དྲ་གྲོགས་ཚོ། ཞོགས་དུང་ལ་གཤམ་གསལ་ལས་གཞན་དཔེ་དེབ་དང་རྩོམ་ཡིག གཏམ་བཤད་སོགས་གང་གང་ཡོད་དམ།
རྨོངས་སྐྲན་འཇོམས་པའི་གཏར་ཁ། (མཚོ་སྔོན་བོད་ཡིག་གསར་འགྱུར། ཟི་ལིང་། ལོ་མི་ཤེས།)
དཔྱོད་ཤེས་རྒྱང་འབོད། (པར་སྐྲུན་བྱེད་ས་མི་ཤེས། ༢༠༠༡)
དོགས་སློང་སྙིང་སྟོབས། (པར་སྐྲུན་བྱེད་ས་མི་ཤེས། ༢༠༠༥)
རིགས་ཤེས་ཀུན་གྲོལ། (པར་སྐྲུན་བྱེད་ས་མི་ཤེས། ༢༠༠༨)
ནམ་མཁའ་ལགས། ཞོགས་ལོ་སྔོན་མ་དག་ཀྱང་གླེང་ཤུགས་ཆེ་རུ་དང་ལྷག་པར་ཁོང་བཙོན་དུ་ཚུད་དགོས་པ་དག་བོད་ཕྱི་ནང་གཉིས་ན་གླེང་སློང་ཤུགས་ཆེར་བྱེད་དགོས་དོན་ནི། ཁོའི་བརྩམས་ཆོས་ཏེ་༼གནམ་ས་གོ་འབྱེད།༽རེད། ད་དུང་ཞོགས་དུང་ལ་ལམ་གྱི་བདེན་པ་ཟེར་བའི་དཔྱད་རྩོམ་ཞིག་འདུག
འདི་ཁོང་གི་དཔེ་དེབ་གང་ཞིག་ན་ཡོད་མེད་ངས་མ་ཤེས། འོན་ཀྱང་ངས་ནི་དྲ་ཐོག་ནས་བཀླགས་པ་ཡིན།
༢༠༠༩ ལོར་༼གནམ་ས་གོ་འབྱེད།༽རེད།
མ་གཞི་ནས་འདི་དྲ་ཐོག་ཏུ་འཇོག་དགོས་དོན་གང་ཡིན་ནམ།
༼གནམ་ས་གོ་འབྱེད།༽2010
༼དཔྱོད་ཤེས་རྒྱང་འབོད་༽༢༠༠༡ལོར་ཀན་སུའི་མི་རིགས་པར་སྐྲུན་ཁང་གིས་དཔར་སྐྲུན་བྱས་པ་དང་། ཐེངས་དང་པོར་དེབ་གྲངས་སུམ་སྟོང་དཔར་ཡོད་རེད།
བཙན་བྱོལ་གྱི་ཟིན་བྲིས་པ་ཚོ་བཀའ་ཁྲིའི་འོས་གཞིའི་སྒང་ལ་མགོ་འཁོར་བསྡད་འདུག ད་ལྟའི་སྐབས་སུ་གནད་འགག་ནི་རྒྱ་ནག་གཞུང་ལ་གདོང་གཏུགས་ཀྱིས་ཁ་གཏད་གཅོག་རྒྱུ་དེ་རེད། ཟམ་གདོང་རིན་པོ་ཆེས་ ༡༩༩༥ ལོར་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་བྱས་པ་རེད། ཡིན་ནའང་། ད་བར་དུ་ལག་ལེན་བྱུང་ཡོད་པ་མ་རེད། ཞོགས་དུང་གིས་ད་ལྟ་དངོས་སུ་བོད་དུ་གཱན་ཌིའི་འཚེ་མེད་ཞི་བའི་ལྟ་བ་བཟུང་སྟེ། བསམ་བཞིན་དུ་ཤེས་བཞིན་དུ་རྒྱ་ནག་གི་བཙོན་ཁང་དུ་འགྲོ་བར་བློ་སྟོབས་བསྐྱེད་ཡོད།
བོད་དུ་བོད་མི་ཚོ་ཁུ་སུམ་མེར་བསྡད་པ་ཡིན་ན། བཙན་བྱོལ་དུ་འཆམ་རྟགས་འདོད་རུང་རྔ་སྒྲ་མེད་པ་ལྟ་བུ་རེད། དེ་བས་ཞོགས་དུང་ལྟ་ལོག་རེད་ཅེས་ངན་དམོད་བྱེད་པ་ལས། ཁོང་གི་སྐོར་གྱི་གནས་ཚུལ་ཞིབ་ཚགས་ཞིག་ཕྱོགས་སྒྲིག་བྱས་ཏེ། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་སྤྲོད་རྒྱུ་གལ་ཆེན་པོ་རེད།
གཅན་བཟོད་རྒྱམ།
ཡིད་འོང་མ།
ལྕམ་ཆུང་གཡུ་ལོ་གསུམ་གྱིས་གོང་དུ་ཞོགས་དུང་གི་བརྩམས་ཆོས་ལ་གནས་ཚུལ་ཁ་སྣོན་བརྒྱབ་པར་ཐུགས་རྗེ་ཆེ།
གཅན་བཟོད་རྒྱམ་གྱིས་ཝེ་ཁེ་རིག་མཛོད་ཆེན་མོའི་བོད་ཡིག་གི་སྡེ་ཚན་དེར་དོ་སྣང་བྱེད་ཀྱི་ཡོད་པ་འདྲ། དེ་རུ་གཅན་ཚའི་སྐོར་གྱི་གནས་ཚུལ་ཅུང་ཞིབ་ཙམ་ཡོད་པ་ལས། ཞོགས་དུང་ནི་དེའི་ལོ་རྒྱུས་མི་སྣའི་ཁོངས་སུ་ངེས་པར་དུ་འཇུག་དགོས་པ་ཞིག་རེད་འདོད།
ཞོགས་དུང་གི་བརྩམས་ཆོས་ཀྱི་ཐོ་གཞུང་ཞིག་ཡོད་ན། འདིར་འགོད་པར་དགག་བྱ་ཆེ་བ་མ་མཐོང་།
སྐྱབས་བཅོལ་དུ་སོང་བ།
འདོན་སྤེལ། ༢༠༡༠/༠༨/༡༨
ཁུ་བྷའི་བཙོན་ཁང་ནས་གློད་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པ་༣སི་པན་ལ་སྐྱབས་བཅོལ་དུ་ཕྱིན་ཡོད་འདུག
བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁུ་བྷ་སྲིད་གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པའི་ཆབ་སྲིད་བཙོན་པ་༣ཡུལ་དེའི་སྲིད་གཞུང་གིས་བཙོན་ཁང་ནས་གློད་གྲོལ་བཏང་རྗེས།ཕྱི་ཚེས་༡༧ཉིན་ཁོང་ཚོས་རང་གི་ནང་མི་རྣམས་ཁྲིད་དེ་སི་པན་དུ་སྐྱབས་བཅོལ་དུ་འབྱོར་ཡོད་འདུག
ཁུ་བྷ་སྲིད་གཞུང་དང་རོམ་གྱི་གནམ་བདག་ཆོས་ཚོགས་བར་ཆིངས་ཡིག་བཞག་སྟེ། ཟླ་༣ཙམ་འདས་པའི་རིང་ཁུ་བྷ་ནས་བཙོན་གྲོལ་ཐོབ་པའི་བཙོན་པ་༢༣ཙམ་སི་པན་ལ་སྐྱབས་བཅོལ་དུ་འབྱོར་ཐུབ་ཡོད།རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་དེ་སྔོན་ཁུ་བྷའི་ཆབ་སྲིད་བཙོན་པ་ཞིག་བཙོན་ཁང་དུ་ཟས་བཅད་ངོ་རྒོལ་གྱི་རྐྱེན་པས་འདས་གྲོངས་སུ་སོང་ཡོད་ལ། ཁོང་གི་ཨ་མས་རང་གི་བུར་མྱ་ངན་མཚོན་ཆེད་ཁྲོམ་གཞུང་དུ་ངོ་རྒོལ་བྱས་པར་ཡུལ་དེའི་སྲིད་གཞུང་གིས་བཀག་འགོག་བྱས་ཡོད་ལུགས་བརྗོད་ཡོད་པ་རེད། དབྱེ་ཞིབ་པས་བཤད་ན།ཁུ་བྷ་གཞུང་གིས་ད་དུང་ཡང་ཆབ་སྲིད་བཙོན་བརྒྱ་ཕྲག་ལྷག་བཙོན་འཇུག་བྱས་ཡོད་པ་རེད།
གསར་འགོད་པ།དཔལ་ལྡན།
ད་དུང་བག་ཆག་དོང་སྤྲུགས། འཕག་ཚག་གི་ང་རོ།