དཔལ་ལྡན་རྒྱལ།
རྩོམ་པ་པོ་བཀྲ་རྒྱའམ་ཞོགས་དུང་དངོས་སུ་འཛིན་བཟུང་བྱས་པ། རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ནང་མིར་བརྡ་ལན་སྤྲད་འདུག ཟླ་བ་བཞི་བའི་ཚེས་༢༣་ཉིན་རྩོམ་པ་པོ་གྲགས་ཅན་ བཀྲ་རྒྱའམ་ཞོགས་དུང་ཟི་ལིང་ཉེན་རྟོག་པས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་འཛུགས་བྱས་ནས་བཀག་ཉར་བྱས་ཡོད་པ་རེད་ལ། ཟླ་བ་ལྔ་བའི་ཚེས་༢༨་ཉིན་ཁོང་དངོས་སུ་འཛིན་བཟུང་བྱས་པ། རྒྱ་ནག་གཞུང་ཕྱོགས་ནས་ཁོང་གི་ནང་མིར་བརྡ་ལན་སྤྲད་ཡོད་སྐོར་ཁོང་གི་བུ་མོ་ཡེ་ཤེས་མཚོ་མོར་ཁ་པར་བརྒྱུད་བཅར་འདྲི་བྱས་པ་ཡིན།
དཔལ་ལྡན་རྒྱལ། ཁྱེད་ཀྱི་ཨ་ཕ་འཛིན་བཟུང་གྱི་ཡི་གེ་ཁྱེད་ཚོར་འབྱོར་ཡོད་པ་དེའི་སྐོར་བཤད་རོགས།
ཡེ་ཤེས་མཚོ་མོ། ཡི་གེ་ཟླ་བ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོ་དུས་ཚོད་དྲུག་པའི་ཐོག་ཨ་མ་དང་ངེད་གཉིས་འཛིན་བཟུང་ཡི་གེ་ལེན་ཏུ་ཤོར་ཟེར་བ་བཞིན་ཉེན་རྟོག་ཁང་དུ་སོང་དུས་སྤྲད་བྱུང་།
དཔལ་ལྡན་རྒྱལ། ཡི་གེ་དེའི་ནང་ག་རེ་བཀོད་འདུག
ཡེ་ཤེས་མཚོ་མོ། ཡེ་གེ་དེའི་ནང་ཁོང་ཚོས་(རྒྱ་གཞུང་)བཤད་བཞིན་པའི་ཉེས་བ་སྔོན་མ་ནང་བཞིན་རེད། “རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”བྱས་པ་ཟེར་པ་དེ་རེད། སྔོན་ལ་བཀག་སྐྱིལ་བྱེད་སྐབས་སྤྲད་པའི་ཡེ་གེ་དང་ཕལ་ཆེར་གཅིག་མཚུངས་རེད། མི་འདྲ་ས་ནི་གྱོད་དོན་འདི་ཁྲིམས་དཔྱོད་ཁང་ལ་སྤྲད་པ་དང་ཁྲིམས་དཔྱོད་ཁང་གིས་དོ་དམ་བྱེད་བཞིན་ཡོད་ཅེས་པ་དེ་རེད།
དཔལ་ལྡན་རྒྱལ། ཁྱེད་ཀྱི་ཨ་ཕ་གང་དུ་ཡོད་མེད་ཤེས་སམ།
ཡེ་ཤེས་མཚོ་མོ། ཟི་ལིང་གྲོང་ཁྱེར་གྱི་བཀག་སྐྱིལ་ཁང་དང་པོའི་ནང་བཀག་ཡོད་པ་ཡི་གེ་སྔོན་མའི་ནང་བཀོད་ཡོད་པ་ནང་བཞིན་བཀོད་འདུག
དཔལ་ལྡན་རྒྱལ། ཁྲིམས་དཔྱོད་ཁང་ལ་རྩིས་སྤྲད་བྱས་ཡོད་ན་ཁྲིམས་ཐོག་ལ་འགྲོ་དགོས་པ་ཨེ་རེད།
ཡེ་ཤེས་མཚོ་མོ། རེད། ཁྲིམས་ཐོག་ལ་འགྲོ་དགོས་པ་རེད་ཟེར། ཁྲིམས་ལྟར་ན། དངོས་སུ་འཛིན་བཟུང་བྱས་པའི་ཡི་གེ་ངའི་ཨ་ཕ་ཁྲིད་པའི་ཉིན་མོ་ནས་བཟུང་ཉིན་གྲངས་༣༧གྱི་ནང་ཚུད། ཁྱིམ་ཚང་གི་ལག་ཏུ་སྤྲོད་དགོས་ཟེར་བ་ལྟར། ང་ཚོས་དེ་ཡང་འབྱོར་གྱི་མ་རེད་བསམ་ནས་སེམས་ཁྲལ་བྱས་བ་ཡིན། འོན་ཀྱང་ཆེས་མཐའ་འཇུག་གི་ཉིན་མ་སོ་བདུན་པར་འཛིན་བཟུང་ཡི་གེ་ང་ཚོར་འབྱོར་སོང་། ཁྲིམས་ཁང་ལ་ག་དུས་སྤྲོད་རྒྱུ་རེད་ཅེས་དྲིས་པར་ད་ལྟ་ཁྲིམས་དཔྱོད་ཁང་དུ་ཡོད། ཟླ་གཉིས་ཀྱི་རྗེས་སུ་ཁྲིམས་ཁང་ལ་རྩིས་སྤྲོད་དགོས་རེད་ཟེར།
དཔལ་ལྡན་རྒྱལ། ཁྲིམས་ཁང་དུ་འགྲོ་དགོས་དུས་ཁྱེད་རང་ཚོ་ངོས་ནས་ཁྲིམས་རྩོད་པ་བཙལ་གྱི་ཡོད་དམ།
ཡེ་ཤེས་མཚོ་མོ། ཁྲིམས་རྩོད་པ་བཙལ་གྱི་ཡིན། ཁྲིམས་རྩོད་པ་བཙལ་ཆོག་གམ་ཅེས་དྲིས་པར་བཙལ་ཆོག་ཀྱང་གསལ་བོ་ལབ་ཀྱི་མི་འདུག་ལ་བཙལ་མི་ཆོག་ཀྱང་གསལ་བོ་བྱས་ནས་ལབ་ཀྱི་མི་འདུག་མོད། ངེད་ཚང་གི་ངོས་ནས་ཁྲིམས་རྩོད་པ་འཚོལ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད།
དཔལ་ལྡན་རྒྱལ། ཁྱེད་རང་གི་ངོས་ནས་ཨ་ཕར་སེམས་ཁུར་ཆེ་ཤོས་ག་རེ་ཡིན།
ཡེ་ཤེས་མཚོ་མོ། ཨ་ཕའི་བདེ་ཐང་གི་སྐོར་ལ་ངེད་བཟའ་ཚང་ཧྲིལ་བོར་སེམས་འཁུར་ཡོད། བཀག་སྐྱིལ་ཁང་དང་པོའི་ནང་ཡོད་ཟེར་གྱི་ཡོད་པ་རེད་མ་གཏོགས་དངོས་སུ་དེར་ཡོད་མེད་ཀྱང་གསལ་བོ་མི་ཤེས་ལ། སྐད་ཆ་དང་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག ཁོང་གི་གཟུགས་གཞིའི་བདེ་ཐང་དང་གཅར་རྡུང་གཏོང་གི་ཡོད་མེད་ཐད་ཧ་ཅང་གི་སེམས་འཁུར་ཡོད།
དཔལ་ལྡན་རྒྱལ། ཁྱེད་གྱི་ཨ་ཕའི་ཕ་མ་རྒན་རྒོན་གཉིས་ག་འདྲ་འདུག
ཡེ་ཤེས་མཚོ་མོ། སྤོ་སྤོ་དང་རྨོ་རྨོ་གཉིས་ངར་བ་རེད། ཁོང་གཉིས་ཀྱིས་ཧུར་ཐག་བྱེད་ཀྱིན་འདུག སྤོ་སྤོ་ལོ་༨༠རེད། ཉིན་རྒྱུན་སེམས་ཁྲལ་བྱེད་ཀྱི་མེད་ཟེར་ན་ཁག་པོ་རེད། ཁོང་གཉིས་ཀྱིས་ཧུར་ཐག་བྱེད་ཀྱིན་འདུག
དཔལ་ལྡན་རྒྱལ། བཀའ་དྲིན་ཆེ། རྗེས་ཕྱོགས་འབྲེལ་བ་བྱེད་ངེས་ཡིན།
འདི་ནས་ཉན་རོགས།
interview
དཔལ་ལྡན་རྒྱལ་ལགས། དེང་སང་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་གི་གནས་ག་འདྲ་རེད། ཁྱེད་ཀྱིས་གོ་ཐོས་ཡོད་ན་དེའི་སྐོར་བསྡུས་ཙམ་ཞིག་གསུང་རོགས་གནང་། ཐུགས་རྗེ་ཆེ།
གང་དྲག ཞོགས་དུང་སྐྱོབ་ཐབས་ལ་བོད་པ་རྣམས་ཀྱིས་སྐད་འབོད་བྱེད་དགོས་འདུག ཕྱི་ནང་ཀུན་ནས་སྐད་འབོད་བྱེད་མཁན་བྱུང་ན་ཁྲིམས་ཆད་ཀྱི་དུས་ཚོད་ཐུང་དུ་གཏོང་བ་ལ་ཕན་ཡོང་། དོ་ཁུར་གནང་མཁན་ག་ཚོད་ཀྱིས་མང་ན་དེ་ཙམ་གྱིས་ཞོགས་དུང་ལ་ཕན་ངེས་པ་དང་། དེ་ནི་སྤྱི་ཚོགས་གླེང་ཕྱོགས་ཐོག་ནས་སྲུང་སྐྱོབ་ཆེན་པོ་ཡིན་པའི་གོ་རྟོགས་འདི་ང་ཚོ་བོད་པ་ཚང་མར་ཡོད་དགོས་འདུག
བཙན་བྱོལ་གཞུང་སྒེར་སུ་ཡིན་རུང་བོད་ཀྱི་ཤེས་ལྡན་མི་སྣ་འདི་ལྟ་བུ་སོགས་མྱུར་དུ་བཙོན་གྲོལ་ཡོང་ཐབས་ཤེས་འཚོལ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
ལ་ལ་ལགས་ཀྱིས་གསུངས་པ་བཞིན་རེད། ང་ཚོའི་བོད་ཕྱི་ནང་གཉིས་ནས་ཞོགས་གཙོས་བོད་ནང་གི་ཤེས་ཡོན་པ་ཚོ་གློད་ཐབས་ཀྱི་ལས་འགུལ་མཚམས་མི་ཆད་པར་སྤྲེལ་དགོས་འདུག བནས་ཚུལ་གང་ཡིན་ཀྱང་གོ་མ་ཐག་ཚ་ཚ་འུར་འུར་འདྲ་བྱེས་རྗེས་འཇགས་འགྲོ་བ་འདི་ཡག་པོ་མི་འདུག ཕན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཀྱང་མགོ་ཁྲིད་དེ་ཡང་ནས་བསྐྱར་དུ་ལས་འགུལ་སྤེལ་ན་རེད། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ལའ
ང་ཡང་ཡང་སྙན་ཞུ་དང་རྒྱབ་སྐྱོར་རེ་སྐུལ་ཞུ་དགོས་ཀྱི་འདུག
ད་ཅི་ཞིག་བྱེད་དགོས་རྒྱུ།
ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་དག་གིས་བོད་ཀྱི་རྩོ་པ་པོ་གྲགས་ཅན་གངས་ཅན་བོད་པའི་ཕོ་རྒོད་སྐུ་ཞབས་ཞོགས་དུང་ལགས་བཙོན་གྲོལ་ཐོབ་ཆེད་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ལས་རང་གར་འདུག་ ཐབས་ག་ལ་ཡོད། བོད་མི་ཚོ་ལོང་ཤོག ཁུ་ཚུར་གནམ་ལ་བསྒྲེང་བཞིན་ལོང་ཤོག
སྐུ་ཞབས་ཞོགས་དུང་ལགས་བཙོན་གྲོལ་ཐོབ་ཆེད་དུ་བོད་མི་ཚོ་ལོང་ཤོག ཁུ་ཚུར་གནམ་ལ་བསྒྲེང་བཞིན་ལོང་ཤོག
བཙན་བྱོལ་བོད་གཞུང་གིས་ཞོགས་དུང་སྐོར་ལ་གཏམ་གླེང་གནང་བ་གོ་མ་སོང་། གལ་ཏེ་གནང་མེད་ན། ཐབས་སྐྱོ་པོ་རེད། བཙན་བྱོལ་བོད་གཞུང་གིས་བོད་མི་དམངས་ཀྱི་བདེ་སྡུག་ལ་གན་འཁུར་ཡོད་པའི་རྣམ་པ་ཙམ་ཡང་སྟོན་མ་ཐུབ་ན་གཞུང་འདིའི་དགོས་པ་ཅི།
ཟམ་སྟོང་རིན་པོ་ཆེ་རྒྱུན་དུ་རིག་གཞུང་དང་ལྟ་བ། ཚད་མ་རིག་པ། དེ་བཞིན་སྙན་ངག་བཅས་ལ་ངོ་མ་མཁས་པ་རེད། ཡིན་ནའང་། ཁོང་ལ་ཆབ་སྲིད་ཀྱི་ཤེས་སྟོབས་དང་ཉམས་མྱོང་ད་དུང་ཡག་པོ་ཨེ་ཡོད་སྙམས།
བླ་རྒན་ཁོང་མི་ཚེ་གཅིག་བོད་ཀྱི་སྤྱི་དོན་ལ་ཕྱག་ལས་གནང་བར་ཡི་རངས་ཡོད། ཡིན་ནའང་། སྐབས་རེ་ཁོང་གིས་ངེད་ཚོར་འཕྱང་མོ་ཉུག་གི་ཀློང་དུ་འདྲེན།
ང་ལ་རེ་བ་ཞིག་ཞུ་རྒྱུ་ཡོད། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་གཞོན་ནུ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་ལྡི་ལི་དང་ནེའོ་ཡོག་སོགས་ནས་ཕོ་རྒོད་སྐུ་ཞབས་ཞོགས་དུང་སྐྱོབ་པའི་ཆེད་ལས་འགུལ་སྣ་ཚོགས་ཤིག་སྤེལ་རྒྱུ་དང་། ཧྥ་རན་སི་ནས་ཚོགས་གཙོ་སངས་རྒྱས་རྒྱ་མཚོས་སྣེ་འཁྲིད་དེ་རྒྱ་མིའི་གཞུང་ཚབ་མདུན་སྐད་འབོད་ཀྱིས་ཚ་ཚ་འུར་འུར་རེ་བྱེད་ཐུབ་ན་ཕན་རེ་ཐོག་མི་ཡོང་ངམ་སྙམ་བཞིན་ཡོད། ཐུགས་རྗེ་གཟིགས། །