Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞིང་འབྲོག་གྲོང་ཁྱེར་ཅན་དུ་བསྒྱུར་བར་ཁོང་ཁྲོ་གཏིང་ནས་ལངས་གི

Posted on 2010-04-162010-04-16 By ཁ་བརྡ་ 29 Comments on ཞིང་འབྲོག་གྲོང་ཁྱེར་ཅན་དུ་བསྒྱུར་བར་ཁོང་ཁྲོ་གཏིང་ནས་ལངས་གི

jegedoགཞོན་ནུ་ཟླ་མེད་ནས།

ལོ་ཤས་ནས་བཟུང་ཞིང་འབྲོག་མང་ཚོགས་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་བའི་འགོ་བཙུགས། རྒྱ་ཚང་གིས་ཚད་གཞི་མ་ལོངས་པའི་ཁང་པ་འོག་གི་འདྲ་དཔར་ཐོག་གསལ་བ་ལྟར་བརྒྱབ་ནས། ཞིང་འབྲོག་མང་ཚོགས་རྣམས་དེའི་ནང་དུ་བསྡུ་ཐབས་བྱས། ད་ནི་ས་ཁུལ་ཆུང་ཆུང་ཡུ་ཤུལ་རྫོང་གཅིག་བུ་ནས་མི་འདི་འདྲ་མང་པོ་ཤི་རྨས་ཐེབས་པ་རེད། རྒྱ་རྒན་དེ་ཚང་ནམ་རྒྱུན་ཡིན་ན་བོད་ཀྱི་བདག་དབང་ཆ་ཚང་ཁོང་ཚོ་ལ་ཡོད་ཟེར། དགོས་དུས་ཁང་བ་བརྡིབ་ནས་རྒྱུན་རིང་ས་གནས་སུ་འབྱོར་མི་ཐུབ་པ་དེ་ཅི་རེད། རྒྱ་རྒན་ཚང་གིས་དཔར་རྒྨགས་རྒྱུ་དང་ཕྱི་ལོག་ལ་གསལ་བསྒྲྲགས་བྱེད་རྒྱུ་མ་གཏོགས་མི་མང་སྐྱོབས་རྒྱུ་ཁོང་ཚོའི་ལས་ཀ་མིན་པ་ལྟར་སྣང་། འོག་གི་རི་མོ་ལ་གཟིགས་དང་། མིག་ཆུ་རང་དབང་མེད་པར་ཤོར། དྲ་གྲོགས་དག ཞིང་འབྲོག་མང་ཚོགས་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་གསར་བར་བསྒྱུར་བའི་ཐད་ལ་བསམ་ཚུལ་བཤད་དགོས། ང་ཚོ་ཞིང་འབྲོག་མང་ཚོགས་ལ་ཚད་གཞི་མ་ལོངས་པའི་ཁང་པ་འདི་འདྲ་བརྒྱབ་ནས་འགོ་སྐོར་བཏང་པ་རེད་ཡ།
http://blog.163.com/qhhlzx_007/blog/static/443803201031513017215/

སྣ་ཚོགས།

Post navigation

Previous Post: ངས་བཟོད་ཀྱིན་མི་འདུག
Next Post: ༸གོང་ས་མཆོག་གོད་ཆག་བྱུང་ཡུལ་དུ་གདན་འདྲེན་ཞུ་རེ།

Comments (29) on “ཞིང་འབྲོག་གྲོང་ཁྱེར་ཅན་དུ་བསྒྱུར་བར་ཁོང་ཁྲོ་གཏིང་ནས་ལངས་གི”

  1. Tenzin Deshal says:
    2010-04-16 at 10:25 am

    http://woeser.middle-way.net/

  2. གཞོན་ནུ་ཟླ་མེད says:
    2010-04-16 at 10:33 am

    བསྟན་འཛིན་བདེ་བྱེད་ལགས་ཀྱིས་བཏང་བ་དེ་དང་འདྲ་བའི་དཔར་ངོས་དྲ་ཚིགས་ཁ་བྱང་ཞིག་བསྐུར་ཡོད་ན་ཡང་། འདི་ངོས་སུ་བཀོད་སྐབས་ཁ་བྱང་དེ་བརླགས་སོང་བ་འདྲ་འདུག མཐོང་རྒྱུ་མི་འདུག དཔར་དེས་ཁང་པ་ཚད་གཞི་མ་ལོངས་པ་དེ་དག་བསྟན་ཡོང་གི་རེད་ལ། ད་རུང་རང་དོན་རང་གཅེས་བྱེད་ཀྱི་ཡོད་པ་ཡང་་བསྟན་ཡོང་གི་རེད།

  3. སྤོབས་པ་མཐའ་ཡས། says:
    2010-04-16 at 8:56 pm

    ད་འདི་འདྲ་སྡུག་པོ་རེ་ཡོང་རྒྱུ་འདུག ད་ཡིན་ན་སྡུག་པོ་འདིའི་སྐོར་ལ་རྩོམ་ཡིག་འབྲི་མཁན་ཚོས་རྩོམ་ཡིག་ཕྲིས། སྙན་ངག་རྩོམ་མཁན་ཚོས་སྙན་ངག་རྩོམས། གླུ་ལེན་མཁན་ཚོས་གླུ་ལོངས། སྨོན་ལམ་ལ་དགའ་མཁན་ཚོས་སྨོན་ལམ་རྒྱོབས། བསྔོ་རྟེན་སྐྱབས་འཇུག་ཞུ་ཐུབ་མཁན་ཚོས་དེ་ལུགས་ཀྱིས། དེ་ཚོ་ཚང་མ་རོགས་རམ་རེད། གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་རེད། ཡིན་ན་ཡང་ང་ཚོས་འདི་ནས་ཀྱང་བྱེད་ཡ་ནི་གང་ཡང་མི་འདུག་ལབ་ནས་སྨོན་ལབ་བཏོན་ནས་བསྡད་བསྡད་ན་འགྲིགས་གི་མ་རེད། བྱེད་ཡ་ལོས་ཡོད། རབ་ན་གཤིན་པོའི་རོ་འདོན་རོགས་དང་རྨས་མ་ཚོ་སྨན་ཁང་དུ་ཁྱེར་རོགས་བྱ་དགོས། ཐ་ན་ཤུལ་ལུས་ནང་མི་ཚོའི་མདུན་དུ་བུད་ནས་སེམས་གསོ་ཞིག་གཏོང་བ་ཡང་མཁོ་གལ་ཆེན་པོ་རེད། ད་ཐེངས་བོད་གཞུང་དང་བོད་ཅིག་ཅིག་མིག་མིག་ཟེར་ནས་མིང་ཆེན་པོ་ཁུར་འདུག་མཁན་ཚོས་རྒྱང་ནས་ལྟད་མོ་བལྟས་ནས་འདུག་པའི་དུས་ཚོད་མ་རེད། སེམས་ཀྱི་འདུན་པ་དང་ངག་གི་སྨོན་ཚིག་དེ་ཚོའི་ཆ་ཤས་རེ་ལག་ལེན་དངོས་ཀྱི་སྟེང་དུ་ལེན་དགོས་པ་དེ་མེད་དུ་མི་རུང་བ་རེད། དངོས་གནས་བོད་མི་མང་གི་སྐྱིད་སྡུག་ལ་འགན་འཁུར་མཁན་གྱི་ཚོགས་པ་རེ་ཡོད་ན་གནོད་སྐྱོན་ཐེབས་པའི་ས་ཁུལ་དེའི་མི་མང་གི་མཐོང་སར་འབུད་དགོས་པ་རེད། ད་ལྟ་བར་དུ་ཆེ་ས་ནས་ཆབ་སྲིད་དང་འབྲེལ་བའི་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ནས་ཆུང་ས་ནས་མི་སྒེར་རེ་རེ་ནས་བོད་མི་ག་ཚོད་མང་པོ་ཞིག་རྒྱ་ནག་ནང་དུ་འགྲོ་ཆོག་གི་ཡོད་ས་ནས་ད་ཐེངས་རོགས་སྐྱོར་ཁོ་ནའི་ཆེད་དུ་འགྲོ་མཁན་ཞིག་རྒྱ་ནག་གིས་འགོག་དོན་ཡོད་པ་མ་རེད། དེ་ང་ཚོ་ཚང་མས་དེ་ཤེས་ཀྱིན་ཡོད་རེད། མ་མཐའ་ཡང་འབད་བརྩོན་བྱེད་དགོས་པ་རེད། ཚང་མ་རྒྱ་དམར་གྱི་མགོར་བཀལ་ནས་བསྡད་བསྡད་ན་འགྲིགས་གིན་མི་འདུག གལ་སྲིད་དངོས་གནས་རྒྱ་ནག་གཞུང་གིས་མ་བཏང་ན་དེ་ལུགས་ཁྱབ་བསྒྲགས་བྱེད་ཆོག་གི་རེད། རྗེས་མར་རང་གཞན་སུའི་ངོས་ནས་ཡི་ཆད་འགྱོད་པ་མེད་པ་རེད།

  4. བསྟན་འཛིན་བདེ་བྱེད says:
    2010-04-16 at 10:10 pm

    རི་ན་གཡང་དཀར་རྗེས་སུ་རྫི་བོ་ཡིན་ན་རྒྱ་གྲོང་རྫུན་མར་ཤི་དགོས་མེད།
    ཐང་ན་སྦྲ་གུར་ནང་ན་འདུག་དབང་ཡོད་ན་རྒྱ་ཁང་རྡིབ་ནས་ཤི་དགོས་མེད།
    འབྲོག་ན་འབྲོག་མི་བྱས་ནས་སྡོད་དབང་ཡོད་ན་ཨར་འདམ་ཉིལ་ནས་ཤི་དགོས་མེད།
    དམར་རྒན་ཚང་གིས་རྨོ་དོར་འབྲབས་བཞིན་བཙན་འདེད་བྱས་པས་དེ་རིང་ཤི་རྨས་འདི་འདྲ་བྱུང་།།

  5. གཞོན་ནུ་ཟླ་མེད says:
    2010-04-17 at 4:09 am

    རེད་ཡ། རྒྱ་ནག་ཚང་གིས་ཟི་ཁྲོན་ས་འགུལ་སྐབས་སུ་ཕྱི་རྒྱལ་གྱི་རོགས་རམ་མང་པོ་ངོས་ལེན་བྱས་ཡོད་ལ། སྐྱེ་རྒུ་མདོའི་ས་ཡོམ་ལ་ཕྱི་རྒྱལ་ཁག་གི་མྱུར་སྐྱོབས་པ་དང་ལེན་མ་བྱས་པ་ཡང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་སྡེ་གསར་བའི་རྫུན་མའི་རྔོ་ལོ་འཕྱར་རྒྱུ་ཡིན་པར་ངོ་ཚ་བ་ལོས་ཡིན།

  6. སྟག་སྨྱོན། says:
    2010-04-17 at 5:55 am

    རྒྱ་ནག་གིས་བོད་སྐྱེ་དགུ་མདོར་ས་ཡོམ་གྱིས་གནོད་འཚབ་ཚད་མེད་བྱུང་བའི་གོད་ཆགས་ཆེན་པོ་འདིར་རྒྱལ་སྤྱིས་དོ་སྣང་མ་ཡོང་ཆེད། མི་ཤི་གྲངས་སྦེད་ནས་མི་ཉུང་ཉུང་ལས་གྲོངས་མེད་པ་ལྟར་བྱས་རེད། གང་ལྟར་བོད་པ་ཚོར་གྱོང་རག་ནའང་སྣང་མེད་བཏང་ནས་ཚབས་ཆེན་པོ་རང་བྱུང་མེད་པའི་རྣམ་འགྱུར་བསྟན་ནས་གནས་ཚུལ་འདིར་རྒྱལ་སྤྱིའི་རོགས་སྐྱོར་དང་དོ་སྣང་མ་སླེབས་པ་བྱེད་བཞིན་པ་ཆེས་ཁྲིམས་འགལ་གྱི་ནག་ཉེས་རེད། བོད་འབྲེལ་གྱི་ཚོགས་པ་ཁག་ནས་རྒྱ་ནག་གི་བྱེད་སྟངས་འདི་རྒྱལ་སྤྱིའི་ཐོག་གང་ཐུབ་ཐུབ་གསལ་བོ་བཟོ་དགོས།

  7. རྩམ་དགའ། says:
    2010-04-17 at 12:05 pm

    དཀོན་མཆོག་མཁྱེན་་་་་ཤུ་བོ་དེ་དག་སྙིང་མ་རྗེ།
    ད་ཡིན་ན་འབྱུང་བཞིས་ཀྱང་ང་ཚོ་འདུག་འཇུག་གི

  8. གཞོན་ནུ་ཟླ་མེད says:
    2010-04-17 at 2:05 pm

    ཁ་པར་ལས་གོ་ཐོས་ལྟར་ན། གཅན་ཚ་དང་། རེབ་གོང་། ཧ་ལུང་སོགས་ནས་མཐོ་རིམ་ལས་བྱེད་དང་ཚོང་པ་རེས་ཞལ་འདེབས་མཐའ་རྒྱ་སྒོར་ལྔ་བརྒྱ་རེ་དང་། འབྲིང་རིམ་ལས་བྱེད་དང་ལས་ཁུངས་ཇ་མ་ཡར་རྒྱབ་ལ་རྒྱ་སྒོར་སུམ་བརྒྱ་རེ། སློབ་གྲྭ་དགེ་རྒན་ཚང་མ་ལ་ཡང་མཐོ་རིམ་ལས་བྱེད་དང་གཅིག་མཚུངས། དེ་བཞིན་དུ་སློབ་མ་རྣམས་ནས་ཞལ་འདེབས་ཡང་པོ་བསྡུས་འདུག ཞལ་འདེབས་འདི་དག་གཞུང་གི་སྒྲིགས་མཛུགས་བརྒྱུད་ནས་ས་ཡོམ་གོད་ཆགས་བྱུང་སར་བསྐྱལ་གྱི་འདུག་ལ། དེ་མི་གྲོང་གསེབ་ཁག་ཏུ་ཟ་མའི་ཞལབ་འདེབས་བསྡུད་བཞིན་འདུག རེབ་གོང་ལ་མཚོན་ན་ཁ་སང་རྩམ་པ་བསྡུས་ནས་ཁ་སང་བསྐྱལ་ཡོད་འདུག་ལ། གཅན་ཚ་ནས་དུད་ཁྱིམ་རེ་རེ་བཞིན་སང་ཉིན་གོ་རེ་བསྡུ་རྒྱུ་རེད། གོ་རེ་དེ་ཡང་ཐལ་བསྲེག་གོ་རེ་དང་། གོ་མི་ཤེ། དེ་བཞིན་དུ་སྣུམ་བསྲེགས་པག་ལེབ་བསྡུ་བཞིན་འདུག འདི་དག་ནི་ས་གནས་ཀྱི་བླ་མ་རྣམ་གྱིས་འགན་ལེན་བཞིན་འདུག དེ་མིན་དགོན་པ་ཁག་གིས་ཞལ་འདེབས་བསྡུས་ནས་ཟི་ལིང་ནས་ཟས་རིགས་དང་གོས་རིགས་ཉོ་ཆ་བརྒྱབ་རྗེས་ས་ཡོམ་བྱུང་སར་དགོན་པའི་འགན་འཛིན་རྣམས་དངོས་སུ་ཕེབས་ནས་འགན་ལེན་གྱི་ཡོད་པ་རེད་ཟེར་ནས་ཧ་ལུང་ཕྱོགས་ནས་དགོན་ཁག་ཁ་ཤས་ནས་གསལ་བོར་གསུངས་གི་འདུག
    རྒྱལ་བ་རིན་པོ་ཆེ་ས་ཕྱོགས་དེར་དངོས་སུ་ཕེབས་ཐུབ་རྒྱུའི་གོ་སྐབས་བྱུང་བ་ཡིིན་ན་དཔེ་མི་སྲིད་པའི་ཡག་པོ་འདུག་ལ། ང་ཚོས་ཀྱང་ཞལ་འདེབས་གང་ཐུབ་ཕུལ་དགོས།

  9. རིག་པའི་རལ་གྲི says:
    2010-04-17 at 2:54 pm

    སེམས་ལྡན་སྟོབ་ཆེན་རྒྱལ་ཁག་རྩེད་ཆས་གྱུར་།།
    སེམས་མེད་འབྱུང་བས་བེམ་རོའི་ཕུང་པོ་བརྩེགས།།
    གཙན་བྱོལ་གཞུང་གིས་འཇའ་ཚོན་སྤར་འཛིན་རློམས།།
    ཡོད་ཚད་ལས་ངན་ཅན་གྱི་སྤུན་ཟླ་ལགས།།

    ལུས་ཀྱི་གྱང་གོག་ཐག་རིང་ཡུལ་གྱར་ཀྱང་།
    སེམས་ཀྱི་ཟུང་ཁྲག་ཁྱེད་ཅག་མཉམ་དུ་འགྲོགས།།
    རེ་བའི་ལྷག་མ་དགེ་བའི་ལས་ལ་གཅོལ།།
    མི་རིང་མྱུར་དུ་མཇལ་བ་འཁོར་བའི་གཤིས།།

  10. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-04-17 at 3:07 pm

    གོ་ཐོས་ལྟར་ན། ཁ་སང་ཟི་ལིང་ནས་གཙང་སྟོད་ཞབས་ཞུ་ཚོགས་པ་སོགས་སྒེར་གྱི་ཚོགས་པ་འགས་དང་བླངས་སྒོས་རོགས་དངུལ་བསྡུས་ཏེ་རོགས་སྐྱོར་བྱེད་དུ་བཏང་འདུག་ཟེར།
    གཞོན་ནུ་ལགས། རྒྱལ་བ་རིན་པོ་ཆེ་ཕེབས་ཐུབ་ན་ཡག་དང་ཡག། འོན་ཀྱང་། ཕེབས་འཇུག་གི་རེད་དམ།
    ཕྱི་ལོགས་ནས་༧གོང་ས་མཆོག་ཕེབས་ཐུབ་ན་ཡག་པོ་འདུག་ལབ། བོད་ནང་ནས་ཕྱི་ལོགས་ཀྱི་སྐད་ཆ་འདི། ༧གོང་ས་མཆོག་ཕེབས་ཀྱི་རེད་ཟེར་བའི་སྐད་ཆ་ལ་འགྱུར་བཞིན་འདུག
    འདི་ལ་བསམ་བློ་གཟབ་གཟབ་བྱས་ནས་གཏོང་རྒྱུ་འདུག ས་ཡོམ་གྱི་གནད་དོན་འདི་མ་འཇགས་སྔོན་ལ་གནས་ཚུལ་གཞན་པ་མང་པོ་ཐོན་སྲིད་པ་ཞིག་རེད།

  11. བསྟན་འཛིན་བདེ་བྱེད says:
    2010-04-17 at 5:44 pm

    བོད་ནང་གི་་རང་དོན་རང་གཅེས་ཀྱི་རོགས་སྐྱོར་ལས་འགུལ་འདི་དག་སེམས་ཤུགས་འཕེལ་བ་འདུག
    ད་དབྱིན་ཡིག་ཡག་པོ་ཤེས་དག་གིས་མཁན་གནས་ཚུལ་འདི་དག་ཕྱོགས་སྒྲིག་བྱས་ཏེ་དབྱིན་ཡིག་ཚགས་པར་ནེའུ་ཡོ་དུསབ་བབས་དང་སྦི་སྦི་སི། ཕ་ཡུལ་དྲ་རྒྱ་སོགས་ལ་མཁོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་རེད།

  12. བསྟན་འཛིན་བདེ་བྱེད says:
    2010-04-17 at 5:45 pm

    ཤེས་མཁན་དག་གིས་ཞེས་བཅོ་འཚལ

  13. མགོན་པོ་ཕྱག་གཉིས་པ། says:
    2010-04-17 at 9:16 pm

    རྒྱ་གཞུང་གིས་འབྲོག་པ་རྣམས་འབྲོག་པ་ཚོས་ལུག་བཤས་རར་འདེད་འདེད་བྱས་ཡོང་ནས་གྲོང་བརྡལ་རྫོབ་རོའི་ནང་དེད་ཡོང་སྟེ། སྤུས་ཀ་ཞན་པའི་ཁང་ངན་རེའི་ནང་བཅུག་སྟེ་མཐར་ཤི་ལམ་ལ་བསྐྱལ་བ་འདིར་བསམ་ན་སེམས་སྐྱོ་བ་ལ་སྐྱོ་ཚོད་མི་འདུག
    རང་རང་གི་འབྲོག་སར་ཡོད་ན་ཁང་པ་རྡིབ་ཀྱང་གུར་ཕིབས་ནས་སྡོད་ཆོག་གི་རེད་ལ། གྲོད་ཁོག་ལྟོགས་ན་ཤ་བཟའ་རྒྱུ་དང་། ཁ་སྐོམ་ན་འོ་མ་འཐུང་རྒྱུས་ཕོངས་མི་སྲིད། ག་ཚོད་འུ་ཐུག་ནའང་རྟ་ནོར་ལུག་གསུམ་པོ་སྒོ་ཁ་ན་ཡོད་ཡོད་པ་རེད། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ། ཨོྃ་མ་ཎི་པདྨེ་ཧྰུྃ
    སེམས་པ་སྐྱོ་བའི་སྐད་ཆ།། རི་མ་འདབས་ལ་བཤད་པས།། རི་བོ་ས་རྡོ་ཡིན་ཡང་།། མགོ་ཡིས་འགྱོགས་འགྱོགས་གནང་བྱུང་།

  14. གཞོན་ནུ་ཟླ་མེད says:
    2010-04-18 at 1:13 am

    གོ་གསལ་ལ་ཁ་སང་ཟི་ལིང་དུ་ཁ་ཆེ་ཉིས་ཁྲི་ལྷག་ཙམ་འཛོམས་ནས་ས་ཡོམ་རྒྱག་སའི་ས་ཁུལ་ལ་རོགས་རམ་རྒྱ་སྒོར་ཁྲི་ཉིས་བརྒྱ་ལྷག་ཙམ་བསྡུས་འདུག་ཟེར། ང་ཚོ་ཕྱི་བཞུགས་པ་རྣམས་ནས་རང་རིགས་ལ་རོགས་རམ་ལོས་ཀྱང་བྱེད། རོགས་དངུལ་དེ་ཡང་ས་གནས་ས་ཐོག་ཏུ་ཐོན་ནས་ཁ་ཡོད་ལག་ཡོད་ཀྱི་ས་གནས་ས་ཐོག་ལ་ཕན་ཐོག་པ་ཞིག་གི་ཐབས་ལམ་ངེས་པར་དུ་མ་འཛོལ་བ་བྱེད་དགོས་པ་རང་དོན་རང་གཅེས་སུ་སྣང་།

  15. རྒྱ་ནག་ཉམས་ཞིབ་པ། says:
    2010-04-18 at 1:39 am

    དྲི་ཚིག་འགའ་ཤས་ཡོད།ཞིབ་ཕྲ་གལ་ཆེན་པོ་རེད།
    ༼༡༽སྐྱེ་དགུ་གྲོང་གི་ཁང་པ་ག་ཚོད་དང་།ཡང་ན་ཕྱོགས་གང་གི་ཁང་པ་ཚོ་རྒྱ་གཞུང་གིས་་འབྲོག་པ་མང་ཚོགས་ཅན་དུ་བསྒྱུར་པའི་འཆར་གཞི་ནང་བྱུང་བའི་ཁང་པ་དག་རེད།
    ༼༢༽ཁོ་ཚོ་སྡེ་བ་གང་གི་མི་རེད་།
    ༼༣༽ཁང་བ་ལས་ཚུལ་ག་འདྲ་རེད།སྲིད་གཞུང་གིས་ཐོག་དང་པོ་ལས་།དེ་ནས་བོད་མི་ཚོ་སྤོར་པ་རེད་དམ་།སྲིད་གཞུང་གིས་སྒོར་མོ་བྱིན།ཁང་བ་བོད་མི་དག་གིས་ལས་བ་རེད།
    ཞིབ་ཕྲ་།ཁུངས་ལྡན་།དྲང་བདེན་ཡིན་པའི་གནས་ཚུལ་གསལ་བོ་གསུང་རོགས།

  16. བསྟན་འཛིན་བདེ་བྱེད says:
    2010-04-18 at 1:46 am

    ན་གཞོན་གསར་བའི་དྲ་ཚིགས་ལས་བཤུས།

    དེ་རིང་ཕྱི་དྲོ། ཟི་ལིང་བོད་མིའི་ཁྲོམ་གྱི་བོད་མིའི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་ཞལ་འདེབས་སྒོར་ཁྲི་ཉི་ཤུ་ལྷག་གིས་མར་རྩམ་དང་། སྟབས་བདེ་ཐུག་པ། སྐོམ་ཆུ། ཉལ་གོས་ཉལ་སྟན་སོགས་ཉོས་ཤིང་མཚོ་སྔོན་རླུང་འཕྲིན་ཚོང་རའི་ཨ་བརྟན་རྒྱལ་དང་ཚོང་པ་གཞན་དག་གིས་དངོས་སུ་བསྐྱལ་ཏེ་མཚོ་ཤར་བ་ཡན་རྫོང་གི་དང་བླངས་རླངས་འཁོར་ལ་བཀལ་ནས་སྒ་སྐྱེ་དགུ་མདོ་ལ་བསྐྱོད་པའི་ལམ་དུ་ཆས་སོང་།
    རང་ཞིང་མང་ར་ཀླུ་ཚང་དགོན་པའི་བླ་གྲྭ་དང་ཨ་ལགས་རུ་སྔུན་ཚང་གི་བྱམས་བརྩེ་ཤེས་རིག་དྭ་ཕྲུག་སློབ་གྲྭས་ཀྱང་ཆག་སྒོ་བྱུང་ཡུལ་ལ་ཉེ་བར་མཁོ་བའི་མར་རྩམ་སོགས་ཞལ་འདེབས་ཁྱེར་ནས་དེ་རིང་ཕྱི་དྲོ་ལམ་ལ་ཆས་སོང་། ཁོང་ཚོས་ཉེར་མཁོའི་ཞལ་འདེབས་ཅ་ལག་རྣམས་ཆེད་དུ་རྒུད་སྐྱོབ་ལག་རོགས་ཞན་པའི་རིང་པོ་གྲོང་རྡལ་སོགས་སུ་བསྐྱལ་རྩིས་རེད་འདུག
    གོ་ཐོས་ལྟར་ན། མིག་སྔར་རོགས་སྐྱོར་ཆེས་མཁོ་ས་ནི་རིང་པོ་གྲོང་རྡལ་དང་། ར་ཤིས་སྟོད་སྨད་གཉིས་ཀྱི་ཚོ་བ་ཁག སྐྱེ་དགུ་མདོ་ཡི་ལས་ཁུངས་མེད་པའི་མི་སེར་རྣམས་ཡིན་འདུག

    སྨན་བླ་སྐྱབས་ཀྱིས།

  17. བསྟན་འཛིན་བདེ་བྱེད says:
    2010-04-18 at 1:50 am

    ུཡང་ན་གཞོན་གསར་བའི་དྲ་ཚིགས་ན།

    སྤྱི་ལོ་༢༠༡༠ལོའི་ཟླ་༤བའི་ཚེས་༡༤ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་དགུ་རྫོང་དུ་ཚད་རིམ་༧.༡ཅན་གྱི་ས་ཡོམ་ཆེན་པོ་བྱུང་ནས་མི་རྒྱུ་གཉིས་ལ་གྱོང་གུད་ཚད་མེད་བྱུང༌། དེར་ས་མཐའི་སི་ཁྲོན་མི་རིགས་སློབ་གླིང་གི་བོད་རིགས་སློབ་ཆེན་པ་དག་གིས་ས་ཡོམ་ཁྲོད་འདས་རྐྱེན་བྱུང་བའི་སྤུན་ཟླ་རྣམས་ལ་སེམས་གཏིང་གི་མྱ་ངན་ཞུ་བ་དང་ཆབས་ཅིག རང་གི་ནུས་པ་ཡོད་དགུ་བཏོན་ནས་མེ་ཏོག་ཆུང་རུང་ལྷ་རྫས་དང་གུར་གུམ་ཆུང་རུང་སྨན་རྫས་ཀྱི་ཚུལ་དུ་ཟླ་༤བའི་ཚེས་༡༦ཉིན་ནས་ཚེས༡༧ཉིན་བར་བོད་ཡིག་སྡེ་ཁག་གི་༠༩ལོའི་དངོས་གཞིའི་འཛིན་གྲྭ་དང་པོས་གཙོ་སྒྲུབ་བྱས་ཏེ་དགེ་སློབ་ཡོངས་རྫོགས་དང་ས་གནས་དེའི་(གུ་དྲག་གྲོང་རྡལ)མི་དམངས་ལ་ཞལ་འདེབས་གནང་པའི་སྐུལ་མ་ཞུས། མིག་སྔར་ཁྱོན་ཞལ་འདེབས་དམངས་སྒོར་ཁྲི་གཅིག་དང་སྟོང་གཉིས་ལྷག་འདུས་བྱུང་ལ་མི་འགྱངས་བར་ཟི་ལིང་གི་སྙིང་རྗེ་རོགས་སྐྱོར་ཚོགས་པ་བརྒྱུད་དེ་ས་ཡོམ་བྱུང་བའི་ཡུལ་དུ་བསྐུར་རྩིས་ཡོད།

  18. བསྟན་འཛིན་བདེ་བྱེད says:
    2010-04-18 at 1:54 am

    ཎ་གཞོན་གསར་བའི་དྲ་ཚིགས་ལས།
    གོད་ཆག་གནམ་ལྷུང་སྐབས་ཀྱི་གསལ་འདེབས།

    གོད་ཆག་གནམ་ལྷུང་འོག་ཡོད་པ་དང་དེ་ལ་དོ་ཁུར་བྱེད་མཁན་གྱི་མི་རྣམས་ལ།
    སྤྱི་ལོ2010ལོའི་ཟླ4པའི་ཚེས14ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང་། ཁམས་ཡུལ་ཤུལ་རྫོང་དུ་ཚད་རིམ7.1ཡིན་ཟེར་བའི་ས་ཡོམ་དྲག་པོ་བརྒྱབ། གསར་འགྱུར་ལས་ཐོས་པ་ལྟར་ན། མི་བུའི་ཚེ་སྲོག་ཁྲི་ཁར་ལོངས་པ་ཤི་རྨས་སུ་སོང་ཡོད་རབས་ཀྱང་། ཚོད་དཔག་གིས་བལྟས་ན། གྲངས་ཀ་དེ་ཙམ་གྱིས་ག་ལ་ཚད་སྙམ། དུས་མཚུངས་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་དང་དཔལ་ཡུལ་རྫོང་སོགས་ལའང་ས་ཡོམ་དེའི་ཤུགས་རྐྱེན་ཐེབས་པ་རྦད་དེ་ཚབས་ཆེན་ཡིན་པར་བཤད།

    སྤྱིར་ཞི་བདེ་ལ་མོས་ཤིང་གཉོམ་ཆུང་ལ་གནས་པའི་ང་ཚོའི་མགོ་ཐོག་ལ། བཙན་དྲག་གཏུམ་གསུམ་གྱིས་བརྙས་པའི་ཁར་གནམ་རྒན་མའི་འདྲེ་ལག་ཀྱང་བཞག་ཚར་བས། ད་ནི་སྡུག་དུས་མཆི་མ་མི་གཏོང་བ་སོ་སྐྱེས་དཔའ་བོའི་ངང་ཚུལ་ཡིན་པའི་ཁུལ་བྱས་ཏེ་རྐང་གཉིས་ས་རུ་ཚུགས་ཏེ་ཡར་ལངས། འདུ་ཞིང་འབྲལ་བ་སྲིད་པའི་ཆོས་ཉིད་ཡིན་པའི་ཟོལ་བྱས་ཏེ་མཁུར་མགོའི་མཆི་མ་ནར་མོ་ལོགས་སུ་འབྱིད་ལ། ཤི་བོ་བཞུད་ཀྱང་གསོན་པོ་འཚོ་དགོས་པའི་གཏན་ཚིགས་ཡིད་ལ་བཅགས་ཏེ་མགྲིན་གྱི་ངུ་ངག་དེའང་ཧར་གྱིས་གཅོད།

    ཡང་སྡུག་ཚོད་གང་དུ་བརྒྱབ་ནའང་། འུ་ཅག་ཁྲག་འདྲེས་ནང་མི་རྣམས་ཀྱི་གོང་བུ་གཅིག་སྒྲིལ་གྱི་འདུན་པ་དེ་ནམ་ཡང་གསོན་པོ་ལུ་གུ་ལྡིང་སྟངས་སུ་ཡོད་པ་འདྲ་ལ། རལ་གྲིས་མི་ཆོད་ཅིང་གསེར་གྱིས་མི་ཁུགས་པའི་རིགས་ཞེན་ཁོལ་མ་འདི་འབའ་ཞིག་ཡོད་པའི་སྟོབས་ཀྱིས། འདི་ནའང་ངེད་ཚོ་ཟི་ལིང་གི་ཡི་གེ་པ་འགས་ཀྱང་ཡུལ་ཤུལ་གྱི་ཕུ་ནུ་མིང་སྲིང་རྣམས་ལ་གཤིན་སྐྱེལ་དང་སྙུན་འདྲི་དང་སེམས་གསོའི་རྣམ་འགྱུར་སོགས་བཅོས་མིན་ལྷད་མེད་དུ་སྟོན་གྱིན་ཡོད་ལ། སོ་སོའི་ནང་གི་དམར་པོ་དེ་ཉིད་མཚོན་བྱེད་དུ་དངུལ་སྒོར་སིལ་མ་འགའ་རེའང་ཕྱོགས་གཅིག་སྦྲེས་བསྡུ་བྱེད་གྲབས་ཀྱིས་ཁྱེད་ཚོའི་ཕྱོགས་སུ་གཏོང་རྩིས་ཡོད། རྒྱུ་མཚན་ནི། ཚོགས་པའི་མགྲིན་ངག་ཏུ་གྱུར་པའི་གསར་འགྱུར་ལ་ཡིད་རྟོན་མི་རུང་བ་ཇི་བཞིན་ཚོགས་པའི་རྩ་འཛུགས་ལའང་ཡིད་རྟོན་ཆེར་མི་རུང་སྟེ། ད་ཚོད་ཡིད་རྟོན་རུང་བ་གཅིག་འདུག་པ་ནི་ཆབ་སྲིད་དགོས་དབང་ལོས་ཡིན་སྙམ་པའི་བབ་ཀྱིས་འགྲིམ་འགྲུལ་འགྲོ་ལམ་རྒྱ་བསྡམས་པའི་ཚུལ་དེ་རེད། དེ་བས། ང་ཚོས་ཐག་རིང་གི་ཟི་ལིང་ནས་ཁྱེད་ཚོའི་བདེ་སྡུག་ཡིད་ལ་བཅགས་ཏེ་མྱ་ངན་སྐད་བསྐུར་འདི་ཙམ་ལས་ཅི་ཡང་མ་ནུས། ལྷག་བསམ་ཟོལ་མེད་ཀྱིས་སོ།།

    མཐར་གསལ་འདེབས་སམ་དྲན་སྐུལ་གྱི་ཚུལ་དུ་བརྣན་རྒྱུ་ཞིག་ཡོད་པ་ནི། གནས་སོ་སོའི་ཡོན་ཏན་པ་དང་ལས་བྱེད་པ་རྣམས་ཀྱིས་ཡུལ་ཤུལ་གྱི་སྡུག་འོག་ཏུ་ཡོད་པའི་ནང་མིའི་ཚོགས་ལ་གདུང་སེམས་མཉམ་སྐྱེད་ཀྱིས། ཟས་གོས་སྨན་གསུམ་གྱི་རོགས་འདེགས་གང་ནུས་བྱེད་རྒྱུ་ནི་བདག་ཅག་རྣམས་ཀྱི་སྙིང་གི་རེ་འབོད་ཉག་གཅིག་པོ་ཡིན་ལ། དེའང་ག་གེ་མོའི་རྩ་འཛུགས་དང་ཆེ་གེ་མོའི་ཚན་ཆུང་སོགས་ཀྱི་དངུལ་བྱང་གང་རུང་དུ་དཔྱ་ཁྲལ་བཞིན་སྤྲད་རྐྱང་བྱས་པས་མི་འགབ་སྟེ། རང་ཉིད་དངོས་སུ་གནས་ཡུལ་དེ་གར་གོམ་ཁ་བསྒྱུར་མི་ནུས་ཀྱང་། དུས་ད་ལྟ་ཉིད་ལ་མཁོ་བའི་མར་ཆུར་རྩམ་པ་དང་གོ་རེ་བག་ལེབ། འཐུང་ཆུ་སོགས་གཅིག་བསྡུས་ཀྱིས་མི་བུ་སོ་སོ་བློས་འཁེལ་ཡོད་པའི་གྲོགས་པོ་སུ་ཞིག་བརྒྱུད་དེ་ཐད་ཀར་སྤྲོད་རྒྱུ་ནི་འགངས་ཆེན་པོ་སྟེ། དེ་ལྟར་བཤད་པའི་སྙིང་དོན་ནི། ཧམ་ཆེན་ཕོ་དབོས་དང་ལྐོག་གཡོ་སྤྱང་ཇུས་ཀྱི་ཐག་དྲ་ནི་འདི་ན་ཡོད་དང་དེ་ན་མེད་ཅེས་རྣམ་ཀུན་ཤོད་པར་དཀའ་བས་སོ།།

    ཞེས་ཟི་ལིང་དུ་སྡུག་གི་ཁུར་བོ་ཐེག་མེད་དུ་སྡོད་པའི་ཡི་གེ་པ་སྨིན་དྲུག་དང་། ཞོགས་དུང་། བྱང་སྐར། ཉི་གཞོན། སེང་རྡོར། འགྱན་སངས་རྒྱས་དོན་གྲུབ། འབར་རྡེའུ། མེ་ལྕེ་བཅས་ཀྱིས།

  19. ཀུནབཟང་། says:
    2010-04-18 at 2:57 am

    ཁྱོད་ཚོས་ག་དུས་ཡིན་ཀྱང་སྐད་ཆ་ཡག་པོ་ཞིག་གཏན་ནས་བཤད་མི་ཤེས་པ་ག་བྱས་པ་རེད་།མ་ཤེས་ན་སྦྱངས་མ་གོ་ན་ཉན་ཞེས་ཁ་དཔེ་ད་དུང་མ་གོ་པ་འདྲ་།

  20. ཀུནབཟང་། says:
    2010-04-18 at 3:05 am

    ཁ་བས་རྡུལ་མང་བརྩིགས་པའི་བྷོ་ཊ་ཡི་ལྗོན་འདིར།།ཀུན་ཕན་དམངས་གཙོའི་ལམ་རྣལ་མ་ཞིག་དགོས་ན།།འཛམ་གླིང་གོ་ལ་ཟླུམ་པོའི་ཞི་བདེ་ཡི་ཉི་མ།།རྒྱལ་མཆོག་ཕྱག་ན་པདྨོའི་ཞལ་གསུངས་ལ་ཉོན་དང།།

  21. མཁས་བཙུན says:
    2010-04-18 at 3:19 am

    དེ་ཡག་པོ་འདུག་དངོས་ནས་ཡིན་ཆོལ་ཁ་གསུམ་གྱི་བོད་པ་ཡོངས་ཀྱི་།རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བོད་དོན་
    བརྩོན་རྒྱུ་དང་།ལྷག་པར་གོང་ས་མཆོག་བཀའ་གསུངས་ལྟར་སྒྲུབ་ཐུབ་པ་བྱིད་རྒྱུ་ཧ་ཅང་གལ་ཆེན་རེད་བསམ་གྱི་འདུག

  22. གཞོན་ནུ་ཟླ་མེད says:
    2010-04-18 at 8:41 am

    སྐྱེ་རྒུ་མདོའི་ཆགས་སྟངས་དང་། ལོ་ཤས་རིང་གི་ཞིང་འབྲོག་མང་ཚོགས་རྣམས་ས་ཆ་དེར་སྤོ་སྟངས། འཚོ་གནས། ཁང་པ་འཛུགས་སྐྲུན་སོགས་ཀྱི་ཐད་ནས་སྐྱེ་རྒུ་མདོའི་ཕྱི་བཞུགས་མང་ཚོགས་རྣམས་ལ་བཀའ་འདྲི་ཞུ་བའི་གསར་འགྱུར། ཝེ་འོ་ཨད་གསར་ཁང་གིས་དམིགས་བསལ་ཆུ་ཚོད་གཉིས་རིང་གི་བགྲོ་གླེང་ཞིག་སྤེལ་འདུག་ན་དེ་རྣམས་གཤམ་གྱི་ཁ་བྱང་ཐོག་ཡོད་ན་གསར་འགྱུར་དེར་གཟིགས་རོགས་ཞུ།
    http://www1.voanews.com/tibetan-english/video-audio/

  23. གཞོན་ནུ་ཟླ་མེད says:
    2010-04-18 at 11:13 pm

    ད་ཐེངས་ངེས་པར་དུ་བོད་ཡུལ་ཤུལ་མི་དམངས་གི་སྡུག་གི་འཁུར་བོ་སེལ་བར་ ༧གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་འདི། རྒྱ་བོད་གཞུང་ཕྱོགས་གཉིས་ཀའི་ངོས་ནས་གུ་ཡངས་གི་ཐུགས་བསམ་བཞེས་དགོས། སྲིད་དོན་པ་ག་འདྲ་ཡིན་ན་ཡང་འཇིག་རྟེན་མི་སྡེ་སྤྱི་ཚོགས་ན་ཡོད་པས། འཇིག་རྟེན་མིའི་ཀུན་སྤྱོད་དང་བསྟུན་དགོས།
    ལྟོས་དང་གློག་བརྙན་འཁྲབ་མཁན་འཇའ་ཀེ་ཡང་ས་ཆ་དེར་དངོས་སུ་སླེབས་ནས་མི་དམངས་དང་ཉམས་དུ་མྱི་རྐྱང་ཐུགས་པ་འཐུང་བསྡད་ཡོད་པ་འདིས། འཇིག་རྟེན་མིའི་ཀུན་སྤྱོད་ཞིག་སྟོན་གྱི་ཡོད་པ་རེད།
    http://ent.ce.cn/mx/xw/cywgd/201004/18/t20100418_21291029.shtml
    http://www.forex.com.cn/html/c203/2010-04/1522422.htm

  24. ཁ་བརྡ་ཚང་། says:
    2010-04-19 at 1:06 am

    བདེ་ཆེན་རྡོ་རྗེའི་མཆན་བུ་རྣམས་གནས་སྐབས་རིང་བཀག་པ་ཡིན།
    མུ་མཐུད་དུ་དབྱེན་དཀྲུགས་ཀྱི་མཆན་བུ་རྒྱག་ན། མཆན་བུ་གཏན་འགོད་བྱེད་སྲིད།
    ཁ་བརྡ་དྲ་བས་ནངས་དགོང་གཉིས་ལ་མཆན་བུ་རེ་རེ་བཞིན་བརྟག་ཞིབ་བྱེད་བཞིན་ཡོད།
    དེ་དོན་དགོངས་འཇགས་ཡོད་པ་མཁྱེན།

  25. སྟག་སྨྱོན། says:
    2010-04-19 at 1:49 am

    བཙན་པོ་རྒྱ་ཡིས་བཙན་ཤེད་སྤྱད་དེ་འབྲོག་མང་རྡོ་ཁང་ནང་དུ་བཅུག།
    ས་ཆེན་འགུལ་ནས་ས་ཁང་སྙིལ་སྟེ་སྐྱེ་བོ་ཁྲི་ཕྲག་འོག་ཏུ་མནན།།
    རང་དབང་མེད་པའི་རང་རིགས་རྣམས་ལ་མི་དང་འབྱུང་བ་ཐམས་ཅད་སྡང་།།
    དད་སྟོབས་ཆེ་བའི་དད་པ་ཅན་རྣམས་རྟག་ཏུ་སྡུག་བསྔལ་མྱོང་དོན་ཅི།།

  26. གཞོན་ནུ་ཟླ་མེད says:
    2010-04-19 at 7:31 am

    ཁ་བརྡ་ཚང་གིས་རྩོམ་ཡིག་སྤེལ་ཕྱོགས་ཐད་འགན་ལེན་གནང་པར་ཐུགས་རྗེ་ཆེ། སུ་ཡིན་རུང་སྤྱི་ཚོགས་ལ་གནོད་གཞིའི་རིགས་ཡོད་ན་ངས་བསམ་ཚུལ་བྱས་ན་བཀག་ན་འགྲིག ཁ་སྔོན་ངས་ཐོག་མར་རྩོམ་ཡིག་འདི་སྤེལ་སྐབས་ཉིན་གཉིས་རིང་དྲ་ཐོག་ཏུ་བཀོད་མ་སོང་། ངས་བསམ་བློ་ནང་དུ་ངོ་ནས་ཁང་པའི་ཚད་གཞི་མ་ལོངས་པའི་སྐྱོན་ཡིན་པའི་ཚོར་སྣང་བྱུང་། གང་ཡིན་ཟེར་ན་སྐྱེ་རྒུ་དགོན་པ་དང་ར་ཆུ་ལུང་དགོན་པ་སོགས་ཚང་མའི་དགེ་འདུན་མང་ཆེ་བར་སྐྱོན་བྱུང་མི་འདུག དེ་ནི་ཁོང་ཚོ་ཞོགས་ཚོགས་ལ་འཚོགས་པའི་སྐབས་དང་འཁེལ་བ་ཡིན་པས་རེད་ཟེར། ལྟོས་དང་གཞུང་གི་གྲོང་ཁྱེར་དུ་ལས་པའི་ཁང་པ་རྣམས། དགོན་པའི་འདུ་ཁང་ལས་སྟངས་ཀྱི་ཚད་གཞི་ཡང་མེད་པ་རེད། དེ་བས་སེམས་ཚོར་དེ་འདྲ་ཞིག་བྱུང་། འོན་ཀྱང་དྲ་བདག་གིས་དྲ་ངོས་སུ་ཉིན་གཅིག་རིང་མ་བཀོད་པས། ངས་བསམ་པ་ལ་དེ་ནི་གཅིག་བྱས་ན་དུས་ཚོད་དང་མ་རེམ་པའི་རྩོམ་ཡིག་སྤེལ་བའི་སྐྱོན་ཡིན་སྲིད་བསམ་ཡོད། ཉིན་གཅིག་གི་རྗེས་ནས་བཀོད་སོང་། ཕལ་ཆེར་སྐྱོན་མེད་པ་འདྲ་འདུག གལ་ཏེ་བོད་སྤྱི་ཚོགས་ལ་གནོད་པའི་རིགས་ཀྱི་རྩོམ་ཡིག་ཡིན་ན་སུའི་ཡིན་ན་ཡང་འགོག་དགོས་བསམ། ཐུགས་རྗེ་ཆེ།

  27. རྩམ་དགའ། says:
    2010-04-19 at 10:28 am

    གསོད་ཕག་བཞིན་དུ་གསོས་པའི། །
    ང་ཚོའི་ལྷ་ཀླུ་གཉེན་གསུམ་འདི་ཚོའི། །
    འདྲེ་ཁ་ཁུག་མའི་ནང་ལ། །
    ཁྱི་སྐྱག་བླུགས་ན་རེད་འདུག །

  28. གཞོན་ནུ་ཟླ་མེད says:
    2010-04-19 at 12:17 pm

    རྩམ་དགའ་ལགས། ཁྱོད་ལ་ཐུགས་ཁག་མི་འདུག འདི་འདྲའི་སྐབས་ལ་ལྷ་ཀླུ་གཉེན་གསུམ་པར་བཞག་ནས་རྡ་སའི་བོད་གཞུང་ལ་སྙིང་ལངས་ནི་འདྲ་ཟིག་རེད། ཁོང་ཚོས་ལས་འགུལ་འདྲ་མ་རྩོམ་པར་སྨོན་ལམ་དང་སྨོན་ལམ་འདྲ་བརྒྱབ་ནས་བསྡད་འདུག ད་གང་དྲག རྒྱ་མིའི་མེ་སྒྱོགས་གི་ཁ་གཏད་ལ་རྩམ་པའི་གཏོར་མ་གཡུག་ནས་བསྡད་པ་རེད་སྔོན་མ་ཡིན་ན། ད་ལྟ་ཡང་ས་འགུལ་རྒྱུགས་ནས་ཤི་རྨས་ག་ཚོད་ཅིག་བྱུང་ཡོད་པ་ཤེས་ཤེས་ལ་ཡང་སྨོན་ལམ་འདྲ་བཏོན་ནས་བསྡད་བཞག་ན་དེ་ས་དངོས་ས་ཐོག་གི་དཀའ་ངལ་དེ་སེལ་ཐུབ་ས་མ་རེད། ཤི་བོ་ལ་སྨོན་ལམ་དང་། གསོན་པོ་ལ་རོགས་རམ་གྱི་ལམ་ཁ་བཙལ་ན་རེད། ངས་ཀྱང་འདི་ནས་དངུལ་ཁ་ཤས་བསྡུད་ཐུབ་མོད་བོད་གཞུང་ལ་རེ་བ་བརྒྱབ་ནས་རྩ་འཛུགས་ཞིག་གི་ངོས་ནས་བཏང་ན་སྤྱི་ཡོངས་ལ་ཕན་རྒྱུ་རེད་བསམ་མོད། ད་དུང་ལམ་སྟོན་གང་ཡང་མི་འདུག
    དེ་ནས་ཟམ་གདོན་བླ་མ་དེ་ག་རེ་རེད། མཐོང་ཡ་གང་ཡང་མི་འདུག ས་ཡོམ་གྱི་སྐབས་ལ་སྐུ་མཚམས་ལ་བཞུགས་པ་མ་རེད་པ། ལྷོད་ལྷོད་ཡིན་དུས་མིང་ཚིག་གཅིག་གི་སྟེང་དུ་སྐད་ལྔ་དྲུག་རེ་བརྒྱབ་ནས་འགྲེལ་བྱེད་རིང་བོ་རེ་བརྒྱབ་ནས་འདུག་གི འདི་འདྲའི་སྐབས་ལ་གོ་རྒྱུ་ཚོར་རྒྱུ་མེད་ནོ་ག་རེ་རེད།

  29. གཞོན་ནུ་ཟླ་མེད says:
    2010-04-21 at 3:00 am

    ས་རྐོ་རྡོ་རློག་བྱེད་པ་མང་དྲག་ནས།།
    ལྷ་ཀླུ་གཉེན་གསུམ་ཚང་མ་བྲོས་སོང་ཟིག།
    ཆུ་མཛོད་ཆུ་རགས་གློག་འདོན་མང་དྲག་ནས།།
    ཡུལ་ལྷ་གཞི་བདག་ཚང་མ་བྲོས་སོང་ཟིག།
    མི་གཙང་རྡུལ་ཕྲན་ཚོད་བལྟ་བྱས་དྲག་ནས།།
    གཉུག་མའི་ལྷ་རྣམས་རྐ་ལག་འཁུམས་སོང་ཟིག།
    གསར་བརྗེའི་ཁྱིམ་ཚང་གྲོང་ཁྱེར་གསར་བའི་ནང་།།
    རོང་འབྲོག་ལུག་ཁྱུ་བཞིན་དུ་བཅུགས་དང་ཟིག།
    ས་ཆེན་རྣམས་པ་དྲུག་དུ་གཡོས་དྲག་ནས།།
    ཁང་པ་རྫུན་ཚང་མ་རྡུབ་སོང་ཟིག།
    ཡབ་མྱེས་སྤྲེལ་ཚ་རིགས་ལས་བྱུང་བ་ཡི།།
    བོད་པའི་སྤུན་ཟླའི་ཆགས་འཇིག་འདི་ཅི་ཞིག།
    ཕ་འབོད་མ་འབོད་དྭ་ཕྲུག་མཐོང་བ་ན།།
    མིག་ཆུས་ངོ་གདོང་ཡོངས་སུ་ཁེངས་ནས་སོང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (70)
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (49)
  • ཨེ་ལི་སི། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme