ཨོ་རྒྱན་ཉི་མ།
ཀ་བ་བུམ་པ་རྩོད་ནས་མི་ཚེ་རྫོགས།།
ཁ་དོག་དཀར་དམར་བརྩིས་ཏེ་སོ་ཡང་རལ།།
ག་གེ་མོ་ལས་ངེད་ཅག་ལྷག་གོ་ཞེས།།
ང་བདག་ཁུར་ཆེན་འཁྱེར་ལ་ཞེ་མ་བདེ།།
ཅ་ཅོའི་ཕྲུ་གུའི་ངུ་སྐད་ལུང་པ་གང་།།
ཆ་ལུགས་སྨྱོན་པ་དང་མཚུངས་ཡ་མ་ཟུང་།།
ཇ་ཆང་ཚོད་མེད་སྤྱོད་ཅིང་མཐོ་སྐད་ཅན།།
ཉ་མགོ་གཞན་ལས་མཁྲེགས་ལ་ཞེ་མ་བདེ།།
ཏ་ཀུའི་ཕྱག་རྒྱ་ཡོད་ན་གྲོལ་ལོ་སྐད།།
ཐ་མལ་སྤྱོད་པ་འདི་ཡང་མ་སྤོངས་ཞེས།།
ད་ལྟའི་མཁས་བླུན་ངག་ལ་སྙན་མོད་ཀྱང་།།
ན་འཆིའི་སྡུག་བསྔལ་མ་ནོན་ཞེ་མ་བདེ།།
པ་ལོ་མཐུག་པོ་སྤྱི་བོའི་གཙུག་ཏུ་བསྡམ།།
ཕ་རྒན་གོས་དཀར་ཅན་ཚོ་མང་ན་ཡང་།།
བ་ལང་རང་རྒྱུད་ཡི་དམ་འཛིན་དྲགས་པས།།
མ་རྒན་འཁོར་བར་ལུས་ལ་ཞེ་མ་བདེ།།
ཙ་ཀ་ལི་དང་ཊ་དྲིལ་འབྲལ་མེད་རེད།།
ཚ་ཚ་བུམ་གཏེར་བཟོ་ལ་མཁས་ན་ཡང་།།
ཛ་དྲག་འཆི་ལ་ཐུག་དུས་ཆོས་མེད་པོ།།
ཝ་འདྲའི་རྒྱ་བླ་དག་ལ་ཞེ་མ་བདེ།།
ཞ་བོ་བཞིན་དུ་ལུས་ངག་འཇམ་ན་ཡང་།།
ཟ་འདོད་བསླུ་འདོད་ཞེ་ན་མཐུག་དྲགས་པས།
འ་ཆད་འུ་ཐུག་ཁྱི་མོ་ལྟོགས་འཆལ་བཞིན།།
ཡ་ཡོ་མང་བའི་མི་ལ་ཞེ་མ་བདེ།།
ར་རྒན་ཞིག་གི་ཡོན་ཏན་མེད་ན་ཡང་།།
ལ་ལུང་ཀུན་ལ་ང་ཆེ་ང་བཙན་སྒྲོག།
ཤ་ཚ་སྙིང་བརྩེ་གཏན་དུ་སྤངས་པ་ཡི།།
ས་འབུ་རྐང་གཉིས་དག་ལ་ཞེ་མ་བདེ།།
ཧ་ཅང་ཀུན་ཤེས་ཀུན་རིག་དམ་པ་ལ།།
ཧ་ལམ་སྲོག་ཀྱང་མཆོད་པ་འབུལ་ཕོད་པའི།།
ཨ་མའི་བུ་མཆོག་ཨོ་རྒྱན་ཉི་མ་དེས།།
ཨ་ཕ་ཀུན་ཏུ་བཟང་པོ་དགྱེས་ཕྱིར་ཕུལ།།
ཀ་བ་གཙུག་པ་ལྟ་བུའི་ཕོ་རྟགས་དེ།།
ཁ་ལོ་མ་བསྒྱུར་དམངས་གཙོ་སྤྲོད་པ་ཅན།།
ག་ཞར་བླ་རྒན་འདི་འདྲ་ཇེ་མང་དུ།།
ང་ཚོའི་མདུན་དུ་ལྷག་པར་ཞེ་མ་བདེ།།
ཡག་ཀི་ཡ།་དེ་མོས་རེད།
ཀ་དག་ཆོས་དབྱིངས་ཁ་ནས་གཞན་ལ་ཤོད།
ག་དུས་ཡིན་ཡང་ང་ལས་བསམ་རྒྱུ་མེད།
ཅ་ཅོར་དགའ་ལ་ཆ་ལུགས་མི་མཐུན་པའི།
ཇ་ཆང་ཁོ་ནར་ཉ་བཞིན་སྒུག་ནས་སྡོད།
ཏ་ལའི་སྡོང་རྒན་ཐ་ཤལ་མཇེ་བསྐམས་པས།
ད་དུང་ཡིན་མདོག་ན་ཆུང་བུ་མོར་རེ།
པ་ཕའི་ཞབས་འདྲེན་ཕ་ཡུལ་བཞག་ནས་ཕྱིན།
བ་མོའི་སྟུ་ཡང་མ་རྒྱོས་བསམ་པ་མེད།
ཙ་རི་དམར་རི་ཚ་བའི་རོང་པོ་སོགས།
ཛ་འཛོར་མཐོང་ཚད་ཝ་ལེར་བདེན་འཛིན་མཁན།
ཞ་ནག་སྡོམ་རྒྱུན་ཟ་ཧོར་ཡུལ་ལ་ཤོར།
འ་ཆད་འདི་བྱས་ཡ་མེད་དྲ་བུ་ང།
ར་ལུག་སྐད་ཀྱིས་ལ་མོ་མང་པོ་བརྒྱབ།
ཤ་རི་ཤོ་རི་ས་ལམ་ཆོད་འདོད་མཁན།
ཧ་ལམ་ང་ལས་ཨ་ཅང་མེད་པ་འདི།
དྲ་བུ་ང་ཡི་རང་རྣམ་བརྗོད་པ་ཡིན།
རྟོག་པ་ཡོད་མེད་ནང་གི་ཨ་མར་དྲིས།
འདུལ་བ་ཚང་མིན་གྲོང་པའི་ཨ་མར་དྲིས།
སྒོམ་ཆེན་ཡིན་མིན་གྲོང་སྨད་ཨ་མར་དྲིས།
མངོན་ཤེས་ཡོད་མེད་རྒྱབ་ཀྱི་ཨ་མས་ཤེས།
ཡོད་ཡོད་བསམ་ནས་རྒྱོ་ལ་བདེན་པར་འཛིན།
མེད་མེད་བསམ་ནས་རྒྱོ་ལས་གཞན་སྟོང་རྟོགས།
ཡིན་ཡིན་བསམ་ནས་རྒྱོ་ལ་རང་རྒྱུད་གོ།
མིན་མིན་བསམ་ནས་རྒྱོ་ལས་ཐལ་འགྱུར་ཤེས། དགེ་བ་འདི་ཡང་ཐམས་ཅད་རྒྱོ་དང་འཕྲད་པར་ཤོག