེད། ད་དུང་དགོས་ན་མང་ནི་རེད། རེ་རེ་བཞིན་བཤད་ཆོག སུ་ཡིན་ན་དྲང་མོ་ཤོད་མ་གཏོགས་ལས་རྒྱུ་འབྲས་ཟེར་བ་དེ་ཡོད་པ་རེད། དེས་ང་ཚོ་གང་བསམ་བསམ་ས་ལ་གཏང་གི་མ་རེད། དེ་ཡང་ཤེས་པར་གྱིས།
གོང་གི་མཆན་ལ་དཔྱད་དུས། ཨ་ལགས་གྲྭ་པ་བྱས་ཀྱང་གྱོང་རག་མི་འདུག
ཤི་པོ་ཁོང་ལ་ཤི་བའི་རྗེས་སུ་རྣམ་ཐར་ཡ་མཚན་ཞེ་དྲག་འདུག གོང་ས་མཆོག་གི་སྐུ་ཚབ་བྱས་ནས་བལ་ཡུལ་དུ་ཕྱིན་པ་དང་།དར་ནག་ཁྱེར་ནས་པན་ཆེན་རིན་པོ་ཆེ་མཆོག་ལ་ངོ་རྒོལ་བྱས་ཡོད་པ་བདེན་པ་རེད། པན་ཆེན་མཆོག་བློ་ཕམ་ངང་ཕྱིར་ལོག་བྱས་དགོས་བྱུང་པ་རེད། གནས་ཚུལ་དེ་དག་དངོས་བྱུང་དྲང་བདེན་ཞིག་ཡིན་པ་བལ་ཡུལ་རྒན་རབས་འགའ་ཤས་ལ་གསལ་བར་བཤད་རྒྱུ་ཡོད། གོང་ས་མཆོག་དང་གཞུང་འབྲེལ་ཐོག་པན་ཆེན་མཆོག་ལ་ངོ་རྒོལ་བྱས་དགོས་དོན་གང་ཡིན་ནམ། ཡ་མཚན་ཡ་མཚན།
༧པཎ་ཆེན་རིན་པོ་ཆེ་མཆོག་བལ་ཡུལ་ལ་ཕེབས་དུས་གཞུང་འབྲེལ་ཐོག་ནས་ཁོང་ལ་ངོ་རྒོལ་བྱས་དགོས་དོན་ནི། བོད་པ་ཚང་ལ་བླ་མ་གཅིག་མ་ཏོགས་མི་དགོས་པར་འདོད་མཁན་ཚོའི་ཕྲག་དོག་དབང་གིས་ཡིན་ནམ་སྙམ། རྒྱུ་མཚན་གཞན་ཡོད་ན་གསུངས་རོགས།
ཁོང་ལ་དུག་ཕུལ་མཁན་ཡང་ཁོ་ཚོ་ཡིན་སྲིད།
ཨ་ལག་་སྤྲུལ་སྐུ་རབ་བྱུང་མ་ཡིན་ན་རབ་བྱུང་གི་ཆས་གྱོན་ཡ་དེ་འོས་པ་ཞིག་མ་རེད་
པཎ་ཆེན་བླ་མ་ལ་བོད་གཞུང་གི་ངོ་རྒོལ་བྱས་རབ་ཞིག་ཐོས་མྱོང་། གང་ལྟར་བཟང་ངན་ཅི་ན་ཧ་གོ་དགོས་པ་དེ་གལ་ཆེ་པོ་རེད་སྙམ་
པན་ཆེན་བླ་མ་ལ་རྒོལ་བའི།།
བྱེས་ཀྱི་སྐུ་དྲག་གི་འཁྲབ་སྟོན།།
ཐབས་ཇུས་ངན་གཤམ་གྱི་ནག་ཉེས།།
བཀབ་ན་ཁེབས་རང་ཨེ་ཡོད།།
་ནོར་བཅོས་་ཁེབས་ཐབས་
ད་སྐད་ཆ་མང་དུ་མང་དུ། མདོར་བསྡུས་ན་སྐུ་ཚེ་གང་པོ་བོད་དང་བོད་ཀྱི་ཨ་མ་རྣམ་པར་ཞབས་ཕྱི་ཧུར་ཐག་ཞུས་ཚོད་འདུག གང་ལྟར།
སྐུ་ཚེ་གཞན་དོན་ལ་བཏང་བའི། །
ཨ་ལགས་བགྲེས་པོ་ལ་གུས་སོ། །
དམ་པ་ཁོང་སྐུ་གཤེགས་པར་མྱ་ངན་གུས་འདུད་དང་། བོད་བསྟན་སྲིད་ཆེད་མཛད་རྗེས་རླབས་ཆེན་རིམ་ཅན་དུ་བཞག་པར་བཀའ་དྲིན་རྗེས་དྲན། མ་འོངས་པར་ཡང་སྔར་བཞིན་བསྟན་འགྲོའི་དོན་རླབས་ཆེན་མཛད་ཐུབ་པའི་ཡིད་ཆེས་དང་རེ་སྨོན་བཅས་ཞུ་རྒྱུ་ཡིན།
ཨ་ལག་འཇིག་མེད་ལགས་འདས་རྗེས་སུ་སྐད་ཆ་མང་པོ་བཤད་པས་དགོས་པ་མེད། ཁོང་བཞུགས་པའི་སྐབས་ནས་ཆོལ་ཁ་བར་ཕྱོགས་ཞེན་དང་། ལྷག་པར་དུ་མདོ་སྟོད་སྨད་བར་རྩོད་གླེང་གི་བྱེད་གཏེར་དང་མདོ་སྨད་ཕྱོགས་ཐེན་གྱི་སློབ་དཔོན་དེ་ཡང་ཁོང་རེད། དགེ་ལུགས་པའི་བླ་གྲྭའི་རྣམ་པའི་འོག་ནས་བེུད་དང་ལྷན་དུ་ཉིན་མཚན་སྤྱོད་མཁན་དེ་ཁོང་གཅིག་པུ་ཡིན་སྲིད། ང་ནི་ཁོང་ལ་སྔ་མོ་ནས་དད་པ་མེད་ལ། ཐ་ན་ཆོས་པ་ཞིག་གི་འདུ་ཤེས་ཡང་མེད། ཡིན་ངོ་མ་ནི་སྲིད་དོན་པ་ཨ་ན་མ་ན་ཞིག་རེད། ད་མང་པོ་མི་བཤད།
གྲྭ་ཆས་གྱོན་ནས་སྲིད་ཀྱི་ལས་ཁ་བྱེད་མཁན་ཚོ་ཕལ་ཆེར་དེ་འདྲ་སྲིད། ཤི་བའི་རྗེས་སུ་གྲྭ་པ་ཡིན་མིན་བཤད་དགོས་དོན་མི་འདུག གཤིན་རྗེ་ཆོས་རྒྱལ་གྱིས་དྲང་པོ་བྱེད་ཀྱི་རེད། སྡིག་ཅན་དེ་འདྲ་རིགས་དུས་ནམ་ཡང་མི་ཡུལ་མ་གཏོང་བར་ཤོག།
བསྟན་འཛིན། ༼ ཐ་ན་ཆོས་པ་ཞིག་གི་འདུ་ཤེས་ཡང་མེད༽ ཆོས་པ་ཐ་མ་ལ་བཞག་ན་སྟེང་མ་དེ་ཁྱོད་ཀྱི་རྐུབ་དེ་ཡིན་འགྲོ
རིན་པོ་ཆེ་ཁོང་ཞིང་གཞན་དུ་གཤེགས་པར་མྱ་ངན་དང་གདུང་སེམས་ཡོད། ཁོང་གི་སྐུ་ཚེ་ཧྲིལ་བོ་བོད་དོན་དུ་བསྟིམས་པ་ནི་གཟི་བརྗིད་རེད་ལ། དགའ་མོས་དགའ་སྡུག་རེ་འགའ་བཤད་རྒྱུ་ཡོད་པ་ནི་སྲིད་དོན་པ་སུ་ལའང་ཡོད་པ་ཞིག་ཡིན་པས། སྐུ་གྲོངས་ཚར་བའི་རྗེས་སུ་དེ་དག་ཤུགས་ཆེན་མི་གླེང་བའི་རེ་བ་ཡོད།
ད་ནས་ཤི་ཟིན་པའི་མི་ལ་རེ་བ་གང་ཡང་མེད།འཚོ་བཞུགས་མཆིས་པའི་གྲྭ་ཆས་གྱོན་པ་རྣམས་ཀྱིས་དེ་འདྲ་མི་གནང་བའི་རེ་བ་ཡོད།
ཨ་ལགས་འཇིགས་མེད་མཆོག་གིས། དཀའ་ལས་ཀྱང་བརྒྱབ་འདུག།། གཞན་ལ་ཕན་པ་ཡང་བསྒྲུབས་འདུག སྐྱིད་པོ་ཀྱང་བཏང་འདུག། འགྲིགས་བཞག། མི་ཟེར་མཁན་འདི་ཚང་མ་བྱེད་ཐུབ་མཁན་ཞིག་དགོས་རེད།
ཀུན་གཟིགས་མཆོག་བལ་ཡུལ་དུ་ཕེབས་སྐབས་བོད་པ་ཚང་གི་ཞབས་འདྲེན་ཞུས་པ་རྣམས་གསལ་གསལ་ཐིང་ཐིང་ནས་མཁྱེན་དགོས་ན་མདུན་མཆོངས་དཔའ་བོ་དང་། རྒྱབ་ཀྱི་འཇུས་སྟོན་པ། ལས་དོན་དངོས་བཅས། བཤད་རྒྱུ་ཡོད་གོ་སྐབས་མཚམས་ས་ཞིག་ལ་ཞུས་ཆོག
རང་གྲོལ་ལེགས། མིང་གི་རྗེས་སུ་ཆེ་སྟེགས་ཆེད་ལེགས་ཞེས་འདོན་པ་དང་། ལེགས་ཞེས་འབྲི་བ་བོད་ཀྱི་ལུགས་ཡིན། ཕྱིས་སུ་སྒྲ་གདངས་ཉམས་ཆག་གྱུར་པའི་རྐྱེན་གྱིས་དབུས་གཙང་སོགས་ལུང་པ་འགའ་ཞིག་ལ་ཨེ་ཡིག་ཨ་རུ་འདོན་ཅིང་འབྲི་བ་དང་། ཨ་ཡིག་ཨེ་རུ་འདོན་ཅིང་འབྲི་བ་འདུག་ཅེས་ཁོ་བོས་ལན་ཅིག་མ་ཡིན་བྲིས་ཡོད། བོད་ཀྱི་ཡུལ་མཐའ་ན་ཡོད་པ་རྣམས་སུ་སྒྲ་གདངས་འདོན་ཚུལ་ཉམས་ཆག་མེད་པས། མིང་གི་རྗེས་ལ་ཆེ་སྟེགས་ཆེད། ལེགས། འདོན་ཅིང་འབྲི། དེ་མ་ཡིན་པ་མ་དག་པ་ཡོད་ངེས། ཁྱེད་ཀྱིས་སྟོན་ན་དགའ་བསུ། ངས་འདི་ལྟར་བྱེད་པ་ང་ཤེས་ཁུངས་ཀྱིས་མ་ཡིན། གཞན་སུས་ཀྱང་བོད་ཀྱི་དག་ཆ་འདོན་སྟངས་དང་། འབྲི་སྟངས་ལ་སོ་སོའི་ཁ་ནས་གང་འཐོན་པ་དེ་གཙོ་ཆེ་བར་འཛིན་པས་བོད་ཀྱི་དག་ཆ་རྣམས་ཇེ་སྡུག་ཏུ་འགྲོ་བ་ལས་སྐྱོབ་པའི་ཕྱིར་དུ་ཡིན་པས། ཁྱོད་རྣམ་པྱོད་ཀྱིས་དབེན་པ་བགད་མོ་ཤོར་ཀྱང་བྱ་ཐབས་ཟད་དོ།།
མི་ཚེ་རིང་ན་གོ་རྒྱུ་མང་ཟེར་བ་དེ་བདེན་པ་འདྲ། ཨ་ལགས་ཁོས་ན་ཉིང་༢༠༡༡ལོར་ཀླུ་མཁར་བྱམས་རྒྱ་གར་ཁྲིམས་ཁང་ལ་གཏུགས་ནས་རྒྱ་གར་རོ་པིས་འབུམ་༡༥དགོས་ཟེར་ནས་།ད་ལོ་༢༠༡༢ལོའི་ལོ་འགོ་རྒྱ་གར་ཁྲིམས་ཁང་ནས་ཕྱིར་འཐེན་གྱིས་པོད་གཞུང་ཁྲིམས་ཁང་ལ་གཏུགས་ནས་བཞག་ཡོད་པ་རེད།ཨ་ལགས་ལ་ལས་ཀ་དེ་འདྲའི་རིགས་མང་པོ་རེད།ད་འགྲོ་སོང་ན་མ་འཕྱི་ན་སྔ་མི་འདུག
གོང་དུ་མཆན་བྲིས་མཁན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་ཕྱོགས་ལྷུང་ཞེན་ཁོག་གི་སྐད་ཆ་མང་པོ་བྲིས་འདུག
ཨ་ལགས་འཇིགས་མེད་ཟེར་བ་དེ་འདུལ་ཁྲིམས་སྲུང་མཁན་གྱི་གྲྭ་པ་ཚུལ་དང་མཐུན་པ་རྩ་བ་ཉིད་ནས་མ་རེད།
ནད་མུག་དུག་གསུམ་བཅིངས་པའི་གྲྭ་པ་རྫུན་མ་གཅིག་རེད། དེ་འདྲ་ཞིག་ལ་སྐྱབས་རྗེ་ཟེར་བ་ཚིག་དེ་བུད་སྤྱོད་བྱས་ན་རྗེས་སུ་སྐྱེས་བུ་དམ་པ་བསམ་གྱི་མི་ཁྱབ་པ་མང་པོ་ཞིག་ལ་ཚིག་ག་རེ་བུད་སྤྱོད་གཏོང་རྩིས་ཡོད་ནམ་ལགས། ཁོ་རང་གི་མི་ཚེ་ནང་ལ་བོད་གཞུང་གི་ལས་ཀ་མང་པོ་གནང་འདུག དེ་ལ་རྗེས་སུ་ཡིད་རངས་ཡོད།
གོང་དུ་མགོན་པོ་ཕྱག་གཉིས་པ་དང་ལྡོང་ཚ་ནས་ཨ་ལག་འཇིགས་མེད་དང་འབྲེལ་བའི་སྐོར་རྒྱས་ཙམ་བྲིས་འདུག་པ། མ་ཤེས་པ་མང་པོ་ཞིག་ཤེས་བྱུང་། ལྡོང་ཚས་ཨ་ཐར་ནོར་བུས་བོད་སོག་ལས་ཁུངས་དང་ཡིག་ཆ་འཇོག་དུས་ཁ་གཏད་གཅོག་མཁན་ནང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ཡོད་སྐོར་བྲིས་འདུག་པ། དེ་དུས་ཟླ་བ་ཚེ་རིང་ཁ་གཏད་གཅོག་མཁན་གཙོ་བོའི་ནང་ཡོད་མ་རེད།
སྐབས་དེར་ཨ་ཐར་དང་དེའི་རྗེས་འབྲངས་པ་བུང་བུ་རྐྱང་དཀར་བཟོ་མཁན་གཙོ་བོ་བཀའ་ཁྲི་ཟུར་པ་བསྟན་འཛིན་རྣམ་རྒྱལ་ལགས་དང་། སྤྱི་འཐུས་ཚོགས་ཟུར་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་དེ། མདོ་སྟོད་མི་མང་ཕལ་ཆེ་བས་དྲང་བདེན་གྱི་ལྟ་བ་བཟུང་ཡོད་པས་རེད། མི་སྣ་ཕལ་པའི་གྲས་ཀྱི་གཙོ་ཆེའི་ནང་ཨ་ལག་འཇིགས་མེད་ཀྱང་ཡོད། རྒྱུ་མཚན་དེ་ལ་བརྟེན། ད་བར་བཀའ་ཁྲི་ཟུར་པ་མཆོག་དང་ཚོགས་ཟུར་བཅས་ལ་གཞི་མེད་བསྙོན་འཛུགས་ཇི་ཙམ་བྱས་ང་ཚོས་ཤེས་གསལ་རེད། དེ་དང་ཆ་འདྲ་བ་ཨ་ལག་འཇིགས་མེད་ལ་ཡང་གཞི་མེད་པའི་བསྙོན་འཛུགས་བྱས་ཡོད་པ་ཤོད་མ་དགོས་ཀྱང་། གླེང་རྒྱུ་མང་པོ་ཞིག་ནི་དངོས་ཡོད་ཀྱང་རེད།
ཁ་ཅིག་གིས་འཇུ་ཆེན་ཐུབ་བསྟན་དང་ཨ་ལག་འཇིགས་མེད་སྐོར་མང་པོ་ཞིག་བྲིས་འདུག ངས་བལྟ་ན། འཇུ་ཆེན་ཐུབ་བསྟན་ལ་གླེང་རྒྱུ་མང་པོ་ཞིག་འདུག་རུང་། སྐྱོན་འདི་འཇུག་གི་འདུག་སྙམ་པ་ཞིག་མཐོང་མ་སོང་ཡང་། བཀའ་ཁྲི་ལོ་བཅོ་ལྔ་ཙམ་བྱས་པའི་རིང་གྲུབ་འབྲས་གཅིག་ཀྱང་མི་འདུག ཨ་ལག་འཇིགས་མེད་ལ་སྐྱོན་ཡོད་ཀྱང་གྲུབ་འབྲས་མང་པོ་ཞིག་སྟོན་རྒྱུ་ཡོད། མདོ་སྨད་རྩོམ་སྒྲིག་ཚོགས་པའི་མིང་ཐོག་ནས་དེབ་མང་པོ་ཞིག་བཏོན་ཡོད་པ་གཙོ་བོ་ཨ་ལག་འཇིགས་མེད་ཀྱི་བཀའ་དྲིན་དང་། དེ་བཞིན་མདོ་སྨད་པ་ཤེས་ཡོན་ཅན་མང་པོ་ཞིག་འབུར་དུ་ཐོན་པར་བྱས་སོང་བ། གློ་བུར་ཕྱོགས་ཞེན་ལྟ་བུར་མཐོང་ཡང་ལྡོག་ཕྱོགས་ནས་བོད་ཀྱི་རིག་གནས་ལ་ཕན་ཐོགས་ཡོད།
མདོར་ན། མདོ་སྟོད་ཀྱི་འགོ་འདྲེན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་། མདོ་སྨད་ཀྱི་འགོ་འདྲེན་ཨ་ལག་འཇིགས་མེད་ལྟ་བུ་དབུས་གཙང་པར་ད་ལྟ་བར་མེད་པའི་རྒྱུ་མཚན་ཡ་མཚན་ཅན་ཞིག་བཙན་བྱོལ་སྤྱི་ཚོགས་འདིར་ལྷག་ཡོད།
ཨ་ཁ་བརྡ་ཚང་། ད་མཆན་སྒོ་བརྒྱབ་བཞག་ན་ཡག་ས་རེད། མ་གཞི་ཁྱེད་ཚོ་མཆན་སྒོ་བརྒྱག་རྒྱུར་དགའ་བོ་ཡོད་པཱ།
གོང་དུ་ཁ་ཤས་ཀྱིས་རིན་པོ་ཆེ་ལ་གཞི་མེད་སྒྲོ་འདོགས་དང་སྐུར་འདེབས་ཀྱང་མང་པོ་བྱས་འདུག ཁ་ཤས་ཀྱི་དོན་མཐུན་གྱི་སྐད་ཆ་མང་དག་ཅིག་གསུངས་འདུག མདོར་བསྡུས་ན། རང་དོན་མ་འགྲུབ་པར་ཕྱོགས་ལྷུང་ཅན་དག་དང་དེའི་རྗེས་འབྲངས་ཁ་ཤས། གཞན་ཡང་དྲ་འབུ་དག་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་འདུག དངོས་ཡོད་མཐོང་བའི་གཟུར་གནས་རྣམས་རིན་པོ་ཆེ་མཆོག་མི་ཚེ་ཧྲིལ་བོ་བོད་གཞུང་དང་༧གོང་ས་མཆོག་ལ་ཞབས་ཞུ་བསྒྲུབས་ཡོད་པ་ངོས་འཛིན་གནང་འདུག དཔེར་ན། གཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱི་མྱ་ངན་རྗེས་དྲན་གནང་ཡོད་པ་ལྟ་བུ་རེད། གང་ལྟར་རིན་པོ་ཆེ་དགོངས་པ་རྫོགས་པ་འདིས་བོད་སྤྱི་དང་ལྷག་པར་དུ་མདོ་སྨད་ལ་གྱོང་གུན་ཞིག་ཡིན་པ་འདོན་མི་ཟ།
ཚང་མས་ཨ་ལགས་དམ་པ་ཁོང་ལ་ཆོས་ཡག་པོ་བཅོས་ན་མ་གཏོགས་གྲྭ་ཆོས་གྱོན་བུད་མེད་མཉམ་དུ་བསྡད་པས་ནག་ཉེས་དང་མི་རྐོག་བསད་བྱས་བའི་ནག་ཉེས། ཨ་ཁུ་ཆོས་རྒྱལ་གྱི་ཁྲིམས་ཁ་ནས་ཐར་ཐུབ་ཡོད་ས་མ་རེད།