རྣམ་ཤེས་གསར་བའི་གླེང་མོལ་ལས་སྐོར་དང་པོ།
བདེ་ཆེན་སྒྲོལ་མ།
དྲི་བ། ཐོག་མ་དེར་ན་ནིང་དོ་ཚིགས་ལ་ཞོགས་དུང་སོགས་ཀྱིས་བོད་ཀྱི་ཤེས་ཡོན་ཅན་གྱི་སྡེ་ཙམ་མ་ཡིན་པར་བོད་སྤྱི་ཚོགས་ཡོངས་ལ་གྲགས་འགུལ་མི་ཆུང་བ་ཞིག་བཟོས་སོང་། ཁྱོད་ཀྱིས་བསམ་ན་དེ་ཡག་རྟགས་རེད་དམ། ཡང་ན། ངན་རྟགས་རེད་དམ།
ལན། རེད། རེད། སྐུ་ཞབས་ཞོགས་དུང་སོགས་ཀྱིས་དངོས་གནས་བོད་སྤྱི་ཚོགས་ཡོངས་ལ་གྲགས་འགུལ་མི་ཆུང་བ་སྔ་ན་མེད་པ་བཟོས་སོང་། བོད་ཡུལ་གཉིད་རྨོངས་ཀྱི་ཞིང་ཁམས་ནས་དུས་དང་མཐུན་པའི་ཤེས་རབ་ཀྱི་ཞོགས་པའི་དུང་བརྡ་ཐེངས་གཅིག་བརྒྱབ་པ་རེད། དུས་རབས་ཀྱི་མི་བུ་མང་པོ་ཞིག་མི་ལོ་མང་པོའི་རིང་གི་གཉིད་ལས་སད་ཡོད་ནི་རེད་ལ། མི་ལོ་རིང་མོ་ཞིག་གི་རྨོངས་བ་ནས་དྭངས་ཡོད་ནི་རེད། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཀྱང་ངོས་ཟིན་ཡོད་ནི་རེད། འདི་ལྟར་བསམ་བློ་བཏང་ན། འདི་ཡག་རྟགས་ཤིག་མིན་ས་མི་འགྲོ་ག། ཕྱོགས་གཞན་ནས་བཤད་ན་ཡང་། འདི་ཞོགས་དུང་ཁོང་ཚོ་སྒེར་གྱི་དོན་དག་མ་རེད། རང་སྲོག་འབེན་ལ་བཙུགས་ནས་ལྷ་འདྲེ་འཚང་ཁ་འཚུབ་པའི་བར་གསེང་ནས་མི་ཆོས་ཀྱི་བསམ་བློ་དཔྱོད་ཤེས་ཀྱིས་རྒྱང་འབོད་བྱས་ནི་རེད། རང་དོན་རྒྱབ་ལ་བསྐྱུར་ནས་མི་རིགས་ཤིག་དང་རིག་གནས་ཤིག་གི་གནད་དོན་གླེང་ནི་རེད། དེ་བས། ངས་མགྲིན་པ་གཟེངས་སུ་བཏེགས་ནས་འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་རང་བཞིན་གྱི་སད་རྟོགས་ཐེངས་གཅིག་རེད་ཟེར་གྱིན་ཡོད་ལ། ཞོགས་དུང་ལ་སོགས་པ་ནི་བོད་མི་རིགས་ཀྱིས་ནམ་ཡང་བརྗེད་མི་རུང་བའི་དུས་རབས་ཀྱི་རིག་པའི་དཔའ་བོ་ཁྱུ་གཅིག་རེད་བསམ་གི་ཡོད།
དྲི་བ། ཞོགས་དུང་གིས་གཙོ་བྱས་པའི་བདག་དཔེ་ཚོགས་ཀྱིས་གླེང་བཞིན་པའི་མི་ཆོས་རིག་གནས་ཟེར་བ་དེ་ཁྱོད་ཀྱིས་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།
ལན། ཐད་ཀར་དུ་བཤད་ན། མི་ཆོས་རིག་གནས་ཟེར་བ་ནི་འཇིག་རྟེན་རིག་གནས་ཟེར་བ་དང་དོན་གཅིག་རེད། གཙོ་བོ་འཇིག་རྟེན་འདི་ཡར་རྒྱས་དང་མིའི་དོན་དག་སྒྲུབ་ཐབས་ཀྱི་བསམ་བློའི་སྙིང་སྟོབས་ཤིག་ལ་གོ་ན་འགྲིག་གི་འདོད། སྐུ་ཞབས་ཞོགས་དུང་ཡིན་ན་ཡང་། མི་ཆོས་རིག་གནས་ཟེར་ན་འགྲོ་བ་མི་གཙོ་བོ་ཡིན་པའི་རིག་གནས་ལ་གསུངས་ཡོད་གི།
དྲི་བ། ཁྱོད་ཀྱིས་ལྷ་ཆོས་རིག་གནས་ཟེར་བ་དང་མི་ཆོས་རིག་གནས་ཟེར་བ་གཉིས་ཀྱི་དབྱེ་མཚམས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།
ལན། ང་རང་གི་ངོས་ནས་འདི་གཉིས་ཀྱི་དབྱེ་མཚམས་ནི། འཇིག་རྟེན་འདི་དང་མིའི་དོན་དག་སྒྲུབ་དང་དོར་ཟེར་བ་འདིའི་སྟེང་ནས་ངོས་འཛིན་གྱིན་ཡོད། དེ་ཡང་ལྷ་ཆོས་རིག་གནས་ཟེར་ན་ཐར་བ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ། ལྷ་གསོལ་བ་དང་འདྲེ་འདུལ་བ་གཙོ་བོར་སྟོན་པ། མདོར་ན་འཇིག་རྟེན་འདི་དང་མིའི་དོན་དག་དོར་བྱར་འཛིན་པའི་རིག་གནས་སྙིང་སྟོབས་ཤིག་དང་། མི་ཆོས་རིག་གནས་ཟེར་ན་གོང་གི་འདི་ལས་ལྡོག་ཏེ། ཐར་བ་དང་ཐམས་ཅད་མཁྱེན་པ་དོན་དུ་མི་གཉེར་བ། ལྷ་གསོལ་བ་དང་འདྲེ་འདུལ་བ་གཙོ་བོར་མི་སྟོན་པ། མདོར་ན་འཇིག་རྟེན་འདི་དང་མིའི་དོན་དག་སྒྲུབ་བྱར་འཛིན་པའི་རིག་གནས་སྙིང་སྟོབས་ཤིག་ལ་བསམ་གི་ཡོད།
དྲི་བ། དེང་སང་གཞོན་སྐྱེས་མང་པོ་ཞིག་གིས་བོད་ཀྱི་གཙོ་རྒྱུགས་རིག་གནས་ནི་ལྷ་ཆོས་རིག་གནས་རེད། ལྷ་ཆོས་རིག་གནས་ཟེར་བ་འཇིག་རྟེན་དོར་བའི་རིག་གནས་ཡིན་པས། འཇིག་རྟེན་གྱི་ཕྱོགས་ནས་བོད་ལ་ཡར་རྒྱས་དང་རེ་བ་མེད་པ་ཁག་མེད་ག་ཟེར་བར་ཁྱོད་རང་ལ་བསམ་ཚུལ་གང་ཡོད་དམ།
ལན། ང་རང་གིས་བསམ་ན། བོད་ཀྱི་གཙོ་རྒྱུགས་རིག་གནས་ལྷ་ཆོས་རིག་གནས་རེད་ཟེར་བ་དང་ལྷ་ཆོས་རིག་གནས་འཇིག་རྟེན་དོར་བའི་རིག་གནས་རེད་ཟེར་བ་འདི་བདེན་པ་རེད་བསམ་གི། རིག་གནས་ཀྱི་ཆ་ནས་བཤད་པ་ཡིན་ན། བོད་ལ་ཆོས་ལུགས་རིག་གནས་མ་གཏོགས་གཞན་ཅི་ཞིག་ཡོད་ཀྱིས། ཡོད་ནི་མ་རེད། སྨན་དང་རྩིས། སྒྲ་རིག་པ་ལ་སོགས་འདི་རིགས་ཡོད་ན་ཡོད་གོ་མི་ཆོད་པའི་ཚོད་དུ་སླེབས་ཡོད་པ་རེད། དུས་རབས་དང་མི་མཐུན་པའི་རིག་གནས་རྙིང་པ་ཞེ་གཅིག་རེད། མིའི་རིགས་ཀྱི་བསམ་བློ་ཡར་བསྐྱེད་ཀྱི་ཆ་གཏན་ནས་ཡོད་ནི་མ་རེད། བརྗོད་བྱ་འདི་ཙམ་སྦྱང་བསྡད་པས་ང་ཚོ་དེ་རིང་གི་གནས་སྟངས་འདི་ལ་ལྷུང་བ་ཡིན་རྒྱུ་རེད་དྲན་གི། དུས་རབས་དང་བསྡུར་ན་བོད་མི་མང་ཆེ་བའི་ཀླད་པ་ལྗང་ཁུ་ཡིན་པ་ཡང་རིག་གནས་རྙིང་པ་འདི་ཚོ་ལ་ཐུག་པ་རེད།
དེ་ནས་ལྷ་ཆོས་རིག་གནས་འཇིག་རྟེན་དོར་བའི་རིག་གནས་ཡིན་པའི་རྒྱུ་མཚན་གོང་གི་དྲིས་ལན་ནང་བཤད་ཚར་བ་ཡིན། ད་འཇིག་རྟེན་གྱི་ཕྱོགས་ནས་བོད་ལ་ཡར་རྒྱས་དང་རེ་བ་མེད་པ་ཁག་མེད་ག་ཟེར་བ་འདིའི་སྐོར་ལ། བོད་ནང་གི་སྔུན་བསྐྱོད་བསམ་བློ་བ་ཆེན་མོ་རྒན་བྱང་སྐར་ལགས་ཀྱིས། བོད་རྗེས་ལུས་ཐེབས་པ། གནད་ཀ་མི་མ་འགྲིག་པས་རེད། མི་མ་འགྲིག་པ་ནི་རིག་གནས་མ་འགྲིག་པས་རེད་ཅེས་སྡོམ་ཚིག་བཞག་ཡོད་གི། གཞན་ཡང་མཁས་དབང་དོར་ཞི་ཚང་གིས་ཀྱང་། འཇིག་རྟེན་སྒྲུབ་པའི་རིག་གནས་ཤེས་བྱའི་ཕྱོགས་ནས་གངས་ཅན་པ་རྣམས་ཆེས་ཞན་ཞིང་བླུན་པས། མི་རིགས་རང་ལ་གྱོང་གུད་མི་རབས་ནས་མི་ཐོག་ཏུ་མྱོང་བ་དཔྱོད་ལྡན་རྣམས་ཤེས་གསལ་ལྟར་ཡིན་ཞེས་གསུངས་པ་དག་ལ་གཞིགས་ན་གོ་བ་རྙེད་ཐུབ་ནི་རེད་བསམ་གི།
དྲི་བ། ཞོགས་དུང་སོགས་ཀྱིས་མི་ཆོས་ཀྱི་ཕྱོགས་ནས་འཇིག་རྟེན་དང་མི་དོན་གླེང་ཡོང་དུས་ཆོས་པ་མང་པོ་ཞིག་གིས་དེ་ལ་དགག་པ་དང་མ་དགའ་བའི་རྣམ་འགྱུར་སྟོན་བཞིན་པར་ཁྱོད་རང་ལ་ལྟ་ཚུལ་གང་ཡོད་དམ།
ལན། རེད། སྐད་ཆ་འདི་བདེན་པ་རེད། ན་ནིང་དོ་ཚིགས་སྐུ་ཞབས་ཞོགས་དུང་དང་ཉི་གཞོན་སོགས་ན་གཞོན་རྟོགས་སད་པ་སྐོར་ཞིག་གིས་བོད་ཡུལ་ལྷ་འདྲེ་ཀླུ་གདོན་གྱི་ལུང་བ་ནས། མིའི་སྐད་སྒྲ་བསྒྲགས། མི་དོན་གླེང་བའི་རྩོམ་ཡིག་སྤེལ། མི་ལ་མི་ཡི་རིན་ཐང་དང་གོ་རྟོགས་ཡོད་པར་བཤད་པའི་དཔེ་དེབ་ཁག་ཅིག་བཏོན་ཡོང་དུས། ལྷ་གསོལ་འདྲེ་མཆོད་ལ་གོམས་པའི་བྲན་བསྒྱུར་རིག་གནས་པ་ཁག་གཅིག་གིས་དོན་མ་གོ་བར་སྐུ་ཞབས་ཞོགས་དུང་སོགས་དུས་རབས་ཀྱི་མི་བུ་དག་ལ་ལོ་རྒྱུས་ཀྱི་ཞྭ་མོ་ནག་པོ་གཡོག་པ་མ་ཟད། མི་བུ་སྒེར་གྱི་མི་གཞི་ལ་ཡང་ཚད་མེད་པའི་དམའ་འབེབས་བྱས་ཡོད་ནི་རེད། ཁོང་ཚོས་འདི་ལྟར་བྱེད་པ་ཤེས་ཡོན་ཅན་ཞིག་གི་ལས་ཀ་ཕར་ཟད་ཞིང་གྲོང་གི་རྒད་པོ་རྒད་མོ་ཚོའི་ལས་ཀ་ཡང་ཡིན་ནི་མ་རེད། མ་གཞི་ནས་སྐུ་ཞབས་ཞོགས་དུང་སོགས་ཀྱི་དགོངས་པའི་འབབ་ས་མཐར་ཐུག་ནི། ཆོས་ཀྱིས་འཇིག་རྟེན་མི་ཡོང་བ་དང་། འཇིག་རྟེན་པས་ཆོས་མི་ནུས་པ། ཆོས་ཀྱིས་འཇིག་རྟེན་འཕེལ་རྒྱས་ལ་གེག་བྱེད་པ་དང་། འཇིག་རྟེན་ཕུན་ཚོགས་ཀྱིས་ཆོས་བྱེད་པ་ལ་བར་ཆད་བཟོ་བ་ཡིན་པས། བོད་མི་རིགས་ཧྲིལ་བོའི་མ་འོངས་པའི་ཆེད་དུ་ཆོས་དང་སྲིད་གཉིས་ཁ་ཁར་དགོས་ཀྱི་འདུག་ཟེར་བ་འདི་རེད་མོད། ཡིད་སྐྱོ་བ་ཞིག་ལ། མི་གདོང་ཟོག་ལུས་༼ཞོགས་དུང་གི་ཚིག༽ཅན་གྱི་ཆོས་བ་མང་པོ་ཞིག་གིས་འདི་ལྟར་གོ་བ་མ་ལོན་པར། སྐུ་ཞབས་ཞོགས་དུང་སོགས་ཀྱིས་ཆོས་བཤིག་གི་འདུག་བསམ་པ་རེད།
དྲི་བ། གོ་སྐབས་འདི་བརྒྱུད་ནས་གཞན་ཅང་བཤད་རྒྱུ་ཡོད་དམ།
ལན། འཇིག་རྟེན་པ་ཞིག་གི་ངོས་ནས་བཤད་ན། དོན་དག་ཆེ་ཕྲ་གང་ཞིག་ཡིན་རུང་གཙོ་བོ་མི་བུ་རང་གི་ཀླད་པ་འགུལ་དགོས་པ་གལ་ཆེ་གི། དེ་ལྟར་མ་བྱས་ན་རང་ཁ་འདྲ་སོས་ཐུབ་ཀྱང་མི་རིགས་དང་རྒྱལ་ཁབ། སྐད་ཡིག་དང་རིག་གཞུང་འཛིན་རྒྱུ་འདི་ཤིན་ཏུ་དཀའ་ཚོད་རེད། དེ་བས། ངས་བོད་མི་ཚང་མས་རང་རང་གི་ཀླད་པ་དཀྲུགས་དཀྲུགས་གཏོང་རོགས་གནང་ཞུ་རྒྱུ་ཡིན། ལག་པ་སྟོང་བ་བྱས་ནས་རེ་བ་རྫུན་མ་རྒྱབ་མ་འདུག་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
༼དྲི་བ་འདོན་མཁན། རང་དང་རིག་གནས་ཀྱི་དཔུང་རྡང་གཅིག་པའི་གྲོགས་སྟག་སྨྱོན་ཚང་ཡིན།༽
བརྒྱ་ཆའི་བརྒྱ་ཐམ་པ་རིག་གནས་གསར་བརྗེའི་ལས་འགུལ་ཡང་སྐྱར་སྤེལ་འདོད་ཡོད་པའི་སྐད་ཆ་རེད་ལ། ཐ་ན་དེ་ལས་ཀྱང་གདུག་རྩུབ་ཆེ། རིག་གསར་སྐབས་བོད་སྨན་ལ་དགག་པ་ཆེན་པོ་ཞིག་བརྒྱབ་ཡོད་པ་མ་རེད། ལྷ་ཆོས་རིག་གནས་མི་དགོས་པའི་ཞོགས་དུང་ཚང་གི་ཚོང་ཁང་ནང་དུ་བརྒྱ་ཆའི་དགུ་བཅུ་ལྷ་ཆོས་རིག་གནས་ཀྱི་དཔེ་ཆ་བཙོང་གིན་འདུག་ཟེར་བས། ད་འོ་ན་ཞོགས་དུང་གིས་བོད་མི་རིགས་ལ་ཁོ་རང་གིས་དུག་ཏུ་རྩི་བའི་ལྷ་ཆོས་རིག་གནས་ཀྱི་བཟི་སྨན་བཙོང་གི་ཡོད་ནི་རེད་ལ། རིག་གསར་རོ་ལངས་པ་འདི་ཚོའི་ངོ་གཅིག་རྫོགས། དམར་ཕྱོགས་ཁྱོད་ཚོ་དང་ཤི་གསོན་འགྱེད་པའི་རྩོད་པ་ཡུན་གྱིས་བྱེད་ཡ། མགོ་རྒྱལ་བ་རིན་པོ་ཆེ་ནས་མཇུག་ར་རྫི་ལུག་རྫིའི་བར་གྱི་བོད་མི་ས་ཡ་དྲུག་པོ་ཁྱོད་ཚོའི་བསམ་བློའི་དགྲ་རུ་བཟུང་བ་འདི་མ་རྗེད་པར་གྱིས་ཡ། བསམ་བློའི་དགྲ་བོ་ཟེར་ན་ཨེ་ཤེས་ཀི ལྟ་བའི་དགྲ་བོ་ཟེར་ན་ཡང་ཆོག
“ཆོས་ལུགས་ནི་དུག་རེད། དེས་མི་རིགས་ཤིག་ཡར་རྒྱས་འགྲོ་བ་ལ་ཅི་ཡང་ཕན་གྱི་མ་རེད།”
་་་་་་་་་་་་མིའི་རིགས་ཀྱི་མགོན་སྐྱབས། འབྱོར་མེད་གྲལ་རིམ་གྱི་དེད་དཔོན། རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིའི་གསུང་།
མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག གྲལ་རིམ་འཐབ་རྩོད་གཏན་ནས་བརྗེད་མི་རུང་། ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག མ་ཁེ་སི་ལེ་ཉིན་རིང་ལུགས་ཁྲི་ལོར་བརྟན་པར་ཤོག ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག པེ་ཅིན་ནས་གསེར་གྱི་ཉི་མ་ཤར། །དེ་ཉི་མ་མ་རེད་མའོ་ཀྲུའུ་ཞི་རེད།། མའོ་ཀྲུའུ་ཞིའི་བཀའ་དྲིན་ཉི་འོད་ང་ཚོའི་ལུས་སྟེང་དུ་འཕྲོས། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་བརྗེད་མི་སྲིད། ང་ཚོས་མའོ་ཀྲུའུ་ཞིའི་བཀའ་སློབ་སྙིང་ལ་
བཅངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གསར་བ་འཛུག་སྐྲུན་བྱེད། ལོག་སྤྱོད་པ་ཚར་གཅོད་དང་བཙན་རྒྱལ་རིང་ལུགས་རྔ་མ་བཅད་ནས་ཕམ་པར་རྒྱག ལྷ་འདྲེ་གདོན་བགེགས་རྩ་མེད་གཙང་དག་བཟོ། རྙིང་བཞི་རྩ་གཏོར་དང་དེང་རབས་ཅན་བཞི་མངོན་འགྱུར་ཡོང་པར་རིགས་སོ་སོའི་མི་དམངས་རྣམས་ལག་གདངས་གཅིག་ཏུ་སྦྲེལ། རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་ལ་ཇི་སྲིད་བར་དུ་བསྟོད་གླུ་ལེན།
་་་་་་་་སྐུ་ཞབས་ཞོགས་དུང་གི་གསར་བརྗེའི་དཔུང་ཚོགས་ཀྱི་མཉམ་ལེན་གླུ་དབྱངས་ཤིག་གི་ཆེད་དུ་རྩོམ་སྒྲིག་བྱས་པ་ཡིན།
གོང་གི་དྲི་བ་དང་པོ་འདྲི་སྐབས། འདི་ཡག་རྟགས་རེད་དམ་ངན་རྟགས་རེད་ཟེར། ཕལ་ཆེར་བལྟས་ལ་བརྟག་གི་ཡོད་པ་འདྲ་བོ་ཞིག་དྲིས་འདུག ངོ་མས་དགོད་བྲོ་བོ་ཞིག་འདུག
གོང་གི་སྐད་ཆ་འདི་རྒྱ་ཇག་གི་བཤད་སྟངས་དང་གཅིག་པ་འདྲ་ཞིག་མཐོང་སོང་། བསམ་བློ་འཁྱེར་སོ་དེ་འདྲ་ཞིག་མ་གཏོགས་མེད་ན་བཙན་བྱོལ་ལ་ཡོང་དགོས་དོན་ཅང་ཨེ་ཡོད། ཕྱིར་རྒྱ་འོག་ལ་རྒྱུགས་ཤིགས་ཁྱོད་ཅག
ངས་ཞོགས་དུང་ཁོང་ཚོ་ཤེས་རབ་འཆལ་བ་དང་། མི་ཚོགས་ཀྱི་མདུན་དུ་སྨྱོན་པས་གཅེར་རྒྱུག་བྱེད་པ་ལྟར་ངོ་ཚ་རྒྱུ་མེད་པ་རེད་བསམ་གྱི་ཡོད་མ་གཏོགས་ཡག་པོ་ཞིག་རེད་གཏན་ནས་བསམ་གྱི་མེད། མང་པོ་བཤད་དགོས་དོན་ཅི་ཡོད། ཆོས་ལ་དགག་པ་རྒྱག་དགོས་ན་དང་པོ་ཆོས་ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་ཤེས་དགོས་པ་རེད། ཅི་ཡང་མི་ཤེས་པའི་ཨ་ཡེ་རྒན་མོ་ཁ་ཤས་ཀྱི་གླེན་ལས་ལ་བལྟས་ནས་དེ་རྨོངས་དད་ཡིན་པ་དང་། དེས་སངས་རྒྱས་ཆོས་ལུགས་ཡོངས་རྫོགས་མར་འདྲུད་བྱད་བྱས་ན་རང་ཉིད་ཅོལ་ཆུང་ཡིན་པའི་རྟགས་རེད། མདོར་བསྡུ་ན་འཛམ་གླིང་རྒྱལ་སྤྱིའི་ཐོག་ནས་བོད་ལ་ཡར་རྒྱས་མེད་པ་དེ་རྒྱ་གཞུང་གིས་བྱུས་ཉེས་ཡིན་པ་མཐོང་གི་ཡོད་ཀྱང་། མི་འདིའི་རིགས་ཀྱིས་བོད་ལ་ཡར་རྒྱས་མེད་པ་དེ་རྒྱ་ནག་གི་བྱུས་ཉེས་ཡིན་པ་མ་མཐོང་བར་ནང་ཆོས་ཀྱི་བྱུས་ཉེས་ཤིག་ལ་མཐོང་གི་ཡོད་པ་རེད། མི་འདིའི་རིགས་ཀྱི་མིག་གཉིས་ཀ་མདུན་དུ་མེད་པར་རྒྱབ་ཏུ་ཡོད་པ་དེ་ཆེས་ཡ་མཚན་ཞིག་རེད། གཅིག་བྱས་ན་ཚེ་སྔོན་མར་ལྟ་བ་ལོག་པའི་རྒྱུ་མ་རུང་བ་རེ་བསགས་པའི་འབྲས་བུ་ཡིན་སྲིད། བར་དོའི་རྣམ་ཤེས་ལྟར་རང་ངོ་རང་གིས་མི་ཟིན་པའི་མི་བླ་འཁྱམས་འདི་ཚོ་སྙིང་རེ་རྗེ། ཨ་ཧ་བོ། ཕོ་ཤུ་རེ་ཁོ།
ད་དུང་ཉི་ཚེ་བ་ཞིག་གི་ཚུལ་དུ་ཅི་ཡང་འཁྱོངས་མི་འདུག་པས། རོ་ཚད་ལ་མི་བལྟ་རོ་མདུང་ཟེར་བའི་ཁ་དཔེ་འདི་ལ་བསམ་བློ་ཞིབ་མོ་ཞིག་ཐོངས་དང་། དེང་གི་མ་ཡིན་ཡིན་མདོག་དང་མི་ཤེས་ཤེས་མདོག་གི་རང་ལྟ་མཆོག་འཛིན་གྱི་ནད་ཡམས་གང་སར་ཁྱབ་ནས། ང་ཚིའི་མི་རབས་འདིའི་མི་གཤིས་དང་ཤེས་ཡོན་གྱི་ཐད་ནས་ཧ་ཅང་གི་དམན་པས། རང་ཉིད་ཆེ་མདོག་དང་མཁས་མདོག་གིས་སྐད་ཆ་ཆེན་པོ་དང་རྗིག་པོ་བཤད་རྒྱུ་དེ་ཚོད་བཟུང་ནས་རང་ཉིད་གྱི་མི་གཤིས་དང་བསམ་སྤྱོད་མདུན་ལམ་བཅས་ཡང་དག་ཅིག་བསམ་ན་བལྟ་རྒྱ་དང་ཐོས་རྒྱ་ཚིམ་པ་མེད་པར་ཤེས་བྱ་རིག་གནས་རེ་རྒྱུད་ལ་འཇགས་ཐུབ་པར་འབད་འབུངས་གྱིས་ཤིག མ་གཏོགས་ཆུ་ཁའི་ལྦུ་བ་ལྟ་བུའི་ངང་ཚུལ་འདི་མུར་བསྐྱོད་ན་ད་ལྟའི་མི་ཚེ་འདི་ཆུད་ཟས་སུ་བཏང་བ་རེད།
མདོར་བསྡུས་ནས་བཤད་ན་ད་ལྟའི་འུ་ཚོའི་སྨྱུག་འཛིན་པ་ཚོ་ཁེངས་དྲེགས་ཀྱིས་རྒྱགས་ཤིང་ཤེས་ཡོན་གྱི་མུ་གེ་བྱུང་བའི་སྤྲང་པོ་རྐྱང་རེད་ཟེར་བ་ཡིན་པ་ཡིན་པས་ཕོག་ཐུག་རེ་བཟོས་ཡོདན་དགོངས་དག་ཞུ་རྒྱུ་ཡིན།
རྩེ་སྐར་གྱིས།
ཞོགས་དུང་སོགས་ཀྱིས་ཆོས་ཀྱིས་མ་འགྲིག་པ་བཤད་པ་དེ་བོད་མི་སེར་མོ་མང་པོས་་ནོར་འཁྲུལ་ཆེ་ཤོས་ཞིག་ལ་ངོས་འཛིན་་མོད། ཡིན་ནའང༌། བོད་ཀྱི་ལོ་རྒྱུས་ནང་དུ་ཆོས་ལུགས་པའི་དབང་ཆ་རྩོད་རེས་བྱས་ཏེ་ཆོས་བརྒྱུད་ཕྱོགས་ཞེན་གྱི་ལས་ལ་འཇུག་པ་དེ་ལ་བོད་མི་སུ་ཞིག་ཡིན་ཡང་བློ་ཕམ་མི་བྱུང་བ་སུ། ཡིན་ནའང༌། ནང་ཆོས་དང་ཆོས་ལུགས་པ་གཉིས་དབྱེ་བ་ཕྱེ་དེ་དགེ་སྐྱོན་གླེང་ན་གླེང་རིན་ལྡན་པ་ཞིག་ཡིན་རྒྱུ་གལ་ཆེན་ནང་་གི་དོན་ཆེན་ཡིན་པས་སོ།།
ངས་ནི་བླ་དཔེ་ཚོགས་ཚང་མ་རོབ་ཀློག་ཙམ་བྱས་པ་ཡིན། དེ་དག་གི་དངོས་ཤུགས་གང་ནའང་ཆོས་ཀྱི་མ་འགྲིག་པ་ཞིག་བཀོད་མི་འདུག་བསམ། ཡིན་ནའང་ཞོགས་དུང་སོགས་ཀྱི་ལྟ་བ་ལངས་ཕྱོགས་དང་བསམ་བློའི་འཁྱེར་སོ་སོགས་ང་ཚོས་དཔྱད་བརྗོད་དང་དོགས་སློང་བྱས་ན་འགྲིག དཔྱད་བརྗོད་དང་དོགས་སློང་བྱེད་རྒྱུ་དེ་ཡང་ཁོང་ཚོའི་བརྗོད་པའི་སྙིང་སྟོབས་ཁག་གི་གྲས་ཤིག་རེད། དྲ་གྲོགས་ཚོས་འདིའི་སྐོར་ལ་གླེང་སློང་བྱེད་རྒྱུ་གལ་ཆེ་ལ། དེ་མིན་ཁོང་ཚོར་ཞྭ་མོ་འདྲ་མིན་གཡོགས་ཐབས་བྱེད་རྒྱུ་དེ་ཆོད་མེད་ཅིག་རེད་སྙམ།
གོང་གི་མཆན་བུ་དག་ལས་མྱི་འཁྱམ་དང་འབིག་གཉིས་ལ་རྒྱབ་སྐྱོར་ཡོད། ཞོར་དུ་རང་རང་གི་རྒྱུད་ན་གསེར་འོད་ལམ་ལམ་འབར་བཞིན་མཆིས་པའི་དོགས་སློང་དང་ཕྱིར་རྟོགས་ཀྱི་སྙིང་སྟོབས་འདི་ནམ་ཡང་མ་འདོར་རོགས་ཟེར་འདོད་བྱུང༌། གཞན་ཟླ་བ་དང་བསམ་གཏན། དགུ་རོང་གྲུབ་ཆེན། ཀླུ་སྨྱོན་བཞིས་རྒྱུ་མཚན་མེད་པའི་ཞྭ་མོ་ནག་པོ་གཡོག་རྐྱང་བྱེད་ཀྱི་འདུག
འོག་ནས་ང་དགུ་རོང་གྲུབ་ཆེན་ལ་དྲི་བ་གསུམ་ཡོད། ཟླ་བ་ལ་དྲི་བ་གཅིག་དང་གསལ་བཤད་ཐུང་ཐུང་གཅིག་ཡོད། བསམ་གཏན་ལ་དྲི་བ་གཉིས་ཡོད། ཨ་ལགས་ཀླུ་སྨྱོན་ལ་རེ་སྐུལ་གཅིག་ཡོད། འོག་ནས་ངས་རེ་རེ་བཞིན་བཀོད་ཆོག
དང་པོ་དགུ་རོང་གྲུབ་ཆེན་གྱི་དྲི་བ་གསུམ་པོ་འདི་ཡིན།
༡། དགུ་རོང་གྲུབ་ཆེན་ལགས། མི་ཤེས་མདོག་བྱས་པ་མཐོང་བསྡད་ཡོད། ཞོགས་དུང་གིས་ན་ནིང་དོ་ཚིགས་ལ་རང་གི་བསམ་ཚུལ་ལམ་ལྟ་བ་མཚོན་པའི་གཏམ་བཤད་དང་བྲིས་རྩོམ་ཕྱོགས་བསྡོམས་བྱས་ན་དེབ་གསུམ་ཡོད་གི། དེས་ན་ངས་ཁྱོད་ལ་འདྲི་འདོད་པ་དང་པོ་ནི་ཞོགས་དུང་གིས་གང་ཞིག་ན་བོད་ནང་དུ་རིག་གནས་གསར་བརྗེའི་ལས་འགུལ་ཡང་བསྐྱར་སྤེལ་རྒྱུས་བསམ་བློ་བཟུང་ཡོད་གི། ཤེས་འདོད་ཆེ་གི། ལན་ཞིག་སྟེར་རོགས།
༢། ཞོགས་དུང་གིས་གང་ཞིག་ན་ཆོས་ལུགས་དུག་རེད་ཅེས་ངོས་འཛིན་གནང་འདུག་གམ། ཁྱོད་ཀྱིས་གང་ནས་གཟིགས་སོང་ངམ། འདི་ཡང་ཤེས་འདོད་ཆེ་གི། ལན་ཞིག་སྟེར་རོགས།
༣། ཞོགས་དུང་གིས་མགོ་༧གོང་ས་མཆོག་ནས་ར་རྫི་ལུག་རྫིའི་བར་གྱི་བོད་མི་ས་ཡ་དྲུག་པོ་བསམ་བློའི་དགྲ་རུ་བཟུང་འདུག་པ་གང་དུ་འདུག ཁྱོད་ཀྱིས་གང་ནས་མཐོང་སོང༌། འདི་ཡང་ཤེས་འདོད་ཆེ་གི། ལན་ཞིག་སྟེར་རོགས། ཁྱོད་ཀྱིས་ཞོགས་དུང་ཁོང་བོད་མི་ས་ཡ་དྲུག་གི་ནང་ཚན་ཞིག་ཡིན་པ་ཡང་ཤེས་མེད་ཀི།
གྲུབ་ཆེན་ལགས། དང་པོར་དྲི་བ་འདི་ཚོར་ལན་ཞིག་ཕྱིན་དང་དེ་ནས་ཤི་གསོན་འགྱེད་པའི་རྩོད་པ་ཟེར་ན་མི་ཤེས་དེ་ལུང་དང་རིག་པའི་ལམ་ནས་ཡུན་གྱིས་རྩེད་ཡ། ཐུགས་རྗེ་ཆེ།
གཉིས་པ་ཟླ་བའི་དྲི་བ་གཅིག་པོ་འདི་ཡིན།
༡། ཁྱོད་ཀྱིས་ལས་སླ་མདོག་གིས་རྒྱ་ཇག་གི་བཤད་སྟངས་དང་གཅིག་པ་འདྲ་ཞིག་མཐོང་སོང་ཟེར། ཁྱོད་སྲོལ་རྒྱུན་རིག་གནས་ཀྱི་མཁས་པ་ཡིན་པ་ངས་ཤེས། ཡིན་ནའང༌། གོང་གི་ཞོགས་དུང་སྐོར་གྱི་དྲི་བ་དྲིས་ལན་དེ་དང་རྒྱ་ཇག་གི་བཤད་སྟངས་གཅིག་པ་ཡིན་པ་ཁུངས་བསྐྱལ་བྱས་མི་འདུག རྒྱུ་མཚན་ཤོད་དང༌། གནས་ལུགས་གསུངས་དང༌། ཁུངས་བསྐྱལ་བྱས་དང༌། གནད་དོན་གནས་ལུགས་དང་སྒྲགས་ནས་གླེང་ཐུབ་ན་ཨ་མའི་བུ་ཡིན། དོན་མེད་ལ་མི་རྒྱ་ཇག་དང་མཉམ་དུ་སྦྱར་ཆོག་ཆོག་འདི་ཡང་ཁྱོད་ཚོ་རྣམ་ཤེས་མེད་པའི་སྲོལ་རྒྱུན་གྱི་གློག་པར་འཕྲུལ་ཆས་ལྟ་བུའི་མཁས་པ་ཚོའི་སྐྱོན་རེད་ཡ། དྲིན་ཆེན་པོ། གང་ལྟར། གསལ་བཤད་གསལ་བོ་ཞིག་གནང་རོགས་ཞུ།
༢། ཟླ་བ་ལ་གསལ་བཤད་ཐུང་ཐུང་གཅིག་ཡོད་པ་འདི་ཡིན།
ཟླ་བ་ལགས། ཁྱོད་ཀྱིས་བསམ་བློ་འཁྱེར་སྟངས་དེ་འདྲ་ཞིག་མ་གཏོགས་མེད་ན་བཙན་བྱོལ་ལ་ཡོང་དགོས་དོན་མི་འདུག་ཟེར། སྐད་ཆ་འདི་ཁྱོད་ཀྱིས་བདེ་ཆེན་སྒྲོལ་མར་བཤད་ནི་ཡིན་རྒྱུ་རེད། དེས་ན་བོད་མི་བཙན་བྱོལ་ལ་ཡོང་མཁན་ཚོས་བསམ་བློ་ག་འདྲ་ཞིག་འཁྱེར་དགོས་པ་རེད་དམ། རང་གི་མི་རིགས་དང་རིག་གཞུང་གི་དོན་ལ་ཀླད་པ་མ་དཀྲུགས་པར། གཞན་གྱི་སྐྱོན་ལ་ཡག་བཙོག་གང་ཡང་མ་བཤད་པར། ཁྱོད་ཚོ་ནང་བཞིན་དྲང་བདེན་རྒྱབ་དུ་དོར་ནས། གནས་ལུགས་རྐུབ་ཀྱིས་མནན་ནས། ཡོད་ཡོད་ཐམས་ཅད་པོར་ཁ་ཡག་ངོ་བསྟོད་རྐྱང་བྱེད་དགོས་ནི་ཨེ་རེད། གསལ་བཤད་ཅིག་བྱེད་རོགས།
ལ་དགག་པ་རྒྱག་གི་འདུག་ཅེས་དངོས་སུ་བྲིས་འདུག བློ་ཁོག་འདུག ཧམ་པ་འདུག འོ་ན་ཁྱོད་ཀྱིས་ཤོད་དང༌། ཞོགས་དུང་སོགས་ཀྱིས་གང་ཞིག་ན་ཆོས་ལ་དགག་པ་རྒྱབ་འདུག ཁྱོད་ཀྱིས་གང་ནས་མཐོང་སོང༌། འདི་ཤེས་འདོད་ཆེ་ཀི། གསལ་བཤད་གསལ་བོ་རེ་བྱེད་རོགས་ཞུ།
༢། ཁྱོད་ཀྱིས་བོད་ལ་ཡར་རྒྱས་མེད་པ་རྒྱ་ནག་གི་བྱུས་ཉེས་ཡིན་པ་མ་མཐོང་བར་ནང་ཆོས་ཀྱི་བྱུང་ཉེས་ལ་མཐོང་གི་ཡོད་པ་རེད་ཟེར། ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང༌། བོད་ལ་ཡར་རྒྱས་མེད་པ་དེ་རྒྱ་ནག་བོད་ལ་མ་སླེབས་སྔོན་ནས་ཡོད་བསྡད་པ་རེད་མ་གཏོགས་རྒྱ་ནག་བོད་ལ་ཡོང་ནས་མི་ལོ་ལྔ་བཅུའི་རིང་བོད་ཀྱི་ཡར་རྒྱས་ཚང་མ་སྒོ་བསྡམས་བཞག་པ་ཞིག་གང་ནས་ཡིན་རྒྱུས། དྲིན་ཆེན་པོ། འུག་མ་རྒྱག་རོགས། ཡར་རྒྱས་ཟེར་བ་འདི་ལོ་རྒྱུས་ཀྱི་བྱུས་ཉེས་མང་པོ་རིང་མོ་ཞིག་ལ་བསགས་བསགས་ནས་མཐར་དུས་ཀྱི་དཀྱོགས་མཚམས་ཤིག་ནས་ངོས་འཛིན་ཐུབ་པ་ལས་ཁྱོད་རང་ལྟར་ན་མི་རིགས་ཤིག་གི་ཡར་རྒྱས་ལོ་ལྔ་བཅུ་དྲུག་བཅུའི་ནང་གི་ལས་ཀ་ཡིན་ན། དགོད་བྲོ་བ་ལ། ཤུ་རེ་ཁོ། ཁོག་ན་རྩ་མ་གཏོགས་ཅང་མེད་ཀ། ཡང་ཁྱོད་ཀྱིས་ཤེས་དགོས་རྒྱུ་ཞིག་ལ། ངས་རྒྱ་ནག་གིས་བོད་ལ་ཡག་པོ་བྱས་པ་རེད་ཟེར་གྱི་མེད་ལ། རྒྱ་ནག་གིས་བོད་ཀྱི་ཡར་རྒྱས་ལ་གཏོར་བཤིག་དང་གནོད་སྐྱོན། བཀག་འགོག་ལ་སོགས་པ་རབ་དང་རིམ་པ་བཟོས་ཡོད་པ་ང་ཁྱོད་དང་གཅིག་མཐུན་ཡིན། ཡིན་ནའང༌། གཅིག་མ་འགྲིག་པ་རྒྱུ་མཚན་དུ་བཞག་ནས་ཚང་མ་ནག་སུབ་གཏོང་འདོད་པ་བྱིས་བློ་ཡིན་ནི་རེད། ཁྱོད་ཀྱིས་ཞོགས་དུང་གི་ཨ་མཚར་མཚར་དགུ་ཟེར་བའི་རྩོམ་ཡིག་དེ་ཐེངས་གཅིག་ཀློག་དང་དེ་ནས་ཞོགས་དུང་གིས་རྒྱ་ནག་ལ་བཟུང་བའི་རྣམ་འགྱུར་གསལ་བོ་ངོ་འཕྲོད་ནི་རེད། ལོ་ལོ།
གོང་གི་ཁྱོད་ཀྱི་སྐད་ཆ་དེ་ལ་ས་མཚམས་ཤིག་འཇོག་རོགས་ཞུ། ས་མཚམས་དེ་ཡང་གསལ་བོ་ཤེས་འདོད་ཆེ་གི།
ཨ་ལགས་ཀླུ་སྨྱོན་གྱི་རེ་སྐུལ་གཅིག་པོ་འདི་ཡིན།
༡། ཨ་ལགས་ལགས། ད་ཐེངས་གི་འདི་ལ་ངས་ཀྱང་ལེགས་སོ་ཟེར་མི་ཐུབ་གི ཁྱོད་ཀྱིས་བྲིས་པའི་ཀླུ་དབྱངས་དེ་དངོས་གནས་ཡག་པོ་འཁྱོང་འདུག ཁྱོད་རང་རྒྱ་ནག་གི་རིག་གསར་སྐབས་སུ་ཡོད་ཀྱིས་ན་ཅིག་རེག་མི་རེག་ལ་ཐེ་ཚོམ་མེད་ཀི། ཡིན་ནའང༌། ཁྱོད་ཀྱིས་ཞོགས་དུང་གི་སྐོར་ནས་ཅི་ཡང་ཤེས་ཀྱི་མེད་པ་འདྲ། མི་ཤེས་ན་སྟོང་བཤད་བྱས་ན་དེ་ནི་ཁྱོད་རང་རྫུན་མ་ཆགས་པ་རེད། རྫུན་བཤད་དང་ན་དེ་ནི་ཁྱོད་ཀྱི་རྩ་བ་བཞི་དང་འབྲེལ་ཡོད་པ་མ་བརྗེད་པར་གྱིས་ཨ། ངས་ཁྱོད་ལ་འདྲི་འདོད་པ་ནི། ཁྱོད་ཀྱིས་དོན་དངོས་ཐོག་ཞོགས་དུང་གི་དཔེ་ཆ་དང་རྩོམ་ཡིག་གང་གང་བཀླག་མྱོང་བ་ཡིན། ཞོགས་དུང་གི་དགག་ཕྱོགས་ན་ཡོད་པའི་དཔེ་ཆ་དང་རྩོམ་ཡིག་གང་གང་བཀླག་མྱོང་བ་ཡིན། དྲང་མོར་བཤད་ན། ང་ཁྱོད་ཚོ་རིགས་འདིས་ཞོགས་དུང་གི་དཔེ་དེབ་དང་རྩོམ་ཡིག་མིག་གིས་མཐོང་ཡོད་མེད་ལ་དོགས་པ་ཟ་གི། གསལ་བཤད་ཅིག་བྱེད་རོགས། འདི་ཡང་ཤེས་འདོད་ཆེ་གི།
གོང་གི་འདི་དག་ནི་དེ་རིང་ཁོམ་སྐབས་ཅུང་བྱུང་བས་དྲ་ངོས་འདིར་ཕུལ་བའི་བསམ་ཚུལ་ཙམ་ཡིན། གོང་གི་དྲི་བ་འདི་དག་ལ་ལན་གསལ་བོ་རེག་སོང་ན། ང་ཚོས་ཕྱོགས་ཡོངས་ནས་ཞོགས་དུང་ཅུང་ཟད་འཐུས་སྒོ་འཚང་བ་ཞིག་གླེང་ཐུབ་པ་ལས་གཅིག་གིས་ཧྲ་དང་གཅིག་གིས་མི་ཧྲ་ཟེར་ནས་གཡག་འདུག་བྱས་བསྡད་ན་ཁེ་ཕན་གང་ནས་ཡོད་ཀྱིས། དེ་བས་རེ་བ་ལ་གོང་གི་མིང་བཏོན་ཡོད་པའི་དྲ་གྲོགས་དག་ནས་ལྷག་བསམ་རྣམ་དག་དང་རིག་པ་གསལ་ཐང་གིས་དྲི་བ་དག་ལ་རྒྱུ་མཚན་ལྡན་པའི་ལན་གནང་རྒྱུ་མ་བརྗེད་རོགས།
སང་ཉིན་ཁོམ་པ་བྱུང་ན་ངེས་པར་དུ་དྲ་ངོས་འདིར་ཞོགས་དུང་གླེང་གི་ཡོང་ཁོ་ཐག་ཡིན། ཡིན་ནའང༌། དུས་ཚོད་ལ་ངེས་གཏན་མེད་པས་མ་ཡོང་ན་ ཧཧཧཧཧཧ
གསལ་བཤད། གོང་གི་བསམ་གཏན་ལགས་ཀྱི་དྲི་བ་དང་པོ་དེ་ཚང་མི་འདུག་པས་འདིར་བསྐྱར་འགོད་བྱས་ནི་ཡིན།
༡། བསམ་གཏན་ལགས། ཁྱོད་ཀྱིས་ཞོགས་དུང་སོགས་ཀྱིས་ཆོས་ལ་དགག་པ་རྒྱག་གི་འདུག་ཅེས་དངོས་སུ་བྲིས་འདུག བློ་ཁོག་འདུག ཧམ་པ་འདུག འོ་ན་ཁྱོད་ཀྱིས་ཤོད་དང༌། ཞོགས་དུང་སོགས་ཀྱིས་གང་ཞིག་ན་ཆོས་ལ་དགག་པ་རྒྱབ་འདུག ཁྱོད་ཀྱིས་གང་ནས་མཐོང་སོང༌། འདི་ཤེས་འདོད་ཆེ་ཀི། གསལ་བཤད་གསལ་བོ་རེ་བྱེད་རོགས་ཞུ།
དྲ་གྲོགས་ཚོ། ཞོགས་དུང་གི་དཔེ་དེབ་གསུམ་པོའི་མགོ་མཇུག་ཡོངས་རྫོགས་མ་བཀླགས་པར་དེའི་ནང་ནས་རྩོམ་ཡིག་རེ་ཟུང་ལ་ལྟ་ཙམ་རེ་བྱས་ནས་ཞོགས་དུང་དགག་པ་བཏང་ན་དེ་ནི་གད་མོ་བྲོ་བ་ཞིག་རེད། མའོ་ཙེ་ཏུང་གིས་བརྟག་དཔྱད་ཞིབ་འཇུག་མི་བྱེད་པར་སྐད་ཆ་བཤད་པའི་ཐོབ་ཐང་མེད་ཅེས་བཤད་པ་ཅི་བས་བདེན། གལ་སྲིད་ནང་བསྟན་གྱི་ལྟ་གྲུབ་འདི་ཚད་ཧ་ཅང་མཐོ་ས་ཞིག་སྐྱེལ་འདོད་ཡོད་ན་ཞོགས་དུང་ཞོགས་དུང་གི་རིགས་འདི་ཧ་ཅང་དགོས་མཁོ་ཆེ།
ཞོགས་དུང་ནི་ང་ཚོས་བཀུར་འོས་བའི་ཤེས་ཡོན་པ་ཞིག་རེད་འདོད་ཀི མདོ་དོན་ཚང་མས་ཀུ་ཡངས་པོ་གནང་རོགས།
ནོར་བ་་་་་ཞོགས་དུང་ཞོགས་དུང་
ཞོགས་དུང་དང་ཞོགས་དུང་
བདེ་ཆེན་སྒྲོལ་མ་ཟེར་བ་འདི་ངོ་ཚ་རྒྱུ་མེད་པའི་འཆལ་གཏམ་སྤེལ་མཁན་ཞིག་རེད། ཁོ་རང་གི་དྲི་བ་དྲིས་ལན་གྱི་ཐོག་ནས་རང་མཚང་ཡོངས་སུ་གསལ་རྗེན་དུ་བསྟན་འདུག ཁོས་ལྷ་ཆོས་དང་མི་ཆོས་ཀྱི་ཁྱད་པར་བཤད་པའི་སྐབས། འཇིག་རྟེན་འདི་དང་མིའི་དོན་དག་སྒྲུབ་དང་དོར་ཟེར་བ་འདིའི་སྟེང་ནས་ངོས་འཛིན་གྱིན་ཡོད། དེ་ཡང་ལྷ་ཆོས་རིག་གནས་ཟེར་ན་ཐར་བ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ། ལྷ་གསོལ་བ་དང་འདྲེ་འདུལ་བ་གཙོ་བོར་སྟོན་པ། མདོར་ན་འཇིག་རྟེན་འདི་དང་མིའི་དོན་དག་དོར་བྱར་འཛིན་པའི་རིག་གནས་སྙིང་སྟོབས་ཤིག་དང་། མི་ཆོས་རིག་གནས་ཟེར་ན་གོང་གི་འདི་ལས་ལྡོག་ཏེ། ཐར་བ་དང་ཐམས་ཅད་མཁྱེན་པ་དོན་དུ་མི་གཉེར་བ། ལྷ་གསོལ་བ་དང་འདྲེ་འདུལ་བ་གཙོ་བོར་མི་སྟོན་པ། མདོར་ན་འཇིག་རྟེན་འདི་དང་མིའི་དོན་དག་སྒྲུབ་བྱར་འཛིན་པའི་རིག་གནས་སྙིང་སྟོབས་ཤིག་ལ་བསམ་གི་ཡོད་ཟེར། བཤད་ལུགས་འདི་ལ་ལྟོས་དང་། ལྷ་གསོལ་བ་དང་འདྲེ་འདུལ་བ་གཙོ་བོར་སྟོན་པ་ལྷ་ཆོས་ཀྱི་གཞུང་ལུགས་ཡིན་ཟེར། དེ་ལས་ལྡོག་པ་མི་ཆོས་ཀྱི་གཞུང་ལུགས་ཡིན་ཟེར། བླུན་རྟགས་སྟོན་ལུགས་འདི་ལ་ལྟོས་དཱ། འདི་ལ་སུ་ཞིག་གིས་ཁྲལ་བཀལ་བ་རེད།
ཨ་ལགས་ལོ་ལོ། ང་ཁ་ཆུང་དབང་ཆུང་ཡིན་རུང། ཁ་རེ་གྲག་ན་འདོད་གི ཆོས་ལ་དགག་པ་རྒྱག་མཁན་ཞིག་ཡིན་ན་དེ་ལ་ང་ཚོས་བརྩི་མཐོང་བཞག་ན་འགྲིགས་ཀི། འོན་ཀྱང་ཞོགས་དུང་གིས་ཆོས་ལ་དགག་པ་རྒྱག་ཐུབ་ཀི་མ་རེད། སེམས་ཁྲེལ་མ་བྱེད། གང་ལ་དགག་པ་བརྒྱག་ན་དེའི་འདོད་པའམ་ལྟ་གྲུབ་རྟོགས་དགོས་པ་ཆོས་ཉིད་ལེ་ཡིན། འོ་ན་ཞོགས་དུང་གི་ནང་ཆོས་ཀྱི་གོ་རྟོགས་ནི་ཆོས་ཀྱི་རྣམ་གྲངས་ལས་གཉིས་ཚན་བཞི་ཚན་འགའ་ཤས་དཔར་བཤུས་བྱས་པ་ཙམ་རེད་སྙམ།
ལྟོས་དང། ཁོང་གི་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་ན་”འཇིག་རྟེན་མི་ཆོས་དང། དམ་པ་ལྷ་ཆོས་”གཉིས་གཏན་ནས་འགལ་བ་ཡིན་པར་བརྗོད་བཞིན་འདུག ད་དུང་ཁོང་གིས་མི་དོན་གཙོ་བོར་སྨྲ་བས་ན་འཇིག་རྟེན་མི་ཆོས་ཡིན་ཟེར། འོ་ན་ནང་བ་སངས་རྒྱས་པའི་ཆོས་ནི་འཇིག་རྟེན་མི་ཆོས་སྨྲ་བའི་རིག་གནས་ངོ་མ་དེ་ཡིན་པར་གྲུབ་པའི་ཕྱིར།
ལྷ་གསོལ་བ་དང་འདྲེ་འདུལ་བ་གཙོ་བོར་སྟོན་པ་དེ་ལྷ་ཆོས་སྨྲ་བ་ཡིན་ཟེར། འོ་ན་སེམས་ཁྲེལ་མི་འདུག ལྷ་གསོལ་འདྲེ་འདུལ་གཙོ་བོར་བྱེད་པ་དེ་ནང་པའི་ཆོས་ཀྱི་དགོངས་དོན་མ་རེད། དེ་ན་སངས་རྒྱས་པའི་ཆོས་དེ་ལྷ་ཆོས་སྨྲ་བའང་མ་ཡིན་པ་འདྲ།
ཚེ་ཕྱི་མ་དོན་དུ་གཉེར་པས་སོ་ཟེར་ན། འདོད་པ་ཁོ་ན་ཡིན་དེ། ཚེ་ཕྱི་མ་དོན་དུ་གཉེར་བའི་རྒྱུ་མཚན་གྱིས་ད་གཟོད་ཚེ་འདི་དང་ཚེ་འདིའི་མི་དོན་ལ་སེམས་ཁྲེལ་དང། བྱམས་སྐྱོང། དེ་བཞིན་ཚེ་འདིའི་མིའི་རིགས་གཙོ་བྱས་པའི་སྲོག་ལྡན་ཡོངས་ཀྱི་ཉིན་རེའི་འཚོ་བའི་བདེ་སྡུག་ལ་ལེགས་སྐྱེས་འབུལ་དགོས་བྱུང་པ་རེད།
གོང་དུ་”མ་གཞི་ནས་སྐུ་ཞབས་ཞོགས་དུང་སོགས་ཀྱི་དགོངས་པའི་འབབ་ས་མཐར་ཐུག་ནི། ཆོས་ཀྱིས་འཇིག་རྟེན་མི་ཡོང་བ་དང་། འཇིག་རྟེན་པས་ཆོས་མི་ནུས་པ། ཆོས་ཀྱིས་འཇིག་རྟེན་འཕེལ་རྒྱས་ལ་གེག་བྱེད་པ་དང་། འཇིག་རྟེན་ཕུན་ཚོགས་ཀྱིས་ཆོས་བྱེད་པ་ལ་བར་ཆད་བཟོ་བ་ཡིན་པས། ” ཞེས་བཀོད་་འདུག འོ་ན་བྱང་ཆུབ་སེམས་པས་འཁོར་བསྒྱུར་སྟོང་གི་སྐྱེས་པ་བླངས་པ་དེས་འཇིག་རྟེན་ཡོང་མེད་པ་གང་གིས་འགྲུབ་བམ།
ངས་གྲོགས་བློས་ཐུབ་ལ་དྲི་བ་ཞིག་འདྲི།
རང་ཉིད་ཁོ་ན་གཙོ་བོར་འཛིན་པའི་རང་འདོད་ཅན་གྱིས་མི་ཆོས་སྨྲ་བ་དེས་ལྐོག་ཟ་རུལ་སྲུང་བྱས་ནའང་འཇིག་རྟེན་ཡོང་བར་འདོད་ལ། རང་ཉིད་ཀྱི་གཏམ་སྙན་གྲགས་ཡོངས་སུ་རྫོགས་པ་བློས་བཏང་ནས་བོད་མི་རིགས་དང་སེམས་ཅན་གྱི་ཆེད་དུ་མི་མང་གི་སྣེ་ཁྲིད་པ་བྱས་ནའང་ད་དུང་འཇིག་རྟེན་མི་འོང་བར་བརྗོད་པ་དེ། དོན་དངོས་བློ་གཟི་པོར་གནས་པའི་སྒོ་ནས་བརྗོད་ན་བཤད་སྟངས་དེ་ཡང་དག་པ་ཞིག་རེད་དམ། རྒྱུ་མཚན་གསལ་བོ་ཞིག་གསུང་རོགས། གྲོགས་བློས་ཐུབ་ནི་ངོ་མ་མི་དྲང་མོ་བློས་འཁེལ་ཆོག་པ་ཞིག་ཡིན་པ་འདྲ།
གཤམ་གསལ་རྣམས་ལ་དོ་སྣང་གནང་རོགས།
༡་མི་རྙིང་པའི་བསམ་ཚུལ་ཡིན་ན་ཀླད་པ་རྙིང་པའི་བསམ་ཚུལ་ཡིན་པས་མ་ཁྱབ། ཨེན་སིཐེན་ཆོས་ཅན།
༢་རང་ཉིད་ཀྱི་ཚེ་འདི་བློས་བཏང་ན་མི་བུ་གཞན་གྱི་ཚེ་འདིའི་བདེ་སྡུག་བློས་བཏང་པས་མ་ཁྱབ། བཀའ་གདམས་པའི་དགེ་བཤེས་རྣམ་པ་ཆོས་ཅན།
༣་བཤད་སྟངས་གསར་པ་ཡོད་པའི་གང་ཟག་ཡིན་ན་ལྟ་བ་གསར་བ་ཡོད་པའི་གང་ཟག་ཡིན་པས་མ་ཁྱབ། ཞོགས་དུང་ཆོས་ཅན།
༤་བོད་མི་ཡོངས་ལ་གྲགས་འགུལ་བཟོས་ན་མི་ཁྱད་པར་བ་ཡིན་པས་མ་ཁྱབ། དོལ་རྒྱལ་ཚོགས་པ་ཆོས་ཅན།
ཞོགས་དུང་གིས་བག་ཆགས་རྙིང་བ། ལྟ་བ་རྙིང་བ། བསམ་བློ་རྙིང་བ། རིག་གནས་རྙིང་བ་སྟེ་རྙིང་བཞི་རྩ་གཏོར་གཏོང་དགོས་ཟེར་བཞིན་འདུག་པས་ང་རང་ངོ་མ་སྐྲག་སོང་། དེ་མིན་སྒེར་ངོས་ནས་ཁོའི་མིང་ལ་ཞོགས་དུང་བཏགས་པ་དེ་འགྲིག་གི་འདུག ཡིན་ན་ཡང་ཞོགས་པའི་དུང་དེ་འབུད་རྒྱུའི་དུས་ཚོད་སྔ་དྲགས་འདུག་པས་སེམས་ཅན་མང་པོ་ཞིག་ད་དུང་གཞི་ནས་མར་ཉལ་རྒྱུ་རེད་ལ། ཉལ་ཚར་བ་དག་ཀྱང་ད་རུང་གཉིད་ཁུག་ཡོད་པ་མ་རེད་ཟེར་གིན་ཡོད། ཡིན་ན་ཡང་སྲམ་ལྤགས་སྤོང་དགོས་པའི་ཐད་ཞོགས་དུང་གིས་བྲིས་པ་ལྟ་བུར་དགའ་བསུ་ཡོད། ཡིན་ན་ཡང་ཞོགས་ཚོགས་ཀྱིས་ནང་ཆོས་ལ་འདོར་ལེན་ནམ་བདམ་གསེས་ཅི་ཡང་མེད་པར་ཧྲིལ་གྱིས་འདོར་དགོས་ཟེར་བཞིན་འདུག བོད་མི་སེར་སྐྱའི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡན་ཆོས་ལ་དད་པ་ཡོད་མཁན་རེད། དེ་དག་ལ་ཆོས་དག་རང་མོས་ཟེར་བ་ཞིག་ཡོད་པ་རེད་ལ། ཞོགས་དུང་གིས་དེ་དག་གི་ཆོས་དད་རང་མོས་ཀྱི་བསམ་བློར་བརྩི་འཇོག་བྱེད་དགོས་པ་རེད། རང་རང་གི་ངོས་ནས་ཆོས་དད་བྱེད་མི་བྱེད་སོ་སོའི་འདོད་པ་རེད། མི་གཞན་གྱི་ཆོས་དད་ཀྱི་བསམ་བློར་རྡོག་རྫིས་གཏོང་རྒྱུའི་ཐོབ་ཐང་དམངས་གཙོའི་རྒྱལ་ཁབ་དག་ཏུ་ཡང་ཡོད་པ་མ་རེད། ཁོ་ཚོའི་ཚོགས་པ་དེས་བོད་མི་དམངས་ཀྱི་ཆོས་དད་ཀྱི་བསམ་བློར་མཐོང་ཆུང་དང་རྡོག་རྫིས་བཏང་བ་རེད། དཔེར་ན་རྒྱ་མི་ཞིག་གིས་བོད་མི་ཞིག་གི་སྐེ་ནས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ས་ལ་དབྱུགས་ཏེ་དེའི་སྟེང་དུ་རྡོག་རྫིས་བཏང་ན་ག་འདྲ་རེད། ཞོགས་དུང་དཔུང་ཚོགས་ཀྱིས་ཀྱང་བོད་མི་ས་ཡ་དྲུག་གི་བསམ་བློའི་ནང་གི་སྟོན་པ་སངས་རྒྱས་དང་དེའི་ནང་ཆོས་ལ་དད་པའི་སྣང་བརྙན་དེ་དག་ས་ལ་དབྱུགས་ཏེ་དེའི་སྟེང་དུ་ཁོ་ཚོའི་རྐང་བ་ལྟ་བུའི་བདག་དཔེ་ཚོགས་ལ་རྡོག་རྫིས་གཏོང་དུ་འཇུག་གིན་ཡོད་པ་རེད། མ་རེད་དམ། ངས་ངོས་ནས་དམར་པོའི་ལྟ་གྲུབ་དང་ཞོགས་ཚོགས་ཀྱི་ལྟ་གྲུབ་གཉིས་ལ་ཁྱད་པར་ཅི་ཡང་མཐོང་གི་མི་འདུག གལ་སྲིད་ཁྱད་པར་ཆེན་པོ་ཞིག་འདུག་བསམས་པ་རེ་ཡོད་ན་ངོ་སྤྲོད་གནངས་དང་དགའ་བསུ་ཡོད། བློ་སྐྱེད་རེ་གང་ནས་རེག་ན་ཁྱད་པར་མེད།
ཞོགས་དུང་གི་ལྟ་གྲུབ་འདི་ན་བཤམས་ཡོད་ཀི
བག་ཆགས་དོང་སྤྲུགས།
ཞོགས་དུང་།
སྣོད་བཅུད་གཉིས་ཀྱིས་གྲུབ་པའི་འཇིག་རྟེན་འདི་ཅི་འདྲའི་ཕུན་སུམ་ཚོགས་པ་ཞིག་དང་།འཚོ་གནས་ཀྱི་ཕྱིར་དུ་མངོན་པར་རྒྱུག་པའི་མི་ཚེ་འདི་ཅི་ འདྲའི་མཚར་སྡུག་ལྡན་པ་ཞིག་རེད་ཨང་།གཡོལ་མི་ཐུབ་པའི་མཚར་སྡུག་གི་བསླུ་བྲིད་ དེས།ང་ཚོའི་འཚོ་གནས་ཀྱི་མོས་པ་སེམས་གཏིང་ནས་ཡང་དག་པར་བསླངས་ཤིང་།ང་ཚོའི་ འཚོ་གནས་ཀྱི་དྲན་ཤུགས་ཇེ་དྲག་ནས་ཇེ་དྲག་ཏུ་བསྐྱེད།འཚོ་གནས་ཙམ་པོ་བས་ང་ཚོའི་ ཞེ་འདོད་གཏན་ནས་སྐོང་མི་ཐུབ་ཅིང་།འཚོ་གནས་ཙམ་པོ་བས་ང་ཚོའི་བློ་ཡིད་ཀུན་ནས་ ཚིམ་མ་ནུས།
འུ་ ཚོ་མི་ཡུལ་འདིར་འཚོ་དགོས་ལ་གནས་ཀྱང་དགོས།སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ ཡུལ་འདིར།འུ་ཚོ་ཡུན་ནས་ཡུན་དུ་འཚོ་གནས་བྱ་ཕྱིར།དགྲ་འདྲེ་འཕུང་སྦྱོར་གྱི་ཡོ་ ལང་འཁྲུགས་པའི་བག་ཆགས་རྙིང་པར་མངན་བགྲང་ལ་མཚང་འབྲུ།གཡུལ་བཤམས་ལ་འཐབ་མོ་ སྦྲན།
འུ་ ཚོའི་འཕུང་དགྲ་དེ་ཡུལ་གཞན་ལ་བཙལ་རྒྱུ་མེད།འུ་ཚོའི་འཕུང་དགྲ་ནི་འུ་ཚོ་རང་ ཉིད་ཀྱི་བག་ཆགས་རྙིང་པ་ཡིན། བག་ཆགས་རྙིང་པས་ད་རེག་བར་དུ་འུ་ཚོའི་འཚོ་གནས་ཀྱི་སྲོག་དབུགས་ཚར་གཅོད་བཏང་ ནའང་། ད་ལྟ།ང་ཚོས་བག་ཆགས་རྙིང་པའི་རྩ་ལག་དང་བཅས་པ་བཅོམ་བརླག་བྱ་ཆེད།འགས་གཏོར་གྱི་ མདའ་ཁ་རང་སེམས་ལ་གཏོད་ཅིང་།ཕྱིར་རྒོལ་གྱི་དབུ་སྒོ་རང་ཉིད་ནས་རྩོམ།བག་ཆགས་ རྙིང་པའི་ངོས་ཀྱི་དགྲ་འདྲེ་འཕུང་སྦྱོར་གྱི་དཔུང་ཚོགས་དེ་དག་དབྱེ་ན་རིགས་དང་ རྣམ་གྲངས་མཐའ་ཡས་པ་ཡོད་སྲིད་ནའང་།ང་ཚོས་གནས་སྐབས་སུ་རིམ་པ་བཞི་རུ་ཕྱེས་ནས་ རེ་རེ་བཞིན་གཞོམ་གཞིག་གཏོང་དགོས་ཏེ།
རིམ་པ་དང་པོ། ཡ་ཐོག་ལྷ་འདྲེ་བག་ཆགས།
དང་ པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།།ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས།། དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ།།མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས།། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ།།ཡུལ་གྱི་མིང་ལ་བོད་ཡུལ་གླིང་དགུར་བཏགས།། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།།ཡུལ་མིང་བོད་ཁམས་སྤུན་དགུས་དབང་བྱས་ཏེ།། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།།ཞེས་པ་ལྟར་མཐོ་སྒང་གི་ཡུལ་འདི་རིམ་པ་ བཞིན་གནོད་སྦྱིན་དང་།བདུད་སྲིད།ཀླུ་བཙན།མ་སངས་སོགས་ཀྱིས་བཟུང་བར་རློམ་པའི་ ལོ་རྒྱུས་ཀྱི་བཤད་རྒྱུན་ནི་འུ་ཚོའི་མེས་པོ་རྣམས་ཀྱི་ཡ་ཐོག་ལྷ་འདྲེ་བག་ཆགས་ ཀྱི་ཐོག་མ་རེད།དེ་ནས་བཟུང་མི་མངོན་པའི་ཚུལ་དུ་འཚུབ་རྒྱུག་འདུར་བའི་ལྷ་ འདྲེའི་ཁྱུ་ཚོགས་གནམ་ས་བཀང་བ་བསྐྱེད་པ་སྟེ། གདོན་ཆེན་པོ་གསུམ་དང་། ལྷ་ཆེན་པོ་བཞི།འགོ་བའི་ལྷ་ལྔ།ལྷ་སྲིན་སྡེ་བརྒྱད།སྲིད་པ་ཆགས་པའི་ལྷ་དགུ། ཕྱོགས་སྐྱོང་བཅུ།བརྟན་མ་བཅུ་གཉིས།མགུར་ལྷ་བཅུ་གསུམ།ཕྱོགས་སྐྱོང་བཅོ་ལྔ། བྱིས་པའི་གདོན་ཆེན་བཅོ་ལྔ།གདོན་ཆེན་པོ་བཅོ་བརྒྱད་ཀྱིས་མཚོན་པའི་ལྷ་དང་གདོན་ གྱི་ཚོགས་ཐམས་ཅད་དང་།ཡུལ་ལྷ་གཞི་བདག་གི་ལྷ་ཚོགས།ཆོས་སྐྱོང་སྲུང་མའི་ལྷ་ ཚོགས། དཔའ་བོ་མཁའ་འགྲོའི་ལྷ་ཚོགས་སོགས་བློ་ཡུལ་དུ་ཤོང་དཀའ་བའི་ལྷ་འདྲེའི་ཁྱུ་ ཚོགས་ཀྱིས་དབང་བྱེད་པའི་བག་ཆགས་རྙིང་པ་དང་།ལྷ་དང་།ཀླུ་དང་།གཉན་དང་།མི་མ་ ཡིན་དང་།གནོད་སྦྱིན་དང་།སྲིན་པོ་དང་།ཤ་ཟ་དང་།བཙན་དང་།འབྱུང་པོ་དང་།ཡི་དྭགས་ དང་།མ་མོ་དང་།བདུད་དང་།གདོན་དང་།འདྲེ་དང་།དྲི་ཟ་དང་།རོ་ལངས་དང་།ཐེའུ་རང་ དང་།རྒྱལ་པོ་ལ་སོགས་པ་དང་།ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་།ཡེ་འབྲོག་སུམ་བརྒྱ་ དྲུག་ཅུ།བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ཀྱིས་ཁ་ལོ་སྒྱུར་བའི་བག་ཆགས་ རྙིང་པ།གཞན་ཡང་།ས་ལྷ་ཆུ་ལྷ་མེ་ལྷ་རླུང་ལྷ་ཁྱིམ་ལྷ་ལུས་ལྷ་དགྲ་ལྷ་ཐབ་ལྷ་ཟས་ ལྷ་སོགས་བསྟན་མེད་ཐོགས་མེད་ཀྱི་ལྷ་འདྲེ་གྲངས་མེད་འཁྲུག་པའི་བག་ཆགས་རྙིང་པ་ ནི་ཡ་ཐོག་ལྷ་འདྲེ་བག་ཆགས་ཡིན།བག་ཆགས་དེ་ཟབ་ཅིང་མཐུག་ལ་ སྲ་ཞིང་མཁྲེགས་པར་མ་ཟད།རྒྱ་ཆེ་ཞིང་ཡུན་རིང་བས་བག་ཆགས་རྙིང་པ་ཀུན་གྱི་རྨང་ གདན་དུ་གྱུར་ཡོད།བག་ཆགས་རྙིང་པའི་ཕུགས་ཀྱང་ཡ་ཐོག་ལྷ་འདྲེ་བག་ཆགས་འདི་ཡིན།
ཡ་ ཐོག་ལྷ་འདྲེ་བག་ཆགས་ནི་འགྲོ་བ་མིའི་ཤེས་རིག་མ་རྒྱས་གོང་གི་འཇིག་རྟེན་ལྟ་ ཚུལ་ཞིག་རེད།བག་ཆགས་དེ་འཛམ་གླིང་འདིའི་མི་རིགས་ཀུན་ལ་ཡོད་མྱོང་སྟེ།སྔོན་ རྒྱ་གར་གྱི་ཨརྱཎ་པ་རྣམས་ཀྱིས་ནམ་མཁའ་ནི་ཡབ་ལྷ་དྱོོ་བྱ་བ་དང་། ས་གཞི་ནི་ཡུམ་ལྷ་བྲྀཐ་བྱ་བ། དེ་བཞིན་རྒྱ་མཚོ་དང་། ཉི་མ། མེ།འཚུབ་མ།སྐྱ་རེངས་སོགས་རིམ་བཞིན་སུ་མུར་བྱ་བའི་ལྷ་དང་།སུརྱ་བྱ་བའི་ལྷ། ཨགྷི་བྱ་བའི་ལྷ།བཡུ་བྱ་བའི་ལྷ།མརུཏྲ་བྱ་བའི་ལྷ།ཨུཤ་བྱ་བའི་ལྷ་མོ་ཡིན་པར་ རློམ་པ་དང་།རིག་བྱེད་གཏམ་རྒྱུད་ན་ལྷ་ཚངས་པ་དང་།བརྒྱ་བྱིན། ཁྱབ་འཇུགདབང་ཕྱུག་སོགས་ལྷའི་འཁོར་ཚོགས་གང་མང་ཡོད་པ།གནའ་བོའི་ཀེ་རི་སེ་པས། ཨོ་ལེམ་ཕོ་སེ་རི་ན་ལྷའི་དབང་པོ་ཇོ་སིས་གཙོས་པའི་ཉི་མའི་ལྷ་ཨ་ཕོ་ལོན་དང་། འདོད་པའི་ལྷ་མོ་ཨ་ཧྥོ་རོ་ཏི་ཐི།དགྲ་ལྷ་ཨ་རོ་སི།ཟླ་བའི་ལྷ་མོ་ཨར་ཐི་མུ་སི། ཤེས་རབ་ལྷ་མོ་ཨ་ཧྥོ་རོ་ཏི་ཐི།ཟས་ལྷ་ཏི་མོ་ཐེར།མཚོ་ལྷ་ཕོ་སེ་ཏུང་།ཆང་ལྷ་ཏི་ ཨའོ་ཉི་སོ་སི།ཐབ་ལྷ་ཧི་ཞི་ཐི་ཡ(ཀེ་རི་སེའི་ཡི་གེ་མ་ཤེས་པས་ལྷའི་མཚན་མིང་ རྣམས་རེ་ཞིག་རྒྱ་ཡིག་གི་སྒྲ་འགྱུར་བ་ཡིན། ཀེ་རི་སེའི་སྐད་རྣལ་ མ་མཁྱེན་མཁན་སུ་ཡིན་ཀྱང་དྲང་ཐད་དུ་དག་ཕུད་ཆོག་པ་ཡིན།)སོགས་ལུས་སེམས་གང་ཡང་ མིའི་རྣམ་པ་ཅན་དུ་བཞེངས་པའི་ལྷ་རྣམས་དང་། རྒྱ་ནག་པ་རྣམས་ཀྱིས་གདོད་མའི་ལྷ་ཧྥུ་ཞི(伏羲)དང་། མིའི་བྱེད་པོའམ་གནམ་སའི་གོ་འབྱེད་མཁན་གྱི་ཡུལ་ལྷ་ཉི་ཝ(女娲)སེམས་ཅན་གྱི་མགོན་པོ་ཧོང་ཏིས(黄带)།ཟླ་བའི་ལྷ་མོ་ཁྲང་ཨི(嫦娥)སོགས་ བློས་བསླངས་བྱས་པའི་ལྷ་ཇི་སྙེད་ཅིག་ཡོད་པ་དང་ཀུན་ནས་མཚུངས།ཤེས་རིག་འཕེལ་ བའི་གོ་རིམ་དུ། ཡ་ཐོག་ལྷ་འདྲེ་བག་ཆགས་དེ་འགྲོ་བ་མིའི་རིགས་སྤྱི་ལ་ཆགས་མྱོང་བའི་ཐུན་མོང་གི་ གདོད་མའི་ལྟ་ཚུལ་ཞིག་རེད།ཡིན་ནའང་།ཤེས་རིག་དར་བའི་མི་རིགས་གཞན་དག་གིས་དུས་ སྔ་མོ་ནས་བཟུང་བག་ཆགས་རྙིང་པ་དེ་རིགས་རང་སེམས་ཀྱི་བས་མཐར་སྤྱུགས་ཚར་ན།འུ་ ཚོ་སུས་སྦྲིད་ཅིང་འཐོམས་པར་བྱས་པ་ཡིན།འུ་ཚོས་ཡུན་རིང་བཅོམ་བརླག་དང་གཏོར་ བཤིག་གཏོང་མ་ཐུབ་པའི་ཡ་ཐོག་ལྷ་འདྲེ་བག་ཆགས་ན།གནའ་བོའི་རྒྱ་གར་གྱིས་རྡོག་ བསྐྲད་བཏང་བའི་ལྷ་འདྲེ་དང་།རྒྱ་ནག་གིས་བས་མཐར་སྤྱུགས་པའི་ལྷ་འདྲེ།བལ་བོ་དང་ ཁ་ཆེ་སོགས་ནས་རྒྱང་ཕུད་བཏང་བའི་ལྷ་འདྲེ།དེ་མིན་ཡུལ་གྲུ་གཞན་དང་གཞན་ནས་བླུས་ ཤིང་ཁྲིད་པའི་ལྷ་འདྲེ་ཡ་མ་གཟུགས་སྣ་ཚོགས་ཡོད།ཁོ་ཚོས་གར་འགྲོ་གར་འདུག་ལ་ གཏོལ་གང་ཡང་མ་རྙེད་པས་འཕྲལ་ལེ་འཕྲུལ་ལེ་དང་།ཡ་ག་ཡོག་གེ།རྫ་ན་རྫུན་ནེ།རྫ་ས་ རྫུས་སེའི་ངང་ལ་གངས་རིའི་འདབས་འདིར་རུལ་དྲི་ལ་སྦྲང་ཐལ་ཇི་བཞིན་འདུ་རུབ་བྱས། འུ་ཚོས་ད་དུང་སྣང་ཚུལ་དེ་བསྟན་ནས་ངེད་ཅག་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཡོད་ ཅེས་ངོམ་སོར་འཁྱེར་བཞིན་པ་འདི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།
དོན་ དངོས་སུ།ལྷ་འདྲེ་དེ་དག་གསོན་ཤུགས་རྒྱས་སུ་འཇུག་མཁན་འུ་ཚོ་རང་རེད།འུ་ཚོ་ གདོད་མའི་བག་ཆགས་རྙིང་པའི་ལུང་གི་རྗེས་སུ་འབྲངས་ནས་ངོས་འཛིན་ཇི་འདྲ་བྱས་ མེད་རྒྱུ་ན། ཁོ་ཚོའི་དབང་ཤེད་དང་དཔུང་ཤུགས་དེ་འདྲ་ཅི་ལྟར་རྒྱས། འུ་ཚོས་ཁོ་ཚོ་ད་རེག་བར་དུ་གསོས་ཤིང་བཀུར། གལ་སྲིད་ཁོ་ཚོའི་གཟུགས་པོ་འུ་ཚོའི་མིག་གི་སྤྱོད་ཡུལ་དུ་འགྱུར་བ་ཡིན་ན།ཁོ་ ཚོ་གཅིག་ལས་གཅིག་ལྷག་ཚོན་པོ་རྒྱགས་པ་རྐྱང་རྐྱང་ཡིན་རྒྱུ་རེད།རྒྱུ་མཚན་ནི། འུ་ཚོས་མཆོད་བཀུར་གྱི་ཆོ་ག་ཆེ་ཆུང་གང་ལའང་ཁོ་ཚོར་བཟའ་བཏུང་གི་ཡང་ཕུད་ཀྱིས་ མཆོད་ཅིང་བཟའ་བཏུང་གི་ཉིང་བཅུད་ཀྱིས་གསོལ་བས་སོ།།
འཇིག་རྟེན་གྱི་འཚོ་བ་ནི་མིའི་འཚོ་བ་ཡིན་ཕྱིར།དཀའ་སྡུག་མྱོང་མཁན་མི་ཡིན་ལ་སྐྱིད་པོ་གཏོང་མཁན་ཡང་མི་ ཡིན།མིའི་འཚོ་གནས་ཀྱི་རྒྱལ་ཕམ་རྩོད་པའི་འཇིག་རྟེན་འདིར།ལྷ་འདྲེའི་ཁྱུ་ཚོགས་ ཅིའི་ཕྱིར་དུ་འཚང་ཁ་རྒྱག་པ་ཡིན།མིའི་བདེ་སྡུག་ལ་ཁ་ཚོས་ཏིལ་འབྲུ་ཙམ་གྱི་རྔོ་ ཡང་མི་ཐོགས་ན་འུ་ཚོས་ལྷོད་པ་མེད་པར་ཁོ་ཚོའི་ཁ་སྐེ་ཚུར་འཐེན་དོན་ཅི་ཡིན།
རིམ་པ་གཉིས་པ། ཡ་ཐོག་ཤེས་རིག་བག་ཆགས།
ཕྱྭ་ གཤེན་ཐེག་པ་གཏོ་དཔྱད་ཇུ་ཐིག་དང་།།མོ་པྲ་དབྱངས་འཆར་རྩིས་དང་སྨན་ལ་སོགས།།ཞེས་ པ་ལྟར།ལྷ་ཕྱྭ་དང་།ཁྱིམ་ཕྱྭ།མགྲོན་ཕྱྭ།གྲོགས་ཕྱྭ།སྲོག་ཕྱྭ།སྲིད་ཕྱྭ།གདོན་ ཕྱྭ།ཚོང་ཕྱྭ།ལམ་ཕྱྭ་སོགས་ཕྱྭ་གཡང་འགུགས་པའི་རིག་པ་དང་། འགལ་བ་ནས་མཐུན་པ་དང་། ཉེས་པ་ནས་ལེགས་ པ། མི་དགེ་བ་ནས་དགེ་བ། ལྟས་ངན་པ་ནས་བཀྲ་ཤིས་པ། རྐྱེན་ངན་ནས་ཕུན་ཚོགས་སུ་བགྲོད་པར་བྱེད་པའི་ཀླུང་རྟའི་རིག་པ།སྐྱེ་འགྲོའི་ ལུས་སྲོག་ལ་འཚེ་ཞིང་བར་དུ་གཅོད་པའི་ལྷ་ཀླུ་གཉན་བཙན་བསྐང་ཞིང་དགྱེས་བྱེད་ ཀྱི་མདོས་དང་གླུད་ཀྱི་རིག་པ།སྐྱེས་བུའི་བླ་ཉམས་པ་དང་ཡར་བ་དང་སྟོར་བ་དང་ བྲོས་པ་དང་འཁྱམས་པ་དང་འཕྲོག་པ་དང་བརྐུས་པ་དང་བཀུག་པ་དག་ཕྱིར་བསླུ་ཞིང་། གཤིན་གསོན་ཀུན་ལ་ཟ་འདྲེ་དང་ཤི་གཤེད་ཀྱི་གནོད་འཚེ་འགོག་པའི་བླ་བསླུ་དང་གཤེད་ འདུལ་ གྱི་རིག་པ།ལྷ་མི་ཀླུ་གཉན་དག་ལ་དམེ་རྨུགས་མནོལ་གྲིབ་ཐན་ལྟས་བྱུར་ཡུགས་མི་ གཙང་བས་འབགས་པ་སེལ་ཅིང་བསང་བ་སེལ་བསང་ཚན་ཁྲུས་ཀྱི་རིག་པ།ས་བདག་ཀླུ་གཉན་ བདུད་བཙན་མ་མོ་གཤིན་རྗེ་བརྟན་སྐྱོང་རྣམས་ལ་ཕོག་ཐུག་དང་འགྲམས་འཁྲུགས་སུ་ཤོར་ བ་ཞི་ཞིང་།བྱད་ཁ་དང་ཕུར་ཁ་དང་རྦོད་གཏོང་དང་མནན་གཏད་སོགས་ལས་འགྲོལ་བྱེད་ དབྱིངས་ཀྱི་ལྷ་ཚོགས་མཆོད་པའི་རིག་པ་དང་།མཁི་དབལ་མོ་བསྐངས་བའི་རིག་པ།ཀློང་ གི་དམ་ཅན་བརྟེན་པའི་རིག་པ།ས་བདག་ཀླུ་གཉན་བཅོས་པའི་གཏོ་དཔྱད་ཀྱི་རིག་པ་སོགས་ དང་།སྐྱེས་བུའི་བླ་སྲོག་དང་འབྱུང་ཁམས་ཀྱི་འབྲེལ་བ་སྟོན་ཞིང་།ལེགས་སྤེལ་ཉེས་ སེལ་གཏན་ལ་འབེབས་པའི་གབ་རྩེ་དང་ཇུ་ཞག་གི་རིག་པ། ལོ་ཟླ་དང་གཟའ་སྐར་གྱི་ལེགས་ཉེས་བརྩི་བའི་སྨེ་བ་དང་སྤར་ཁའི་རིག་པ།བཟང་ངན་དང་ ཕན་གནོད་ཀྱི་ལྐོག་གྱུར་སྟོན་པའི་ཇུ་ཐིག་གི་རིག་པ།དཀར་དམར་གསུར་གྱི་མཆོད་ སྦྱིན་རིག་པ་རྣམས་དང་།ཡང་ན།བདག་སྐྱེས་པའི་སྐྱེས་སྐར་དང་།བདག་རྒ་བའི་བདེ་ སྡུགབདག་འཆི་བའི་ལམ་བུ།དེ་མིན་རུ་གཞན་དུ་སྤོ་སའི་གནས་དང་།ཡུལ་བྱེས་སུ་གྱེར་ བའི་དུས།ཞིང་མཐོང་ཁ་འབྱེད་པའི་ཉིན།ཁྱིམ་གཞི་མཁར་རྡུང་སའི་ས།ཟོག་བོར་སྟོར་ བྱུང་བའི་ཕྱོགས། ཆས་གཡོར་བསྐྱི་བགྱི་བའི་གཡང་།ད་དུང་ས་རྐོ་རྡོ་སློག་གི་བཟོ་བཀོད་རྩོམ་པ་ནས་ དབུ་སྐྲ་གསིལ་ལེན་གྱི་འདུ་བྱེད་སྐྱོང་བའི་བར་གྱི་བྱ་དངོས་ཆེ་མ་ཆུང་གསུམ་ མཐའ་དག་ལ་མོ་འདེབས་པ།ཕྲ་འབེབས་པ།རྩིས་རྒྱག་པ།ལྷ་འབེབས་པ།རྨི་ལམ་དང་སྣང་ མཐོང་རྟེན་འབྲེལ་བརྟག་པའི་ཡ་ཐོག་ལྷ་ཆོས་རིག་པ་དང་། ཡ་ཐོག་ཀླུ་ཆོས་རིག་པ། ཡ་ཐོག་འདྲེ་ཆོས་རིག་པ་སོགས་ནི་ཡ་ཐོག་ཤེས་རིག་བག་ཆགས་རེད།
ཡ་ཐོག་ཤེས་རིག་བག་ཆགས་འདི་ཡ་ཐོག་ལྷ་འདྲེ་བག་ཆགས་ལ་ལྟོས་ནས་བྱུང་བས་འདི་ཡང་རྩ་བ་སྦོམ་ལ་ཡལ་ག་སྟུགའུ་ ཚོའི་བག་ཆགས་ངོས་ཀྱི་ཡ་ཐོག་ཤེས་རིག་འདི་གནོན་ཤུགས་ཆེ་ཞིང་དབང་ཤེད་བཙན་ཕྱིར་ འུ་ཚོའི་སྔ་མ་རྣམས་ཀྱི་བློ་རིག་ལ་རང་དབང་ཏོག་ཙམ་མ་བྱིན་ཞིང་།ཤེས་རིག་གསར་ པའི་གཡོ་འགུལ་གང་ལའང་གཟུར་བ་མེད་པའི་འབུར་འཇོམས་རི་རབ་ཇི་བཞིན་ལྕི།ཇི་སྲིད་ ཡ་ཐོག་ཤེས་རིག་བག་ཆགས་མ་དོར་བ་དེ་སྲིད་དུ་འཇིག་རྟེན་པའི་བདག་གི་ལང་ཚོ་རྒྱས་ མི་ཐུབ་ཅིང་།ཇི་ སྲིད་འཇིག་རྟེན་པའི་བདག་གི་ལང་ཚོ་མ་རྒྱས་པ་དེ་སྲིད་དུ་ཤེས་རིག་གསར་པའི་མྱུ་ གུའང་འབུས་མི་ཐུབ།ཇི་སྲིད་ཤེས་རིག་གསར་པའི་མྱུ་གུ་མ་འབུས་པ་དེ་སྲིད་དུ་དཔལ་ ཡོན་དང་སྟོབས་འབྱོར་དང་མཚར་སྡུག་ཅེས་པའང་མིང་གི་ལྷག་མ་ཙམ་རེད།གང་ཞིག་ཡ་ཐོག་ ཤེས་རིག་བག་ཆགས་ཇི་ལྟར་མཐུག་ན་དེ་ལྟར་རྗེས་སུས་ཡིན་ཞིང་།གང་ཞིག་རྗེས་ལུས་ ཇི་ལྟར་ཡིན་ན་དེ་ལྟར་ཡ་ཐོག་ཤེས་རིག་གི་བག་ཆགས་ཟབ་པ་ཡིན།
ཡུལ་ འདིར།གཞན་གྱི་ཁ་རྗེ་དང་བསོད་ནམས་དང་ཀླུང་རྟ་དང་དབང་ཐང་དང་དཔལ་ཁ་དང་ཕྱྭ་གཡང་ རྣམས་སྤེལ་ཅིང་།ཆག་ཆེ་དང་ཉམ་ང་དང་ནད་ཡམས་དང་གོད་ཁ་དང་ལྟས་ངན་དང་རྟགས་ངན་དང་ བསམ་ངན་དང་སྨེ་བ་ངན་པ་དང་སྤར་ཁ་ངན་པ་དང་ཡས་ཀྱི་བདུད་དང་མས་ཀྱི་སྲི་དང་ཀག་ དང་ཕུང་སྲི་ལངས་པ་ཡོད་རྒུ་བསྐྲད་ཅིང་བཟློག་གི་ཡིན་ཟེར་མཁན་གྱི་ལྷ་པ་དང་། མོ་པ། རྩིས་པ། པྲ་པ།ལུང་སྟོན་མཁན།ཆོ་འཕྲུལ་སྟོན་མཁན།རྫུ་འཕྲུལ་སྟོན་མཁན།སྒྱུ་མཁན་སོགས་ གཡོ་སྒྱུ་ཁྲམ་གསུམ་དང་རྫུ་འཕྲུལ་རྫུན་གསུམ་ཆེ་བའི་ཁྱུ་ཚོགས་རྣམས་ཀྱི་ལས་ སྒོ་ཡོད་ཚད་དུས་རབས་དང་ལོ་རྒྱུས་རླབས་རྒྱུན་གྱི་འཕེལ་འགྲིབ་གང་གི་ཁྲོད་ དུའང་གཞོམ་གཞིག་ནུབ་གསུམ་གྱི་འགྱུར་བ་ཅི་ཡང་མེད་པའི་ཁར་ད་དུང་མ་ཉམས་དར་མུས་ ཡིན་པ་འདི་ཡང་འུ་ཚོ་རང་ཉིད་ལན་པ་མིན་ནམ་སུ་ལན་པ་ཡིན།
རིམ་པ་གསུམ་པ། དམ་པ་ལྷ་ཆོས་བག་ཆགས།
སེམས་ ཅན་རྣམས་ནི་སངས་རྒྱས་ཉིད།།འོན་ཀྱང་གློ་བུར་དྲི་མས་བསྒྲིབས།།དྲི་མ་དེ་བསལ་ སངས་རྒྱས་དངོས།།ཞེས་པ་ལྟར།དམ་པ་ལྷ་ཆོས་ཀྱི་གཞུང་ཤིང་ནི་སེམས་རེད།སེམས་ཀྱི་ ངོ་བོ་འོད་གསལ་བའི་ཆ་དེ་རང་སར་གྲོལ་བ་ལ་དང་པོ་སྐྱབས་འགྲོ་ནས་བཟུང་སྟེ་མཐར་ ཐུག་རྫོགས་པའི་སངས་རྒྱས་ཀྱི་བར་དུ་འཁོར་བའི་རྩ་བ་མ་རིག་པ་དང་།བདེན་པ་གཉིས། སྒྲིབ་པ་གཉིས།བདག་མེད་གཉིས།ཚོགས་གཉིས།ཐེག་ཆེན་གཉིས་དང་།དུག་གསུམ།ཤེས་རབ་ གསུམ།ཐེག་པ་གསུམ།བསླབ་པ་གསུམ་དང་།སྦྱིན་པ་བཞི།བདེན་པ་བཞི།ལྟ་བ་བཀར་བཏགས་ བཞི།ཚད་མེད་བཞི་དང་།ཉོན་མོངས་ལྔ།སྒྲིབ་པ་ལྔ།ལམ་ལྔ།ཡེ་ཤེས་ལྔ།སྐུ་ལྔ་དང་།ཕ་ རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་དྲུགཕར་ཕྱིན་དྲུགརྩ་ ཉོན་དྲུག་དང་།འཕགས་པའི་ནོར་བདུན། ཡན་ལག་བདུན། རྒྱུ་འབྲས་མན་ངག་བདུན། ཆེན་པོ་བདུན་དང་། ཞུགས་གནས་བརྒྱད།དངོས་པོ་བརྒྱད།འཕགས་ལམ་ཡན་ལག་བརྒྱད།རིག་གྲོལ་ཡོན་ཏན་བརྒྱད་ དང་།སྙོམས་འཇུག་དགུ།བསམ་གཏན་ས་དགུ།བསྟན་བཅོས་དགུ་དང་།དགེ་བ་བཅུ།མི་དགེ་བ་ བཅུ།སྤང་བྱ་ཡན་ལག་བཅུ།ཆོས་སྤྱོད་བཅུ།མཉམ་ཉིད་བཅུ་དང་།བྱང་ཆུབ་སེམས་དཔས་ སེམས་ཅན་གྱི་དོན་བྱ་ཚུལ་བཅུ་གཉིས།རྟེན་འབྲེལ་ཡན་ལག་བཅུ་གཉིས།སྐྱེ་མཆེད་བཅུ་ གཉིས།སྦྱངས་པའི་ཡོན་ཏན་བཅུ་གཉིས།གསུང་རབ་ཡན་ལག་བཅུ་གཉིས་དང་།དགེ་སློང་གི་ སྤང་བྱ་ལྷག་མ་བཅུ་གསུམ།ཐེག་ཆེན་གྱི་ས་བཅུ་གསུམ་དང་།དམ་ཚིག་བཅུ་བཞི། ས་བཅུ་བཞི་དང་།ལམ་བཅོ་ལྔ།ཉན་ཐོས་ཀྱི་ཡོན་ཏན་བཅོ་ལྔ་དང་།སྟོང་ཉིད་བཅུ་དྲུགབདེན་བཞིའི་རྣམ་པ་བཅུ་དྲུགམཐོང་ ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་དང་།གཞི་བཅུ་བདུན། ཡུམ་སྲས་བཅུ་བདུན།ས་བཅུ་བདུན་དང་།ཁམས་བཅོ་བརྒྱད།སྟོང་ཉིད་བཅོ་བརྒྱད།བྱང་ ཆུང་སེམས་དཔའི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་།ཉེ་ཉོན་ཉི་ཤུ་དང་།ས་ཉེར་ གཅིགསེམས་བསྐྱེད་ཉེར་གཅིག བཏགས་ གྲོལ་ལས་བྱུང་བའི་ཡེ་ཤེས་ཉི་ཤུ་རྩེ་ལྔ་དང་།བྱང་ཕྱོགས་སོ་བདུན་དང་། ཆོས་བརྒྱད་དང་།བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སོགས་བསླབ་པར་བྱ་བ་ དང་།ཤེས་པར་བྱ་བ་དང་། རྟོགས་པར་བྱ་བ་དང་།སྦྱང་བར་བྱ་བ་དང་། མྱང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། འབྱང་བར་བྱ་བ་དང་། ཆུབ་པར་བྱ་བ་དང་།གཞུག་པར་བྱ་བ་དང་།བསམ་པར་བྱ་བ་དང་།བསྒོམ་པར་བྱ་བ་དང་།གོམས་ པར་བྱ་བ་དང་།བརྩོན་པར་བྱ་བ་དང་།གཞོམ་པར་བྱ་བ་དང་།དགག་པར་བྱ་བ་དང་།སྤང་བར་ བྱ་བ་དང་།འདོར་བར་བྱ་བ་དང་།ཡང་དག་པར་རྫོགས་པར་བྱ་བའི་ཆོས་མཐའ་ཡས་ཡོད་ཅིང་། ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོ་ལ་ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་ རྩ་བཞི་གསུངས་པའི་དམ་པ་ལྷ་ ཆོས་ཀྱི་རིག་གནས་འདི་ཡང་འུ་ཚོའི་བག་ཆགས་རྙིང་པའི་གྲུབ་ཆ་ཞིག་རེད།སྐུའི་ཡོན་ ཏན་མཚན་དཔེ་བརྒྱད་དང་བཅུ་གཉིས།གསུང་གི་ཡོན་ཏན་ཚངས་དབྱངས་ཡན་ལག་དྲུག་ཅུ། ཐུགས་ཀྱི་ཡོན་ཏན་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིགཡོན་ཏན་དང་འཕྲིན་ལས་བསམ་ གྱིས་མི་ཁྱབ་པའི་བདག་ཉིད་ཅན་ནམ།ཇི་ལྟར་ཇི་སྙེད་གཟིགས་ཤིང་ཐམས་ཅད་མཁྱེན་པའི་ ངོ་བོ།སྒྲིབ་གཉིས་བག་ཆགས་དང་བཅས་སྤངས་པའི་ཤེས་པའམ་རྟོགས་པའི་གོ་འཕང་ནི་དམ་ པ་ལྷ་ཆོས་ཀྱི་དམིགས་ཡུལ་མཐར་ཐུག་རེད།དམིགས་ཡུལ་དེ་ཆོས་པའམ་ཐར་པ་སྒྲུབ་མཁན་ ཚོའི་མཐོ་སྙེག་བྱ་ཡུལ་ཅིག་ཡིན་པ་ལས་འཇིག་རྟེན་པའམ་འཚོ་གནས་འབུངས་མཁན་ཚོས་ དོན་དུ་གཉེར་བྱ་ཞིག་མིན།དམ་པ་ལྷ་ཆོས་ཀྱིས་འབྲི་བཞེངས་བྱས་པའི་སྣོད་བཅུད་ ཀྱི་འཇིག་རྟེན་པའམ་འཚོ་གནས་འབུངས་མཁན་ཚོས་དོན་དུ་གཉེར་བྱ་ཞིག་མིན།དམ་པ་ལྷ་ ཆོས་ཀྱིས་འབྲི་བཞེངས་བྱས་པའི་སྣོད་བཅུད་ཀྱི་འཇིག་རྟེན་དེ་ནི་སྡུག་བསྔལ་མེད་ པའི་མཐར་ཐུག་དང་བདེ་བ་ལྡན་པའི་མཐར་ཐུག་གི་འཇིག་རྟེན་བླ་ན་མེད་པ་གོང་ན་མེད་ པ་བླ་མའི་ཡང་བླ་མར་གྱུར་པའི་འཇིག་རྟེན་ཞིག་རེད།དེ་ནི་ཞི་བདེ་ཚད་མེད་ཅིང་། མཉམ་གནས་ཚད་མེད་པ།རང་དབང་ཚད་མེད་པ།ཐོབ་ཐང་ཚད་མེད་པའི་རབ་ཀྱི་འཇིག་རྟེན་ཞིག་ དང་།ཕུལ་གྱི་འཇིག་རྟེན་ཞིགགྱ་ནོམ་པའི་འཇིག་རྟེན་ཞིག ཕུན་སུམ་ཚོགས་པའི་འཇིག་རྟེན་ཞིགཡང་དག་པའི་འཇིག་རྟེན་ཞིགཡང་རབ་ཀྱི་འཇིག་རྟེན་ཞིགརྩེ་མོའི་འཇིག་རྟེན་ཞིགཤིན་ཏུ་རང་བྱུང་ཆེན་པོའི་འཇིག་རྟེན་ཞིག་ཡིན་ནའང་།སེམས་ ཅན་འཚོ་གནས་འགྲན་རྩོད་ཆེ་བའི་འཇིག་རྟེན་འདིར་སྡིག་པ་ཅི་ཡང་མི་བྱ་མཁན་དང་། དགེ་བ་ཕུན་སུམ་ཚོགས་པ་སྒྲུབ་མཁན།རང་གི་སེམས་པ་ཡོངས་སུ་འདུལ་མཁན་གྱི་སེམས་ ཅན་ཉིན་མོའི་སྐར་མ་ལྟར་ཤིན་ཏུ་དཀོན་པས་རང་བྱུང་ཆེན་པོའི་འཇིག་རྟེན་དེ་ འབྱུང་འགྱུར་སྨོན་པ་གཏོང་ས་ཙམ་ལས་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་སླེབས་ དཀའ།གལ་ཏེ་སྲིད་པ་འདི་དམ་པ་ལྷ་ཆོས་ཀྱི་བློས་བསླངས་པའི་བདེ་ལྡན་གྱི་འཇིག་རྟེན་དེ་ལྟ་བུ་ཆགས་ཐུབ་ན།བདེ་བ་ཅན་ཞེས་པ་ལོགས་སུ་བཙལ་རྒྱུ་མེད་དེ་ཁོ་རང་རེད།བློ་དཀྱེལ་དེ་ཇི་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད་ཨང་།ཡིན་ནའང་།དམ་པ་ལྷ་ཆོས་ཀྱི་ཐུགས་སྨོན་ཅི་ཙམ་མཛེས་སྡུག་ལྡན་ཞིང་འུ་ཚོའི་འདུན་པ་དེ་ཙམ་ཡིད་དུ་འོང་ནའང་།ཚད་ངེས་ཅན་གྱི་ཐོག་ནས་བཤད་ན།ས་སྒང་འདིར་བཙན་པོ་གཉོམ་ཆུང་ལ་སྡང་།ཕྱུག་པོ་དབུལ་བོ་ལ་སྡང་།དཔའ་བོ་སྡར་མ་ལ་ལྡང་།མཐོ་བ་དམན་པ་ལ་སྡང་།སྟོབས་ཅན་ཉམ་ཆུང་ལ་སྡང་།འཁོས་ཞན་དང་གཉོམ་ཆུང་དང་ནུས་མེད་དང་འབྱོར་མེད་དང་ཤུགས་མེད་རྣམས་ནི་ནམ་ཡང་སྡུག་གྱོང་མྱོང་མཁན་དང་སྐལ་ཆད་པ་རྐྱང་རྐྱང་རེད།དེ་ ནི་སྣོད་བཅུད་འཕེལ་འགྱུར་གྱི་ཆོས་ཉིད་ཡིན་པ་ལས་ཁས་ལེན་འཛིན་མིན་གྱི་ཁྱད་པར་ མིན།ཁྱོད་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་ཇི་བཞིན་ཁས་བླངས།ངེས་འབྱུང་བྱང་ཆུབ་ཀྱི་སེམས་བསྐྱེད།ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས།ཀུན་ལ་ཚད་མེད་པ་བཞི་བསྒོམས།སེམས་ཅན་རྣམས་རང་གི་མ་ལྟར་གཅེས།བདེན་པ་བཞིའི་ཟབ་དོན་ཇི་བཞིན་རྟོགས་ནའང་།འཇིག་རྟེན་འདིའི་སེམས་ཅན་གཞན་དང་གཞན་རྣམས་བསྡད་ཀྱིན་བསྡད་ཀྱིན་འདོད་རྔམ་སྟག་ལྟར་འཕྱོ།བདག་འཛིན་སྤྱང་ལྟར་འཇབ།ཞེ་སྡང་འབྲོང་ལྟར་ངར།འཁོན་འཛིན་ཁྱི་ལྟར་ཟུགསྲེད་པ་ཕག་ལྟར་ཉལ།གཡོ་སྒྱུ་ཝ་ལྟར་རྒྱུ།དེ་དག་གི་ཁ་རྩ་ན་འཇིག་རྟེན་འདིའི་ཕུན་ཚོགས་ལོངས་སྤྱོད་ཅི་ཡང་མི་མཁོ་ཟེར་བའི་འཚོ་གནས་པ་ཁྱོད་ཀྱི་ཐར་ས་གང་ཡིན།ཡང་གཅིག་བཤད་ན།འཚོ་གནས་ཀྱི་ཕྱིར་དུ་རྒྱུག་པའི་གྲོང་ཁྱིམ་པ་ཁྱོད་ཚོས་ཆོས་པའི་རྣམ་འགྱུར་ལ་ལད་མོ་བྱེད་དོན་མེད་ག
རིམ་པ་བཞི་པ།དཔེ་ལུགས་དང་གོམས་སྲོལ་བག་ཆགས།
འུ་ཚོའི་ཀུན་གཞི་ན་ཕན་ལས་གནོད་ཆེ་བའི་དཔེ་ལུགས་དང་གོམས་སྲོལ་རྙིང་པའི་བག་ཆགས་གང་ཇི་སྙེད་ཅིག་མཆིས་ཏེ།དཔེར་ན།ཡོན་ཏན་མི་གཙོ་རིགས་རུས་གཙོ་བའི་དཔེ་སྲོལ་དང་།འཇོན་ཐང་མི་གཙོ་ཐོབ་ཐང་གཙོ་བའི་དཔེ་སྲོལ།བསླབ་པ་མི་གཙོ་བགྲེས་པོ་གཙོ་བའི་དཔེ་སྲོལ།ཤེས་རིག་མི་གཙོ་གོམས་སྲོལ་གཙོ་བའི་དཔེ་སྲོལ།གནས་ལུགས་མི་གཙོ་ལུང་བསྟན་གཙོ་བའི་དཔེ་སྲོལ།དངོས་སྟོབས་མི་གཙོ་བཤད་རྒྱུན་གཙོ་བའི་དཔེ་སྲོལ།ཚི་དྲེག་ཆེ་བ་ན་བསོད་ནམས་ཡིན་ཟེར་བའི་དཔེ་སྲོལ།ཤིག་འབུ་མང་ན་ཚོགས་གསོག་ཡིན་ཟེར་བའི་དཔེ་སྲོལ།ཆེ་བར་འཕྲད་ན་ལྕེ་བསྣར་རྐུབ་འཕུར་གྱི་དཔེ་སྲོལ།བྱ་དངོས་ཀུན་ལ་ལས་ཀྱིས་འགྲེལ་བའི་དཔེ་སྲོལ།འགྲོ་འདུག་ཐམས་ཅད་རྟེན་འབྲེལ་བརྟག་པའི་དཔེ་སྲོལ།བློ་གཏད་མིན་ལ་མགོ་བོ་འདོགས་པའི་དཔེ་སྲོལ།བཙན་དང་ཆེན་པོར་ཁ་གསག་སྨྲ་བའི་དཔེ་སྲོལ།རྒྱུ་མཚན་མེད་པར་རང་སྣང་སྐྱིད་པའི་དཔེ་སྲོལ།རྒྱུ་རྐྱེན་མེད་པར་གླུ་ཡིས་བཟི་བའི་དཔེ་སྲོལ།བྱིས་པའི་གཉེན་དོན་ཕ་མས་སྒྲིག་པའི་དཔེ་སྲོལ།སྒྲིག་དང་ཁྲིམས་ལ་ཇི་མི་སྙམ་པའི་དཔེ་སྲོལ།ཆགས་པའི་འཁྲིག་པ་འཆལ་བོར་སྤྱོད་པའི་དཔེ་སྲོལ།སྲམ་ དང་གཡུ་བྱུར་འདོགས་ཆར་དགའ་བའི་དཔེ་སྲོལ་སོགས་ཡོན་ལས་སྐྱོན་ཆེ་བའི་དཔེ་ལུགས་ དང་གོམས་སྲོལ་སྣ་དགུས་ཁེངས་པའི་བག་ཆགས་རྙིང་པ་དེ་རྣམས་ནི་རིང་ནས་རིང་དུ་ འདོར་བྱ་ཉིད་དོ།།
གཞན་ཡང་།མགོ་བོ་ཡོད་ཀྱང་ཀླད་པ་མི་སྤྱོད་པའི་རང་གཤིས་དང་།རྒོད་པོ་མགོ་ལ་ཐུར་མདའ་མེད་པའི་རང་གཤིས།ཕྱི་ལ་སྡར་ཞིང་ནང་ལ་བཙན་པའི་རང་གཤིས།བཙན་པོར་གཉོམ་ཞིང་གཉོམ་ལ་བཙན་པའི་རང་གཤིས།ཕྲག་དོག་ཆེ་ཞིང་རུ་ང་སྐྱེན་པའི་རང་གཤིས།ཆུང་ངུ་ཙམ་གྱིས་ཡིད་ཚིམ་སླ་བའི་རང་གཤིས།ཕག་པ་ལྟ་བུའི་ལེ་ལོ་ཆེ་བའི་རང་གཤིས།རི་དྭགས་ལྟ་བུའི་སོས་དལ་བག་ཕེབས་རང་གཤིས།འདོད་པ་ཆུང་ལ་ཆོག་ཤེས་ཆེ་བའི་རང་གཤིས།སྤྱི་ཡི་དོན་རྣམས་ཡལ་བར་འདོར་བའི་རང་གཤིས།རང་གི་དོན་ལ་འཆར་གཞི་མེད་པའི་རང་གཤིས།བྱས་པའི་ལས་ལ་ས་ཆོད་མེད་པའི་རང་གཤིས།ནང་དམེ་གྱོད་ལ་བག་མི་ཚར་བའི་རང་གཤིས།བཟང་ངན་ཀུན་ལ་རྟོག་དཔྱོད་མེད་པའི་རང་གཤིས།ཕྲན་བུའི་ཕྱིར་དུ་བླ་སྲོག་འཚོང་བའི་རང་གཤིས།ཧ་མ་ཧོལ་ལ་ཟེར་རྗེས་འབྲངས་པའི་རང་གཤིས།ཐུན་མོང་རྒྱུ་ལ་ཧབ་ཤ་རྒྱག་པའི་རང་གཤིས།རྫ་སེ་རྫ་སེར་དད་པ་ཆེ་བའི་རང་གཤིས།འཕྲལ་ལེ་འཕྲུལ་ལེར་དགའ་བོ་ཡོད་པའི་རང་གཤིས།གཡོ་དང་སྒྱུ་ལ་དོགས་སློང་བྲལ་བའི་རང་གཤིས།ཁྱི་དང་ཕག་གི་རྣམ་ཐར་སྐྱོང་བའི་རང་གཤིས་སོགས་འུ་ཚོ་ཐུར་འདྲེན་གྱི་གཏིང་རྡོ་ལྟ་བུའི་རང་གཤིས་འདི་རྣམས་ཀྱང་ཁད་དང་ཡུན་གྱིས་བཅོས་སྒྱུར་བྱ་བའི་ཆོས་ཁོ་ན་རེད།
དཔེ་ སྲོལ་དང་རང་གཤིས་མི་རིགས་གང་ལའང་ཐུན་མིན་དུ་ཡོད། དཔེ་སྲོལ་དང་རང་གཤིས་ནི་མི་རིགས་གང་ཡིན་དེའི་རིག་གནས་ཀྱི་གྲུབ་ཆ་ཞིག་རེད། དེ་ལས་མི་རིགས་དེའི་བློ་ཁོག་དང་།སྤོབས་པ་དང་།སྙིང་སྟོབས་དང་།རང་བཞིན་དང་། རྒྱུད་སྤུས་དང་།དགའ་བ་དང་།མོས་པ་དང་། འདུན་པ་དང་།ཞེ་འདོད་སོགས་ཤེས་ཐུབ་པ་ཡིན།འུ་ ཚོའི་བག་ཆགས་ངོས་ཀྱི་འབག་རྫོབ་ཆེ་བའི་དཔེ་ལུགས་སྐྱོན་ཅན་དང་།གོམས་སྲོལ་ སྐྱོན་ཅན།འཇིག་རྟེན་ལྟ་ཚུལ་སྐྱོན་ཅན།མཛེས་དཔྱོད་ལྟ་ཚུལ་སྐྱོན་ཅན།རིན་ཐང་ལྟ་ ཚུལ་སྐྱོན་ཅན།རང་བཞིན་གཤིས་རྒྱུད་སྐྱོན་ཅན་རྣམས་ཀྱང་འུ་ཚོའི་བག་ཆགས་རྙིང་པ་ དང་ལྷ་ཆོས་རིག་གནས་ཀྱིས་བསྐྱེད་པ་རེད།ང་ཚོས་འདིར་གླེང་བ་ནི་དགེ་མཚན་ཅི་ཡང་ མེད་པའི་དཔེ་ལུགས་དང་རང་
གཤིས་རྣམས་ཡིན་པས་བཙན་པོའི་སྐབས་ཀྱི་ཚུར་ལེན་གྱི་ཁོག་རྒྱ་དང་ཧུར་བརྩོན་གྱི་ བློ་གཤོགས་སོགས་དགེ་མཚན་ཅན་གྱི་དཔེ་ལུགས་དང་རང་གཤིས་བཟང་པོའི་རིགས་འདིར་ གླེང་གི་མེད།བཟང་ཆ་གང་ཡོད་རང་ལ་ཡོད་པས་ལབ་དགོས་མི་འདུགའུ་ ཚོའི་བཟང་ཆ་ཁོ་ན་ལབ་རྐྱང་གིས་དགའ་ཀྲོག་ཀྲོག་ཏུ་སྦྲིད་བསྡད་ན་འུ་ཚོ་འཕེལ་ རྒྱས་སུ་འགྲོ་བའི་དུས་ནམ་ཡིན།མིའི་རིགས་སྤྱི་ལ་དབང་བའི་དུས་ཀྱི་འཁོར་ལོའི་ གོམ་འགྲོས་དེ་ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་སུ་སླེབས་ནའང་འུ་ཚོས་ད་དུང་རང་ ཉིད་ཀྱི་རྒུད་པའི་རྩ་བའམ་ན་བའི་རྒྱུ་རྐྱེན་མི་འཚོལ་བར་ཆོ་མེད་མདོ་མེད་དུ་ སྡོད་དོན་ཅི་ཡིན།མཐར་ཕུགས་གང་ལ་གཏུགས་ཀྱང་འུ་ཚོ་ཐུར་ནས་ཐུར་ལ་འཐེན་མཁན་ནི་རང་སེམས་ཀྱི་བག་ཆགས་རྙིང་པ་འདི་དག་རེད།སེམས་དང་བློ་རིག་ལ་རང་དབང་ལྷད་མེད་འཐོབ་ཕྱིར་དང་།སྒོ་ཀུན་ནས་ཡར་རྒྱས་གོང་འཕེལ་འབྱུང་ཕྱིར།བག་ཆགས་རྙིང་པའི་རིམ་པ་དེ་ཕ་མ་ལྟར་དབང་བཙན་ནའང་འུ་ཚོས་ངེས་པར་གསད་དགོས་ལ་གཞོམ་ཡང་དགོས་སོ།།
སྐུ་ཞབས་ཞོགས་དུང་གིས་དཔེ་དེབ་ཅི་ཙམ་ཞིག་བརྩམས་པ་དང་རྩོམ་ཡིག་ག་ཚོད་ཅིག་བྲིས་ན་ཡང་ཁོའི་ལྟ་གྲུབ་དེ་དག་འདིར་མ་འདུས་པ་ཕལ་ཆེར་མེད་པ་འདྲ་འདུག
དྲ་གྲོགས་ཚང་མར་འཚམ་འདྲི་ཡོད།
ང་རང་སློབ་ཕྲུག་ཅིག་གི་ངོས་ནས་གློག་ཀླད་དང་དྲ་ལམ་གྱི་མཐུན་རྐྱེན་དེ་ཙམ་རེག་ཁག་པས་ནམ་རྒྱུན་འདི་གར་ཡོང་ནས་མཆན་བུ་འདོགས་པ་དང་རང་གི་རྩོམ་ཡིག་ལ་གསལ་བཤད་དང་རྩོད་རོགས་བྱེད་མི་ཐུབ་པ་དྲ་གྲོགས་ཚང་མ་ཐུགས་འཇགས་འཚལ་ཞུ།
ངས་ཞོགས་དུང་སྐོར་གྱི་རྩོམ་ཡིག་འདི་འགོད་དོན་ནི་ང་ཚོས་རང་དབང་གི་ལུང་པ་འདི་ནས་བོད་ནང་གི་ཤེས་ཡོན་ཅན་༼ཞོགས་དུང་སོགས།༽་རྣམས་ལ་ངན་དམོད་དང་རྒྱུ་མཚན་མི་ལྡན་པའི་འཆའ་ལེ་རྒྱག་རྒྱུ་མ་ཡིན་པར། ང་ཚོ་ཚང་མས་འགན་རེ་འཁྱེར་ནས་ཞོགས་དུང་སོགས་ཀྱི་བསམ་ཚུལ་ཡག་པོ་འདུག་དང་མི་འདུག་ལ་དཔྱོད་འདོད་པ་ཉག་གཅིག་ཡིན།
དེ་བས་དྲ་གྲོགས་ཚང་མས་ཐུགས་བསམ་ཆེར་བཞེས་དང་བགྲོ་གླེང་གི་རྩོད་ར་ཡག་པོ་ཞིག་ཡོང་ཕྱིར་ཟིན་བྲིས་འབྲི་སྐབས་ཚིག་ངན་དང་རྒྱུ་མཚན་མེད་པའི་སྟོང་བཤད་ཀྱི་རིགས་ཉུང་དུ་གཏོང་ཐུབ་ན་དགེ་མཚན་ཆེ་བར་སྙམ།
ཨ་ལགས་ཀླུ་སྨྱོན་ནས་སྐུ་ཞབས་ཞོགས་དུང་མཆོག་གི་རྩོམ་ཡིག་བག་ཆགས་དོང་སྤྲུགས་འདིར་བཀོད་པར་ཐུགས་རྗེ་ཆེ།
ཧ
༄༅། །གནའ་དེང་གི་རིག་དང་མ་རིག །
ན་མོ་གུ་རུ་བུདྡྷྰ་ཛྙྰ་ན་ཡེ། །
མ་བཅོས་ཤེས་རབ་ཕར་ཕྱིན་ཆོས་དབྱིངས་ལས། །
མ་འགགས་ཐབས་མཆོག་སྣང་བའི་ཡི་དམ་ལྷ། །
མ་ལས་ཆེས་ལྷག་དཀོན་མཆོག་བཀའ་དྲིན་ཅན། །
མ་དག་ཞིང་གི་མགོན་ཁྱེད་ཡང་ཡང་དྲན། །
མ་རིག་གཞི་ནས་བྲལ་བ་གནའ་བོའི་གཤིས། །
མ་དག་ལོག་རྟོག་རྒྱས་པ་དེང་གི་དུས། །
མ་རྨོས་ལོ་ཏོག་འཁྲུངས་པ་གནའ་བོའི་གནས། །
མ་འབད་འབྲས་བུ་མི་འབྱུང་དེང་གི་སྐྱོན། །
མ་ལུས་དྲང་བདེན་སྨྲ་བ་གནའ་བོའི་མྱི། །
མ་རབས་སྣ་དགུ་བརྗོད་པ་དེང་གི་མི། །
མ་ཎི་འབྲུ་དྲུག་འདོན་པ་གནའ་བོའི་ཆོས། །
མ་ཎི་མི་མཁོ་ལབ་པ་དེང་གི་སྲོལ། །
མ་འབད་འགྲོ་དོན་འབྱུང་བ་གནའ་བོའི་རྗེ། །
མ་རབས་གཡོ་སྒྱུ་འབད་པ་དེང་གི་དཔོན། །
མ་བཅོས་དད་གུས་ཡོད་པ་གནའ་བོའི་གཤིས། །
མ་དད་ལོག་རྟོག་སྤེལ་བ་དེང་གི་ཚུལ། །
མ་རབས་ཡ་རབས་དཔྱད་པ་གནའ་བོའི་ལུགས། །
མ་བརྟག་མ་དཔྱད་རྒྱུག་པ་དེང་གི་ལུག །
མ་དག་འཁོར་བ་སྐྱོ་བ་སྔོན་གྱི་དཔལ། །
མ་མཐོང་འཁོར་བ་དགའ་བ་དེང་གི་མཆེད། །
མ་མར་བྱམས་བརྩེ་ཆེན་པོ་གནའ་བོའི་སྤུན། །
མ་རྣམས་རང་དོན་གཉེར་བ་དེང་གི་གྲོགས། །
མ་རྟོག་དྲི་མ་ཀུན་སྤངས་གནའ་བོའི་གཟུངས། །
མ་དག་འཁོར་བ་སྒྲུབ་བྱེད་དེང་གི་སྔགས། །
མ་འོས་གཡང་དུ་ཆགས་པ་གནའ་བོའི་གཡང་། །
མ་རིག་ལོག་རྟོག་ཚོང་ལས་དེང་གི་ཆོས། །
མ་རིག་གཞི་བྲལ་སྤྲུལ་པ་གནའ་བོའི་སྤྲུལ། །
མ་དག་རྒྱུ་ནོར་སྤྲུལ་པ་དེང་གི་རྟགས། །
མ་བཅོས་ངེས་འབྱུང་འཁྲུངས་བ་གནའ་བོའི་གྲྭ། །
མ་ཤེས་ཁྱི་རྒྱུགས་ལུགས་གྲོགས་དེང་གི་གོས། །
མ་ལུས་འགྲོ་བའི་སྐྱབས་མགོན་གནའ་བོའི་སྐྱབས། །
མ་རབས་ཡ་ས་འདོན་པ་དེང་གི་མགོན། །
མ་རིག་དུག་གསུམ་བྲལ་བ་གནའ་བོའི་རིགས། །
མ་རིག་དུག་ལྔར་སྤྱོད་པ་དེང་གི་རིགས། །
མ་གཅིག་སྤུན་ལྟར་བྱམས་བརྩེ་གནའ་བོའི་ཚོགས། །
ཕ་གསད་དགྲ་ལྟར་མཐོང་བ་དེང་གི་ཚོགས། །
ཡ་རབས་མ་ཤེས་མ་རབས་སྤེལ་བའི་ཚོགས། །
ཨ་ཁ་སྙིགས་ལྔའི་ཚོགས་པར་ཇི་ལྟར་བྱ། །
ཅེས་པའང་ཁ་བརྡའི་ཟིན་བྲིས་དག་མཐོང་བའི་རྐྱེན་ལས་ཅི་དྲན་དུ་
ཤྲྰི་སྨྱོན་དགྱེས་པ་རྩལ་གྱིས་བུདྡྷྰ་ཛྙྰ་ནའི་ཡང་དབེན་དུ་རྣམ་རྟོག་གི་ཕྲེང་བ་ཞིག
༢༠༠༩ ༥ ༡ བྲིས་པས་ཤྲྰི་སརྦ་བི་ཛ་ཡནྟུ།། །།
ན་མོ་མ་ཧྰ་གུ་རུ་པདྨ་ཀ་ར་ཡེ། །
སྙིང་གི་སྤུན་ཟླ་གངས་ཅན་ཕོ་མོ་ལ། །སྙིང་གཏམ་ལེགས་སྐྱེས་ཕུལ་བའི་ལེགས་ཆ་ཉིད། ། སྙིང་ནས་མཐོང་བས་སྙིང་བརྩེའི་ཕུ་ནུ་ལ། །སྙིང་ལས་ལྷག་པའི་བརྩེ་དད་བླ་ན་མཐོ། ། ཕྱི་གླིང་ཞིང་དུ་ཆོས་ཀྱི་རྒྱལ་པོ་བཞུགས།།ནང་གླིང་རང་ཡུལ་རིག་གནས་བཙུན་མོ་མཆིས། །དོན་གླིང་རང་ཆོས་ཐབས་ཤེས་སྲས་སྲས་མོ། །རིག་པའི་ཁྱུ་ཚོགས་མཐོང་བས་སྣང་བ་སྤྲོ།།ཧི་མ་ལ་ཡི་བདེན་དཔུང་རི་བོ་གཅིག །ཧུ་ཆིན་དཔོན་པོས་བཙན་གཏམ་ཡ་མེད་གཉིས།།ཧེ་བག་མཉམ་དུ་འདོད་པའི་སྤྲེལ་ལད་གསུམ། །ཧོ་ཧོ་གཅིག་ཏུ་མཐོང་བར་བླུན་མིན་ནམ། །ཤར་ཕྱོགས་ཤ་ཞེན་དཀར་པོས་དུང་ཟླ་ཚེས། །ལྷོ་ཕྱོགས་དམ་ཆོས་སེར་པོས་ཉི་མ་ཤར། །བྱང་ཕྱོགས་དཔལ་འབྱོར་དབང་པོས་སྐར་མ་བཀྲ། །ནུབ་ཕྱོགས་རིག་རྩལ་སྒྲེན་མེས་མཆོད་པ་ཡོད། །སྙན་ངག་མཁན་པོ་སེངྒེ་རྡོ་རྗེ་ཡི། །བྱམས་བརྩེ་དུང་སེམས་སྙིང་གི་དཀྱིལ་ནས་མཐོང་། །གྲགས་པའི་རྗེ་འབྲང་ཁྱི་རྒྱུགས་ལུག་འགྲོག་ཚོ། །ཆང་དུད་ཟ་ཁ་བྲལ་ལ་མིག་སེར་རྡོལ། །ང་ནི་ཡུལ་བཟང་ངན་མཐོང་བ་དང་མིང་བཟང་ངན་ཇི་ལྟར་བཏགས་ཀྱང་ཡར་ལྷ་གྲལ་ནས་དོ་ཧ་དང་མར་འདྲེ་གྲལ་ནས་ཧྥོ་རྫུན་གཉིས་ཀ་མཐོང་མྱོང་ངོ་།
གཙོ་བོ་ང་ཚོ་ཕུ་ནུ་ཚང་མ་ནང་མཐུན་པ་དང་ཕ་ཆོས་ངོས་ཟིན་རྒྱུ་དེ་རེད། ། ངས་བསམ་ན་ཕ་ཆོས་ཡིད་བཞིན་ནོར་བུ་ལྟ་བུ་དམ་པའི་ཆོས་དང་། །གསེར་བཟང་ལྟ་བུ་བདེན་དྲང་། དངུལ་དཀར་ལྟ་བུ་ལྷག་བསམ་། རྣོ་ལྕགས་ལྟར་ཤ་ཞེན་། འདི་ཚོ་རེད་སྙམ་མོ། །
གལ་ཆེན་པོའི་ཕ་ཆོས་དེ་གང་ལ་ངོས་འཛིན་ནམ་ཞེས་དྲི་བ་ལན་གསུམ་ཡོད་དོ།
དང་པོ་ང་ཚོས་ད་ལྟ་མདུན་ན་ཡོད་པ་དང་ལྟོ་བ་རྒྱག་པ་ཙམ་དང་ལུས་དྲོ་བའི་དུ་བ་འཐེན་པ་དང་ཆང་བཟི་དོན་མེད་ཀྱི་ལབ་རྡོལ་རྒྱབ་པའི་ཚོར་བ་ཞིག་ལ་ཟེར་རམ། གཉིས་པ་ཕ་མའི་བརྩེ་གདུང་དང་བུ་ཚའི་འདུག་ཆོས་ཁ་གསོ་རྒྱབ་ཁེབས་ཀྱི་རང་དོན་དུ་གཞན་ལ་ཚོང་ལས་མགོ་སྐོར་ཞིག་ཏུ་ཟེར་རམ། གསུམ་པ་དྲང་བདེན་ཡོད་པས་རང་ཆོས་བཅུ་ཕྲག་རིག་པའི་གནས་ཀྱི་བསྟན་དོན་ལ་བརྩོན་པར་བྱས་ཞིང་ཡབ་མེས་ཕ་མའི་དྲིན་ལན་བཟོ་བ་ཞིག་ལ་ཟེར་རམ། །
དང་པོ་ལ་རྩོད་པ་མེད། མ་བྱེད་རོགས་སྐུ་ཚེ་རིང་། སྤུན་ཟླ་ཚོ། །
གཉིས་པ་དགྱ་ཞབས་པས་དགྱ་ངོ་འཚོ་དགོས་པ་དང་། ཆོས་ཚོང་པ་ཚོ་འདི་དག དམ་པའི་ཆོས་མ་རེད། མི་དགེ་བ་རེད། །མ་བྱེད་ན་ཤིན་ཏུ་ལེགས། དགེ་བ་སྒྲུབ་ན་བཟང་ངོ་། །
གསུམ་པ་ནི། ཕ་གནས་བཞིན་ཕ་ཆོས་ཡོད་བཞིན་དེ་ལ་མི་བརྩོན་པར་འཇིག་རྟེན་པའི་ཚོར་བའི་རང་དོན་ཁ་གསོ་བའི་ཐབས་ཚོགས་སྤེལ་བ་འདི་དག་བཟང་མོད། ནང་པ་སངས་རྒྱས་པའི་ཆོས་ལ་སྨོད་པ་འདི་ནི་ཤིན་ཏུ་མི་འོས་ཏེ། ཕ་དགྲ་ཡིས་བསད་ཤོར་ཁྱིམ་གཞི་ཆུང་ཆུང་ལ་མ་རྒན་དྲིན་ཆེན་མ་ལ་དབང་ཆ་ཆུང་བའི་གནས་སྐབས་ཤིན་ཏུ་ཉམས་ཐག་པའི་སྡུག་བསྔལ་གྱིས་མྱོང་དུས་སུ། མ་རང་གི་བྱིས་པ་བུ་དང་བུ་མོ་ངན་ལོང་སྐྱག་ལོང་མཁན་ཚོ་དགྲ་ཡི་ཁ་རུ་རྒྱུགས་ནས་སྔོན་ཕ་མ་གཉིས་ཀྱིས་དུས་ཡུན་རིང་མོས་བར་དཀའ་བ་བརྒྱ་ཕྲག་གིས་བསགས་བསྲུང་གི་དངོས་པོ་ཡིད་བཞིན་གྱི་ནོར་བུ་གསེར་དངུལ་སོགས་རིན་པོ་ཆེའི་རིགས་སོགས་གཏེར་རྫས་དེ་དག་མེ་ལ་བསྲེག་ཆུ་ལ་བཏབ་ནས་ཕ་མེས་བླུན་པོ་རྐུན་ན་རྫུན་པ་རེད་ཟེར་ནས་ཁོ་རང་གི་བྱེ་མའི་ཁང་ཆུང་འདི་བཟང་རབས་བརྒྱ་སྟོང་བཤད་ནས། དཔེ་མཁས་འདོགས་དང་བཟང་འདོག་གི་སྲོལ་རྒྱུན་གསར་བ་ཞིག་འདོད་ནས་སྦྲང་ཆར་དང་གསར་འགྱུར་རུ་ལོ་རྒྱུས་རྫུན་མ་མང་པོ་ལོག་གཏམ་སྤེལ་བ་ལ་དགོས་པ་མེད་པ་མི་ཟད་གནོད་པ་རེད། བོད་པ་དགྱ་ངོ་འཚོ་དགོས་པའི་གསར་འགྱུར་ཚོ་ལྟོས་དང་ཤིན་ཏུ་གསལ་ལོ། དཔེར་ན་དགྱ་ཡི་སློབ་གྲྭ་སོང་ནས་ཡིག་ངོ་ཙམ་ཤེས་པ་དང་བོད་ཀྱི་གྲྭ་ས་སོང་ནས་གྲྭ་ལོག་གཉིས་ལ་ལྟ་བ་གནམ་ས་ལྟར་ཁྱད་པར་ཡོད་པ་མངོན་སུམ་ཡ་རེད། ། ད་ང་ཚོའི་ཕ་ཆོས་བཟུང་ངམ་བུ་རང་གི་འདུག་ཆོས་རྩོད་པ་ཡིནབསམ་བློ་གཏོང་དང་། ། ཤ་ཞེན་ཡོད་མེད་དེ་ཧ་གོ་ངེས།
གངས་སེང་སྐྱག་པ་གཉེར་བའི་དགྱ་སྤྲང་གི་རུ་ཁག ། རིག་གསར་ཆོས་མེད་སྨྲ་བའི་དུད་ཆང་གི་ཟ་ཁ། ། ཕ་མེས་གསད་གཅོད་མི་འཕོང་ཆང་རྐྱལ་གྱི་ཚོགས་པ། ། མའོའུ་འདུག་ཆོས་སྒྲུབ་པའི་སྙིང་རུལ་ལ་ཕུལ་ལོ། །
རིག་འཛིན་དཔལ་དགྱེས་པ་རྡོ་རྗེས།
མི་འདི་ཚོ་ལ་ཤེས་ཚད་མེད་པ་འདྲ། ཁོ་ཚོས་བཤད་པའི་སྙིང་དོན་ནི་ནང་ཆོས་དེ་རྩ་ཆེན་ཡིན་པ་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་འདྲ། ཡིན་ཡང་ཁོང་ཚོའི་རང་གཤིས་དང་ཚིག་རྩུབ་དེ་དག་ལ་བལྟས་ན་ནང་ཆོས་ཀྱི་ཞབས་འདྲེན་མཁན་དམར་དམག་རུ་དཔུང་ཞིག་དང་འདྲ། ནང་ཆོས་ཀྱིས་སེམས་ཅན་ཐམས་ཅད་བདེ་ལ་འདྲེན་པ་ཕར་ཞོག མི་ཚེར་སྦྱངས་ཀྱང་རང་སེམས་ཀྱི་འདོད་རྔམས་ཆེ་ཆེར་འཕེལ་བ་ལས་འདུལ་ཐུབ་ཀྱིན་མེད་པ་དེང་སངས་ཡོངས་གྲགས་ཆགས་ཡོད། ཡང་ན་ནི་དུས་དང་མ་འཚམ་པ་འདྲ། དེང་སྐབས་བོད་པའི་སྤྱི་ཚོགས་སུ་རབ་བྱུང་བ་ལ་མཐོང་སྟངས་ནི་འདི་མི་གསོད་ཀྱི་ལག་དམར་རིགས་མིན་ནམ། འདི་རྒྱ་མིའི་སོ་བ་མིན་ནམ། འདི་འདྲེ་བསྟེན་ནས་གོང་ས་མཆོག་དང་བོད་ཀྱི་རྩ་དོན་ལ་གནོད་བསྐྱལ་མཁན་མིན་ནམ། ་་་་་་་་