བོད ལྷ་ཀླུ་གཉན་གསུམ།
ཞོགས་དུང་བཟུང་སོང་། ཞོགས་དུང་གི་གནམ་ས་གོ་འབྱེད་ཟེར་བའི་བརྩམས་དེབ་དེ་འདྲ་ད་སྔ་བོད་ཕྱི་ནང་གཉིས་སུ་སུས་ཀྱང་བྲིས་མྱོང་ཡོད་པ་མ་རེད། ཞོགས་དུང་ལྟ་བའི་ཤེས་ཡོན་ཅན་དང་། སྒེར་ཚུགས་ཅན། རིགས་ཞེན་ཅན། ཤེས་རབ་ཀྱི་རྩལ་རྫོགས་པ། མི་གཤིས་ཀྱི་གོ་རྟོགས་གསལ་བ། མི་རིགས་ཤིག་གཉིད་ལས་སློང་མཁན་བྱུང་ཡོད་པ་མ་རེད།
ཞོགས་དུང་ནི། ལྟ་ལོག་ཞིག་རེད། སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་མི་ངན་ཞིག་རེད། རྒྱ་དམག་གུང་ཁྲན་ཚང་གི་རྒྱུགས་ཁྱི་ཞིག་རེད། ཁོས་གཏན་ནས་ནང་ཆོས་མི་ཤེས་པའི་སྟབས་ཀྱི་ནང་ཆོས་ལ་སྐྱོན་བརྗོད་བྱས་པ་རེད།
ཡོངས་གྲགས་སུ་བོད་ཕྱི་ནང་གཉིས་སུ་གླེང་ཕྱོགས་འདི་འདྲའི་རིགས་གཉིས་ལ་བརྟེན་ནས་ཞོགས་དུང་ཟེར་བའི་མིང་ནས་འབོད་པའི་བོད་ཀྱི་དེང་རབས་རྩོམ་པོ་པོ་བཀྲ་རྒྱལ་ལགས། ད་ལྟ་བོད་ཕྱི་ནང་གཉིས་སུ་ཤུགས་ཆེན་པོ་གླེང་སློང་བྱེད་ཀྱི་ཡོད་པ་རེད། དོན་དངོས་སུ་ཞོགས་དུང་གིས་བྱ་བ་ག་རེ་ཞིག་བློས་གཏོང་བྱེད་འཕོད་པའི་སྙིང་སྟོབས་དེ་ནི་ངེད་ཅག་ད་ལྟ་བོད་ཕྱི་ནང་གཉིས་སུ་ཡོད་མཁན་ཚང་མས་ཤེས་དགོས་པ་ཞིག་ནི། ཁོ་རང་གིས་རྒྱ་ནག་སྲིད་གཞུང་གི་གཡོ་སྒྱུ་དང་། ཁྲེལ་གཞུང་མེད་པའི་བྱེད་སྟངས། རྒྱུ་འབྲས་མེད་པའི་མནར་གཅོད་གཏོང་སྟངས། གནས་ལུགས་བཤད་ས་མེད་པའི་སྲིད་གཞུང་ཞིག་གི་སྒོ་འགྲམ་ནས་བོད་ཀྱི་སྐྱིད་སྡུག་གླེང་མཁན་སུ་ཞིག་བྱུང་ན་དེ་ནི་ཁྲིམས་ཁང་དང་། ཐ་ན་ཚེ་སྲོག་ཡང་ཤོར་འགྲོ་བཞིན་པའི་གནད་དོན་དེ་ཤེས་བཞིན་དུ་ཁོ་རང་གིས་བློ་ཐག་རྦབས་ཆོད་ཀྱིས་བརྩམས་དེབ་ཞིག་བྲིས་གནང་བ་དེ་ནི་ངེད་ཅག་བོད་ཕྱི་ནང་གཉིས་སུ་ཡོད་མཁན་སེར་སྐྱ་ཕོ་མོའི་ཚང་མས་རྒྱབ་སྐྱོར་དང་ཡི་རུང་བྱེད་དགོས་པ་ཞིག་རེད་ཅེས་ཐག་བཅད་ཆོག
ཕྱོགས་ངོས་གཞན་ནས་ང་རང་ཞོགས་དུང་གི་རྩོམ་ཡིག་ཀློག་མཁན་ཞིག་གི་དངོས་ནས་ལྟ་ཚུལ་ཞིག་བྱུང་བ་དེ་ནི་ཞོགས་དུང་གིས་ག་དུས་ཡིན་ཡང་སངས་རྒྱས་ཆོས་ལུགས་ཀྱིས་བོད་འདི་མེད་པར་བཏང་ཚུལ་ཞིག་བཤད་ཀྱི་ཡོད་པ་ལྟ་བུ་ཞིག་ངས་ཡང་དང་བསྐྱར་དུ་ཀློག་ཡང་ཚོར་ཐུབ་མ་སོང་། ངས་ཚོར་བ་དེ་ནི་སངས་རྒྱས་ཆོས་ལུགས་ཁ་ལ་བཟུང་ནས་རང་དོན་འཁོ་ན་ལས་བསམ་རྒྱུ་མེད་པའི་སྟོན་པའི་ན་བཟའི་སྐུ་རྩེད་བྱེད་མཁན་གྱི་མི་སྣ་དེ་ཡི་རིགས་ཀྱི་བོད་མི་དམངས་འདི་གཡང་དུ་བསྐྱལ་བར་བརྗོད་ཀྱི་ཡོད་པ་ལྟ་བུ་ཞིག་མཐོང་སོང་། དེ་ཡིན་དུས་ཁོ་རང་ལྟ་བ་ལོག་པ་ཟེར་བའི་མི་དེ་འདྲ་ཞིག་ཀྱང་གཏན་ནས་མ་རེད། རྒྱུ་མཚན་ནི་ཁོ་རང་ཆོས་ལུགས་པ་ཞིག་མིན་དུས་ཆོས་ལུགས་ཀྱི་ལྟ་བ་ཞིག་རྒྱུད་དུ་མེད་པར་ལྟ་བ་ལོག་སྟངས་ཤིག་ཡོད་སྲོལ་མེད།
མཐའ་དོན་བདག་གི་ཞོགས་དུང་ལ་ལྟ་སྟངས་ཤིག་བཤད་ན། ཁོང་ནི་མི་རིགས་ཀྱི་ལར་ཞེན་ལས་ཡོངས་སུ་བཟི་ཟིན་པའི་དུས་རབས་གསར་བའི་དེང་རབས་ཀྱི་མི་བུ་སྒེར་ཚུགས་ཅན་ཞིག་དང་། རང་གི་ནག་ཉེས་དང་རང་གི་རྣམ་དཔྱོད་ལ་རང་གིས་ཐེར་འདོན་བྱེད་འཕོད་པའི་གསར་བརྗེ་རང་ལུགས་པ་ཞིག་རེད་སྙམ་གྱི་ཡོད། ཞོགས་དུང་གི་གཙོ་བའི་ད་ལྟའི་བོད་ནང་གི་རྩོམ་པ་པོ་གངས་ཉི་དང་། ཐེའུ་རང་། སྒྲོལ་མ་སྐྱབས། ཞོགས་ལྗོངས་སོགས་དུས་རབས་གསར་བའི་བོད་ཀྱི་གཞོན་སྐྱེས་ཆེས་མི་ཉུང་བ་ཞིག་གིས་རང་རང་གི་བསམ་ཚུལ་སྒེར་ཚུགས་ཡོད་པ་ཞིག་གི་སྒང་ནས་བོད་མི་རིགས་ཀྱི་གནད་དོན་གླེང་ནས་རྒྱ་ནག་པོའི་ཁྲིམས་ཁར་འཚུད་པ་དེར་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱིས་ལྟ་སྟངས་གཅིག་པ་དང་། འབོད་སྐུལ་གཅིག་པ། རྒྱབ་སྐྱོར་གཅིག་པ་ཞིག་ཡོང་རྒྱུར་ངས་སེམས་གཏིང་ནས་འབོད་སྐུལ་ཞུས་པ་ཡིན།
མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།
བོད་མི་ཞིག་ཡིན་པའི་ཆ་ནས་རྒྱབ་སྐྱོར་ལོས་བྱེད།་་་གཞན་ཁོ་ནི་ང་ཅག་ནང་པ་སངས་རྒྱས་པ་ལ་ཐུབ་ཚོད་བཏང་མཁན་གྱི་མི་ཞིག་ཡིན་པར་མ་བརྗེད་པར་བྱེད་དགོས།།
#
ཆབ་ སྲིད་བཙོན་པ་མང་པོ་ཡོད་རེད། གཅིག་དང་མི་འདྲ་བ་ཞིག་ཞོགས་དུང་ལ་ཅང་མེད་ངས་ཤེས། ཁོའི་རྩོམ་གྱི་ནང་དོན་ཁ་སང་ཧོར་འཇིགས་ཀྱིས་བཤད་པ་ནང་བཞིན་རེད། གནད་དུ་ཁེལ་བ་ཉུང་ཉུང་རེད། ཁོས་ཆོས་ལུགས་ལ་དགག་པ་རྒྱག་ཁུལ་བྱས་ཡོད་ཀྱང་ཁོས་ཆོས་མི་སྲིད་མི་ཤེས། ཁོ་བླུན་པོ་ཞིག་རེད། ཁོ་ཡག་པོ་ཞིག་ལ་བརྩི་ཡི་མེད། བོད་དོན་གང་ཡིན་ངོས་མ་ཟིན་པའི་རྒྱ་དམར་གྱི་ལྟ་བ་འཛིན་མཁན་ཞིག་རེད།
ཞོགས་ དུ་ལ་བསམ་བློ་གསར་བ་ཟིག་ཅང་ར་མེད་ཀི བོད་ལ་ཆོས་ལུགས་ཀྱིས་གནོད་ཡོད་རབས་མང་ཐག་ཆོད་བཤད་ཀི་འདུག ང་དེ་ལ་དགའ་བོ་ཁྱོན་ནས་མེད། བོད་ལ་ཆོས་མེད་ན་བོད་ཅེས་པའི་མིང་ཡང་བོར་ཟིན་ཡོད་ཀྱི་རེད། ངས་བལྟས་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྲིད་བྱུས་དེ་ཧ་ལས་དགོས་པ་ཞིག་ རེད་བསམ་ཡོད། ཁོང་གིས་བོད་ལ་ཆོས་སྤེལ་བ་དེ་ལ་ད་སྐབས་ཕྱི་མིག་ཅིག་བལྟས་ན་ཧ་ལས་པའི་རྗེས་ ཆེན་པོ་རེད། དཔེར་ན་ནུབ་ཕྱོགས་ལྟ་བུ་གཅིག་པུ་ལ་ཆ་མཚོན་ན་དོན་ཐོག་ལ་དོ་སྣང་ཡོང་བའི་རྒྱུ་ མཚན་དང་། དེ་བཞིན་བོད་ཀྱི་ཆོས་ལུགས་ཀྱི་ནུས་ཤུགས་དེ་ཧ་ལས་པ་རེད། ཆོས་མེད་ན་བོད་པ་སྐྱབས་བཅོལ་བས་མྱང་ཡ་རེད་བཞག
ཅིང་ཙེ་མེན་གྱིས་བཤད་ རྒྱུར། ཆོས་ལུགས་དང་གུང་བྲན་ཏིང་གཉིས་ལ་ཆོས་ལུགས་ཚེ་ཐག་རིང་གི་རེད། ཆོས་ལུགས་འདིས་འཛམ་གླིང་མང་པོའི་ཀླད་པ་བརྒྱུར་ཡོང་གི་འདུག འདི་ལ་ངེས་པར་དུ་བལྟས་དགོས་ཀྱི་འདུག གུང་བྲན་ཏིང་དང་གྲུང་ཀོ་མེད་པར་གྱུར་པའི་ཉིན་མོ་ཡང་ཆོས་ལུགས་ལྷག་འདུག་གྱི་ རེད། ཅེས་བཤད་ཡོད། དེར་བརྟེན་ངས་བལྟས་ན་ཁྲི་སྲོང་ལྡེའུ་བཙན་གྱིས་ཀྱང་དེ་འདྲ་ཞིག་ཏན་ཏན་དགོངས་ ཡོད་ཀྱི་རེད་བསམ་ཡོད། རྒྱལ་པོའི་རྒྱལ་ཁབ་བོད་ལས་ཆེ་བ་མང་པོ་ད་སྐབས་མིང་ཙམ་ཡང་མེད་པར་གྱུར་ཡོད། ཆོས་ལུགས་ཀྱིས་འཛམ་གླིང་སྤྱི་ལ་ཁ་ལོ་སྒྱུར་གྱི་ཡོད་རེད།
ཐུབ་བསྟན་ལགས། མི་རིགས་ཀྱི་དཔའ་བོ་ཞིག་ལ་ཁྱེད་ལྟ་བུ་རང་མགོ་མ་འཐོན་མཁན་ཞིག་གིས་སྐྱོན་བརྗོད་ས་ཞིག་མ་རེད། ཁོ་ནི་དུས་རབས་འདིའི་ཕུལ་བྱུང་གི་ཤེས་ཡོན་ཅན་དང་། བསམ་བློ་བ་བོད་མི་རིགས་གྷགཉིད་ལས་སློང་བའི་དུང་བརྡ་སྒྲོག་མཁན་གྱི་ཞོགས་དུང་རེད།
རྒྱ་དཔོན་ཏིན་ཞོ་ཕིན་གྱིས”ཞི་མི་དཀར་ནག་ལ་ཁྱད་མེད། ཙི་ཙི་ཟིན་ན་ཞི་མི་ཡག་པོ་རེད”ཟེར་བའི་དཔེ་ལྟར། ཆོས་ལ་དད་མི་དད་ཁྱད་མེད། བོད་མི་རིགས་ཀྱི་ཐོབ་ཐང་དང་ལ་རྒྱ་དམར་དམར་རྩོད་ཕོད་ན་ཕོ་རབ་ཡིན།
བོད་མི་རིགས་ཀྱི་སྤྱི་དོན་ཆེད་རང་ལ་ཡོད་ཚད་རྒྱང་རིང་དུ་བློས་བཏང་ནས་ལག་མགོར་ལྕགས་སྒྲོག་གོན་ནས་བཙན་ཁང་དུ་འགྲོ་མཁན་ཞིག་ལ། ཤ་ཚ་དང་རྒྱབ་སྐྱོར་བྱེད་འོས་མི་བྱེད་པར་ད་དུང་ཁོ་ལ་ཆོས་དད་ཡོད་མ་རེད་ཟེར་ནས་སྡིག་སྡིག་དང་རྒྱབ་སྐྱོར་མེད་ཟེར་ནས་ངར་ངར་བྱེད་མཁན་འདི་ཚོ་ཆོས་དད་ཅན་ཡིན་པའི་ཁུལ་རེད། ཆོས་པ་དེ་འདྲའི་སེམས་ནག་ཁྲེལ་མེད་ཚོ་མཐོང་དུས་ཞེད་སྣང་ལངས་ཡོང་གི་འདུག
ང་བོད་པ་འདི་ཚོ་ལ་ཡ་མཚར་གིན་འདུག་།ཞོགས་དུང་ནི་ཆོས་ལ་ངོ་རྒོལ་བྱ་མཁན་གྱི་དམར་སྲུང་དམག་ཞིག་ལ་།བོད་ཀྱི་ཆབ་སྲིད་སྤྱི་དོན་ས་སྙིང་ཐག་པ་ནས་ཤ་ཚ་མཁན་ཞིག་དང་།ཐ་མ་བཙོན་དུའང་འགྲོ་མཁན་ཞིག་རེད་།སྐད་ཆ་དེ་བདེན་པ་རེད་།སྐད་ཆ་བཤད་དེ་འདྲ་བཤད་ན་ཁྱོད་ཚོ་ཁོང་ཁྲོ་ལངས་དགོས་བ་ཞིག་ག་རེ་ཆགས་ཀྱིན་འདུག་།
ཞོགས་དུང་ནི་རིགས་ཞེན་ཅན་དང་ལ་རྒྱ་ཅན། བོད་མི་རིགས་ཀྱི་རང་དབང་དོན་དུ་གཉེར་མཁན་ཞིག་ཡིན་པས་བསྔགས་བརྗོད་དང་གུས་ཞབས་བྱེད་པར་འོས། འོན་ཀྱང་ཁོའི་རྩོམ་ཡིག་གི་ནང་དོན་མང་པོ་ཞིག་རིག་གནས་གསར་རྗེའི་སྐབས་ཀྱི་གཏམ་རྙིང་སྐྱར་བཟློས་དང་། ནང་ཆོས་ལ་གོ་བ་མེད་པ། ཆོས་དད་མཁན་གྱི་རང་དབང་ལ་བཙན་གནོན། ཉུང་ངུའི་སྐྱོན་ཆ་མང་པོ་ལ་བགོས་པ། རང་ལུགས་ལ་འདི་ཡིན་གཏད་སོ་མེད་པ། ཆོས་དད་མེད་པའི་ཕན་པའང་གསལ་བོ་མེད་པ། སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་མི་མཐུན་པ། མང་ཚོགས་ཀྱི་འདོད་པ་དང་མི་མཐུན་པ། ཆབ་སྲིད་ཀྱི་རྨིང་གཞི་མེད་པ། ཚིག་ངན་དང་སྐྱོན་བརྗོད་ལས་མི་རིགས་ཀྱི་མདུན་ལམ་སྐོར་གོ་རིམ་ལྡན་པའི་འགྲོ་ཕྱོགས་གང་ལ་ཡང་གསལ་ཁ་ཆེ་བའི་གཏན་ཚིག་ཞིག་ཡོད་པར་མ་མཐོང་། འོན་ཀྱང་། སྤྱི་ཚོགས་ཉམས་ཞིབ་པ་དང་། ཆོས་དང ཆབ་སྲིད། དངོས་རྫས་སོགས་ལ་ལྡོག་ཕྱོགས་ནས་བསམ་གཞིག་དང་བརྟགས་དཔྱད་བྱེད་པ་ལ་གོ་བ་གསར་བ་དང་། ལམ་ཕྱོགས་མང་པོ། ཞིབ་འཇུག་གི་གཞི་རྒྱ་ཆེ་རུ་འགྲོ་བ་སོགས་ལེགས་པའི་ཆ་ཤིན་ཏུ་མང་པོ་བཞུགས་པས་འདིའི་ངོས་ནས་མཁས་དབང་ཞེས་བརྗོད་ཆོག་ལ་ཐལ་མོ་སྙིང་གར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་དགོས་པར་འཁུམ་མོ། །
བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་མཁན་ཞོགས་དུང་མིན་ན་ཡང་མང་པོ་ཡོད་རེད། དཔའ་བོ་ཟེར་བ་དེ་མང་པོ་རེད། དམར་པོའི་ལྟ་རྙིང་རྗེས་ཟློས་བྱེད་མཁན་ཞིག་ལ་མཁས་པ་ཟེར་དོན་ཅང་མེད། མཁས་པ་ཟེར་བ་དེ་ཞོགས་དུང་འདྲ་ཞིག་ལ་ངོས་འཛིན་བྱས་ན་བོད་པ་ལ་མཁས་པ་མེད་པའི་དཔང་རྟགས་ཤིག་ཡིན་གྱི་རེད།
ཞོགས་དུང་ལ་ཤུགས་རྐྱེན་ཡོད་པ་དེ་བོད་ཕྲུག་ཆུང་ཆུང་ཁག་གཅིག་གི་རྣམ་དཔྱོད་འཕྲོད་བརླག་བཏང་ཡོད་པ་དེ་རེད། ཁ་སང་དགོང་ད་བོད་ནང་ནས་ཁ་པར་འབྱོར་སོང་ང་། ག་རེ་གསུང་གིན་འདུག་ཟེར་ན། ཞོགས་དུང་གི་ལྟ་བ་ལས་ང་ཚོ་རྒྱ་མི་གུང་བྲན་འོག་ལ་འདུག་ན་དགའ་ཡི་ཡོད་ཅེས་འབྲེལ་བརྗོད་གནང་སོང་ང་། སྐད་ཆ་དེ་ཆུང་མ་རེད་ཆེན་པོ་རེད།་གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་རེད། ཞོགས་དུང་གིས་ཅིག་ཤོད་ཀྱིན་ཡོད་པ་དེ་མངོན་དུ་གྱུང་བ་ཡོང་བ་ལས་ངེས་པར་རྒྱ་མིའི་འོག་འདུག་ན་དགའ་ཡི་ཡོད་རེད། བོད་ནང་གི་སྐད་ཆ་དེ་ག་རང་རེད།
སྤོབས་པ་མཐའ་ཡས་ཀྱི་བསམ་ཚུལ་ལས་བྱུང་བའི་བརྡར་ཤ་གཅོད་སྟངས་འདི་ལ་ཧ་ཅང་གིས་འཐད་པ་མ་ཟད། ངས་ཀྱང་སྔ་ཕྱི་རུ་ཞོགས་དུང་གི་དེབ་ཀློག་མྱོང་བའི་ཚོར་བ་ནི་ཆོས་ལུགས་པའི་བྱ་སྤྱོད་ཡ་མ་ཟུང་ངོ་ལོག་གི་སྐད་ཆ་བཤད་ཀྱིན་ཡོད་པ་ལས། མཐའ་གཅིག་ཏུ་ཆོས་ཁོ་རང་ཉིད་ནག་པོ་ཞིག་ཏུ་བརྩི་གྱིན་པའི་ཚཽར་བ་བྱུང་ཐབས་ཤིག་མི་འདུག དེར་མ་ཟད། མི་ཁ་ཤས་ཤིག་ནམ་ཡིན་ཡང་ཧོལ་རྒྱུགས་དང་རི་བོང་ཅལ་འགྲོགསཀྱི་སྤྱོད་ཚུལ་ལ་གོམས་པས། ཞོགས་དུང་གིས་ཆོས་ལ་ངོ་རྒོལ་བྱས་ཡོད་པ་རེད་ཟེར་དུས་ད་དེ་ནི་བསྟན་འགྲ་ཞིག་རེད་ཟེར་ནས་ཐད་ཀར་རང་གི་རྣམ་དཔྱོད་ཀྱིས་བརྡར་ཤ་མི་གཅོད་པར། རེད། ཆོས་ལ་ངོ་རྒོལ་བྱེད་མཁན་ཡིན་ན་བསྟན་དགྲ་རེད་ལྟ་བུའི་འུར་རྒྱག་གིན་འདུག ཆོས་ལ་ངོ་རྒོལ་བྱེད་རེད་ཟེར་ན་ཐད་ཀར་གོ་བ་གཞན་པ་རེ་རག་ངེས་ལ་དེ་བཞིན་གྱི་ལྟ་ཚཱུལ་ཞིག་ཀྱང་སླེབས་སྲིད་མོད། ཁོའི་དེབ་དེ་ཚོ་ཀློག་དང་ལོས་བདེན། བདེན་པ་འདུག འདི་འདྲ་འདུག དེ་འདྲ་འདུག་ལ་སོགས་པའི་ཚོར་བ་དེ་ཁོང་གི་ཞིབ་ཚགས་ཀྱི་བརྗོད་གཞིའི་ནང་དུ་གསལ་ཡོང་གིན་འདུག དེ་བས་ངས་འདིར་འབོད་སྐུལ་ཞུ་རྒྱུ་ཞིག་ལ་ཞོགས་དུང་ཆོས་ལ་ངོ་རྒོལ་བྱེད་མཁན་རེད་ཟེར་ནས་ཧོར་རྒྱུགས་མ་བྱེད་པར། ཁོས་བརྗོད་འདོད་བྱེད་བཞིན་པ་དེ་གསལ་བོར་རྟོགས་རྗེས། ཁོའི་བརྗོད་གཞི་དང་རང་རེའི་སྤྱི་ཚོགས་བར་འབྲེལ་བ་ག་རེ་ཡོད་མེད་ལ་ལ་སོགས་པའི་རང་རང་གི་བློ་གཟོ་བོར་གནས་པའི་ལྟ་ཚུལ་རེ་འདིན་རོགས་ཞུ་རྒྱུ་ཡིན།
ཆོས་ལ་ངོ་རྒོལ་བྱེད་མཁན་རེད་ཟེར་ནས་ཚིག་དེ་གཅིག་པུར་མ་ཉན་པར་དེབ་དེ་ཚོ་རེ་རེ་ལ་གཟིགས་རོགས་ཞུ་རྒྱུ་ཡིན།
གཞན་ཁོང་ལྟ་བུའི་དྲང་བདེན་དང་གནས་ལུགས། འདྲ་མཉམ་དང་ཐོབ་ཐང་ཞིག་ལ་ང་ཚོས་མ་མཐར་ཡང་བརྩི་བཀུར་བྱ་དགོས་པར་འདོད་ལ། འདི་ཡང་རང་རེའི་མི་རིགས་ཀྱི་གནས་སྟངས་སེམས་ཀྱིས་བསམ་མཁན་ཞིག་ཡིན་པ་ཡང་ཞོར་ནས་མ་བརྗེད་པ་གནང་རོགས།
སྟག་ཤ་ར་ཟེར་ན་ཁོ་འདྲ་རེད། བུ་དཔའ་བོ་ཟེར་ཡང་ཁོ་འདྲ་རེད།
ཕ་བཟང་གི་བུ་ཟེར་ན་ཁོ་འདྲ་རེད། མི་རིགས་ཀྱི་བུ་ཟེར་ན་ཡང་ཁོ་འདྲ་རེད།
ཚིག་སྟོང་ཤ་ར་ར་བཤད་མཁན་གྱི་ང་ཚོ་དང་འདྲ་ས་མི་འདུག
ཚེ་རིང་སྐྱིད་།
ཁྱོད་ཚོས་བསམ་བློ་གཏོང་ཤེས་གིན་མི་འདུག་གམ་།
་ཁ་བརྡ་དྲ་བའི་ནང་དུ་ཞོགས་དུང་གི་ལྟ་བ་མཚོན་པའི་རྩོམ་མང་པོ་ཤིག་བཀོད་འདུག་།ཀློག་དང་།ཞོགས་དུང་གིས་ཉིན་གུང་ལ་དུང་ཞིག་བུས་བ་ཟེར་བའི་དེའི་ནང་དང་།དེའི་འོག་གི་མཆན་འགའ་རེ་ནང་དུ་ཁོང་གི་ལྟ་བའི་གནད་དང་བཅས་གསལ་བོ་འཀོད་འདུག་།
ཁོའི་དཔའ་བོ་ཡིན་པ་དང་།མི་རིགས་ལ་ཤ་ཞེན་ཡོད་པ་།དེ་བཞིན་གཞན་དོན་སྒྲུབ་མཁན་ཞིག་ཡིན་པས་།ཁོའི་དམར་སྲུང་དམག་གི་རྙིང་གཏོར་གྱི་ལྟ་བའང་བདེན་པ་དང་།གནས་ལུགས་མཐར་ཐུག་ཡིན་པའི་རྒྱུ་མཚན་ག་རེ་འདུག་།ང་སྐབས་རེ་ཁྱེད་ཚོ་ལ་ཡ་མཚར་གིན་འདུག་།ཁྱེད་ཚོས་རང་ལ་འདི་རེད་དང་མ་རེད་ཅེས་དཔྱད་སྟོབས་ཀྱི་རྣམ་དཔྱོད་ཅིག་རྩ་བ་ཉིད་ནས་མི་འདུག་གམ།
ཁྱོད་ཀྱིས་”ཆོས་ལུགས་པའི་བྱ་སྤྱོད་ཡ་མ་ཟུང་ངོ་ལོག་གི་སྐད་ཆ་བཤད་ཀྱིན་ཡོད་པ་ལས། མཐའ་གཅིག་ཏུ་ཆོས་ཁོ་རང་ཉིད་ནག་པོ་ཞིག་ཏུ་བརྩི་གྱིན་པའི་ཚཽར་བ་བྱུང་ཐབས་ཤིག་མི་འདུག ”
ཨ་ཙི་།སྟོང་ཉིད་ལ་།སྟོང་ཉིད་མིན་པ་བཤད་པ་།བདག་མེད་ལ་བདག་ཡོད་པ་བཤད་པ་།འདོར་ན་བོད་ཀྱི་ཆག་འཇིག་ཐམས་ཅད་ཆོས་ཀྱི་ཐོག་ཏུ་བཀལ་བ་དེ་ཆོས་ཁོ་ན་ལ་དགག་པ་རྒྱག་གིན་ཡོད་པ་མ་རེད་དམ་།ངས་སྔོན་ཆད་ནས་བཤད་ཡོད་པ་བཞིན་།ལྟ་བའི་གནད་དེ་ནི་རིག་གསར་དང་།མོའི་རྙིང་གཏོར་གྱི་ལྟ་བ་ཤིག་རེད་ཅེས་།ཁུངས་ལུང་མང་པོ་དྲངས་ཡོད་།
ཚིག་དང་དོན་རེ་རེ་ནས་རྩོད་།་རྩོད་ཐུབ་བམ།
ཞོགས་དུང་གིས་ནང་ཆོས་དགག་གི་ཡོད་པ་རེད། གང་ཡིན་ཟེར་ན་བག་ཆགས་དུང་སྤྲུག་ནང་ཡ་ཐོག་དམ་པ་ཆོས་ཀྱི་བག་ཆགས། ཞེས་བརྗོད་དེ་ཆོས་ལུགས་ཀྱི་བག་ཆགས་རྩ་མེད་བྱེད་དགོས་པར་བཤད་ཡོད། དེ་བཞིན་བག་ཆགས་དུང་སྤྲུག་ནང་དུ། སྟོབས་བཅུ། མ་འདྲེས་པ་བཅོ་བརྒྱད། ཕར་ཕྱིན་དྲུག་སོགས་མདོར་ན་ཆོས་ལུགས་ནང་གང་བཤད་ཡོད་པ་ཚང་མ་དགག་སྟེ་བག་ཆགས་དུང་སྤྲུག་དགོས་ཚུལ་བྲིས་འདུག དེ་ལྟ་བུ་ཞིག་ནང་ཆོས་དགག་པ་མིན་ན་ད་ནང་ཆོས་དགག་པའི་མཚན་གཞི་ངོས་འཛིན་བྱེད་ས་མི་འདུག་ལགས། བོད་ཀྱི་མཛེས་མ། དྲིན་ཆེན་མ།
ངས་ཁྱོད་ཀྱིས་བཤད་པའི་སྐད་ཆ་ཤིག་ལ་འཐད་པ་འདུག་།དཔྱད་པ་སོགས་ཅི་ཡང་མེད་པར་དོན་མེད་དུ་ཧོལ་རྒྱུགས་བྱེད་ཀྱིན་འདུག་།
༼༡༽བོད་ཀྱི་ལོ་རྒྱུས་མི་ཤེས་བ་དག་གིས་ལོ་རྒྱུས་ལ་ཧོལ་བཤད་།
༼༢༽ཆོས་མི་ཤེས་བ་དག་གིས་ཆོས་ལ་ཧོལ་བཤད་བ།
༼༣༽དེ་བཞིན་ཚན་རིག་མ་ཤེས་བ་དག་གིས་ཚན་རིག་གི་སྐོར་ལ་ཧོལ་བཤད་།
མ་རེད་དམ།
གང་ལྟར་ངས་ཁྱེད་ཅག་ལ་ཚིག་གཅིག་བཤད་རྒྱུ་ནི། ཁོང་སྔོན་ནས་ད་ལྟ་བར་མི་རིགས་ཀྱི་ཆེད་དུ་འཚོ་འདུག་ལ་ཁོའི་སྨྱུག་ཁར་རྩེན་གྱིན་པ་ཚང་མ་མི་རིགས་ཀྱི་གནད་དོན་རེད། ཚིག་སྐམ་པོ་འབྲི་མཁན་གྱི་ང་ཚོ་དང་མི་འདྲ་ལ། གྲོད་ཁོག་རྒྱག་ཙམ་དང་འགན་མེད་པར་འུག་རྒྱག་མཁན་ང་ཚོ་དང་མི་འདྲ།
ད་དུང་ཞུ་རྒྱུ་ཞིག་ལ་ཁོ་མ་གཞི་ནས་ཆོས་ལུགས་པ་མིན་པས། ཁོ་ལྟ་བ་ལོག་འགྲོ་ས་མེད། ལྟ་ལོག་པ་ཡིན་པར་ངོས་ལེན་བྱ་ཐབས་མེད།
ཨོ་ད་རུང་རིག་ཤེས་ཀུན་གྲོལ་ཡིན་ན་ཅིག་ཀྱང་བྲིས་འདུག དེའི་ནང་དུ་ཡང་ཕྱག་འཚལ་བ་དང་མཆོད་པ་འབུལ་པ་སོགས་རེ་རེ་ནས་དགག་ཁུལ་བྱས་འདུག ཞིབ་ཏུ་བལྟ་སྙིང་བྲོད་མ་སོང་། བྱས་ཙང་ནང་ཆོས་ཏན་ཏན་དགག་གི་ཡོད་རེད།
ཞོགས་དུང་མི་ཤེས་མཁན་ཚོས་ཞོགས་དུང་ལ་སྐྱོན་ཡོན་གང་ཡང་མ་གླེང་ན་ཤིན་དུ་མཛེས།འདིའི་དོན་ནི་གླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པའི་དོན་ཡིན།
བདུད།འདྲེ།ལྟ་ལོག་་གཏེ་ངནསོགས་མིང་ཚིག་གང་བཙོག་མེད་པ་མང་པོ་ཞིག་གིས་ཞོགས་དུང་གི་མགོ་ནས་སྒལ་གཞུང་བར་བཀབ་ཚར་ཡིན་པས།ད་ནི་ཁྱོད་ཚོ་སེམས་ལྷོད་ལ་བབ་སྟེ་གཉིད་ལ་སྡོད་དང་།ཞོགས་དུང་གིས་ཁྱིམ་གཞི་རྒྱབ་ཏུ་གཡུགས་ཚེ་སྲོག་འབེན་ལ་བཙུག་སྟེ་ཁྱོད་དང་ང་ཚོའི་ཤི་གསོན་གྱི་ཆེད་དང་།འུ་ཚང་གི་གོད་ཆག་གནམ་ལྷུང་གི་ཆེད་དུ་ཤ་རུས་ཕྱི་ནང་རྗེ་བཞིན་པའི་སྒང་ཡིན་པས།་ད་ཁྱོད་ཚོ་ཡིད་ཚིམ་ན་རེད།
རྡུལ་ཕྲན་ལགས་།
ཞོགས་དུང་ལྷ་འདྲེ་གང་ཡང་མ་རེད་།བོད་མི་རིགས་བསམ་པའི་སྙིང་སྟོབས་ཅན་གྱི་སྐྱེས་བ་ཞིག་རེད་།རྗེས་སུ་ཡིད་རངས་ཡོད་།ཁོའི་ལྟ་གྲུབ་གླེང་དགོས་བ་འདི་།ཁོ་ལ་གལ་ཆེན་པོ་ཤིག་རེད་།ངེས་པར་ཏུ་གླེང་དགོས་།ཕྱོགས་གང་ས་ནས་གླེང་དགོས་།
འདི་ཁོང་གི་བཤད་པའི་མིའི་སྙིང་སྟོབས་ཟེར་བ་དེ་དང་ཡང་མཐུན།ཨ་རི་ཚང་གི་ཞབས་འདྲེན་པ་ཟེར་བ་སུ་གོ་དགོས་བ་མ་ཤེས་།
ཁྱེད་ཀྱིས་ང་ཚོས་མ་ཤེས་བའི་ཞོགས་དུང་གི་སྐོར་ཡ་མཚར་ཅན་ཤིག་བཤད་རྒྱུ་འདུག་ཉམས་འདུག་པས་།གསུང་དང་།ཉན་ནས་འདུག་གིན་ཡིན།
ཨ་མཛེས་མ་དྲིན་ཆེན་མ། ཁྱེད་ཀྱིས་བཤད་པ་ནང་བཞིན་དྷ་སའི་མཁས་པ་ཡིན་ཟེར་མཁན་གྱི་ནང་ན་ཡང་ལྟ་ལོག་ངོས་འཛིན་ནོར་འདུག་འདམཁན་མང་པོ་འདུག ཁྱེད་ཚོས་ལྟ་ལོག་ཟེར་དུས་དང་པོ་ཆོས་ལུགས་ཀྱི་ལྟ་བ་འཛིན་མཁན་ཞིག་གིས་རྗེས་སུ་ལྟ་བ་དེ་གཡུག་བཞག་པ་འདྲ་ཞིག་གོ་ཡི་འདུག དེ་འདྲ་མ་རེད་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ཟེར་བ་ཞིག་ཆོས་ལུགས་ཀྱི་ནང་བཤད་ཡོད་པ་དེ་ཚོ་དང་པོ་ནས་ནང་ཆོས་ཀྱི་ལྟ་གྲུབ་འཛིན་མཁན་ཞིག་རྗེས་སུ་ནང་ཆོས་ལ་མ་དད་པ་དེ་འདྲ་མ་རེད། དང་པོ་ནས་སངས་རྒྱས་ཆོས་ལུགས་ཁས་མི་ལེན་པ་དང་ལྟ་བ་གཞན་པ་འཛིན་མཁན་ལ་ཡང་ལྟ་ལོག་ཟེར་ནི་རེད།
དེ་རིང་ངས་ཞོགས་ལ་ཚིག་ནང་བརྗོད་ཤོར་བ་དེ་མ་འགྲིག་པ་རེད་ཁོ་ཆབ་སྲིད་ཀྱི་ཉག་ཉེས་འོག་འཛིན་བཟུང་བྱས་པའི་ཆས་ནས་ངས་དགོངས་དག་ཞིག་ཞུ་རྒྱུ་ཡིན།
ཡིན་ན་ཡང་ཁོས་ཆོས་ལུགས་ལ་འཛིན་པའི་ལྟ་བ་དེ་ལ་ལ་དུས་ནམ་ཡང་ངོས་ལེན་མེད།
ཞོགས་དུང་གི་དཔྱོད་ཤེས་རྒྱང་འབོད་སོགས་ལས་ནང་ཆོས་ཀྱིས་བོད་དེ་ཡར་རྒྱས་སུ་འགྲོ་བར་གེགས་བྱེད་བཞིན་ཡོད་ཚུལ་བརྗོད་ཡོད་ནའང་། དེ་ནི་ཁོང་གིས་མི་རིགས་འདིའི་ཡར་རྒྱས་ལ་བསམས་ནས་བཤད་པ་ཞིག་ཡིན་པ་ནི་སུས་ཀྱང་བསྙོན་དུ་མེད་པ་ཞིག་རེད། དེ་ནི་སྒེར་དོན་ཆེད་བཤད་པ་ཞིག་གཏན་ནས་མ་རེད། གཞན་དེ་གནམ་ས་གོ་འབྱེད་སོགས་ཀྱི་རྐྱེན་པས་ཁོང་འཛིན་བཟུང་བྱས་པ་རེད། དེ་ནི་མི་རིགས་འདིའི་མདུན་ལམ་དང་གནས་སྟངས་ཐད་བྲིས་པའི་གནད་འགག་ཅན་གྱི་དེབ་ཅིག་ཆགས་ཡོད། དེ་ཡང་སྒེར་དོན་ཆེད་བྲིས་པ་ཞིག་མ་རེད། མི་རིགས་འདིའི་དོན་དུ་བྲིས་པ་རེད། མི་རིགས་དེའི་ཆེད་དུ་བཤད་པ་རེད། རྒྱུ་མཚན་ཤེས་ནས་ནང་ཆོས་ལ་དད་པ་ཡོད་མཁན་ཞིག་ཡིན་ན། ཞོགས་དུང་གིས་ནང་ཆོས་བོད་དུ་སླེབས་རྗེས་བོད་ཀྱི་སྤྱི་ཚོགས་ཡར་རྒ
ཚེ་རིང་སྐྱིད་།
རྒྱུ་མཚན་མེད་པར་སེམས་ཀྱི་སྟེང་ནས་ངེས་པར་ཏུ་ཅིག་བཤད་དགོས་བའི་བསམ་པའི་བཤིས་ལུགས་འདི་གང་ནས་བྱུང་བ་རེད་དམ།་
ཞོགས་དུང་མ་བཟུང་བའི་སྔོན་དང་།གནམ་ས་གོ་འབྱེད་མ་བརྩམས་པའི་སྔོན་དུ་མི་ཚང་མས་ཁྱོད་ཀྱིས་སྐད་ཆ་འདྲ་བཤད་ནས་ཞོགས་དུང་གི་ཁ་གཅོད་བསམ་བཞིན་འདུག་།དེ་དུས་སྐད་ཆ་ཚིག་གཅིག་ཀྱང་ལབ་མེད་།ད་ལྟ་ཞོགས་དུང་གི་བཙོན་དུ་བཅུག་པ་དེ་ལས་བརྟེན་ནས་ཞོགས་དུང་གི་ལྟ་བ་དེ་ཡང་ང་ཚོའི་མགོ་ལ་བཙན་ཤེད་ཀྱི་འགལ་ཅི་ཐུབ་བྱ་གིན་འདུག་།ག་རེ་ཡིན་ནམ།
སྐད་ཆ་མདོར་བསྡུས་ན་ལྟ་བ་ལ་གནད་དོན་ཡོད་མེད་དེ་རྒྱ་གཞུང་གི་སྤྱི་བདེ་མི་སྣ་དང་ཐུག་བསྡད་ཡོད་པ་རེད་དམ་།ཁོ་ཚོས་མ་བཟུང་བའི་སྔོན་དུ་ཞོགས་དུང་ཡང་་”ཚིག་སྐམ་པོ་འབྲི་མཁན་”་”གྲོད་ཁོག་རྒྱག་ཙམ་དང་འགན་མེད་པར་འུག་རྒྱག་མཁན་”་དེ་འདྲ་བ་མ་རེད་དམ་།
ལྟ་བ་ལོག་ནའང་སྐྱོན་མི་འདུག་།ཁོས་ཡང་ཁས་ལེན་གིན་འདུག་།དེ་ན་ཁོས་ལྟ་བ་ལོག་མི་འདུག་ཅེས་ལྷམ་པ་རྒྱག་གི་ཡིན་ནམ།
བོད་པ་ཡིན་ན་ཆོས་ལུགས་ལ་དད་དགོས་པའི་བཀའ་ནི་སུས་ཀྱང་གནང་མྱོང་མེད་ལ་གནང་ཐུབ་པ་ཞིག་ཀྱང་མིན།དེ་བཞིན་ཤེས་ཡོན་པ་ཡིན་ན་ནང་ཆོས་ཤེས་དགོས་པ་དང་ནང་ཆོས་ཁས་ལེན་དགོས་པའི་བཀག་རྒྱ་ནི་སུས་ཀྱང་བཟོ་མི་ཐུབ།ལྷག་ཏུ་ནང་ཆོས་ལ་དགག་མི་ཆོག་པ་དང་ནང་ཆོས་ལ་དོགས་སློང་བྱེད་མི་ཆོག་པ།ནང་ཆོས་ལ་མ་དད་ན་མི་ཆོག་པའི་ཁྲིམས་ཤིག་གནམ་ནས་ལྷུང་ཐབས་མེད་ལ་ས་ནས་སྐྱེས་ཐབས་མེད།མིའི་རིགས་ཀྱི་ཤེས་རིག་དར་བའི་ལོ་རྒྱུས་འོག་རིག་གཞུང་དང་གོམས་སྲོལ་གང་ཞིག་ཡིན་ཀྱང་མིས་བཟོས་ཤིང་མཐར་མིས་གཏོར་བ་ཤ་སྟག་ཡིན་ལ།ལྷག་ཏུ་སློབ་གསོ་དང་ཆོས་ལུགས་རིག་པ་གང་ཞིག་ཡིན་ཀྱང་མིའི་སྤྱི་ཚོགས་ཀྱི་འཚོ་བའི་དགོས་མཁོའི་དབང་གིས་བྱུང་བ་ཤ་སྟག་ཡིན་དུས་སླར་ཡང་མིའི་རིགས་ཀྱི་འཚོ་བའི་དགོས་མཁོའི་འོག་ཉམས་ཞིབ་དང་རོབ་རྩིས་བྱེད་དགོས་པ་ཞིག་ཡིན།དེ་མ་གཏོགས་གནས་ལུགས་ཟེར་བ་ཡང་བཙལ་ཏེ་སོང་ན་རེ་རེ་ལ་གནས་ལུགས་རེ་ཡོད་ངེས་ཡིན་པས་སུ་ཞིག་གིས་ཆོས་ལུགས་གཅིག་པུ་ལས་གཞན་ལ་ཅི་ཡང་མེད་པའི་བཀའ་རྒྱ་སྒྲོག་པ་རེད།སྤྱོད་པ་ཅོལ་ཆུང་མ་བྱེད་རོགས།ཐུབ་བསྟན་རིན་པོ་ཆེ།
ཞོགས་དུང་གིས་ནང་ཆོས་བོད་དུ་སླེབས་རྗེས་བོད་སྤྱི་ཚོགས་ཡར་རྒྱས་མ་སོང་བར་བཤད་པ་བདེན་དུ་ཆུག་ཀྱང་། ཁོང་གིས་ནང་ཆོས་ཀྱི་ལྟ་གྲུབ་ལ་དགག་པ་བརྒྱབ་ཡོད་པར་མི་འདོད། ནང་ཆོས་མཐར་གཏུག་ན་བདེན་པ་བཞིའི་ནང་དུ་བསྡུས་ཡོད་པ་རེད། གལ་སྲིད་བདེན་པ་བཞིའི་ནང་དུ་ནོར་འཁྲུལ་སོགས་ཡོད་ན། དང་ཐོག་འགོ་ཁུངས་ནས་དགག་བཞག་གནང་ཆོག་ཀྱང་།དེ་བྱས་ཡོད་མི་འདུག་ག། དེ་ཡིན་དུས་བོད་རྒན་བླུན་རྨོངས་བས་ནང་ཆོས་དེ་སྤྱི་ཚོགས་ནང་བེད་སྤྱོད་གཏོང་མ་ཤེས་པས། ཞོགས་དུང་སོགས་ལ་བག་ཆགས་དེ་འདྲ་བཞག་པ་རེད། གལ་ཏེ་ཁོང་གིས་ནང་ཆོས་ཀྱི་ལྟ་གྲུབ་ལ་དགག་པ་བརྒྱབ་ཀྱང་རུང་། ཁོང་གིས་ཀྱང་མི་རིགས་འདིའི་ཡར་རྒྱས་ལ་བསམ་ནས་བཤད་པ་ཡན་རྒྱུ་རེད། ང་ལ་མཚོན་ན། ཁོང་ལ་སྐྱོན་ཡོན་གཉིས་ཀ་ཡོད་ཀྱང་།་ཐེངས་འདིར་འཛིན་བཟུངབྱེད་དོན་ནི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་ཡིན་པ་ལས། རྐུན་མ་བརྒྱབ་ནས་འཇུས་པ་མ་རེད་ལ ལྐོག་ཟ་བྱས་ནས་འཇུས་པའང་མ་རེད། བསམ་ཚུལ་མི་མཐུན་རུང་བོད་མི་རིགས་ཀྱི་དོན་དུ་ལས་བྱེད་མཁན་ཞིག་ཆགས་འདུག ཚང་མ་དཔལ་འབྱོར་དང་དཔོན་ས་རེ་བ
ཕུག་རོན་ལགས་།
ཀུན་སློང་མ་གླེང་།སུས་ཀྱང་ཤེས་གིན་མ་རེད།མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་དཔེ་དེབ་དེ་དག་ནང་གི་ལྟ་གྲུབ་རྣལ་མ་དེ་ཚོ་གླེང་།དེ་ནས་སྡོམ་ཚིག་ཞོག་།
འདི་ཆབ་སྲིད་དང་འདྲེས་བར་ཤོད་།དེ་མིན་འཇིག་རྟེན་ན་གནས་ལུགས་ཞིག་བཤད་ཐུབ་ཀྱིན་མ་རེད་།
སྐབས་འདིར་ང་ཚོས་ཁོང་ལ་གདུང་སེསམ་མཉམ་སྐྱེད་མ་བྱས་ན་ད་སུས་རྒྱབ་སྐྱོར་བྱེད་དགོས་རེད། དེའི་ཕྱིར་ཚང་མས་ཁོང་གི་ཆེད་བགྲོ་གླེང་གནང་དགོས་ལ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ཡང་བསྒྲགས་དགོས། དེ་མིན་དེང་ཕྱིན་ཡང་བོད་པ་འགྱོད་པའི་གནས་སུ་མི་ལྷུང་བའི་ངེས་པ་མེད་དོ། སྐུ་ཞབས་ཞོགས་དུང་མཆོག་གང་མགྱོགས་གློད་པའི་རེ་བ་ཡོད།
ཁོ་རེ། སྡུལ་ཕྲན། སངས་རྒྱས་ཀྱིས་ཆོས་ནི་སེམས་ཅན་ཐམས་ཅད་འཁོར་བ་ལས་ཐར་ཏེ་སངས་རྒྱས་ཀྱི་ཆེད་གསུངས་པ་རེད་མ་གཏོགས་མི་རིགས་ཀྱི་འཚོ་བའི་ཆེད་དུ་གསུངས་པ་མ་རེད། ཡིན་ན་ཡང་མི་རིགས་ཀྱི་འཚོ་བ་ཟེར་ན་ཡང་རེད་གང་ལྟར་ཡང་་བོད་པའི་རིག་གཞུང་གི་ངོ་བོ་སྲུང་སྐྱོབས་ལ་སངས་རྒྱས་ཆོས་ལུགས་ཀྱིས་ཕན་བཏགས་ཡོད་རེད།
རྒྱ་ནག་ཉམས་ཞིབ་པ་ལགས།འུ་ཚང་གི་ཞབས་འདྲེན་པ་ཟེར་བ་ལས་ཨ་རི་ཚང་གི་ཞབས་འདྲེན་པ་ཟེར་བ་ཞིག་བཤད་མེད།་ཧ་ཧ་ཧ་ཧ་
དེའི་ཁོངས་ཀྱི་ཞབས་འདྲེན་པའི་རིགས་ཟེར་བ་ནི་གླུ་རྒྱ་གདངས་གཅིག་གིས་ལེན་པར་འདོད་མཁན་ཀྱི་བོད་ཀྱི་ཤེས་ཡོན་པར་རློམ་མཁན་དང་།ཆོས་ལུགས་གཅིག་པུ་ལས་ཤེས་རིག་གཞན་དང་རིག་པ་གཞན།་ཐ་ན་མི་མཐུན་པའི་བསམ་ཚུལ་ཙམ་ཀྱང་ཐོས་ན་མི་དགའ་བའི་བོད་ཀྱི་བླུན་རྨོངས་པའི་སྡེ།བོད་ཀྱི་མཁས་པ་ཡིན་ན་ནང་ཆོས་ལ་དད་དགོས་པའི་ཨུ་ཚུགས་གནམ་ཕྱར་གྱི་སྡེ་དག་ཡིན།
རྡུལ་ཕྲན་ལགས་།
ངས་ཁྱོད་ཚོ་ལ་མང་པོ་ལབ་ཡོད་པ་བཞིན་།ཞོགས་དུང་ཡིན་གཅིག་མིན་གཉིས་ཆོས་བ་ཤིག་དགོས་བ་དང་།བོད་པ་ཞིག་ཡིན་ན་ནང་ཆོས་ལ་དད་པ་བྱེད་དགོས་ཞེས་ཁྲིམས་ཐག་གཅོད་མཁན་དང་།ཁ་ཚོན་གཅོད་མཁན་སུ་ཡང་ཡོད་པ་མ་རེད་།ང་ཡིན་ནའང་མདོར་བསྡུས་ན་།སྐད་ཆ་འདི་འདྲ་བཤད་གིན་ཡོད་།
༼༡༽ཆོས་མི་ཤེས་ན་།ཆོས་ལ་དགག་པ་མ་རྒྱག་ཟེར་གིན་ཡོད་།དེ་ཤེས་ཡོན་པ་བློ་བཟུ་བོ་ཤིག་གིས་ལས་སྟངས་མ་རེད་།དེ་མི་དམར་སྲུང་དམག་གི་སྤྱོད་པ་རེད་ཅེས་ལབ་གིན་ཡོད་།ཡིན་འང་ཁོ་ལ་ཆབ་སྲིད་ཀྱི་དབང་དེ་ཡོད་པ་རེད་དམ་།ལོས་ཡོད་།གང་བཤད་རང་དབང་རེད་།ད་བར་ཏུ་སྐད་ཆ་བཤད་མི་ཆོག་ཅེས་འགོག་པའི་བོད་ཀྱི་མཁས་བ་ཞིག་མཐོང་མ་སོང་།
འདི་གཉིས་ཀྱི་ཁྱད་པར་གལ་ཆེན་པོ་རེད་།དེ་བས་གནས་ལུགས་མེད་པར་དགག་པའི་སྙིང་སྟོབས་དེ་གང་ནས་བྱུང་བ་རེད་དམ་།དེ་གལ་ཆེན་པོ་རེད་
༼༢༽ལོ་རྒྱུས་སྤྱིའི་ཡོངས་ནས་ལྟོས་ན་།ཁོས་བོད་ཀྱི་ལོ་རྒྱུས་དང་།ཆབ་སྲིད་དང་།རིག་གཞུང་གི་ལྟ་ཚུལ་ཐམས་ཅད་དངོས་དོན་དང་མཐུན་གིན་མི་འདུག་ཅེས་སྒྲུབ་བྱེད་དང་བཅས་བཤད་གིན་ཡོད།
དེ་མ་རེད་དམ།
ཐུབ་བསྟན་ལགས།སངས་རྒྱས་ཟེར་བ་ནི་མིའི་འཚོ་བའི་དགོས་མཁོ་ལ་གཟེ་བའི་བཤད་ཚུལ་ཞིག་རེད།དམྱལ་བ་ཟེར་བ་དང་རྣམ་སྨིན་ཟེར་བ་སོགས་ནི་མི་ལ་སློབ་གསོ་སྐྱོན་སྟངས་ཤིག་རེད།ཡིན་ཡང་སློབ་གསོ་དེ་ཡར་ལྡན་དང་ཕན་སེམས་ཀྱིས་བསྐུལ་ཡོད་པ་ནི་སུས་ཀྱང་ཁས་ལེན་གི་རེད།འོན་ཀྱང་ཀུན་སློང་དང་སེམས་པ་ཡག་པོ་ཡོད་པ་གཅིག་པུས་ཡོད་ཚད་ཡག་པོ་ཆགས་འགྲོ་བ་ཞིག་ག་ལ་ཡིན།དེ་བས་ང་ཚོས་བག་ཆག་གཅིག་པུས་ཨུ་ཚུགས་མི་བྱེད་པར་དངོས་ཡོད་འཚོ་བའི་དཔྱད་སྟོབས་ཀྱིས་དཔྱད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པ་མ་ཡིན་ནམ།
ཕུག་རོན་ལགས། ཁྱེད་ཀྱིས་ཞོགས་དུང་གིས་ནང་ཆོས་དགག་གི་མི་འདུག་ཟེར། ཕྱག་འཚལ་བ་ལ་ཕན་ཡོན་དང་འབྲས་བུས་ཡོད་པར་འདོད་དམ་མེད་པར་འདོད། མེད་པར་འདོད་ན་ནང་ཆོས་དགག་ནི་རེད། ཕན་ཡོན་་ཡོད་པར་འདོད་ན་ཁོས་རིག་ཤེས་ཀུན་གྲོལ་ནང་ག་རེ་བྲིས་འདུག
ཡང་ཁྱེད་ཀྱིས། ༼༼དེ་ཡིན་དུས་བོད་རྒན་བླུན་རྨོངས་བས་ནང་ཆོས་དེ་སྤྱི་ཚོགས་ནང་བེད་སྤྱོད་གཏོང་མ་ཤེས་པས།༽༽ཟེར་བ་འདི་རྒྱལ་པཎ་གཉིས་ཀྱི་གཙོས་བོད་པའི་བླ་ཆེན་ཚོ་མ་རེད་དམ། དེ་ཡིན་ན་རྒྱ་མི་ལ་དགོས་ཡ་རང་བཤད་ཀི་འདུག་དཱ།
རྡུལ་ཕྲན་ལགས་།
ཁྱོད་ཀྱིས་”ཆོས་ལུགས་གཅིག་པུ་ལས་ཤེས་རིག་གཞན་དང་རིག་པ་གཞན།་ཐ་ན་མི་མཐུན་པའི་བསམ་ཚུལ་ཙམ་ཀྱང་ཐོས་ན་མི་དགའ་བའི་བོད་ཀྱི་བླུན་རྨོངས་པའི་སྡེ”
ཤེས་རིག་གཞན་དང་།རིག་པ་གཞན་།མི་མཐུན་པའི་བསམ་ཚུལ་ཀྱང་ཐོས་་མི་དགའ་བ་དེ་དག་གང་ན་འདུག་།ང་སྔོན་དུ་བོད་དུ་ཡོད་དུས་།རྒྱང་འཕེན་པའི་ལུགས་སྤྱོང་བ་ཡིན་།དེ་ནི་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་ཕྱི་རོལ་བའི་ལུགས་རེད་།དེ་བཞིན་ཕྱི་རོལ་མང་པོ་ལུགས་ལ་བལྟས་བ་ཡིན་།དེ་དག་ཐམས་ཅད་ཕྱི་རོལ་བའི་ལུགས་རེད་།དེ་དག་སློབ་སྤྱོང་བྱ་མི་དགོས་ཟེར་བ་ཞིག་གོ་མ་མྱོང་།ཡིན་ནའང་ཞོགས་དུང་དང་།དམར་བོ་ལྟ་བ་མི་དགོས་ཟེར་བ་གོ་མྱོང་།དེ་ནི་ལྟ་བ་དེ་དག་ཆབ་སྲིད་ཀྱི་ལག་ཆ་བཏང་ནས་།བེད་སྤྱོད་མྱོང་བ་རྒྱུ་མཚན་དེའི་ཕྱིར་རེད།དེ་མིང་ཚན་རིག་མི་དགོས་ཟེར་བ་དང་།་ལག་རྩལ་ཟེར་བ་འགོག་མཁན་གོ་མ་མྱོང་།
ཉམས་ཞིབ་པས་བཤད་པ་བཞིན་རེད། རིག་གནས་ལྔ་མཐའ་དག་སྦྱང་དགོས་པར་བཤད་པ་མ་གཏོགས་ནང་ཆོས་ལས་གཞན་སྦྱང་་མི་ཆོག་པར་ཤོད་ཀྱིན་ཡོད་མ་རེད།
རྒྱ་ནག་ཉམས་ཞིབས་པ་ལགས།
ཞོགས་དུང་གིས་ལོ་རྒྱུས་དང་ཆབ་སྲིད།མི་དོན་རིག་པའི་སྣེ་མང་པོ་ཞིག་དཔང་ལ་བཞག་སྟེ་དངོས་སྟོབས་རིག་པས་དཔྱད་པ་བྱས་ཡོད་པ་མ་ཚོར་རམ།ཁོས་བཤད་སྟངས་ནི་མ་གཞི་ནས་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ་དངོས་ཡོད་ལ་གདེང་འཇོག་བྱེད་པའི་བཤད་སྟངས་ཤིག་ཡིན།དད་པ་དང་དག་སྣང་སྦྱངས་ཏེ་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བར་མི་ལྟ་མཁན་ཞིག་དང་།ནང་ཆོས་གཙིགས་ཆེན་བྱེད་པའི་སྒྲིག་གཞིའི་འོག་ཏུ་བོན་རྒོལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པར་འདོད་མཁན་ཞིག་་་བོད་ཀྱི་ཐལ་དྲག་པའི་ནང་ཆོས་ལ་དད་པ་བྱེད་སྟངས་དེ་ནི་མཐར་དེད་ན་གླེན་རྟགས་ཚ་བོ་ཞིག་ཡིན་པར་གསལ་འདེབས་བྱེད་མཁན་དེ་ཡིན།དེ་བས་ཁྱོད་ཀྱིས་ལོ་རྒྱུས་དེ་དག་གི་རྒྱབ་ལྗོངས་དང་གནས་ལུགས་དེ་དག་གི་སྲོག་རྩ་སྔོགས་ཤིག་དང་ཁྱོད་ཀྱིས་སྐྱི་ཡ་གནས་ཚུལ་ངོ་མ་དེ་དག་གི་ངོ་གདོང་མཐོང་ཡོང་ངེས།ད་དེ་ཙམ་བྱེད།ང་རང་འགྲོ་རན་སོང་།རྗེས་ན་ཡང་བསྐྱར་ཕྲད་དེ་ལྟ་ཚུལ་ལྷུག་བརྗོད་བྱེད་པར་ཤོག
ཨོ་རེད།་་་་ཁྱོད་ཀྱོས་ཤེས་དགོས་པ་ཞིག་ནི་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་མིག་གིས་བལྟས་ཏེ་ཉམས་ཞིབ་བྱེད་རྒྱུ་ནི་ཤིན་ཏུ་གལ།་དེ་མ་གཏོགས་ཁྱོད་ཀྱིས་དོན་དངོས་དང་མི་མཐུན་ཞེས་པའི་མི་མཐུན་ཕྱོགས་དེ་ཧ་གོ་གི་མི་འདུག
དེ་ཡང་རེད།ཆོས་ལུགས་མ་གཏོགས་པའི་ལྟ་ཚུལ་གཞན་ཡོང་དུ་བཅུག་པས་ནི་ད་གཟོད་ང་ཚོར་གནས་བབ་ཐབ་སྡུག་འདི་བྱུང་བ་རེད།་་དེའི་ལོ་རྒྱུས་ནི་ང་ཚོར་བཤད་རྒྱུ་མང་ནི་རེད།་་་་ཨཨཨ་་ད་དེ་བྱེད་།་དེ་དག་སང་ཉིང་གླེང་ན་ཆོག་དམར་པོའི་ལྟ་བ་ཟེར་བའི་གོ་དོན་གོ་གི་ཡོད་དམ།་་་་་་བདེ་མོ།
ཞོགས་དུང་ལ་དད་པ་མེད་ནའང་དད་པ་ཡོད་མཁན་ཚོར་བརྩེ་སེམས་དང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་རེད། ༢༠༠༨ ལོར་དད་པ་ཅན་གྱི་གྲྭ་བཙུན་ཚོས་སྣེ་ཁྲིད་པའི་བོད་ཀྱི་ཞི་རྒོལ་ཆེན་པོར་ཞོགས་དུང་གིས་རང་གི་སྲོག་བཏང་ནས་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་རེད། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ཕལ་ཆེར་མཇུག་རྫོགས་ཚར་ནའང་ཞོགས་དུང་གིས་ད་དུང་ཁེར་རྐྱང་གི་དཔུང་པ་འཕྱར་ནས་ཞི་རྒོལ་གྱི་མཇུག་སྐྱོང་གི་ཡོད་རེད། དད་པ་ཅན་ཚོས་རང་གི་རྒྱབ་རྩར་སྲོག་བཏང་ནས་བླངས་མཁན་གྱི་དཔའ་པོ་ཞོགས་དུང་ལྟ་བུར་ངན་བཤད་ན་དེ་ནི་ཅི་འདྲའི་ལས་རྒྱུ་འབྲས་དང་མི་མཐུན་པ་ཞིག་རེད་ཨང་། དད་པ་ཅན་འདི་ཚོས་འདི་ལྟར་ལས་རྒྱུ་འབྲས་མི་བརྩི་བ་ཅི་ཡིན་ནམ་སྙམ་ནས་སེམས་པ་སྐྱོ་གི དད་ཡོད་མེད་དེ་འདྲ་གལ་ཆེན་པོ་ཡིན་ན། ཞོགས་དུང་གིས་ཀྱང་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་གྲྭ་བཙུན་སོགས་དད་པ་ཅན་ཚོས་སྣེ་ཁྲིད་བྱས་པ་རེད། ཁོ་ཚོའི་སྡུག་གྱོང་རེད ཁོ་ཚོར་དད་པ་ཅན་རེད། དད་པ་ཅན་ཚོར་རྒྱབ་སྐྱོར་མེད་སྡུག་གྱོང་རེད་ལབ་ནས་རྒྱལ་རྔ་བརྡུང་མ་ཆོག་པ་མེད། འོན་ཀྱང་ཞོགས་དུང་གིས་ ༢༠༠༨ ལོའི་ལས་འགུལ་སྤེལ་མཁན་ཚོ་དད་ཡོད་མེད་གང་ཡིན་ལ་བསམ་བློ་ཡང་མ་བཏང་བར་རང་སྲོག་བློས་བཏང་ནས་དད་པ་ཅན་ཚོས་སྣ་ཁྲིད་པའི་ལས་འགུལ་དེའི་རྒྱབ་རྩར་ལངས་པ་རེད་མོད། དད་ཅན་ཚོས་ཞོགས་དུང་བཙོན་ཁང་དུ་ཁྲིད་ཚར་རྗེས་ད་དུང་ཁོང་མེད་མཁན་རེད། བྱས་ཙང་ཁོ་ལ་རྒྱབ་སྐྱོར་མེད་ཟེར་མཁན་མཐོང་ན་ཞེན་པ་གཏིང་ནས་ལོག་གི། གནས་ཚུལ་འདིའི་ཐོག་ནས་ནང་ཁུལ་ལ་དད་པ་ཅན་ཚོ་ལས་དད་པ་མེད་མཁན་ཚོ་ཤ་ཚ་དང་ཁོག་རྒྱ་ཆེན་པོ་ཡོད་པ་གསལ་བོ་རེད་འདུག དད་པ་ཅན་ཚོས་ནང་ཁུལ་ལ་ཁོག་པ་ཆེ་ཙམ་དང་མཐུན་འབྲེལ་དམ་ཙམ་གནང་རྒྱུ་གལ་ཆེན་པོ་རེད།
ཞོགས་དུང་ལ་དད་པ་མེད་ནའང་དད་པ་ཡོད་མཁན་ཚོར་བརྩེ་སེམས་དང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་རེད། ༢༠༠༨ ལོར་དད་པ་ཅན་གྱི་གྲྭ་བཙུན་ཚོས་སྣེ་ཁྲིད་པའི་བོད་ཀྱི་ཞི་རྒོལ་ཆེན་པོར་ཞོགས་དུང་གིས་རང་གི་སྲོག་བཏང་ནས་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་རེད། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ཕལ་ཆེར་མཇུག་རྫོགས་ཚར་ནའང་ཞོགས་དུང་གིས་ད་དུང་ཁེར་རྐྱང་གི་དཔུང་པ་འཕྱར་ནས་ཞི་རྒོལ་གྱི་མཇུག་སྐྱོང་གི་ཡོད་རེད། དད་པ་ཅན་ཚོས་རང་གི་རྒྱབ་རྩར་སྲོག་བཏང་ནས་བླངས་མཁན་གྱི་དཔའ་པོ་ཞོགས་དུང་ལྟ་བུར་ངན་བཤད་ན་དེ་ནི་ཅི་འདྲའི་ལས་རྒྱུ་འབྲས་དང་མི་མཐུན་པ་ཞིག་རེད་ཨང་། དད་པ་ཅན་འདི་ཚོས་འདི་ལྟར་ལས་རྒྱུ་འབྲས་མི་བརྩི་བ་ཅི་ཡིན་ནམ་སྙམ་ནས་སེམས་པ་སྐྱོ་གི། དད་ཡོད་མེད་དེ་འདྲ་གལ་ཆེན་པོ་ཡིན་ན། ཞོགས་དུང་གིས་ཀྱང་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་གྲྭ་བཙུན་སོགས་དད་པ་ཅན་ཚོས་སྣེ་ཁྲིད་བྱས་པ་རེད། ཁོ་ཚོའི་སྡུག་གྱོང་རེད། ཁོ་ཚོ་དད་པ་ཅན་རེད། དད་པ་ཅན་ཚོར་རྒྱབ་སྐྱོར་མེད་སྡུག་གྱོང་རེད་ལབ་ནས་རྒྱལ་རྔ་བརྡུང་མ་ཆོག་པ་མེད། འོན་ཀྱང་ཞོགས་དུང་གིས་ ༢༠༠༨ ལོའི་ལས་འགུལ་སྤེལ་མཁན་ཚོ་དད་པ་ཅན་ཡིན་མིན་ལ་རྩད་གཅོད་ཙམ་ཡང་མ་བྱས་པར་རང་སྲོག་བློས་བཏང་ནས་དད་པ་ཅན་ཚོས་སྣ་ཁྲིད་པའི་ལས་འགུལ་དེའི་རྒྱབ་རྩར་ལངས་པ་རེད་མོད། དད་ཅན་ཚོས་ཞོགས་དུང་བཙོན་ཁང་དུ་ཁྲིད་ཚར་རྗེས་ད་དུང་ཁོ་དད་པ་མེད་མཁན་རེད། བྱས་ཙང་ཁོ་ལ་རྒྱབ་སྐྱོར་མེད་སྡུག་གྱོང་རེད་ལབ་ཕོད་པ་མཐོང་ན་ཞེན་པ་གཏིང་ནས་ལོག་གི། གནས་ཚུལ་འདིའི་ཐོག་ནས་ནང་ཁུལ་ལ་སྐོར་ན་དད་པ་ཅན་ཚོ་ལས་དད་པ་མེད་མཁན་ཚོ་ཤ་ཚ་དང་ཁོག་རྒྱ་ཆེན་པོ་ཡོད་པ་མཚོན་འདུག ད་ནས་དད་པ་ཅན་ཚོས་ནང་ཁུལ་ལ་ཁོག་པ་ཆེ་ཙམ་དང་མཐུན་འབྲེལ་དམ་ཙམ་གནང་རྒྱུ་གལ་ཆེན་པོ་རེད།
རྡུལ་ཕྲན་ལགས་།
༼༡༽བོད་རྒྱ་འོག་ཏུ་ཤོར་བྱུང་བ་དེ་།རྒྱས་བཙན་བཟུང་ལ་བརྟེན་ནས་བྱུང་བ་མ་གཏོགས་།བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བ་མི་འདུག་།རྒྱལ་ཁབ་ཆེན་པོ་ཞིག་གིས་རྒྱལ་ཁབ་ཅིག་བཙན་འཛུལ་བྱ་ཐུབ་གིན་རེད་།དེ་བཞིན་ལུས་པོ་སྟོབས་ཆེན་པོ་ཞིག་གིས་ལུས་པོ་སྟོབས་ཆུང་ཆུང་ཞིག་བཙན་གནོད་བྱ་ཆོག་རེད་།དེ་བས་བོད་ཀྱི་རྒྱལ་ཁབ་ཤོར་བ་དེ་བོད་རང་གི་ཐོག་ཏུ་འགེལ་བ་ནི་།བཙན་གཡེམ་པ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ལ་བཙན་གཡེམ་བྱས་ན་།བུ་མོའི་དེའི་སྐྱོན་མ་རེད་།ཕོ་གསར་དེ་སྐྱོན་རེད་།
༼༢༽ངས་ཁྱོད་ཚོ་ལ་མང་པོ་བཤད་ཡོད་པ་བཞིན་།ཏ་ལྟ་ང་ཚོའི་ཕྱིར་ལ་བལྟ་ཐུབ་པའི་མེ་ལོང་མི་འདུག་།དཔེར་ན་ཐ་ན་ང་ཚོས་བོད་ལ་ལོ་རྒྱུས་ཀྱི་དཔེ་དེབ་གང་འདྲ་ཞིག་ཡོད་པའི་གྲངས་ཀའང་ཤེས་བཞིན་མི་འདུག་།དེ་རྣམས་ལ་སློབ་གཉེར་དང་།ཞིབ་དཔྱད་བྱས་པ་ཕར་ཞོག་།དེ་ན་འདི་འདྲ་བའི་རྙིང་གཏོར་གྱིས་སྡོམ་ཚིག་ཅིག་ག་ལ་འཇོག་ཕོད་།ངས་གོ་ཚུལ་ལ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་བོད་ཀྱི་རྣམ་ཐར་གཅིག་པོ་སྟོང་ཕྲག་གཅིག་འདུག་ཟེར་།ནང་དོན་གང་ཡིན་ལ་མ་་ལྟོས་བར་།དེ་ཚང་མ་ལོ་རྒྱུས་རེད་།ཞིབ་དཔྱད་བྱ་དགོས་བ་རེད་།མ་མཐའ་ཡང་དཔེ་དེབ་དེ་འདྲ་ཡོད་པ་ཧ་གོ་དགོས་ནི་རེད་།
སྔོན་གྱི་ལོ་རྒྱུས་སོགས་ཧ་མ་གོ་བར་ཅི་མ་ཡིན་པར་དུས་ལ་བརྟེན་ནས་གཏོར་དགོས་བར་བཤད་པ་ནི་།དམར་སྲུང་དམག་གི་ལྟ་བ་རེད་།དེ་མིན་གཞན་མི་འདུག་།
སྟག་སྨྱོན་།
ད་དངོས་གནས་སྨྱོས་བ་ཡིན་ལས་ཆེ་།སུས་ཞོགས་དུང་གི་བཙོན་མཇུག་གི་གདུང་སེམས་མཉམ་བསྐྱེད་དང་།སྙིང་སྟོབས་ལ་བསྟོད་བསྔགས་བྱ་གིན་མི་འདུག་།ཞོགས་དུང་འཛིན་མཁན་གྱིས་བོད་པ་གཉིས་ཡོད་པ་དེ་ཡང་སློབ་གྲྭ་ནང་བྱུང་བའི་རིག་གསར་ཅན་གྱི་ལས་བྱེད་གཉིས་ཡིན་པ་ལས་།དད་པ་ཅན་གྱི་གྲྭ་བ་དང་།བོད་ཀྱི་མི་མང་མ་རེད་།ག་རེ་ཡིན་ནམ་།སེམས་ཀྱི་ཕུགས་སུ་ནམ་ཡང་གྲྭ་བ་ཚོ་དང་།བོད་ཀྱི་མི་སེར་དཀྱུས་མ་དེ་ཚོ་ལ་དོགས་པ་དང་།འཕྱ་སྨྱོད་།འཁང་ར་ཤིག་བྱ་དགོས་བའི་བསམ་པ་འདི་གང་ནས་བྱུང་བ་རེད་དམ་།སེམས་རྣལ་ཏུ་ཕབ་ནས་དཔྱོད་དང་།ལན་ག་ལེར་རྙེད་ཡོང་གིན་རེད།
སྟག་སྨྱོན་ལགས། ཁྱེད་ཀྱིས་༼ཁོ་ལ་རྒྱབ་སྐྱོར་མེད་སྡུག་གྱོང་རེད་ལབ་ཕོད་པ་མཐོང་ན་ཞེན་པ་གཏིང་ནས་ལོག་གི༽༽བྲིས་འདུག དེ་འདྲ་བརྗོད་མཁན་སུ་རེད། ངས་ནི་སྡུག་གྱོང་རེད་ཟེར་མ་མྱོང་། ཡིན་ན་ཡང་ཁོང་མཁས་པ་ཡིན་པའི་གདེང་འའཇོག་བྱེད་མཁན་ཚོས་རྣམ་དཔྱོད་དང་ཤེས་རྒྱ་གང་ཡིན་གསལ་བོ་བལྟན་ཡོང་གིན་འདུག དེས་ན་ངས་ཁོང་མཁས་པ་དེ་འདྲ་ཞིག་ལ་ངོས་འཛིན་བྱས་མེད། ཁོང་གིས་བྲིས་པའི་ཆབ་སྲིད་དང་འབྲེལ་བའི་མི་རིགས་ཀྱི་ལ་རྒྱ་ཕུད་པའི་ཁོང་གི་རྩོམ་དེབ་ནང་ནོར་བ་ཧ་ཅང་གི་མང་པོ་རེད་ཟེར་གྱི་ཡིན། གཞན་ཅང་ཟེར་གྱི་མིན།
དྲིན་ཆེན་ཚོ། ད་ཁ་རོགས་སྡོད། ཞོགས་དུང་གིས་ཆོས་ལུགས་དགག་པ་རེད་ཟེར་དོན་ཅི་ཡིན། ཞོགས་དུང་གིས་ཆོས་ལུགས་གཏན་ནས་དགག་མྱོང་མེད། ཞོགས་དུང་གིས་ཆོས་ལུགས་སྐོར་བཤད་དུས་ཆོས་རང་སྟེང་གི་ཐ་སྙད། ཆོས་རང་སྟེང་གི་རྣམ་བཞག ཆོས་རང་སྟེང་གི་མཚན་ཉིད་སོགས་སྐྱོན་དུ་བཟུང་ནས་ཆོས་ཟེར་བ་འདི་ལ་ལེགས་པའི་ཆ་གང་ཡང་མེད་ཅེས་ཆོས་ལ་སྐྱོན་བརྗོད་བྱས་མེད། ཁོས་ཆོས་དང་སྤྱི་ཚོགས་ཀྱི་འབྲེལ་བའི་སྐོར་ནས་བཤད་དེ། ཆོས་ཀྱིས་སྤྱི་ཚོགས་ལ་དབང་བསྒྱུར་ན་བོད་མི་རིགས་འདི་ནམ་ཡང་འདོད་ཆུང་ཆོག་ཤེས་ཀྱིས་ཡིད་ཚིམ་ནས་ཉམ་ཆུང་ངར་འདུག་པ་ཙམ་ལས། མི་རིགས་ཀྱི་ཐོབ་ཐང་དང་། དཔལ་འབྱོར། སྲིད་དབང་སོགས་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་དབང་དགོས་པའི་ཐོབ་ཐང་དག་ཆུ་ལ་བསྐྱར་ཉེན་མཐོང་ནས་ཆོས་བཀག་པ་ནི་བདེན་པ་རེད།
མདོར་ན་ཞོགས་དུང་གིས་ཆོས་དགག་པ་མ་རེད་ཆོས་བཀག་པ་རེད།
ཨ་རོགས་འབའ་སྲས་།
ཞོགས་དུང་གིས་”མདོར་ན་ཞོགས་དུང་གིས་ཆོས་དགག་པ་མ་རེད་ཆོས་བཀག་པ་རེད།”སྐད་ཆ་འདི་འདྲ་འཛམ་གླིང་དུ་བཤད་མཁན་ཉུང་ཉུང་རེད།
དོན་གྱིས་ཞོགས་དུང་ཆོས་དགག་པ་རེད་དམ་།མ་རེད་།འདི་ལྟ་བུ་རིགས་པ་(logic) ཤིག་ཀྱང་སེམས་སུ་དྲན་གིན་མི་འདུག་གམ་།ཡ་མཚར་།དངོས་གནས་རིམ་པ་གཉིས་བའི་སྤྱན་གཟིགས་ཁང་ཞིག་གི་ནང་ནས་ཡོང་བ་འདྲ་།
ཁྱེད་ཚོས་ཅི་ཞིག་རྩོད་བཞིན་ཡོད་དམ། ཞོགས་དུང་། ཞོགས་དུང་ཁོང་བཀག་ཉར་བྱས་ཚར་བ་རེད། ད་ལྟ་ནི་ཁོང་གི་ལྟ་བའི་ཐད་ལ་རྩོད་པ་རྒྱག་པའི་དུས་མིན་པར། ཁོང་དང་ཁོང་འདྲ་བའི་བཙོན་དུ་ཚུད་པའི་མི་རིགས་ཀྱི་ལ་རྒྱ་ཅན་གྱི་རྩོམ་པ་པོ་དག་གློད་གྲོལ་ཡོང་བར་ཐབས་ལམ་འཚོལ་བའི་གནད་འགག་གི་དུས་ཚོད་ཅིག་རེད།
འབྲོང་བུ་ཟླ་བ་ཚེ་རིང་།
ཐབས་ལམ་འཚོལ་བ་ལ་་ཞོགས་དུང་གི་ལྟ་བ་གླེང་ན་།ཅི་ལ་གནོད་།ཤུགས་ནས་གནོད་སྐྱེལ་བ་ཕར་ཞོག་།ཕན་ཐོགས་པའི་རྒྱུ་རེད་།
མི་མཐུད་དུ་གླེང་བར་བྱ་།
བདེན་པ་ཟེར་བ་དེ་ནི་ངོས་དུ་མ་དང་ལྡན་པའི་དངོས་པོ་ཞིག་དང་འདྲ། ང་ཚོས་རང་གིས་མཐོང་ཐུབ་པའི་ངོས་དེ་ཁོ་ན་བདེན་པ་ཡིན་ཟེར་ནས་རྩོད་བསྡད་པ་ལས། ངོས་གཞན་པ་དག་གི་་བདེན་པ་དེ་ཤེས་ཐབས་བྱས་ན་ཁྱེད་རང་ལ་བདེན་པ་ཁ་ཤས་ཐོབ་པ་མ་རེད་དམ།
མའོ་ཡིས་ཆོས་ལུགས་དུག་རེད་ཟེར་བ་དེ་བདེན་པའི་ངོས་གཅིག་རེད་ལ། རང་རེས་ཆོས་སྨན་རེད་ཟེར་བ་དེའང་བདེན་པའི་ངོས་གཞན་ཞིག་རེད། དེ་གཉིས་ཀར་ཡང་བདེན་པའི་ཆ་རེ་ཡོད་པ་རེད།
ང་ཚོས་ཤེས་དགོས་པ་དེ་སྐབས་ག་འདྲ་ཞིག་གི་སྐབས། ཆོས་དེ་དུག་ཡིན་པ་དང་། སྐབས་ག་འདྲ་ཞིག་གི་སྐབས་ཆོས་དེ་སྨན་ཡིན་པ་དེ་ཤེས་དགོས་པ་རེད། སྨན་སྨན་ཡིན་པ་གང་ཞིག་ལ། སྨན་མང་དྲགས་ན་དུག་ཡིན་པ་རེད།
འཇིག་རྟེན་གྱི་ཁྱིམ་སྲིད་སྐྱོང་ནས། སྲིད་ཀྱི་ཕུན་ཚོགས་དོན་དུ་གཉེར་བ། འདོད་པའི་དཔལ་ལ་རོལ་བ། ལོངས་སྤྱོད་འཚོལ་སྒྲུབ། དགྲ་འདུལ་གཉེན་སྐྱོང་། གཞན་སྡེ་ཟིལ་གྱིས་གནོན་དགོས་པའི་བྱ་བ་སོགས་ལ། མཚམས་རེར་ཆོས་ཀྱིས་བར་ཆད་དང་བཀག་རྒྱ་བྱེད་གི་ཡོད་པ་རེད།
ཡང་། ཚར་དུ་མེད་པའི་འཇིག་རྟེན་པའི་བྱ་ལས་ཁོ་ན་དོན་དུ་གཉེར་ནས། མི་ཤི་རྟ་འགྱེལ་སོགས་ཀྱི་ཆག་སྒོ་ཆུ་གཉེར་བཞིན་གཅིག་རྗེས་གཅིག་གིས་ནོན་ཡོང་སྟེ། དབུགས་ལྷོད་ལྷོད་ཅིག་གཏོང་བའི་གོ་སྐབས་མེད་པའི་སྐབས་ཤིག་ལ་མཚོན་ན། ཆོས་ཀྱི་བསླབ་བྱ་དེ་ཚོའང་མེད་དུ་མི་རུང་བའི་ཇི་འདྲའི་སྨན་ཐུན་རྩ་ཆེན་ཞིག་མ་ཡིན་ནམ།
བོད་རྒྱ་འོག་ལ་ཤོར་བ་དེར་རྒྱུ་རྐྱེན་དུ་མ་ཞིག་ཡོད་ངེས་ཀྱང་། ཆོས་ཁོ་ན་དོན་དུ་གཉེར་བ་གཙོ་བོར་བཟུང་བས་འཇིག་རྟེན་སྲིད་ཐབས་གཉེར་བར་རང་བཞིན་གྱིས་དེ་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། སྣང་མེད་ལ་སོང་ཡོད་པ་ཏན་ཏན་རེད། རྒྱལ་དབང་བཅུ་གསུམ་པའི་སྐབས། རྒྱལ་ཁབ་གཞན་དང་གཞན་གྱི་གནས་སྟངས་ལས་གོ་རྟོགས་སད་ཅིང་བསྒྱུར་བཅོས་རིམ་པར་བྱེད་རྒྱུའི་འཆར་གཞི་དེ་ཚོར་སེ་འབྲས་དགེ་གསུམ་གྱིས་གཙོས་པའི་མང་པོ་ཞིག་ནས་དེ་ལ་འགོག་རྐྱེན་བཟོས་ཡོད་པ་ལྟར་རེད།
ལྷག་པར་དུ། དམག་ལས་དང་། དེ་ལ་དགོས་ངེས་ཀྱི་ཁྲལ་སྡུད་པར་འགོག་རྐྱེན་ཕྲད་པ། པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དགོས་བྱུང་བ་འདི་ཚོ་ལོ་རྒྱུས་ཀྱི་མེ་ལོང་རེད།
ཞོགས་དུང་གིས་མི་རིགས་ཤིག་གི་ཞན་སྐྱོན་དང་མ་འགྲིགས་སར་སྐྱོན་བརྗོད་ཐད་ཀར་བྱེད་གི་ཡོད་པ་རེད། དེ་འདྲ་ཡིན་ཙང་། རང་ཉིད་སྤྱི་ཚོགས་ནང་ནག་པོ་ཆགས་འགྲོ་གི་ཡོད་པ་རེད།
རྒྱལ་བ་རིན་པོ་ཆེས། ང་ཚོར་རིག་གནས་རྩ་ཆེན་པོ་ཞིག་ཡོད། ཆོས་ལུགས་རྩ་ཆེན་པོ་ཞིག་ཡོད་གསུངས་ནས། ཚང་མར་རང་གི་རིག་གནས་ལ་དགའ་ཞེན་དང་སྤོབས་པ་ཞིག་སྟེར་གི་ཡོད་པ་རེད། དེ་དང་མཉམ་གཅིག་ཏུ། གྲྭ་པ་ཚོས་སྲིད་ལ་དོ་སྣང་བྱེད་དགོས་ཀྱི་འདུག ཚན་རིག་གི་ལྟ་བ་སློབ་སྦྱོང་བྱེད་དགོས་ཀྱི་འདུག རིགས་གཅིག་རྐང་འཛིན་མང་ཞིག་གསོ་སྐྱོང་བྱེད་དགོས་ཀྱི་འདུག་ཟེར་ནས་ཡང་དང་ཡང་དུ་གསུངས་གི་ཡོད་པ་རེད། ག་རེ་བྱས་ནས་དེ་ལྟར་གསུངས་དགོས་པ་རེད། དེ་ན་མ་འདང་ས་དང་ཞན་སྐྱོན་མང་པོ་ཞིག་ཡོད་པས་དེ་ལྟར་མ་གསུང་རང་གསུང་ཆགས་ཀྱི་ཡོད་པ་རེད།
ཞོགས་དུང་གིས་ཁ་འཛིན་མ་ཐུབ་པར་མང་པོ་ཞིག་བཤད་དགོས་པ་དེའང་གནད་འགག་དེ་ལ་ཐུག་ཡོད་པ་རེད།
སྔོན་མ་ཞིག་ལ། དྲུང་ཡིག་ལྷ་མོ་ཚེ་རིང་ལགས་རྒྱ་གར་གྱི་མི་ཞིག་མཉམ་རི་ལི་ནང་འགྲོ་སྐབས་ཤིག ཁ་བརྡ་བྱས་སོང་བར། ཁྱེད་རང་གི་ཆོས་ལུགས་ག་རེ་རེད་དྲིས་འདུག ངའི་ཆོས་ལུགས་ནང་པ་རེད་ལབ་པར། ཨོ། ད་དེས་ན་རང་བཙན་རེག་གི་མ་རེད་ལབ་འདུག རྒྱ་གར་ཡང་སྔོན་མ་ནང་པོ་རེད། རྒྱལ་ཁབ་ཉམས་རྒུད་ལ་ཕྱིན་པ་རེད་ལྟ་བུ་ཞིག་ལབ་སྐད།
གཅིག་བྱས་ན། སྐད་ཆ་དེ་ཆོས་ལུགས་ཀྱི་དགའ་མ་དགའ་དེ་འདྲ་ཡིན་སྲིད། ཡིན་ནའང་། དེ་ཆོས་ལུགས་དང་རིག་གནས་ལའང་ཏན་ཏན་འབྲེལ་བ་ཞིག་ཡོད་པ་རེད།
དེ་ཡོད་པའི་རྒྱུ་མཚན་གཞན་ཞིག་དྲངས། སྐུ་ངོ་མདའ་དཔོན་གྱིས། རྒྱ་མི་མ་ཡོང་སྔོན། མི་རྒན་པ་ཚོར། རྒྱ་མིའི་གནས་སྟངས་འགྲེལ་བརྗོད་བྱས་ནས། ཉི་མ་ཞིག་རྒྱ་མི་བོད་ལའང་ཡོང་སྲིད་པའི་སྐོར་བཤད་སྐབས་ཤིག ཁོ་ལ་རེག་པའི་ལན་ནི། བོད་ནི་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་གིས་སྐྱོང་བའི་ཡུལ་ཞིག་ཡིན་པས་རྒྱ་མི་ཡོང་ཐུབ་གི་མ་རེད་འདྲ་ཞིག་ལབ་ནས་ཁོའི་སྐད་ཆ་ལ་དོ་སྣང་ཁོ་རང་མ་བྱས་པ་མ་རེད་དམ།
བག་ཆགས་དོང་སྤྲུགས་ཟེར་ནའང་། འདི་དང་འདི་འདྲ་བ་དོང་ནས་སྤྲུགས་དགོས་པ་མང་པོ་ཞིག་ཡོད་པ་རེད་འདོད། འདི་དག་དོང་ནས་སྤྲུགས་དགོས་ན། ལྟ་བ་འདྲ་མིན་ལ་སློབ་དགོས་པ་རེད། རྒྱལ་ཁབ་དང་མི་རིགས་འདྲ་མིན་ལ་བལྟ་དགོས་པ་རེད། རང་གི་ལེགས་ཆ་རྒྱུན་འཛིན་དང་གཞན་གྱི་ལེགས་ཆ་ཚུར་བསྡུ་བྱ་དགོས་པ་རེད།
ངས་བལྟས་ན། ཞོགས་དུང་གིས་ཆོས་དགག་པ་མ་རེད། ཆོས་བཀག་པ་མ་རེད། ཆོས་ལས་སྲིད་གཙོ་བོ་བྱེད་དགོས་པ་དང་། ཆོས་ལས་སྲིད་གཙོ་བོ་བྱེད་དགོས་ན། བག་ཆགས་མཐུག་པོ་རྙིང་དྲི་ཁ་བ་མང་པོ་ཞིག་འདོར་དགོས་པར་བསྟན་པ་མ་རེད་དམ།
དྲང་པོར་བཤད་ན། ང་རང་གིས་ཞོགས་དུང་གི་དེབ་དེ་ཚོ་ཀློག་མེད། གནམ་ས་གོ་འབྱེད་ཀྱི་མགོ་ནས་མར་གང་འཚམས་ཤིག་ཀློག་པ་ཡིན། རྩ་བའི་ཆ་ནས་ཁོས་བཤད་བཞིན་པ་དེ་ཚོ་བདེན་པར་མཐོང་སོང་།
ཁོང་གི་ལྟ་བ་གླེང་ན་གླེང་། གང་ལྟར་ཁོང་ནི་རིགས་ཞེན་ཅན་ཞིག་ཡིན་པ་འཛམ་གླིང་ལ་བསྒྲགས་ཚར་བ་རེད། མི་སྐྱོན་མེད་གླིང་ན་མེད་པས། དུས་སྐབས་འདིར་ང་ཚོས་ཁོང་གི་སྐྱོན་ལས་དགེ་མཚན་གླེང་ན་ཕན་ཐོགས་ཆེན་པོ་ཡོད་པར་འདོད། བསམ་ཚུལ་ཙམ་ཡིན།
མདའ་ཚན་པ་ལགས་།
༼༡༽སྲིད་སྐྱོང་དགོས་ན་ཆོས་དོར་དགོས་ཟེར་བའི་ལྟ་བའི་གནད་འདི་ཐོག་དང་པོ་ནུབ་ཀྱི་སྲིད་དོན་པ་ཡེ་ཤུ་ཆོས་ལུགས་ལ་མི་དགའ་བ་དག་གིས་བཤད་དང།དེ་ནས་རིམ་གྱིས་མར་ལེན་དང་།ལྷག་པར་ཏུ་བོད་ནང་དུ་མོའི་ལྟ་བ་ཐོག་ནས་བྱུང་བ་ཞིག་རེད་།དེ་བཞིན་ཆོས་སྲིད་ཐ་དད་ཟེར་བའི་བརྗོད་བྱ་འདི་ཡང་ནུབ་ཀྱི་སྲིད་དོན་པ་དང་ཕྱིས་ཀྱི་ཆབ་སྲིད་ཀྱི་གྲུབ་མཐའ་སྨྲ་བ་དག་གིས་འདོད་པའི་གྲུབ་མཐའ་ལུགས་ཞིག་རེད་།ཆོས་ཟེར་བ་རྟག་བརྟན་གོ་ཟུག་པ།འགྱུར་མེད་རང་བཞིན་གྱི་ཆོས་ཞིག་ལ་བཤད་ན་།ཆོས་སྲིད་ཐ་དད་ཡོང་ན་འགྲིག་གིན་སྙམ་།ནུབ་ཀྱི་གྲུབ་མཐའ་སྨྲ་བ་འདི་ཚོས་ནང་བའི་ཆོས་ལ་སློབ་སྤྱོང་བྱས་མེད་པ་དང་།བོད་ཀྱི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་དང་བདེན་པ་བཞི་སོགས་ལ་གྲུབ་མཐའ་སྙིང་བོ་གྱུར་བའི་ཞིབ་དཔྱད་ནམ་ཡང་བྱས་མེད་།དེ་བས་སྲིད་སྐྱོང་དགོས་ན་ཆོས་དོར་དགོས་ཟེར་བའི་ལྟ་བ་འདི་ནུབ་ཀྱི་ལྟ་གྲུབ་ཅི་མ་སྙམ་པ་བཤད་གིན་ཡོད་པ་དང་།བོད་དུ་མོའི་ལྟ་བ་ཞིག་གི་བཤད་གིན་ཡོད་།
༼༢༽སྲིད་ཟེར་བ་དྲག་པོ་འཐབ་རྩོད་ཅིག་རེད་དམ་ཞེ་ན་།དེ་ཡང་མོའི་བཤད་པའི་འགའ་བའི་རྣམ་བཤད་དང་འཐབ་རྩོད་ཀྱི་བསམ་བློ་གཏོང་ཚུལ་ཞིག་རེད་།
༼༣༽སྲིད་ཟེར་བ་གང་འདྲ་ཞིག་རེད་དམ་།མི་གཅིག་གི་ལས་མ་ཐུབ་པའི་ལས་ཀ་ཞིག་མཉམ་འདུས་ཀྱིས་བྱེད་པ་དེ་ལ་ཟེར་བཞིན་ཡོད་པ་རེད་།ཁ་ཅིག་གིས་མི་མང་མཉམ་དུ་ཐག་གཅོད་བཞིན་ཡོད་པ་རེད་།འདི་ལ་དམངས་གཙོ་གཞུང་ཟེར་བཞིན་ཡོད་པ་རེད་།་ཁ་ཅིག་གི་མི་གཅིག་གིས༼འདི་ལ་རྒྱལ་བོའི་ལམ་ལུགས་༽ཐག་གཅོད་བཞིན་ཡོད་པ་ཟེར།
འདི་འདྲ་བ་ཤིན་ཏུ་ནས་མང་པོ་རེད་།
མདའ་ཚན་པས་
“འཇིག་རྟེན་གྱི་ཁྱིམ་སྲིད་སྐྱོང་ནས། སྲིད་ཀྱི་ཕུན་ཚོགས་དོན་དུ་གཉེར་བ། འདོད་པའི་དཔལ་ལ་རོལ་བ། ལོངས་སྤྱོད་འཚོལ་སྒྲུབ། དགྲ་འདུལ་གཉེན་སྐྱོང་། གཞན་སྡེ་ཟིལ་གྱིས་གནོན་དགོས་པའི་བྱ་བ་སོགས་ལ། མཚམས་རེར་ཆོས་ཀྱིས་བར་ཆད་དང་བཀག་རྒྱ་བྱེད་གི་ཡོད་པ་རེད།”
སྐད་ཆ་འདི་འདྲ་གང་ནས་རྙེད་པ་ཡིན་།བླ་བྲང་དགོན་པའི་བླ་མ་སུ་ཞིག་གིས་མདའ་ཚན་སྡེ་བའི་འབྲོག་པ་སུ་ཤིག་གི་ཁྱིམ་སྲིད་སྐྱོང་བ་།དེ་བཞིན་ཚོང་རྒྱག་པ་།དེ་བཞིན་རླུག་པ་དང་སྟི་ལ་དོ་དམ་བྱས་བ་རེད་དམ་།དེ་འདྲ་བའི་ལོ་རྒྱུས་ཤིག་སྟོན་རྒྱུ་ཡོད་དམ་།དེ་བཞིན་ནུབ་ཕྱོགས་ལ་ཆོས་བའི་དེ་ལྟར་བྱས་ནས་ཚང་མ་ཆོས་དཔོན་གྱི་མོས་མཐུན་བྱས་དགོས་ནི་རེད་།བོད་ལ་དེ་ལྟ་བུའི་ལོ་རྒྱུས་བྱུང་ཡོད་དམ་།
དེ་བཞིན་གཉེན་སྐྱོང་བ་དགྲ་འདུལ་་དགོས་བ་མ་རེད་།མི་གཅིག་གིས་དགྲ་འདུལ་ཐབས་ལ་གོམས་ན་འཇིག་རྟེན་འཁྲུག་པའི་གཞི་ལས་བཞན་ཅི་ཡང་ཡོད་པ་མ་རེད་།ཁྲིམས་ཟེར་བ་འདི་མི་བར་གྱི་བྱ་སྤྱོད་དོ་མཉམ་པ་ཞིག་ཡོང་རྒྱུ་ཆེད་རེད་།དེ་བས་བོད་ཀྱི་ཆོས་འདི་ཡང་སྤྱིའི་ཆ་ནས་བལྟས་ན་མི་ཕན་ཚུན་བར་གྱི་བྱ་སྤྱོད་དོ་མཉམ་པའི་གཞི་གཅིག་ལས་གཞན་ཅི་ཡང་ཆགས་མི་འདུག་།
དེ་བས་ཞོགས་དུང་དང་།ཁྱེད་ཚོས་གླེང་བཞིན་དང་ཆོས་དང་སྲིད་སོགས་འདི་ཡང་གྲུབ་མཐའ་འཛིན་སྟངས་ཤིག་རེད་།ལྷག་པར་ཏུ་རིག་གསར་གྱི་རྗེས་སུ་བྱུང་བའི་གྲུབ་མཐའ་ཞིག་རེད།
ངས་ཀྱང་འདིར་ཚིག་འགའ་ཞུས་ཆོག་པ་ཞུ།
ཞོགས་དུས་གིས་ཆོས་ཁས་ལེན་གྱི་མེད་པའམ་ཆོས་ལ་དགག་པ་གནང་གི་ཨེ་ཡོད། སྐབས་འདིའི་ཆོས་ཞེས་པ་ནི་བདག་ཅག་གི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་གོ་བ་ལེན་གི་ཡོད་ན་ནི། ཐོག་མར་ཞོགས་དུང་གིས་སངས་རྒྱས་ཀྱི་ཆོས་ལ་དགག་པ་གནང་བ་ལ་བཅོམ་ལྡན་འདས་ཀྱི་དགོངས་པ་ཆ་ཚང་རྟོགས་དགོས་རྒྱུ་ཡོད་པ་རེད། ཞོགས་དུང་ནི་དེ་འདྲ་མ་རེད། ཞོགས་དུང་གིས་ཆོས་ལེན་གྱི་མི་འདུག་ཟེར་ན། དེ་ནི་ཁོང་གི་རང་དབང་རེད། ཞོགས་དུས་གིས་ཀྱང་དམ་པའི་ལྷ་ཆོས་ལ་རྒོལ་བ་གཏོང་གི་མེད། འཇིག་རྟེན་མི་ཆོས་ཀྱི་ཕྱོགས་བཤད་གི་ཡོད་ཅེས་དཔྱོད་ཤེས་རྒྱང་འབོད་ཀྱི་དྲི་བ་དྲིས་ལན་གྱི་རབ་བྱེད་ནང་དུ་
གསལ་པོར་བྲིས་ཡོད་དྲན།
ངས་བལྟས་ན་ཞོགས་དུང་གི་བསམ་བློའི་མཐར་ཐུག་ནི་‘‘རྒུད་པ་མཐའ་དག་ནི་རྩ་བ་ནི་བག་ཆགས་རྙིང་བ་རེད་’’ཅེས་པ་འདི་རེད། འདི་ནི་ཁོང་གི་ལྟ་གྲུབ་ཟེར་ནའང་འདྲ། བསམ་བློ་ཡོད་ན་མེད་ན་དེ་རེད། ཁོང་གིས་དེབ་ཅིག་གི་ནང་དུ་གསལ་པོར་བྲིས་དོན། ལྷ་སའི་ཇོ་ཁང་གི་ཁང་ཆུང་ཞིག་གི་ནང་དུ་ཨི་ཁུང་ཞིག་ཡོད་པ་རེད། བཤད་ཚོད་ཀྱི་དབང་དུ་བྱས་ན། དེར་རྣ་བ་གཏད་ནས་ཉན་ན་སྒྲ་ཞིག་གྲག་གིན་ཡོད་པ་དང་། སྒྲ་དེ་ཐོས་མཁན་ཡོད་ན་མི་དེ་བསོད་ནམས་ཆེན་པོར་རློམ་གྱིན་ཡོད། བོད་པ་ཚོས་རྨོངས་དད་དེ་ལ་ཡིད་ཆེས་ནས་ཨི་ཁུང་ལ་རྣ་བ་གཏད། བློ་རྩེ་ཡོད་ཚད་དེ་ལ་གཏོད་པའི་སྐབས་དེར། རང་གི་ཨམ་ཕྲག་ནང་གི་དངུལ་དང་། དངོས་པོ་འཁྱེར་གི་ཡོད་པའང་ཚོར་གི་ཡོད་པ་རེད་ཅེས་གསུངས་འདུག ཞོགས་དུང་གིས་སྤྱི་ཚོགས་གཤག་བཅོས་བྱེད་གི་འདུག་ཟེར་ནའང་འདྲ། ཁོང་གི་བརྩམས་ཁག་གི་དོན་གྱི་སྙིང་པོ་ནི་ཧ་ལམ་འདི་དང་འདི་རིགས་འདྲ་བ་དག་རེད་སྙམ།
སྲིད་སྐྱོང་དགོས་ན་ཆོས་འདོར་དགོས་སུས་ལབ་ཀྱི་འདུག
མདའ་ཚན་པ་།
ཁྱོད་ཀྱི་ནུབ་ཀྱི་(logic) ཟེར་བ་དང་བོད་ཀྱི་རིགས་པ་ཟེར་བའི་དོན་དེ་མ་གོ་བ་འདྲ་།
གཉིས་ཀ་རྩ་བ་ཆ་ནས་འགལ་བ་ཡིན་པ་དང་།གཅིག་ཡོད་ན་གཅིག་མེད་པར་འགྱུར་འགྲོ་དགོས་ན་།སྲིད་སྐྱོང་དགོས་ན་ཆོས་སྤོང་དགོས་ཟེར་བའི་དོན་དེ་རེད་།ཞོགས་དུང་དང་ཁྱེད་གཉིས་ཀྱིས་ཆོས་དང་སྲིད་གཉིས་འགལ་བ་ཡིན་པ་དང་།གཅིག་སྒྲུབ་ན་གཅིག་ཉམས་པའི་ལྟ་བ་འཛིན་བཞིན་འདུག་པས་།གོང་གི་སྐད་ཆ་དེ་བཤད་པ་རེད་།
ད་མགྱོགས་པོ་སོང་ནས།མོའི་འགལ་བའི་རྣམ་བཤད་དྲངས་རྒྱུ་མ་གཏོགས་འདི་ལ་ལན་ཡོད་པ་མ་རེད་།
སྲིད་ཟེར་ན་དྲག་པོའི་འཐབ་རྩོད་ཅིག་རེད་སུས་ལབ་གི་འདུག།
མདའ་ཚན་པ་ལགས་ཀློག་དང་།
“འཇིག་རྟེན་གྱི་ཁྱིམ་སྲིད་སྐྱོང་ནས། སྲིད་ཀྱི་ཕུན་ཚོགས་དོན་དུ་གཉེར་བ། འདོད་པའི་དཔལ་ལ་རོལ་བ། ལོངས་སྤྱོད་འཚོལ་སྒྲུབ། དགྲ་འདུལ་གཉེན་སྐྱོང་། གཞན་སྡེ་ཟིལ་གྱིས་གནོན་དགོས་པའི་བྱ་བ་སོགས་ལ། མཚམས་རེར་ཆོས་ཀྱིས་བར་ཆད་དང་བཀག་རྒྱ་བྱེད་གི་ཡོད་པ་རེད།
ཡང་། ཚར་དུ་མེད་པའི་འཇིག་རྟེན་པའི་བྱ་ལས་ཁོ་ན་དོན་དུ་གཉེར་ནས། མི་ཤི་རྟ་འགྱེལ་སོགས་ཀྱི་ཆག་སྒོ་ཆུ་གཉེར་བཞིན་གཅིག་རྗེས་གཅིག་གིས་ནོན་ཡོང་སྟེ། དབུགས་ལྷོད་ལྷོད་ཅིག་གཏོང་བའི་གོ་སྐབས་མེད་པའི་སྐབས་ཤིག་ལ་མཚོན་ན། ཆོས་ཀྱི་བསླབ་བྱ་དེ་ཚོའང་མེད་དུ་མི་རུང་བའི་ཇི་འདྲའི་སྨན་ཐུན་རྩ་ཆེན་ཞིག་མ་ཡིན་ནམ།”
དོན་གྱིས་ཆོས་དང་སྲིད་གཉིས་ཐ་དད་ཅིག་ལ་བརྩིས་ནས་།དེ་གཉིས་ཀྱི་འགལ་འབྲེལ་གླེང་གིན་ཡོད་པ་མ་ཡིན་ནམ།ངས་ཁྱོད་ལ་ཐོག་དང་པོ་ནས་བཤད་ཡོད་པ་བཞིན།དམར་སྲུང་དམག་མི་རྣམས་ཀྱི་སེམས་ཀྱི་ཕུགས་སུ་ད་དུང་ཡང་རིག་གསར་གྱི་ལྟ་བ་ལས་མེད་ཅེས་བཤད་ཡོད་པ་འདི་ལས་ལྷག་པ་ཞིག་ར་སྤྲོད་བྱེད་དགོས་ནི་རེད་དམ་།
ཞོགས་དུས་གི ཞོགས་དུང་གི མཐའ་དག་ནི། མཐའ་དག་གི ཚོར་གྱི་ཡོད་པ་རེད། ཚོར་གྱི་ཡོད་པ་མ་རེད། འདི་ཚོ་ལག་བར་ནས་ཤོར་འདུག
སྙན་བཟང་གཡུང་དྲུང་ཚེ་རིང།
ག་རེ་ཡིན་ནམ་།རང་གི་མ་གཏོགས་གཞན་གྱིས་མ་གོ་བ་ཞིག་བྲིས་འདུག་།ཚིག་འདིས་ག་རེ་ལབ་གིན་འདུག་།
ཉམས་ཞིབ་པ་ལགས།
གོང་གི་ངའི་མཆན་༤༨པར་ྐློགས། དེ་ནས་གསལ་པོར་ཆགས་ངེས། གོང་གི་མཆན་དེ་འབྲི་དུས། འདི་ཚོ་ནོར་འདུག དོན་དག་མི་འཆུན་ན་དགེ་ཆོས་ལ་གསོལ་བ་དྲག་ཏུ་ཐོབས་ཤིག
རྒྱ་ཞིབ་ལ་ཁ་བརྡ་བྱེད་ས་འགྲོ་གི་མི་འདུག མིས་ལབ་མེད་པ་རྐྱང་རྐྱང་དྲི་བ་དྲིས་ཡོང་ན་དེར་ལན་འདེབས་མི་ཤེས། ཆོས་དང་སྲིད་གཉིས་རྩ་བའི་ཆ་ནས་འགལ་བ་རེད་སུས་ལབ་ཀྱི་འདུག།
ཆོས་སྲིད་གཉིས་རྦད་དེ་ཐ་དད་ཡིན་པ་སུས་ལབ་ཀྱི་འདུག
གཅིག་ཡོད་ན་གཅིག་མེད་པར་འགྱུར་དགོས་པ་སུས་ལབ་ཀྱི་འདུག
འགལ་བའི་ཆ་བཤད་པ་ཙམ་གྱིས་དེ་ལ་འབྲེལ་བའི་ཆ་མེད་པའི་ཁྱབ་པ་ཨེ་ཡོད། དེ་བཞིན་འབྲེལ་བའི་ཆ་བཤད་པ་ཙམ་གྱིས་དེ་ལ་འགལ་བའི་ཆ་མེད་པའང་ཁྱབ་ཀྱི་ཨེ་ཡོད། མི་ལྐུགས་པ་འདི་འདྲའི་མཉམ་བགྲོ་གླེང་བྱེད་ས་འགྲོ་གི་མི་འདུག
མདའ་ཚན་པ་ལགས་།
དེ་གཉིས་འགལ་བ་མིན་པར་གཅིག་ཡིན་ན་།་གཅིག་གིས་གཅིག་ལ་གནོད་དོན་ག་རེ་ཡིན་ནམ།ཁྱོད་ཚོས་ཁ་ནས་གྷི་རིག་གི་རིགས་པ་ལ་་ཞེ་དྲགས་དགའ་བོ་ཡོད་མདོག་སྟོན་མཁན་དག་ཡིན་པས་།ངས་ཁྱོད་ལ་འདི་སྐོར་གྱི་རིགས་ལམ་དྲངས་ནས་སྐད་ཆ་ཞིག་བཤད་།དོན་གཅིག་པ་རེད་།
1+1=2
1+0=1
སྙན་བཟང་གཡུང་དྲུང་ཚེ་རིང་།
ཧ་ཧ་།ནོར་འདུག་།
ཁྱོད་ཚོས་དགེ་ཆོས་ལ་གསོལ་བ་བཏབ་བཏབ་པའི་འབྲས་བུ་ནི་འདི་ལྟ་བུ་ཞིག་རེད་དམ་།དངོས་གནས་སྐྲག་དགོས་བ་འགའ་ཤས་འདུག།
མདའ་ཚན་པ་ལ་ལྟོས་དང་།ད་སློབ་ཆུང་གི་རྩིས་རིག་གི་རིགས་པ་ཡང་ཤེས་གིན་མི་འདུག་།ད་ག་རེ་བྱེད་དགོས་ནི་རེད།
དེ་གཉིས་འགལ་བ་མིན་པར་གཅིག་རེད་སུས་ལབ་ཀྱི་འདུག
འགལ་བའི་ཆ་བཤད་པ་ཙམ་གྱིས་དེ་ལ་འབྲེལ་བའི་ཆ་མེད་པའི་ཁྱབ་པ་ཨེ་ཡོད། དེ་བཞིན་འབྲེལ་བའི་ཆ་བཤད་པ་ཙམ་གྱིས་དེ་ལ་འགལ་བའི་ཆ་མེད་པའང་ཁྱབ་ཀྱི་ཨེ་ཡོད། མི་ལྐུགས་པ་འདི་འདྲའི་མཉམ་བགྲོ་གླེང་བྱེད་ས་འགྲོ་གི་མི་འདུག
ཁྱོད་ཀྱིས་སྣོན་ཐབས་མ་གཏོགས་ཤེས་ཀྱི་ཡོད་ས་མ་རེད། ད་རུང་འཐེན་རྟགས་ཟེར་བ་ཞིག་ཡོད་པ་རེད། སྒྱུར་རྟགས་དང་བགོ་རྟགས་ཟེར་བ་ཞིག་ཀྱང་ཡོད་པ་རེད། མཚུངས་རྟགས་ཟེར་བ་ཞིག་ཡོད་པ་རེད། ད་རུང་མང་པོ་ཡོད་པ་རེད། ག་རེ་བྱས་ནས་དེ་འདྲ་མང་པོ་ཞིག་ཡོད་པ་རེད། དེ་རྙོག་དྲ་ཚ་བོ་ཡིན་ཙང། སྣོན་ཐབས་གཅིག་པོས་ཡོང་ཐབས་ཡོད་པ་མ་རེད། ཁྱེད་རང་གིས། སྣོན་རྟགས་མིན་ན་འཐེན་རྟགས་ཡིན་དགོས་པ་དང་། འཐེན་རྟགས་མིན་ན་སྣོན་རྟགས་ཡིན་དགོས་པ་བཤད་བསྡད་ཡོད་ཙང་། ངས་ཁྱེད་རང་ལྐུགས་པ་རེད་ཟེར་གི་ཡོད།
ཐང་ཆད་གི་འདུག མི་འདི་འདྲ། ལྐུགས་པ་ཨུ་ཚུགས་ཅན། གཡག་སྣ་ཁུ་ཚུར་གྱིས་འབིགས་གི་ཡིན་ཟེར་མཁན་འདི་འདྲ།
ཁ་ནས་རྟག་པར་logic ཡིན་ན་ཅིག་བཤད་ཡོང་གི་འདུག ཁག་མི་འདུག རང་གི་ལོ་གྱིག་གང་ཞིག་ལ་བྲོས་ཕྱིན་ནས་དེ་མ་རྙེད་པར་བཙལ་བསྡད་ཡོད་ས་རེད།
ག་རེ་རེད་ཞོགས་དུང་ཞོགས་དུང་ཧ་ལས་ཡ་ག་རེ་ཡོད་རེད
སེམས་ཅན་སྟག་གི་མིང་ཡང་འདིར་སླེབས་འདུག།
་ཧ་ཧ་ཧ
ད་ཡང་ཁྱོད་ཀྱིས་མིང་མང་པོ་ཞིག་རྗེ་བོ་རྒྱོབ་དང་ངས་ཁྱོད་ཀྱི་མཚང་རྣམས་མྱུར་དུ་ཕྱི་ལ་གཏོན་ཆོག གང་ཡིན་ཟེར་ན་ང་ནི་ཁྱོད་ཀྱི་ལབ་པ་ནང་བཞིན་གི་ཡི་གེ་ལ་དག་ཆ་མེད་པ་དང་ཡོན་ཏན་མེད་པ་ཞིག་ཡིན་ཙང་ཁྱོད་ཡོན་ཏན་ཅན་གྱི་རྗེས་སུ་ཡོང་ནས་སྐྱོན་ལ་ལྟ་འདོད་ཡོད། དེ་བཞིན་ཁྱོད་ཀྱི་མིང་རྫུན་མ་ཐམས་ཅད་ལ་སྙིང་རྗེ་སྒོམ་འདོད་ཡོད།
མདའ་ཚན་པ་།
ད་དངོས་གནས་སྐྱིད་པོ་འབྲི་གིན་འདུག་།་བོད་ཀྱི་ཚད་མའི་རིགས་པ་དང་།ནུབ་ཀྱི་གཏན་ཚིགས་རིགས་པ་སོགས་རྩ་བ་ཉིད་ནས་གོ་གིན་མི་འདུག་།དེ་བས་ཁྱེད་ལ་སློབ་ཁྲིད་བྱ་རྒྱུ་མཚམས་མཇོག་གིན་ཡིན་།ཡིན་ནའང་འདིའི་གནད་དོན་འགའ་ཞིག་མཚོན་གིན་ཡོད་།
༼༡༽རྒྱུ་མཚན་དང་ནང་དོན་ཧ་མ་གོ་དེ་ལ་ངེས་པར་ཏུ་ལན་ཞིག་འདེབས་དགོས་བའི་བསམ་པའི་མཁྱེར་སྟངས་།
༼༢༽ཆོས་དང་རིགས་གཞུང་སོགས་ལ་ཅུང་ཟད་འདྲིས་བ་ཙམ་ཡང་།གསར་བ་དང་རྙིང་བའི་ཁྱད་ཕྱེ་ནས་གླེང་བ་།
༼༣༽གསར་རྙིང་གཉིས་ལ་བརྟེན་ནས་བླང་དོར་རྣམ་བཞག་བཤད་པ་སོགས་།ཐམས་ཅད་ལ་ཞིབ་ཏུ་བསམ་ན་དམར་སྲུང་དམག་གི་ལྟ་བའི་གྲུབ་མཐའ་འཛིན་བཞིན་པ་བཅས་སོ།
རྒྱ་ནག་ཉམས་ཞིབ་པ་ཟེར་བ་འདི་འགལ་འབྲེལ་གཏན་ནས་སྦྱངས་མ་མྱོང་བ་ཞིག་རེད། ཆོས་ཐམས་ཅད་ལ་འགལ་བའི་ཆ་དང་འབྲེལ་བའི་ཆ་ཡོད་པའང་ཤེས་ཀྱི་མི་འདུག འགལ་འབྲེལ་ཆེ་ཆུང་གཉིས་ལ་ཡག་པོ་སྦྱང་དགོས་ཀྱི་འདུག
ག་རེ་འགལ་འབྲེལ། དགེ་སྦྱོང་མགོ་རེག་འབའ་སྲས་མི་སྤྱི་ཚོགས་ནང་བེད་སྤྱོད་མེད་པའི་ཐ་སྙད་དེ་གླེང་མ་ཡོང་རོགས། ང་ཚོ་མགོ་ན་ཡི་འདུག
ད་ཁྱོད་ཚོའི་གླེང་བྱའི་སྐད་ཆ་རྡོག་རྡོག་དེ་ག་རེ་རེད་དམ། གངས་ཅན་པའི་དཔའ་རྒོད་ཞོགས་དུང་གི་བསྐོར་ནས་འགལ་འབྲེལ་ཡིན་ན་ཅིག་ཁུར་ཡོང་ནས་རྩོད་རྒྱག་གིན་འདུག ངོ་མས་རྩོད་འདོད་ན་རྩོད་རྭའི་ནང་ལ་མ་ཕེབས་པ་འདིར་ཚིག་ངན་བཤད་ཞོར་བཤད་ཞོར་ལ་འགལ་འབྲེལ་ཡིན་ན་ཅིག་རྩོད་ཀིན་འདུག ཧ་ཧ་ཧ་ངོ་མས་གྲོགས་འགའ་རེ་སྐྱིད་པོ་འདུག་ག
ཨ་ཙེ་ཆོ་མེད་པའི་སྐད་ཆ་སྐྱང་བ་རེད་འདུག་ཡ། དངོས་གནས་དོན་ཐོག་འཁྱོར་བའི་སྐད་ཆ་གཅིག་ཀྱང་མི་འདུག
ང་མ་གཞི་ཞོགས་དུང་ལ་མགྱོད་པ་མེད་པའི་གདེངས་འཇོག་བྱ་མཁན་ཞིག་ཡིན། ཉིས་སྟོང་གཉིས་ཀྱི་ལོར་ངས་དཔྱོད་ཤེས་རྒྱང་འབོད་ཀྱི་ཚིག་དོན་ལ་བསམ་པའི་སྒོ་ནས་དུས་རབ་ཀྱི་ཁ་ཕྱོགས་འཚོལ་བ་མ་འོངས་པའི་བོད་ཟེར་བ་ཞིག་བྲིས་པ་ཡིན། དེ་ནས་དེབ་དེ་དཔར་སྐྲུན་ཚར་བ་དང་ང་ཡང་ད་ལྟ་ཞོགས་དུང་ནང་བཞིན་རྒྱ་མིའི་འཇུས་པ་རེད། ཁྲིམས་ཐག་ལོ་གཉིས་ལ་བཅད་པ་རེད། ཆབ་སྲིད་ཀྱི་ཁེ་དབང་ཡང་འཕྲོག་པ་རེད། ཉེས་མིང་ད་ལྟ་ཞོགས་དུང་དང་གཅིག་པ་རེད། ངས་ད་ལྟ་རང་ང་ལ་ཁྲིན་ཏུ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་སྤྲད་པའི་བཅད་ཁྲར་ལྟས་པ་ཡིན་ལ། མི་དམངས་ཞིབ་དཔྱོད་ཁང་གི་བརྡ་ཁྱབ་སོགས་ལ་ཡང་བལྟས་པ་ཡིན། རྒྱལ་ཁབ་ཁ་བྲལ་གྱི་ངན་བསྐུལ་བྱས་པ་ཟེར་བ་འདྲ། ཡི་གེ་འདི་རེད། 煽动分裂国家
དེས་ན་ང་ལ་དཔྱོད་ཤེས་རྒྱང་འབོད་ཆ་རྒྱུས་ཆེ་ཙམ་ཡོད། ཆོས་ངེས་པར་དུ་དགག་ཡོད་པ་རེད། དོང་ནས་སྤྲུགས་བྱའི་བག་ཆགས་ཀྱི་ཁོངས་སུ་དམ་པ་ལྷ་ཆོས་ཀྱི་བག་ཆགས་ཟེར་བ་དེའི་མཚན་གཞི་ལ་བདེན་བཞི་དང་བྱང་ཕྱོགས་སོ་བདུན་སོགས་བཞག་ནས་དེ་དོང་ནས་སྤྲུགས་བྱར་བཤད་ཡོད་པ་རེད། ད་དུང་རང་རྩོམ་གསལ་བྱེད་དང་པོ་དང་གཉིས་པ་སོགས་སུ་དཔེ་ལུགས་སྐྱོན་ཅན་སོགས་ལས་དམ་པ་ལྷ་ཆོས་རང་དེ་དོང་ནས་སྤྲུགས་བྱ་ཡིན་པ་ཕྱིར་འཐེན་གནང་རྒྱུའི་གསམ་ཚུལ་བྱུང་བར་ཁོང་གིས་མངོན་གསལ་དོད་པོས་དེ་ལྟར་བྱས་ན་མི་འཐད་པའི་སྐད་ཆ་བཤད་པ་རེད། གང་ལྟར་འདིའི་སྐོར་ཁ་ཅི་བས་གསལ་ན་ཡང་ད་དུང་ལོང་བཤད་བྱེད་ཀྱིན་འདུག མཛེས་མ་ལགས་ཀྱིས་ཀྱང་ད་ཐེངས་ལོང་བཤད་བྱེད་ཀྱིན་འདུག
འོན་ཀྱང་སྐབས་དེར་རང་ཉིད་ཞོགས་དུང་གི་བསམ་བློ་ལ་དགག་བཞག་བྱེད་མཁན་གྱི་གྲས་སུ་ཞུགས་བཞིན་དུ་ངས་དེབ་དེའི་མགོ་བརྗོད་དུ།
ཁ་བའི་སྙིང་སྟོབས་རྫོགས་པའི་ཉམས་བརྟས་ཤིང། །ཁ་བ་རི་ལ་བརྩེ་བའི་བློ་གྲོས་ཅན། །ཁ་བའི་གཞོན་ནུ་བཀྲ་ཤིས་རྒྱལ་མཚན་གྱིས། །ཁ་བའི་འབྱུང་འགྱུར་གླེང་བའི་དོ་ར་ན། །ཞེས་བྲིས་ཡོད།
མདོར་ན་ཞོགས་དུང་ལྟ་ལོག་མ་རེད་ཟེར་བ་དེ་ཞོགས་དུང་ལ་བསྟོད་མི་ཤེས་པའི་བསྟོད་པ་ཙམ་རེད། ཞོགས་དུང་གི་ལར་ཞེན་ངས་དེ་དུས་ནས་ཚོར་ཡོད་ཀྱང་། ཆོས་མ་དགག་ཟེར་ན་དངོས་གནས་ཧོལ་བཤད་རང་རེད།
ཡ་རྫ་ཚེ་རིང་བཀྲ་ཤིས་ལགས
ནམ་རྒྱུན་ངས་ཁྱེད་ཆོས་པ་ཡག་པོ་ཞིག་ལ་མཐོང་གི་ཡོད་པས་མང་པོ་ཞིག་གི་ནང་ལ་མ་ཕེབས་རོགས་ཞུ་བ་ཡིན། ཞོགས་དུང་དང་སེང་རྡོར་སོགས་བོད་རིགས་ཡིན་པ་དང་ཡོན་ཏན་ཅན་ཡང་རེད་འདུག་དང་ཁོང་ཚོ་དངོས་གནས་ལྟ་བ་ལོག་པའི་གང་ཟག་རེད་འདུག དེས་ན་ཁྱེད་ཆོས་པ་བཟང་པོ་ཞིག་གི་དེ་འདྲ་ལ་ཐེ་ཐོག་མ་བྱས་ན་ཡག་པོ་འདུག་བསམ་བྱུང་།
ཁྱེད་ཚོ་ཆབ་སྲིད་བཙོན་ཟུར་ཚོས་རྒྱ་ནག་གིས་མནར་གཅོད་གཏོང་ལུགས་ཙམ་ཡང་ཡི་གེར་འབྲི་མི་ཕོད་པར་འབྲེལ་མེད་ཀྱི་བྱ་བའི་ནང་དུ་འཛུལ་ཡོང་བ་ཅི་ལ་ཐུག་ཡོད།
ང་ལ་བཙོན་ཁང་གི་མྱོང་ཚོར་ཕྲིས་ཟེར་མཁན་ཁ་ཤས་འདུག་ཀྱང་དེ་སྔོན་མ་བྲིས་པ་དེ་ནི་ངས་རང་གི་མྱོང་ཚོར་དེ་ལོ་བཅུ་ཕྲག་མང་པོར་བཙོན་དུ་དཀའ་སྡུག་ཚད་ལས་འདས་པ་མྱོང་མཁན་གྱི་དཔའ་བོ་དག་གི་ལོ་རྒྱུས་དང་བསྡུར་དྲགས་པ་རེད་ལ་དེ་དང་བསྡུར་བའི་བསམ་བློ་དེས་ནམ་ཡིན་ཡང་རང་གི་མི་ལོ་གཉིས་ཀྱི་བཙོན་དུས་ཀྱི་མྱོང་བྱང་དེ་སྤྱིར་བཏང་སྤྱིར་བཏང་ཞིག་ཏུ་ཚོར། དེས་ན་ངས་རང་ཉིད་ལ་འབྲི་རིན་ཡོད་པའི་མྱོང་བྱང་ཞིང་མི་འདུག་སྙམ། འོན་ཀྱང་གཅིག་བྱས་ན་ང་ནོར་བ་འདྲ། ན་ཉིན་འཇམ་དབྱངས་སྐྱིད་ཀྱིས་ཉིན་བཅུ་གྲངས་ཞིག་གི་བཀག་སྐྱིལ་གྱི་ཟིན་ཐོ་ཙམ་གྱིས་ཚང་མ་ཧང་སང་སང་བྱེད་བཞིན་པ་ལ་ལྟོས་ན་ང་ལ་ཡང་མང་པོ་ཞིག་འབྲི་རྒྱུ་ཡོད་ངེས་རེད།
ང་བཙོན་དུས་ཀྱི་ཟུར་ངོས་གཅིག་དེ་བཙོན་པའི་གནས་སྟངས་དང་དཀའ་ངལ་མཚོན་པའི་སྙན་ཞུ་<>ཟེར་བ་བཙོན་ཁང་གི་སྤྱི་ཁབ་མགོ་བར་ཕུལ་བ་ཞིག་དུས་བབ་ཀྱི་ངའི་ཟིན་བྲིས་<>སུ་ཡོད་པ་དེར་ལམ་ཙམ་གསལ།
སྙན་ཞུའི་མིང་༼གནད་དོན་གསུམ་དང་མཇུག་འབྲས་གཉིས༽རྔ་བ་མཱོང་ཤན་བཙོན་ཁང་གི་མགོ་གཙོའི་མིང་ཐོག་ཏུ་བཙོན་ལས་ཐོན་ཁར་བྲིས་པ་ཞིག་ཡིན།
གནད་དོན་གསུམ་དང་མཇུག་འབྲས་གཉིས།
ཉིས་སྟོང་བཞིའི་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ལ་རྔ་བ་བཙོན་ཁང་དུ་ཐོག་མར་ཐོན་པ་ནས་ད་བར་བཙོན་ཁང་དང༌། འགོ་ཁྲིད། བཙོན་པ་སོགས་ཀྱི་གནས་སྟངས་ཀྱི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་ཡག་པོ་བྱུང་བས་མ་ཚད། རྒྱ་སྐད་དང་རྒྱ་ཡིག་རྩ་བ་ནས་སློབ་མྱོང་མེད་པའི་བོད་འབྲོག་ཕྲུག་ཅིག་གི་ངོས་ནས་རང་ཉིད་ཀྱི་མ་འོངས་པ་ལ་ཕན་པའི་རྒྱའི་སྐད་ཡིག་དང༌། རྒྱལ་ཁབ་ཀྱི་ཁྲིམས་ལུགས། རང་གི་མི་ཚེའི་ཉམས་མྱོང་སོགས་ལ་བསླབ་བྱ་བཟང་པོ་ཐོབ་པ་དང༌། མི་རིགས་སྲིད་ཇུས་དང་གཞི་རིམ་ཁྲིམས་སྲོལ་ཁག་ལའང་གོ་བ་གང་ལེགས་ཆགས་པ་ནི་རྒྱ་ཆེའི་དོ་དམ་ལས་བྱེད་རྣམ་པ་དང༌། སྙིང་ཉེ་བའི་བཙོན་གྲོགས་རྣམས་ཀྱི་རོགས་སྐྱོར་འོག་བྱུང་བ་ཞིག་ཡིན་པ་ངས་གཏིང་ཟབ་པོའི་སྒོ་ནས་ཤེས་ཀྱི་ཡོད། དེ་དང་དུས་མཚུངས་སུ། ཁོ་བོ་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་དམར་ཟས་རྩ་བ་ནས་མི་ཟ་མཁན་ཞིག་གི་ངོས་ནས་ཐེངས་ཁ་ཤས་ལ་འཚོ་བའི་ཕྱོགས་ལ་དམིགས་བསལ་ལྟ་རྟོག་ཅུང་ཟད་ཡོང་བའི་རེ་སྐུལ་ཞུས་པར་དོན་དངོས་དེ་ལས་ལྡོག་སྟེ། ཁར་ཉིན་ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་ཞོགས་པར་ཉེན་རྟོག་པ་བཞིའི་རུབ་སྟེ་མགོ་དང་ལུས་པོ་ཡོངས་ལ་གློག་དབྱུག རྡོག་ཐོ། ཁུ་ཚུར། ཐལ་ལྕག་སོགས་ཀྱིས་བཞུས་པར་མ་ཟད་ང་ཚོའི་བཙོན་ཁག་གི་རྐས་མཇུག་ནས་གཞུང་ལས་ཁང་གི་བར། བཙོན་ཁག་གཉིས་པ། དྲུག་པ། བརྒྱད་པ་བཅས་ཀྱི་བཙོན་པ་ཤིན་ཏུ་མང་པོའི་མཐོང་ས་རང་དུ་ཆུ་འདམ་གྱི་ཁྲོད་འདྲུད་ཀྱིན་གོས་དབྲལ་བ་སོགས་ལུགས་ལས་འདས་པའི་རྡུང་རྡེག་བཏང་བ་དང༌། ཕྱི་ལོ་ ༠༥ ཟླ་ ༡ ཚེས ༡༠ ལ་ནང་མིའི་ཕྱི་ནས་ཉོས་པའི་ཤ་མེད་པའི་ཟས་རིགས་ཀྱང་བཙན་འཕྲོག་བྱས་པ། ད་དུང་རང་སྒེར་གྱིས་ཐབ་ཚང་དུ་སྔོ་ཚོད་ཉོ་རྟེན་དུ་སྒོར་ ༢༠༠༠ ལྷག་གི་དངུལ་འཛིན་བཞག་པ་ལ་ཡང་ཚྭ་ལས་གཞན་པའི་བྲོ་རྫས་གང་ཡང་མེད་པའི་སྔོ་ཚོད་ཉུང་ངུ་རེར་སྒོར་ ༢༠ འཐེན་པ་སོགས་མཐོང་ཆུང་དང་མ་རབས་མང་པོ་བྱས་པ་དག་ཀྱང་རྒྱལ་ཁབ་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཉེས་འཛོལ་ཅན་དུ་ངོས་བཟུང་བའི་ཆབ་སྲིད་བཙོན་པ་ཞིག་གི་ཐད་ནས་གླེང་ན་དེ་བས་ཀྱང་དེའི་བསམ་བློ་བསྒྱུར་བཀོད་ཀྱི་གལ་ཆེའི་རང་བཞིན་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་དང༌། ཁྱེད་ཚོའི་ངོས་ནས་ཡ་རབས་བཙོན་ཁང་ཞེས་པའི་མིང་དོན་ལས་རྦད་དེ་ལྡོག་པའི་ཁྲིམས་འགལ་ཡིན་པས་གོང་རིམ་ལ་ཞུ་གཏུགས་བྱེད་རྒྱུ་ནི་ཁྲིམས་མཐུན་གྱི་བླང་བྱ་ཉག་གཅིག་ཏུ་ངེས་ན་ཡང༌། ང་རང་གྲྭ་བ་ཞིག་ཡིན་པའི་ངོས་ནས་བཟོད་སྒོམ་དང་སེམས་རྒྱ་ཡངས་པོ་བྱས་ནས་གཏུགས་བཤེར་བྱ་རྩིས་མེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བརྟེན་ནས་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བསམ་འཆར་ཁ་ཤས་ཞུ་དགོས་བྱུང༌།
ཕྱི་ལོ་ ༠༣ཟླ་ ༢ ཚེས་ ༡༦ ལ་བཙོན་ཁང་གི་སྤྱི་ཁྱབ་ཝང་ལགས་ཀྱིས་ཐེངས་ ༢༦ པའི་རྔ་བཙོན་འཐུས་ཚོགས་སུ།
“བོད་ཆཱང་མི་རིགས་གཉིས་ཀྱི་ཁྱད་ཆོས་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་
ཡ་རབས་བཙོན་ཁང་ཞིག་འཛུགས་བསྐྲུན་བྱ་རྒྱུ་ཡིན།”ཞེས་གསུངས་པ་དང༌། ལག་ལེན་དངོས་ཀྱི་སྟེང་ནས་ཀྱང༌། བཙོན་པའི་རྨོངས་སེལ་སློབ་ཚན་དུ་བོད་ཡིག་གི་སློབ་ཁྲིད་སློབ་ཚན་དངོས་སུ་བཞག་པ་དང༌། «བྱ་སྤྱོད་ཚད་གཞི་»སོགས་སྒྲིག་ཡིག་ཁག་བོད་ཡིག་ཏུ་བསྒྱུར་བ། བཙོན་ཁང་ནས་འདོན་བཞིན་པའི་«གསར་ངོགས»ཚགས་པར་དུ་བོད་ཡིག་གི་ས་མིག་བཟོས་པ་སོགས་མི་རིགས་དང་རིག་གནས་ལ་འགན་ཁུར་བའི་བྱ་བ་གང་ལེགས་བསྒྲུབས་པ་ནི་དགའ་འོས་པ་ཞིག་རེད།
འོན་ཀྱང་དེ་དང་དུས་མཚུངས་གཤམ་གྱི་གནད་དོན་ཁ་ཤས་མུ་མཐུད་ཚབས་ཇེ་ཆེར་འགྲོ་རྒྱུའི་ཉེན་ཁ་ཡོད་པ་སྟེ།
༼༡ གནད་དོན་དང་པོ། མི་ལོ་ཁྲི་སྟོང་བརྒྱུད་པའི་གོམས་གཤིས་དང་འཚོ་བར་འགོག་རྐྱེན་ཐེབས་པ།
ལོ་རྒྱུས་ཀྱི་དུས་སྐབས་གང་འདྲ་ཞིག་གི་འོག་ཏུའང་བོད་མིའི་རྩམ་པ་ཟ་མི་ཆོག་པ་བྱུང་མ་མྱོང་ལ། རྔ་བཙོན་དུའང་ནག་ཉེས་ལྕི་ཡང་ལ་མ་ལྟོས་པའི་བཙོན་པ་འདྲ་མིན་སུ་འདྲ་ཞིག་ཡིན་ཡང་མར་དང་རྩམ་པ་ཟ་མི་ཆོག་པའི་དུས་སྐབས་ཤིག་བྱུང་མྱོང་མེད། འོན་ཀྱང་ཉེ་ཆར་ནས་མར་དང་རྩམ་པ་སོགས་ནང་དུ་ལེན་མ་བཅུག་པའི་གནས་ཚུལ་དུ་མ་ཐོན་པ། དཔེར་ན། ཕྱི་ཟླ ༦ པའི་ནང་རོས་ཅན་ཏུའུ་བཙོན་པ་གསར་པ་བསྡུ་ལེན་བྱེད་སའི་བཙོན་ཁགལ་བཙོན་པ་གསར་པ་སླེབས་ཤིག་མཚམས་ཐིག་སྟེང་ནས་སྔོག་བཤེར་གྱིས་རུལ་སྐྱོན་མེད་པའི་རྩམ་པ་དང་ཐུད་སོགས་སྙིགས་སྣོད་དུ་དོར་བ་དང༌། སྤྱི་ལེ་ ༢༠༠༠ ལྷག་གི་དཀར་མཛེས་ནུབམཐའ་སེལ་ཤུལ་དང་ལྷོ་ནུབ་བཅས་ནས་ཡོང་བའི་གཉེན་གཏུགས་
པར་ཤ་སྐམ་དང་རྩམ་པ་སྤྲོད་དུ་མ་བཅུག་པ་སོགས་རེད།
ཡང་ཉེ་ཆར་ང་ཚོ་བཙོན་ཁག་དྲུག་པ་བཙོན་ཁང་གསར་པར་སྤོས་རྗེས་ཆུ་མ་འཕྲོད་པར་མང་པོ་ཞིག་གྲོད་པ་ན་སྐབས་ཉེན་རྟོག་སྨན་པ་ཞིག་གིས་རྩམ་པ་ཟོས་ན་གྲོད་པ་ན་རྒྱུ་རེད་ཟེར། ངོ་མ་བཤད་ན་རྩམ་པ་ནི་གྲོད་ཁོག་ན་བྱེད་ཅིག་མིན་ལ་ཐེངས་དེ་བས་ཀྱང་རྩམ་པ་ཟོས་ནས་ན་བ་མིན་པར་མ་ཟད་དེ་ལས་ལྡོག་སྟེ་ང་ཚོ་རྩམ་པ་ཅུང་ཟད་ཡོད་མཁན་རྣམས་ཕལ་ཆེར་མ་ན་བ་དང༌། དེ་བས་ཀྱང་ཆུར་བ་ཆུ་ཁོལ་དུ་སྦངས་ངས་བཤལ་ཆད་རྒྱུར་ཕན་པ་བྱུང་ཡོད་པ་ཚང་མས་ཤེས་གསལ་ཡིན། ཡིན་ནའང༌། ཁོས་དེ་ལྟར་མི་རིགས་ཀྱི་གོམས་སྲོལ་ལ་ཆ་རྒྱུས་མེད་པའི་ངོ་ཚ་བོར་བའི་སྐད་ཆ་དེ་བཤད་པ་རེད། རྒྱ་རིགས་བཙོན་གྲོགས་མང་པོ་ཞིག་ནས་ལྟོག་ཀྱང་རྩམ་པ་མི་ཟ་བ་རེད། དེ་ནི་ངས་བལྟས་ན་ཆུང་ནས་གོམས་གཤིས་སྟེང་ཟ་སྲོལ་མེད་པའི་རྐྱེན་གྱིས་ཡི་ག་མི་སླེབས་པ་དང་ཐ་ན་ཟོས་ཀྱང་མི་འཕྲོད་པ་སོགས་འབྱུང་སྲིད། ང་ཚོའང་ཅིའི་ཕྱིར་དེ་དང་གཅིག་པ་མིན།
༼༢ གནད་དོན་གཉིས་པ། ས་གནས་ལས་བྱེད་པས་མི་རིགས་རིག་གནས་དང་ཁྱད་ཆོས་ལ་འགན་ཁུར་གྱི་བསམ་པས་མི་འདང་བ།
«བྱ་སྤྱོད་ཚད་གཞི»ལྟ་བུའི་སྒྲིག་ཡིག་ཁག་བློ་འཛིན་སྐབས་རྒྱ་སྐད་ཚིག་གཅིག་མི་ཤེས་པས་ཀྱང་སྒྲ་གདང་མཚོན་བྱེད་ཀྱི་དབྱིབས་གཟུགས་འདྲ་མིན་བྲིས་ནས་རྒྱ་སྐད་ཁོ་ནའི་ཐོག་ནས་བློ་རྒྱུགས་སྤྲོད་དགོས་ཀྱི་ཡོད། དོན་དངོས་ཐོག་འདི་ནི་ཤིན་ཏུ་དགོད་བྲོ་བ་དང་དངོས་ཀྱི་དགོས་མཁོ་ལས་ལྡོག་པ་ཞིག་རེད།
རྒྱུ་མཚན། ང་ཚོས་འདི་ལྟར་ཀློག་སྐབས་སྒྲ་གདངས་མི་སླེབས་པ་དང་ནང་
དོན་མི་གོ་བས་བློ་ལ་མི་ངེས་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པ་ཕུད། གལ་
ཏེ་ཤེས་སུ་ཆུག་ཀྱང་ནང་དོན་ཚིག་གཅིག་ཀྱང་མི་གོ་བས་འགྲིགས་ལམ་དང་བསྒྱུར་བཀོད་ལ་ཕན་པ་ཅི་ཞིག་ཡོད། དཔེར་ན། ངས་ཀྱང་རྒྱ་སྐད་བོད་ཡིག་ཏུ་བྲིས་ནས་བློ་རྒྱུགས་སྤྲོད་ཟིན་ཀྱང་ནང་དོན་བརྒྱ་ཆ་དགུ་བཅུ་གོ་གི་མེད་པ་ལྟ་བུ་རེད།
ཡང་ན་ཉིན་ཟླ་བ་བརྒྱད་པའི་མཇུག་ཏུ་ངས་ལས་བྱེད་ཅིག་ལ་ཡིག་སྐུར་བོད་ཡིག་བྲིས་ན་འཕྲོད་དམ་ཞེས་དྲིས་པར། མི་འཕྲོད་ཅེས་ལན་བཏབ་པར་མ་ཟད་ཐེངས་ཤིག་ཅ་ལག་སྔོག་བཤེར་སྐབས་ཁང་མིག་གསུམ་པ་ནས་ཉེན་རྟོག་པའི་ལག་ཏུ་རྒྱབ་ཤ་ཚགས་པར་གྱིས་བཏུམ་པའི་བོད་ཡིག་གི་དེབ་ཅིག་ཆུད་པར་ཁོས་ཚམ་ཚོམ་མེད་པར་གཞུང་ལེན་བྱས། དེ་རྗེས་གཞན་གྱིས་ཁོ་ལ་དེབ་དེ་རྨོངས་སེལ་སློབ་དེབ་རེད་ཅེས་གསལ་བཤད་བྱས།
ལར་ས་གནས་མི་རིགས་ཀྱི་འགོ་ཁྲིད་ཅིག་ཡིན་ན་མི་རིགས་རིག་གནས་ལ་འགན་ཁུར་ནས་སྒྲིག་སྲོལ་དང་འགལ་བའི་དེབ་ཡིན་མིན་ཙམ་བལྟ་དགོས་ལ་རངཉིད་ཀྱིས་མི་ཤེས་ན་གཞན་ལ་འདྲི་བ་ཚུན་ཆད་ཀྱི་བྱ་ཐབས་སྤྱད་དེ་ལས་ཀ་སྒྲུབ་དགོས་མོད་ཁོས་དེ་ལྟར་བྱས་མེད། དུས་གཞན་དུའང་ཁྲིམས་འགལ་མིན་པའི་སྤྱིར་བཏང་གི་བོད་ཡིག་
མང་པོ་ཞིག་ཀྱང་སྤྱོད་ཚུལ་འདི་བཟུང་ནས་བཙན་འཕྲོག་བྱས་ཡོད། དེ་ལས་ཀྱང་ཚབ་ཆེ་བ་ཞིག་ལ་རྒྱ་སྐད་རྒྱ་ཡིག་རྩ་བ་ནས་མི་ཤེས་པའི་འབྲོག་པ་མཛོད་དགེ་སོགས་ནས་ཡོང་བ་མང་པོར་གཡོ་རྫུ་རེད་ཅེས་ཟེར་ནས་གློག་དབྱུག་གིས་གཞུ་བ་སོགས་དྲག་རྩུབ་ཀྱི་བྱ་ཐབས་
སྤྱད་པས་དེ་ནས་བོད་རིགས་མང་པོ་ཞིག་གིས་གནད་དོན་ཆེ་ཕྲ་མང་པོའི་ཐད་རྒྱ་སྐད་མ་
ཤེས་ན་ཤོད་མི་ཆོག་པ་སྙམ་ནས་སོ་སོའི་དཀའ་ངལ་དང་བསམ་ཚུལ་ཐ་ན་གཞན་གྱི་ཉེས་བཅོས་ཡན་མྱང་ཡང་ཤོད་མི་ཕོད་པར་བཙོན་པ་ཡིན་ཕྱིན་རང་གི་སྐད་ཡིག་བེད་སྤྱོད་བྱེད་མི་ཆོག་པ་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བཞིན་ཡོད།
ཁོ་བོ་ཉེ་གཏུག་ཐེངས་གཉིས་ཆར་གྱི་སྐབས་སུའང་བོད་སྐད་ཀྱི་ལམ་ནས་ཁ་བརྡ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་བར། ངས་རྒྱ་སྐད་རྩ་བ་ནས་མི་ཤེས་པས་ཁྱེད་ཚོ་ཡིད་མི་ཆེས་ན་ལྟ་རྟོག་བྱེད་མཁན་ཞོག་ཅེས་ལབ་པ་ཡིན།
ཡང་བཙོན་ཁང་གི་སློབ་གསོ་སྡེ་ཚན་གྱིས་བཀོད་སྒྲིག་བྱེད་བཞིན་པའི་བོད་ཡིག་སློབ་ཁྲིད་དེའང་ང་ཚོ་བཙོན་ཁག་དྲུག་པར་མཚོན་ན་མིང་རྐྱང་ཙམ་ཞིག་ལས་མེད་པ་སྟེ། ང་རྔ་བཙོན་དུ་སླེབས་པའི་ཕྱི་ཉིན་རང་སྟེ་ཕྱི་ལོ་ ༠༥ ཟླ ་༨ ཚེས་ ༢༠ ཉིན་བོད་ཡིག་ཆབ་མདོ་ཕྱོགས་ནས་ཡིན་པའི་དགེ་རྒན་གཅིག་ཅིག་ཡོད་པ་དེ་ངལ་རྩོལ་ལས་གྲྭ་ག་གེ་མོར་བཙོན་པ་གསར་པ་ཁ་ཤས་དང་མཉམ་དུ་སྡེབ་འཚོང་བྱས་ནས་དེད་སོང་བ་རེད། ཉིན་དེ་ནས་ད་བར་ཁ་ཉིན་དགུན་ཀ་ཞིང་ཆེན་གྱིས་རྔ་བཙོན་གསར་བའི་འཛུགས་སྐྲུན་གློག་བརྙན་དུ་ལེན་སྐབས་སློབ་ཁང་ཞིག་ཏུ་ཉ་ཉོག་ཁ་ཤས་འཚོགས་བཅུག་སྟེ་བོད་རིགས་ལས་བྱེད་ཅིག་གིས་ཀ་ཡ་བཏགས་ཀྱ་ཞེས་སོགས་སྐར་མ་ཁ་ཤས་ལ་སློབ་ཁུལ་བྱས་པའི་ཟློས་གར་རྫུན་མ་ཞིག་གིས་གོང་རིམ་དབུ་སྐོར་ཞུས་པ་དེ་ལས་དོན་དངོས་ཐོག་ལོ་ཧྲིལ་པོར་ཉིན་གཅིག་ལའང་སློབ་ཁྲིད་བྱེད་མྱོང་མེད་ལ།
བཙོན་ཁང་གི་ཁོར་ཡུག་ཧྲིལ་པོར་མིག་སྔར་བོད་དགེའི་མིང་ཐོགས་རྟ་མགྲིན་སྐྱབས་མ་གཏོགས་མེད།
ཡང་ཉེ་ཆར་ང་ཚོའི་བཙོན་ཁག་དྲུག་པའི་འགོ་ཁྲིད་ཁ་ཤས་ཀྱིས་ཕྲེང་བ་མང་
པོ་འཕྲོག་ནས་གད་སྙིགས་སུ་དོར་སོང་བ་ཡང་སྤྱིར་སྦྱོང་བརྡར་དང་ངལ་རྩོལ་འགོ་ཚུགས་སྐབས་ཕྲེང་བ་འཛིན་མི་ཆོག་ཟེར་ན་ལུགས་མཐུན་ཡིན་ནའང་ཐང་མོད་དེ་ལས་གཞན་དུ་དེ་ལྟར་བྱེད་པ་ནི་ཚུལ་མཐུན་ཞིག་མ་རེད་སྙམ།
ལར་འཕྲེང་བ་ནི་ཆོས་དད་པ་ཞིག་ལ་མཚོན་ན་གྲངས་ཀ་རྩི་ས་ཙམ་རེད་ལ། མི་རིགས་འདིའི་ན་གཞོན་སྤྱིར་བཏང་བ་ཞིག་ལ་མཚོན་ན་གོམས་གཤིས་ཀྱི་མཛེས་ཆོས་ཞིག་གི་ལྟ་ཚུལ་ཙམ་འཛིན་གྱི་ཡོད་པ་ད་ལྟའི་བོད་རིགས་ཀྱི་གླུ་བ་དང་འཁྲབ་སྟོན་པ་དག་གི་ཀུན་སྤྱོད་ཀྱི་སྣང་ཚུལ་ལས་རྟོགས་ཐུབ། འདོར་ན། འདི་ནི་མི་རིགས་ཀྱི་ཁྱད་རྟགས་སྤྱིར་བཏང་བ་ཞིག་ཡིན་པ་ལས་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་ཡོ་བྱད་ཅིག་དེ་བས་ཀྱང་མ་རེད།
ཕྱོགས་གཞན་ཞིག་ནས་ལོ་གཞོན་ཉེས་གསོག་པ་ཚོས་ཆོས་ལུགས་ལས་གསུངས་པའི་དྲང་བདེན། ལས་འབྲས། སྙིང་རྗེ་སོགས་ལ་ཡིད་མ་ཆེས་པའམ། བརྩི་འཇོགས་མ་བྱས་པར་མི་གསོད་རྒྱུ་འཕྲོག་གི་ནག་ཉེས་བཟོས་ཡོད། འོན་ཀྱང་བཙོན་ཁང་དུ་ལྷུང་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་སོ་སོའི་སྤྱོད་ངན་གྱི་མཇུག་འབྲས་མིག་ལ་སྣང་བ་དང་དུས་མཚུངས། སྔར་བྱས་ལ་འགྱོད་པ་སྐྱེས་ནས་རང་སྐྱོན་ལ་ངོས་འཛིན་སླེབས་པའི་མངོན་རྟགས་སུ་མ་ཎི་སོགས་འདོན་རྒྱུའི་བསམ་བློ་འཁོར་གྱི་ཡོད། མ་གཞི་ཆོས་ལུགས་དང་ཁྲིམས་ལུགས་གཉིས་ཆར་སྤྱི་ཚོགས་ཀྱི་བསམ་སྤྱོད་ལེགས་བཅོས་ཀྱི་དགོས་མཁོར་གསར་གཏོད་བྱས་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཕྱོགས་མང་པོ་ཞིག་ནས་མཚུངས་ས་ཡོད་ལ།
ཆོས་ལུགས་ཀྱི་སློབ་གསོ་ཡང་དག་པ་ཞིག་ཡོད་ན་བསམ་བློ་བསྒྱུར་བཀོད་ལ་ཡང་ཕན་ཐོགས་
ཡོད་པའི་ཡིད་ཆེས་ཡོད། ངས་ཀྱང་བཙོན་ཁང་གི་རྩ་ཁྲིམས་སློབ་སྦྱོང་བྱས་པ་བརྒྱུད་ཏིང་གི་སྲིད་ཇུས་སློབ་སྟོན་དང་ཆོས་ལུགས་སློབ་གསོ་གཉིས་མི་སེམས་ལེགས་བཅོས་བྱེད་པ་ལ་མཐུན་པོ་ཡོད་པ་ཧ་གོ་བྱུང༌།
མདོར་ན། འཕྲེང་བ་ནི་ཉེན་ཅན་ཡོ་བྱད་ཅིག་རྩ་བ་ནས་མིན་པར་ཧྭོས་རིགས་ལ་ཤ་མི་ཟ་བའི་ཆོས་ལུགས་བྱ་སྤྱོད་ལ་དམིགས་བསལ་སྲུང་སྐྱོབས་ཆོག་ན་ང་ཚོ་བོད་རིགས་ཀྱི་དམིགས་བསལ་ཁྱད་ཆོས་གནོད་མེད་དག་ལ་ཡང་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་ཡོད།
༼༣ གནད་དོན་གསུམ་པ། བཙོན་པ་རྣམས་ལ་ཁྲིམས་མཐུན་ཁེ་དབང་དང་མི་རིགས་ཁྱད་ཆོས་རྩི་བཀུར་བྱེད་པའི་སློབ་སྟོན་དང་རང་རྟོགས་ཞན་པ།
རང་རྒྱལ་ནི་མི་རིགས་ལྔ་བཅུ་ང་དྲུག་གི་ཐུན་མོང་གི་རྒྱལ་ཁབ་དང༌། རང་རྒྱལ་གྱི་རྩ་ཁྲིམས་ཁག་དང་བཙོན་ཁང་གི་བཅའ་ཁྲིམས་སོགས་ལས་མི་རིགས་ཀྱི་ཁེ་དབང་ལ་དམིགས་པའི་སྲིད་ཇུས་རབ་དང་རིམ་པ་གཏན་འབེབ་བྱས་ཡོད་པ་དང༌། ཉེ་བའི་ལོ་ཤས་སྔོན་དང་ན་ཉིན་སོ་སོར་རྒྱལ་ཡོངས་སུ་མི་རིགས་ཁག་ལ་དམིགས་བསལ་རང་བཞིན་གྱི་སྲིད་ཇུས་མང་པོ་གཏན་འབེབ་ཀྱི་དགོངས་དོན་ལྟར། གྲངས་ཉུང་མི་རིགས་ས་ཁུལ་གྱི་རིགས་སོ་སོའི་རྒྱ་ཆེའི་དབུ་ཁྲིད་པར་མཚོན་ན་སྲིད་ཇུས་དེ་དག་བསམ་པ་རྣམ་དག་གིས་ལག་ལེན་བྱེད་རྒྱུའི་ལས་འགན་ཡོད། དེའི་སྟབས་ཀྱིས་ལས་བྱེད་དག་གིས་ཀྱང་མི་རིགས་ལ་མཐོང་ཆེན། མི་རིགས་ཀྱི་རིག་གནས་ལ་མཐོང་ཆེན་བཅས་བྱེད་པའི་བསམ་བློའི་མ་
ལག་དང་བོད་སྐད་སོགས་ས་གནས་སྐད་ཡིག་གི་ཤེས་ཚད་ཡོད་པ་ཞིག་དགོས།
དེ་ཡང་ཁར་ཉིན་དཔྱིད་ཀ་ཉིན་ཞིག་ཉེན་རྟོག་པ་ཕུན་གྱིས་ང་ལ་བོད་ཡིག་བསླབ་ན་འགྲིག་གི་རེད་དམ་ཞེས་ཅོ་འདྲི་བྱེད་ཀྱི་འདུག ངས་ལན་དུ། རེད། དངོས་གནས་བྱས་ན་ཁྱེད་ཚོ་བརྒྱ་ཆ་དགུ་བཅུ་ཡན་གྲངས་ཉུང་མི་རིགས་ཡིན་པའི་ས་གནས་ཀྱི་འགོ་ཁྲིད་པ་ལ་ངེས་པར་བོད་ཀྱི་སྐད་ཡིག་ཤེས་པ་བྱེད་རྒྱུ་ནི་ཁྲིམས་མཐུན་གྱི་བླང་བྱ་གལ་ཆེན་ཞིག་རེད། ཡིན་ན་ཡང༌། ཁྱོད་ཀྱིས་སློབ་རྒྱུ་མ་རེད་ཅེས་བཤད། འོན་ཀྱང་ཁོས་ངའི་སྐད་ཆ་དེ་ལ་དོ་སྣང་གང་ཡང་བྱེད་ཀྱི་མི་འདུག ལས་བྱེད་པས་ས་གནས་མི་རིགས་ལ་འཛིན་པའི་ལྟ་བ་དང་སྤྱོད་ཚུལ་དེའི་དབང་གིས་བཙོན་པ་དག་གི་སེམས་སུའང་བཙོན་ཁང་དུ་མི་རིགས་ཀྱི་སྐད་ཡིག་དང་ཁྱད་ཆོས་ཚང་མ་འདོར་དགོས་སམ་སྙམ་པའི་ནོར་འཁྲུལ་ཐེབས་ཀྱི་འདུག
འདིའི་དཔེ་མཚོན་གསལ་པོ་ཞིག་ནི། ང་རང་རྔ་བ་བཙོན་ཁང་འདིར་གསར་དུ་འབྱོར་བའི་ཉིན་མོ་ཁྲིན་ཏུ་ལྟ་སྲུང་ཁང་ནས་ང་ཚོ་ལྷན་དུ་བསྐྱལ་ཏེ་སླེབས་པའི་མི་དགུ་ཡོད་པ་ཚང་མ་བོད་པ་ཤ་སྟག་ཡིན། ཉེན་ཟོན་ས་ཐིག་གི་མཚམས་ནས་ལུས་བཤེར་ཚར་རྗེས་གསེར་རྟ་ནས་ཡིན་པའི་ཏཱ་ཙུའུ་ཀྲང་བཙོན་ཁག་རེའི་དོ་དམ་པའི་འོག་གི་ལས་སྒྲིག་གཞི་སོགས་ལ་ལྟ་མཁན་བཙོན་པའི་ནང་ནས་བསྐོས་པ་ཞིགབཙོན་པ་ཞིག་གིས་ལས་བྱེད་ཀྱི་གཞུང་ལས་ཁང་གི་ཕྱི་ལོགས་སུ་གྲལ་བསྟར་བསྒྲིག་ཏུ་བཅུག་ནས་མི་རྩིས་ལེན་སྐབས་ངས་སྣེ་ནས་“གཅིག་&r
སྔ་མའི་འཕྲོ་་་་་་་་་་་་་་་་་་་་་་
ཅེས་བོས་པ་དང་གཞན་པ་ཚོས་ཀྱང་མུ་མཐུད་“གཉིས”་ནས་“དགུ”འི་བར་བརྩི་ཚར་ཡང་སླར་ཡང་རྒྱ་སྐད་ཀྱིས“ཡིའ་” “ཨལ་”ཞེས་སོགས་ཀྱིས་རྩིས་འབོད་བྱེད་དུ་བཅུག་སོང༌། ངོ་མ་བཤད་ན། བོད་མིས་བོད་སྐད་ཀྱིས་རྩིས་འབོད་བྱེད་མི་ཆོག་ཅེས་གང་ལས་ཀྱང་བཤད་མེད་ལ་སྐབས་དེར་མཚོན་ན་ཚང་མ་བོད་པ་ཤ་སྟག་ཡིན་པས་གོ་མ་ཆོད་པ་གང་ཡང་མི་འདུག་མོད། ཁོང་ཚོ་ལ་རང་བཞིན་གྱིས་བག་ཆགས་དེ་འདྲ་ཞིག་ཡོད་པ་ནི་སྒེར་གྱི་ངོས་ནས་མི་རིགས་སྲིད་ཇུས་ཀྱི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་ཞན་པ་དང༌། འགོ་ཁྲིད་མཁན་གྱི་བྱ་སྤྱོད་ཀྱི་སྟེང་ནས་བཞག་པའི་ཤུགས་རྐྱེན་ངན་པ་གཉིས་ཀྱི་ཐུན་མོང་གི་མཇུག་འབྲས་འབའ་ཞིག་རེད། དེའི་ཕྱིར་བཙོན་པ་སུ་ཡིན་ཡང་སྒྲུབ་པར་འོས་པའི་ལས་འགན་སྒྲུབ་དགོས་ལ། དུས་མཚུངས་རང་ལ་ཡོད་པའི་ཁེ་དབང་དང་ཐོབ་ཐང་ཡང་ངོས་ཟིན་ནས་ལོངས་སུ་སྤྱོད་དགོས་པ་ནི་ཤིན་ཏུ་གལ་ཆེ།
དེ་ལྟར་གོང་གསལ་གྱི་གནད་དོན་ཁག་གསུམ་པོ་ཐག་མ་ཆོད་པར་མུ་མཐུད་དུ་གནས་པ་ཡིན་ན་མཇུག་འབྲས་ངན་པ་གང་མང་ཐོན་གྱི་ཡོད་ན་ཡང་གཙོ་ཆེ་བ་གཤམ་གསལ་རྣམ་པ་གཉིས་ཀྱི་ཁོངས་སུ་འདུ།
༼ ༡ འཚོ་བའི་དཀའ་ངལ་ལས་བྱུང་བའི་མཇུག་འབྲས།
གལ་ཏེ་བཙོན་པ་ཚོས་ཕྱི་ལོགས་ནས་མར་དང་རྩམ་པ་སོགས་ལེན་མ་ཐུབ་ན་མང་པོ་ཞིག་ལ་འཚོ་བའི་དཀའ་ངལ་འཕྲད་རྒྱུ་རེད།
གང་ཡིན་ཟེར་ན། བཙོན་ཁག་གསུམ་པ་དང་བདུན་པ་སོགས་ཀྱི་མི་མང་ཤོས་དཀར་མཛེས་རྫོང་ཁག་བཅོ་བརྒྱད་སོགས་ས་ཐག་རིང་ཞིང་ལོ་ཐག་ཀྱང་ཆེས་རིང་ཤོས་རྣམས་ཡིན། ས་ཐག་ལོ་ཐག་གཉིས་ཀ་རིང་བའི་དབང་གིས་ཕ་མ་དང་ཁྱིམ་མི་ཡང་ལོ་རེར་ཐེངས་རེ་ལས་ཐུག་འཕྲད་དུ་སླེབས་མི་ཐུབ་ལ་ཁ་ཤས་ལ་དེ་ཡང་མེད། དེ་བཞིན་ཁོང་ཚོའི་ལམ་བར་གྱི་འགྲོ་སོང་ཁོ་ནར་ཡང་སྒོར་ཆིག་སྟོང་ཡན་འགྲོ་བས་དེ་ནི་རོང་འབྲོག་པའི་དམངས་ཚོགས་དཀྱུས་མ་ཞིག་ལ་མཚོན་ན་ལོ་གཅིག་གི་ཡོང་འབབ་ཀྱི་གཏོང་ཡུལ་གཙོ་བོ་དེ་ཆགས་ཀྱི་ཡོད། དེ་འཕྲོས་བཙོན་པ་ལ་ལག་རྟགས་སུ་ཁུར་རྒྱུ་ངོ་མ་དེ་མར་དང་རྩམ་པ་ད་དུང་ཟོག་ཤ་སྐམ་པོ་ཕྲན་བུ་བཅས་ཡིན་ལ། དེ་ནི་རོང་འབྲོག་པའི་རང་གི་ཐུན་མོང་མ་ཡིན་པའི་ཐོན་སྐྱེད་འཚོ་ཆས་ཀྱང་ཡིན། གལ་ཏེ་ཕན་ཚུན་ངོ་ཐུག་ཀྱང་ཅ་ལག་སྤྲོད་མ་ཐུབ་ན་ཅི་བྱ་མེད་པའི་སེམས་ཁྲལ་དང་དཀའ་ངལ་ཆེན་པོ་ཡོད།
ཡང་ཁ་ཤས་ལ་སྒོར་བརྒྱ་ཚོ་ཁ་ཤས་ཁུར་རྒྱུ་ཡོད་ཀྱང་སྨན་ཁང་དུ་བསྡད་དགོས་བྱུང་མཁན་ཞིག་ཡིན་ན་དེར་མང་ཤོས་འཐེན་འགྲོ་བ་དང༌། དེ་མ་ཡིན་པར་སྒེར་གྱི་ཅ་ལག་ཉོ་བའི་དབང་དུ་བཏང་ནའང་མགྱོགས་ཐུག་དང་ཚྭ་སུར་པན་ལྟ་བུ་ཙག་ཙིག་འགའ་ལས་ཉོ་མི་ཐུབ་ལ་ཉོ་རྒྱུའང་མི་ལོན། དེ་ཚོ་ནི་ཟོས་ཀྱིན་ཟོས་ཀྱིན་ཕོ་ཁར་མི་འཕྲོད་པ་སོགས་ཀྱིས་ཡིད་ལེན་གཏན་ནས་མེད་པ་ཆགས་ཀྱི་ཡོད། གལ་ཏེ་མ་ཟོས་ན་ལུས་ཟུངས་ཞན་དུ་སོང་ནས་གློ་གཅོང་སོགས་ནད་ཀྱིས་འཛིན་པ་དང༌། དེས་ནི་ངལ་རྩོལ་བསྒྱུར་བཀོད་ཀྱི་སྟོབས་ཤུགས་ལ་ཡང་ཐད་ཀར་ཤུགས་རྐྱེན་ངན་པ་ཐེབས་ངེས།
ལར་མི་སུ་ཡིན་ཡང༌། རང་ཉིད་ཆུང་དུས་ནས་ཟོས་ཟོས་པའི་བཟའ་བཏུང་དང་ཁ་བྲལ་དེ་ལོ་གྲངས་བཅུ་ཕྲག་ཁ་ཤས་རིང་འཚོ་བ་རོལ་དགོས་བྱུང་ན་ཟས་གཞན་གྱིས་ལུས་ཟུངས་གསོ་མི་ཐུབ་པའམ་ནུས་པ་ཐོན་སྟོབས་སྔ་མ་ལས་ཞན་དུ་ཡོད་པ་ཚན་རིག་གི་ལམ་ནས་ཤེས་རྟོགས་བྱུང་ཟིན་པ་ཞིག་རེད། ད་དུང་བཙོན་པ་ཚོར་སེམས་གཏིང་གི་གནོན་ཤུགས་ཀྱང་གཞན་ལས་ཆེ་བའི་དམིགས་བསལ་ཅན་ཡིན་པའི་ཆ་ནས་ཀྱང་མཐོང་ཆེན་མ་བྱས་ན་རྩ་བ་ནས་མི་འགྲིག མ་གཞི་རྩམ་པ་ནི་མར་དང་ཡང་མི་འདྲ་བར་གཟུགས་པོར་འཕྲོད་ཆ་ཆེ་ཞིང་རུལ་སྐྱོན་འབྱུང་དཀའ་བའི་ཟས་རིགས་ཤིག་རེད།
༼༢ མི་རིགས་ཀྱི་ཁྱད་ཆོས་དང་སྐད་ཡིག་སོགས་ལ་མཐོང་ཆེན་མ་བྱས་པའི་མཇུག་འབྲས།
གལ་ཏེ་མི་རིགས་རང་སྐྱོང་གི་ས་ཁུལ་མི་གྲངས་བརྒྱ་ཆ་མང་ཤོས་བོད་རིགས་ཡིན་པའི་ས་ཁུལ་དུ། མི་རིགས་ཀྱི་ཁྱད་ཆོས། གོམས་སྲོལ། རིག་གནས་སོགས་ལ་ལག་ལེན་གྱི་སྟེང་ནས་བརྩི་སྲུང་སོགས་ལམ་ལྷོང་མ་བྱུང་བ་ཡིན་ན་དེ་ནི་མར་ལེ་རིང་ལུགས་དང༌། རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས། འགྲོ་བ་མིའི་རང་བཞིན་གྱི་ཐོབ་ཐང༌། འབྲེལ་ཡོད་ཁོར་ཡུག་གི་སྒྲིག་གཞི་སོགས་དང་རྦད་དེ་འགལ་བས་མ་ཚད་གནད་དོན་དེའི་དབང་གིས་མི་རིགས་རིག་གནས་འཕེལ་རྒྱས་ལ་གནོད་པ་དང༌། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྐྱེད་ཚལ་ཡངས་པོའི་ཕྱོགས་གཅིག་ཉམས་སུ་བཅུག་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་མི་རིགས་ཀྱི་འདུ་ཤེས་ཟབ་པའི་གཞོན་སྐྱེས་ཚོར་དོགས་པ་སྐྱེས་ནས་མི་རིགས་མཐུན་སྒྲིལ་ཆེན་པོའི་བྱ་བཞག་ལ་ཡང་གནོད་སྐྱོན་ཐེབས་སྲིད། དེ་ལས་ལྡོག་སྟེ་ཇི་ལྟར་མི་རིགས་རིག་གནས་དང་སྐད་ཡིག་སོགས་ལ་མཐོང་ཆེན་བྱས་ན་དེ་ལྟར་མི་རིགས་མཐུན་སྒྲིལ་མངོན་གྱུར་ཡོང་བ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ངེས་པ་ཞིག་རེད། འོན་ཀྱང༌། མིག་སྔར་བཙོན་ཁང་འདིར་མཚོན་ན་བཙོན་པའི་རིག་རྩལ་རུ་ཁག་གིས་རྒྱ་སྐད་དང་བོད་འདྲེས་མའི་གླུ་བྲོ་ཁ་ཤས་འཁྲབ་ལེན་བྱེད་ཀྱི་ཡོད་པ་ལས་ལུགས་གསར་རྙིང་གི་ལོ་སར་སོགས་དུས་ཆེན་གང་ལ་ཡང་བོད་ཡིག་གིས་ཤིས་ཚིག་འབྲི་བ། ཁ་བཏགས་གཏོང་བ། གཏམ་བཤད། གླུ། འཁྲབ་ཚན་སོགས་བོད་སྐད་དུ་བྱེད་མཁན་ལོ་རེ་བཞིན་ཇེ་ཉུང་ཡིན། དེའི་རྒྱུ་མཚན་ཡང༌། འགོ་ཁྲིད་ཚང་མས་བོད་སྐད་མི་གོ་ལ་གལ་ཏེ་དེ་དག་གི་རྣ་བར་མ་སྙན་པ་ཡིན་ན་རང་ལ་བྱ་དགའ་དང་གཟེངས་རྟགས་ཀྱི་ཐོབ་སྐར་འཕར་སྣོན་འབྱུང་མི་སྲིད་པ་ཤེས་ཀྱི་ཡོད་པས་ཤེས་ན་མ་ཤེས་ན་རྒྱ་སྐད་རྒྱ་ཡིག་གི་ལམ་ནས་ཨེ་ཐོན་ལྟ་གིན་ཡོད། དེ་འདྲའི་རྒྱུ་རྐྱེན་འོག་ནས་ཀྱང་མི་རིགས་སྐད་ཡིག་གི་གྲལ་ཐོབ་ལ་ཉམས་ཉེས་འབྱུང་བཞིན་ཡོད་པ་གསལ་པོ་རེད།
ད་དུང་རྒྱ་སྐད་མི་ཤེས་པ་ཁོ་བོ་ལྟ་བུ་ལ་བོད་སྐད་བཤད་སའི་འགོ་ཁྲིད་
དང༌། སྐད་སྒྱུར་སོགས་མེད་ན་དོན་དག་ཆེ་ཕྲ་གང་ལའང་གནས་ལུགས་ཡོད་མེད་ལ་མ་ལྟོས་པར་ཕམ་ཁ་ཁུར་གྱིན་འདུག་དགོས་པ་ངའི་མི་ལོ་གཉིས་ཀྱི་རིང་གི་བརྗེད་དཀའ་བའི་མྱོང་ཚོར་ཏེ། དེ་ལྟར་དམིགས་བསལ་རང་བཞིན་གྱི་དཀའ་ངལ་མང་པོ་འཕྲད་ཀྱིན་ཡོད། དེའི་ཕྱིར། གོང་རིམ་ནས་ཀྱང་གནད་དོན་འདི་ལ་རྒྱུས་ལོན་བཟང་པོ་བྱེད་པ་དང་ཆབ་གཅིག་རབ་ཡིན་ན་འགོ་ཁྲིད་དག་གིས་ས་གནས་ཀྱི་སྐད་ཡིག་ཤེས་པ་བྱ་རྒྱུ། བོད་རིགས་སོགས་ས་གནས་ལས་བྱེད་ཀྱི་གྲངས་ཚད་མང་དུ་གཏོང་རྒྱུ། དེ་མིན་ཡང་སྐད་སྒྱུར་ཚུན་ཆད་བཙལ་ཏེ་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པར་འགོག་རྐྱེན་དུ་མ་སོང་བ་ཞིག་ངེས་པར་དུ་དགོས་པ་ལས། གལ་ཏེ་ཁྱོད་མི་གཅིག་གིས་བོད་སྐད་མི་གོ་བས་ང་ཚོ་བརྒྱ་ཆ་བརྒྱད་ཅུ་ཡན་ལོངས་པའི་མི་རིགས་ཀྱི་སྐད་ཆ་ནུས་མེད་དུ་གྱུར་ན་དེ་ནི་ཅི་འདྲའི་འདྲ་མཉམ་མ་ཡིན་པ་ཞིག་རེད། ང་ཚོས་རྒྱ་སྐད་མ་ཤེས་པ་བླུན་པོར་བརྩི་ན་ཁྱོད་ཚོ་ས་གནས་མི་རིགས་ཀྱི་འགོ་ཁྲིད་པར་ཡོང་ནས་ས་གནས་མི་རིགས་ཀྱི་སྐད་མི་གོ་ཟེར་ན་དེ་ནི་དེ་བས་ངོ་གནོང་དགོས་པ་ཞིག་དང༌། ད་དུང་དེར་ཅི་མི་སྙམ་པ་ནི་དེ་བས་ཀྱང་ས་གནས་མི་རིགས་ལ་མཐོང་ཆེན་མི་བྱེད་པ་རང་རེད།
ལར་རང་རྒྱལ་རྒྱ་མི་རིགས་མི་གྲངས་མང་བས་རྒྱལ་ཁབ་ཀྱི་སྐད་ཆ་གཙོ་བོ་རྒྱ་ཡིག་ཡིན་པ་ངས་ཀྱང་ཤེས་ཀྱི་ཡོད་ནའང༌། མི་རིགས་རང་སྐྱོང་གི་ས་ཆར་མི་རིགས་ཀྱི་སྐད་ཡིག་གཙོ་བོ་བྱེད་དགོས་པ་ནི་ཁྱེད་དང་ང་ལ་ཁྲིམས་ལུགས་དང་ལོ་རྒྱུས་གང་གི་ངོས་ནས་བསམ་ཀྱང་འདོར་དུ་མེད་པའི་ལས་འགན་ནམ་རྒྱལ་ཁབ་ཀྱིས་ཁྱེད་ལ་སྤྲད་པའི་འོས་འགན་ཉག་གཅིག་ཀྱང་ཡིན་ཏེ།
གསར་བརྗེ་སློབ་དཔོན་ལེ་ཉེན་གྱིས།”སུ་ཞིག་གིས་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་ཡིན་པ་ཁས་མི་ལེན་པ་དེ་དག་ལ་འཐབ་རྩོད་མི་བྱེད་ན་མར་ལེ་རིང་ལུགས་པ་ཞིག་མིན་ལ། ཐ་ན་མི་རིགས་རིང་ལུགས་པ་ཞིག་ཀྱང་མིན།”ཞེས་
དང༌། མའོ་ཙེ་ཏུང་གིས། “གྲངས་ཉུང་མི་རིགསཁོང་ཚོར་བཙན་ཤེད་ཀྱིས་རྒྱ་སྐད་དང་རྒྱ་ཡིག་སློབ་ཏུ་མི་འཇུག་པར་མི་རིགས་རང་གི་སྐད་ཆ་དང་ཡི་གེར་བརྟེན་ནས་རིག་གནས་སློབ་གསོ་གོང་དུ་སྤེལ་བར་བྱེད་པ་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས།”ཞེས་གསུངས་པ་དང༌། དེ་བཞིན་འདི་ག་བཙོན་ཁང་གི་ངོས་ནས་ཀྱང༌། ཕྱི་ལོ་༢༠༠༣ཟླ༣ཚེས༡༦ཉིན་ནས་འཚོགས་པའི་རྔ་བ་བཙོན་ཁང་གི་འཐུས་མི་ཚོགས་ཆེན་ཐོག་གི་གཏན་འབེབ། “ཆཱང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་ཡ་རབས་བཙོན་ཁང་འཛུགས་སྐྲུན་བྱ་རྒྱུ་”ཞེས་པའི་འབོད་ཚིག་གསར་ངོགས་ཚགས་པར་སོགས་ལས་ཡོངས་ཁྱབ་དྲིལ་བསྒྲགས་བྱས་ཟིན་པ་བཅས་ཡིན་པས་གནད་དོན་འདིར་
ཅིས་ཀྱང་བསམ་གཞིག་ནན་ཏན་ཏུ་བྱ་འོས་པ་ཞིག་རེད་སྙམ།
མཇུག་ཏུ། ངས་གང་བཤད་པ་འདི་གོ་རིམ་དང་ལྡན་པ་ཞིག་དང༌། ཟློས་སྐྱོན་མེད་པ་ཞིག་བྱུང་མིན་ལ་མ་ལྟོས་པར་དངོས་ཡོད་ཀྱི་གནས་ཚུལ་ཁོ་ན་ཁྲིམས་མཐུན་གྱི་ཆ་རྐྱེན་འོག་བྲིས་པ་ཡིན་པས་གུས་པར་འོས་པའི་བཙོན་ཁང་གི་དབུ་ཁྲིད་ཝང་ཅན་ཡོ་ཀྲང་གི་དབུས་འབྲེལ་ཡོད་རིམ་པ་དག་གི་ངོས་ནས་ཐུགས་བསམ་གང་ལེགས་བཞེས་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།
ངས་འདི་ལྟར་བྲིས་པ་ནི། བཙོན་ཁང་འདིར་མུ་མཐུད་འཚོ་བ་སྐྱེལ་རྒྱུར་སྡོད་པའི་བརྩེ་བའི་བཙོན་གྲོགས་ཚོའི་གནས་སྟངས་ལ་ཕན་འདོད་གཙོ་བོ་ཡིན་ན་ཡང༌། གང་ན་ཁྲིམས་ཀྱིས་སྐྱོང་ཞིང་ཁྲིམས་ལ་བསྟེན་པ་དེ་ཁོ་ན་རྒྱལ་ཁབ་དང་མི་རིགས་ཡོངས་ཀྱི་གཟི་བརྗིད་ཡིན་པས་ཕྱོགས་གཞན་ཞིག་ནས་ཁྱེད་ཅག་དབུ་ཁྲིད་དག་གི་ལས་དོན་གྱི་ཆེད་དུ་ཕུལ་པའི་ལེགས་སྐྱེས་ཤིག་ཏུའང་འགྱུར་སྲིད།
ཕྱི་ལོ་༢༠༠༥ཟླ༧ཚེས༢༠ལ། བོད་ཤར་ཕྱོགས་ཨ་མདོ་དང་ཉེ་བ། ཆཱང་རིགས་ཀྱི་སའི་ལྟེ་བ། རྨོང་ཤན་གྱི་རི་བོ་རྩེ་དགུའི་འདབས་རོལ་གྱི་བཙོན་ཁང་དུ་བྲིས། །
ཞོགས་དུང་གཅིག་པུ་ལས་གླེང་རྒྱུ་མེད་སོང་བ་རེད་དམ་ཟེར་བ་དེས་རང་ཉིད་རྨོངས་པའི་ངན་རླང་གིས་བསྒྲིབས་ཡོད་པའི་དོན་ཉིད་བསྟན་ཁོ་ནར་ཟད།
ཞོགས་དུང་གི་རྩོམ་བདེན་ཀློག་མྱོང་མཁན་བསམ་བློ་ཅན་གྱི་མི་ཞིག་ཡིན་ན་དོན་དམ་པའི་སེམས་ཁམས་མྱོང་མ་མྱོང་མཁན་སུ་ཞིག་ཡོད།
དེས་ན་ཞོགས་དུང་ནི་རིག་པའི་དཔའ་བོ་རེད་ལ་བདེན་པ་སྨྲ་བའི་ཕོ་རྒོད་ཡང་རེད།
ང་ཚོས་ཁོང་གི་ཆེད་དུ་ལས་འགུ་གང་ཞིག་སྤེལ་རྒྱུ་ཡོད་ན་སྤེལ་དགོས་ངེས་རེད།
ཀློག་མཁན་ཚོས་ང་ཚོའི་རྩོམ་རིགས་ལ་དཔྱད་ཞིབ་དང་མཆན་འབྲི་བ། ཐ་ན་དགག་ལན་ཡང་གནང་རྒྱུ་ལ་ང་ཚོས་དགའ་བསུ་ཞུ་བ་ཡིན། ཡིན་ན་ཡང་།
དོན་མེད་ྐླན་ཀ་འཚོལ་བའི་རིགས་ལ་ཁ་བརྡས་དགའ་བསུ་མི་ཞུ། དོན་མེད་ྐླན་ཀ་འཚོལ་བའི་རིགས་ཀྱི་མཆན་མང་དུ་བཏབས་ན། མཆན་དེའི་རིགས་དང་མཆན་བུ་འདེབས་མཁན་གཉིས་ཀ་གཏན་འགོག་བྱེད་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཐོག་མར། རིགས་ཞེན་གྱི་སྤོབས་པའི་གདེང་མཐོ་ཞིང། གནད་དོན་ལ་དཔྱོད་པའི་བློ་མིག་གཞན་ལས་ཡངས་པ། བོད་མི་རིགས་ཀྱི་བསམ་བློ་གསར་པའི་རུ་འདྲེན་དེད་དཔོན་སྐུ་ཞབས་ཞོགས་དུང་མཆོག་དང་ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད།
བོད་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཞིབ་ཚགས་པོས་བསམ་བློ་གཏོང་མྱོང་མཁན་དང་རྒྱུས་ལོན་ཅུང་ཟད་ཡོད་མཁན་ཞིག་ཡིན་ན། སྐུ་ཞབས་ཞོགས་དུང་གིས་མཚོན་པའི་བོད་ནང་གི་བསམ་བློ་པ་དང་སྙིང་སྟོབས་ཅན་གྱི་ཤེས་ཡོན་ཅན་དག་ལ་དོན་མེད་བསྙོན་འཛུགས་དང་ཁ་གཏོང་བྱེད་མི་སྲིད་པ་ཞིག་རེད།
ཞོགས་དུང་གཙོས་བོད་ནང་གི་ཤེས་ཡོན་པ་དེ་ཚོས་གླེང་བཞིན་པའི་གནད་དོན་ངོ་མ་གང་རེད་ཟེར་ན། རང་མི་རིགས་ཀྱི་མིག་སྔའི་དོན་དངོས་དང་དེ་ལས་ཅི་ལྟར་སྒྲོལ་ཐབས་སྐོར་རེད། ལོ་རྒྱུས་དང་དངོས་ཡོད་ཐོག་ནས་བཤད་ན་བོད་ཀྱི་གནད་དོན་ནི་ཆབ་སྲིད་ཐད་གཞན་འོག་དང་། དཔལ་འབྱོར་ཐད་རྗེས་ལུས། རིག་གནས་དང་འདུ་ཤེས་འཛིན་སྟངས་ཐད་བྲན་གཤིས་དང་གདོད་མའི་རྣམ་པས་ཁེངས་བསྡད་པ་དེ་རེད། བོད་སྤྱི་ཚོགས་ཀྱི་རྗེས་ལུས་རྣམ་པ་དང་མིག་སྔའི་ཉེན་ཁ་ལས་ཐར་དགོས་ན་ངེས་པར་དུ་ཚན་རིག་དང་མཐུན་པའི་འདུ་ཤེས་འཛིན་སྟངས་ཤིག་དང་། ཚན་རིག་རིག་གནས་ཀྱི་སྔོན་ཐོན་ཉིང་བཅུད་ང་ཚོའི་རིག་གནས་ཀྱི་གཤིན་སར་འདྲེན་དགོས་པ་དང་། དེའི་ཆེད་དུ་འདུ་ཤེས་རྙིང་པའི་རིགས་དོང་སྤྲུགས་བྱེད་དགོས་ཞེས་བཤད་ཀྱི་ཡོད།
རྒྱབ་སྐྱོར་ཡོད།
འདི་ལྟར་གོང་ནས་མཁས་པ་མང་པོ་ཞིག་ནས་ཞོགས་དུང་གིས་བོད་ལ་ཕན་རབས་དང། ཡང་མང་པོ་ཞིག་གིས་ནང་ཆོས་ལ་དགག་པ་རྒྱབ་ཏེ་དོན་གྱིས་བོད་ལ་གནོད་རབས་ཀྱི་གསུང་མང་པོ་ཞིག་མིག་ལམ་དུ་བསྟར་བ་འདིས་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་རང་བཞིན་གྱིས་མྱང་ཡོང་གི་འདུག གང་ཡིན་ཟེར་ན་ཁོང་གིས་ཕན་གནོད་གང་ལྟར་ཡང་བོད་མི་རིགས་ལ་བཅིངས་པའི་བརྩེ་བ་དེ་མིག་མཐོང་ལག་ཟིན་ལྟ་བུ་རེད། བོད་མི་རིགས་ཀྱི་བདེ་སྡུག་ལ་བསམ་བློ་མང་པོ་བཏང་གི་ཡོད་པ་དངོས་ཡོད་གནས་ཚུལ་རེད། སྐབས་འདིར་ནང་ཆོས་ལ་དགག་གི་ཡོད་མེད་དེ་གཙོ་བོ་མ་རེད། གལ་སྲིད་ནང་ཆོས་དགག་པ་གཙོ་བོར་བརྩི་མཁན་ཞིག་ཡིན་ནའང་འདིར་རྩོམ་ཐ་ངུ་ཐུང་ངེ་རེ་བྲིས་ནས་དེ་ལ་ཕན་ཐོག་ཡོད་མ་རེད། དེ་ལས་སོ་སོའི་རྒྱུད་ཀྱི་ནང་ཆོས་ཀྱི་གོ་རྟོགས་ཕྲན་བུ་རེ་ཡོད་པ་དེ་གཞན་ལ་བསླབ་ཅི་ཐུབ་བྱེད་རྒྱུ་དང། རང་གིས་སྲུང་ཅི་ཐུབ་བྱ་རྒྱུ་དེ་གལ་ཆེན་པོར་མཐོང་སོང། ཁོང་ཉིད་རྒྱ་གཞུང་གིས་ཁྲིམས་ཁང་དུ་བཅུག་པ་མཐོང་བཞིན་དུ་ད་དུང་དེའི་སྟེང་ལ་ནང་ཆོས་དགག་མཁན་གྱི་ནག་ཉེས་ཅན་ཞིག་ཡིན་པར་བརྗོད་པ་དེས་དོན་གྱིས་རྒྱ་གཞུང་ལ་རོགས་རམ་བྱེད་པ་དང་གཉིས་སུ་མ་མཆིས་ཤིང་། དེ་བས་ཁོང་ཁྲིམས་ཁང་ནས་གློད་གྲོལ་ཡོང་ཐབས་ལ་འབད་གང་ཐུབ་བྱེད་རྒྱུ་ནི་གོང་ཞུས་ནུས་ཅན་དག་ལ་འབོད་སྐུལ་ཞུ་བཞིན་ཡོད།
ཞོགས་དུང་ནི་ང་ཚོ་བོད་མིའི་དབུ་ཁྲིད་རེད་ལ། ཞོགས་དུང་ནི་ང་ཚོའི་གཅོང་བརྡ་ཞིག་ཀྱང་རེད། ཁོང་གི་སྲོག་རྩ་ནི་བོད་རེད་ལ། ཁོང་གི་ཁྲག་དང་། རུས་པ། རྒྱུས་པ་ཐམས་ཅད་ཀྱང་བོད་མའི་བདེ་སྐྱིད་དང་། རང་དབང་། ཐོབ་ཐང་། འཕེལ་རྒྱས་བཅས་རེད། དེས་ན་ད་ལན་ཁོང་རྒྱ་དམར་གྱིས་བཙོན་དུ་བཅུག་པ་དེ་ལ་ང་ཚོས་ཕྱོགས་ནས་འབད་འབུས་བྱེད་དགོས་པ་ལས། རང་འགར་བཞག་མི་རུང་། བོད་མི་སྐྱིད་སྡུག་མཉམ་མྱོང་ལ་ཐུགས་ཁུར་བཞེས་དགོས་
ཞོགས་དུང་ནི་བོད་མ་འོངས་པའི་དབུ་མཛད་རེད་ལ། བོད་ཀྱི་ད་ལྟ་བའི་གཅོང་བརྡ་ཞིག་ཀྱང་རེད། ཁོང་གི་ཡོད་ཚད་བོད་ཀྱི་ཆེད་ཕུལ་ཟིན་པ་འདི་ལ་ང་ཚོས་སྙིང་ནས་ཐུགས་རྗེ་ཆེ་ཞུས་འོས་ཞིག་ཏུ་མཐོང་། ད་ལྟའི་ཆར་ང་ཚོས་ནང་ཆོས་བྱེད་དགོས་མིན་རྩོད་བསྡད་པ་ལས། ནང་ཆོས་ཀྱི་ཕྱོགས་སུ་གཏོགས་པ་ལ་གཤའ་བཅོས་མཐིལ་ཕྱིན་གཏོང་དགོས་ཆེ་སྙམས། བོད་མི་སྐྱིད་སྡུག་མཉམ་མྱོང་ལ་དགོངས་བཞེས་གནང་ནས་ཞོགས་དུང་བཙོན་ལས་གྲོལ་ཐབས་ལ་བོད་གཞིས་བྱེས་གཉིས་ནས་སེམས་ཁུར་དང་ལས་འགུལ་སྤེལ་རོགས་ཞུ
ཚེ་རིང་སྐྱིད་ལགས། ཞོགས་དུང་སྔོན་ཆད་ཆོས་ལུགས་ལ་དད་མཁན་ཞིག་ཡིན་པ་དང་། ད་ལྟ་ཆོས་ལུགས་ཀྱི་ལྟ་བ་ལ་རྒོལ་མཁན་ཞིག་ཡིན་པས་ལྟ་ལོག་རེད་ཅེས་བཤད་ཆོག་ལ། ཆོས་ལུགས་ཀྱི་ལྟ་བ་ལས་ལོག་པའམ་ལྡོག་ཕྱོགས་ཀྱི་ལྟ་བ་ཡང་དག་པར་སྨྲ་མཁན་ཞིག་ཡིན་པས་ཀྱང་དེ་ལྟར་བཤད་ཆོག ཁོང་ལ་ཆོས་ལུགས་མེད་པའང་མིན་དེ་ཚན་རིག་འདིའང་ཆོས་ལུགས་ཤིག་ཡིན་པ་བཞིན་ཁོ་རང་གི་ལྟ་བ་སྐྱོང་བའི་ཐབས་ལམ་འདི་ཁོའི་ཆོས་ལུགས་རེད། དེ་ལྟར་ཡིན་བཞིན་དུ་ཞོགས་དུང་གི་སྐད་ཀྱིས་བཤད་ན་དུང་ཞེན་ཁོ་ནས་མ་རེད་ཅེས་བཤད་དགོས་དོན་ཅི་ཡོད། དེ་ལྟར་བཤད་ན་ཁོང་མི་རིགས་ཀྱི་དཔའ་བོ་ཞིག་དང་ཞེན་ཁོག་ཅན་ཞིག་མིན་འགྲོ་བ་མ་རེད།
རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།
བསམ་ཚུལ་ཡག་པོ་བྲིས་འདུག
ང་ཡང་དེར་རྒྱབ་སྐྱོར་ཡོད།
ཡ་གྲོགས་པོ་ཚོས་གླེང་སོང་། མང་པོ་གླེང་སོང་། སྔ་མོ་དགེ་འདུན་ཆོས་འཕེལ། པཎ་ཆེན་པོ་ཆེ། དོན་འགྲུབ་རྒྱལ་སོགས་བཞུགས་དུས་ཁ་བརྡ་འདི་ཡོད་ན་ད་ལྟ་ང་ཚོས་གླེང་བ་བཞིན་དེ་དུས་གླེང་ཡོད་ངེས་རེད། དགའ་ན་ལྷ་རེད། མ་དགའ་ན་འདྲེ་རེད། འདི་ང་ཚོའི་གཤིས་ཀ་རེད། འདི་ངའི་མཐོང་ཚོད་རེད།
གང་ལྟར་ད་ལྟ་ཁོང་གཤིན་རྗེའི་གཙོན་རར་ཡོད་པས་གནས་སྐབས་རིང་གདུང་སེམས་མཉམ་བསྐྱེད་གནང་རོགས།
ཞོགས་དུང་གི་བསམ་བློ་དང་ལྟ་བ་སོགས་གླེང་དུས་མི་འགའ་ཞིག་གིས་གང་ཞིག་གླེང་གིན་ཡོད་པ་དེར་དོ་སྣང་དང་བགྲོ་གླེང་གང་ཡང་མི་བྱེད་པར་གླེང་པ་པོར་སྡིག་དམོད་བྱེད་པ་འདི་ཞོགས་དུང་ལ་རྒྱབ་སྐྱོར་བྱས་པའི་ཁུལ་རེད་མོད། ཞོགས་དུང་གིས་ཐོས་ན་སེམས་སྐྱོ་ངེས་རེད། གནད་དོན་གཞན་གྱི་ཐོག་ཏུའང་དེ་ལྟར་རེད། སྐབས་འགར་གནད་དོན་གླེང་གིན་གླེང་གིན་ཁྱོད་ཀྱི་ཁ་དང་ངའི་སྣར་ཐུག་འགྲོ་བ་དང་། དེ་ནས་ཁྱོད་དང་ངའི་སྐྱོན་ཁོ་ན་གླེང་བ་ལས་སྐབས་བབས་ཀྱི་བརྗོད་བྱ་རྩ་བ་ནས་བརླག་འགྲོ་བ་ཤིན་ཏུ་མང་། སྐྱོན་གནད་འདིར་དྲ་བདག་དང་དྲ་གྲོགས་ཚང་མས་ཐུགས་གཟབ་གནང་རོགས་ཞུ།
༄༅༎ང་ནི་མཁས་དབང་ཞོགས་དུང་གི་རྒྱབ་ལངས་བྱེད་པའི་མི་རིགས་ཀྱི་ལ་ཞེན་ཅན་ཞིག་ཡིན། ཁ་བརྡ་ཞེས་པའི་དྲ་རྒྱ་འདི་ངའི་གྲོགས་མོ་ཞིག་གིས་ང་ལ་ངོ་སྤྲོད་བྱས་པ་བཞིན་དེ་རིང་དྲ་རྒྱ་འདིའི་ཁྲོད་འཁྱམས་འཁྱམས་ལ་ཡོང་བའི་གོ་སྐབས་ཤིག་བྱུང་བ་དང་ལྷན་དུ་མཁས་དབང་ཞོགས་དུང་སྐོར་ལ་དྲི་བ་འགའ་ཞུ་བར་འདོད།
དྲ་རྒྱ་འདིའི་ཁྲོད་ཀྱི་མཁས་དབང་ཞོགས་དུང་སྐོར་ལ་གླེང་མོར་བྱེད་མཁན་མང་ཆེ་བར།
ལུང་ལས། དམ་བཅའ་བར་ལ་ནམ་ལངས་གོང་ནས་དགག་སྒྲུབ་ཀྱི་ཉི་མ་ཤར། གསུངས་པ་བཞིན་བྱུང་འདུག་པས་བློ་ཕམ་བྱུང་།
1་ ཞོགས་དུང་གི་ནང་ཆོས་ལ་སྐྱོན་བརྗོད་ཇི་ལྟར་བྱས་འདུག
2་ ཁོང་གིས་བྲིས་པའི་དེབ་གང་གི་ནང་ལ་འདུག
3་ ག་སྲིད་ཁྱོད་ཀྱིས། ཞོགས་དུང་གིས་ཆོས་ལུགས་ལ་རྨོང་དད་བྱེད་མཁན་ལ་སྐྱོན་བརྗོད་བྱས་འདུག་ཟེར་ན།
རྗེ་ཙོང་ཁ་པ་ཆེན་པོས་སྐྱེས་བུ་རབ་འབྲིང་མཐའ་གསུམ་གསུངས་པར་ཁྱོད་ཀྱིས་ཅི་ཟེར།
4་ ཞོགས་དུང་གིས་བདེན་པ་བཞི་དང་ས་ལམ་གྱི་རིམ་པ། གཞི་ལམ་འབྲས་བུ་གསུམ་གང་ལ་སྐྱོན་བརྗོད་བྱས་འདུག
5་ དེང་སིང་གི་བླ་རྫིན་དང་དཔལ་འབྱོར་ཆེད་ནང་ཆོས་ལ་ཉམས་ལེན་མེད་ཁར་ཉམས་རྟོགས་ཡོད་ཁུལ་གྱིས་ལོག་ཆོས་བཤད་མཁན་ཚོར་སྐྱོན་བརྗོད་བྱས་འདུག་ཟེར་རྒྱུ་ཡིན་ན།
ཨ་མང་མང་ ཞོགས་དུང་སྐོར་ལ་་འདི་འདྲ་མང་པོ་གསུངས་འདུག་། ང་ནི་ཞོགས་དུང་གི་དེབ་ཀློག་མ་མྱོང་བའི་ཅི་་གང་མི་ཤེས་ འོན་ཀྱང་ཁོང་ལ་བོད་མི་མང་གི་ལ་རྒྱ་ཡོད་པ་སོང་ཙང་རྒྱ་དམར་གྱིས་བཟུང་པ་རེད་། དེ་གསལ་པོ་རེད་།
ཁོང་ལ་གདུངས་སེམས་མཉམ་སྐྱེད་ཡོད་།
བརྩོན་ཁང་ནང་མནར་བཞིན་པའི་བོད་མི་ཁོང་ལ་བསམ་ཚུལ་མ་རུང་པ་ཤོད་ཐུབ་པ་འདུག་པས། ཐུགས་རྗེ་གཟིགས།
ནང་ཁུལ་ལ་ཞེ་སྡང་འདི་ལྟར་ཆེ་དྲགས་པ་དང་བསམ་ཤེས་མེད་སྟབས་ན་བོད་མི་རིགས་ཀྱི་མགོ་ལ་རྫོགས་རྒྱུ་མེད་པའི་མནར་གཅོད་འདི་ཡོང་བ་རེད། ད་དུང་མི་ཞིག་བོད་མི་རིགས་ཀྱི་ཆེད་ལྕགས་སྒྲོག་བརྒྱབ་ནས་བཙོན་ཁང་དུ་ཁྲིད་སོང་ན། ད་དུང་གང་ནག་ནག་བྱེད་པ་བློས་བཟོད་དམ། མི་རིགས་ཀྱི་ལ་རྒྱ་དང་ཤ་ཚ་ཡོད་ན་དེ་ཨང་དང་པོ་རེད། བོད་ཀྱི་རིགས་གཞུང་དང་ཆོས་ནི་ཨང་གཉིས་པ་རེད། མི་རིགས་ལ་ཤ་ཚ་དང་ལ་རྒྱ་ཡོད་ན་ཆོས་ལུགས་ལ་མ་དད་ན་སྐྱོན་མེད། ཆོས་དད་ཆེ་ཡང་བོད་མི་རིགས་ལ་ཤ་ཚ་དང་ལ་རྒྱ་མེད་པའམ་ཡང་ན མི་རིགས་ལ་ཤ་ཞེན་ལས་ཆོས་དད་ཆེ་བ་ཡོད་ན་ནོར་འཁྲུལ་ཚབས་ཆེན་རེད།
དེང་སང་སྟག་སྨྱོ་མིན་འདུག སྐད་ཆ་ཡག་པོ་བཤད་གིན་འདུག་གོ