རང་རྟོན།
ཉེ་ལམ་ན་གཞོན་པ་རྩོམ་སྒྲིག་ཁང་གི་ན་གཞོན་རྩོམ་པ་པོ་དུར་ཁྲོད་དང་སྙུག་བཅུད་ལེན་གཉིས་ཀྱིས་རྩོམ་སྒྲིག་བྱས་པའི་༼ཞོགས་དུང་སྙིང་སྟོབས།༽ཟེར་བའི་དེབ་ཞིག་སྤྱི་ཚོགས་སུ་བཀྲམས་ཡོད་འདུག་ལ། དེབ་དེ་ནི་བོད་ཕྱི་ནང་གཉིས་ཀྱི་ན་གཞོན་རྩོམ་པ་པོ་འགར་རྩེ་འཇིག་མེད། ཨ་རིག་དགེ་མཐོང་། འོད་འཛིན། རང་རྟོན། མྱི་གསོན་པོ། ཨོམ་སྲས་བདེ་གྲོལ། སྙུག་བཅུད་ལེན། སྒེའུ་ཁུང་། དུར་ཁྲོད། ཁྲོ་གཏུམ། སྒོ་ཡོན། སྲིན་པོ། རྣོ་སྤྲེང་། ཨོ་རྒྱན་ཉི་མ། བིས་མདོ་བ་ཆོས་སྐྱོང་སོགས་ཀྱིས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ལགས་ཀྱི་མི་གཞིའི་བསམ་བློ་དང་སྙིང་སྟོབས། དཔྱོད་ཤེས། རིགས་ཞེན།སྤོབས་པ་སོགས་གླེང་བའི་དེབ་ཞིག་རེད།
རྩོམ་སྒྲིག་པའི་སྐད་ཆ་འདི་ལྟར།
ཐོག་མའི་སྐད།གང་ལ་རྟེན་འབྲེལ་ཞུ་ཞེས་སོ་སྐད་ཁྲོག་དུར་འབྱིན་མཁན་ཉུང་ཡང་རུང་། གང་གི་སེམས་ན་རླུང་ནག་འཁྲིགས་སེར་སྨོན་ཚིག་ཐར་མོ་རྒྱག་མཁན་མང་ཡང་རུང་།འཚོ་གནས་ཀྱི་ལག་ཟུང་ཆད་པའི་མི་རིགས་ཤིག་གི་གནས་བབ་ལ་བསམ་གཞིགས་གཏོང་རྒྱུ་ནི།དཔྱོད་ལྡན་པ་སྙིང་སྟོབས་ཅན།ལ་ཞེན་ཅན་དང་བསམ་བློ་བ། མདོར་ན་ཡི་གེ་བ་དག་གི་མི་ཚེའི་འགན་ཁྲི་ཞིག་ཅི་ལ་མིན། དེ་ཡང་སྙིང་སྟོབས་དགུ་འགྱུར་གྱིས་ཕྱུག་པའི་ཞོགས་དུང་སྙིང་སྟོབས་ནི་འུ་ཚང་གི་ཁ་ཟས་བཅུད་ལྡན་ཞིག་དང་བློའི་ཐུབ་གྲོགས་མཆོག་ཅིག་དུ་གྱུར་ནས། སྐྱ་ཆད་སྔོ་སྡུག་གི་ལོ་ཟླ་དེ་དག་གི་ངོ་གདོང་བཀྲུ་བཞིན་དུས་རབས་ཀྱི་མཁའ་དབུགས་ཧུབ་ཀྱིས་རྔུབ་ཀྱིན་ས་སྒང་ཧྲིལ་བོའི་སྟེང་སྟོབས་ཀྱིས་འགྱིངས་ནས། གསོག་སོབ་ཀྱི་སྤྱི་ཚོགས་རྨང་ནས་དཀྲོག་བཞིན་རྟ་ཕོ་མཐུར་མེད་ལྟར་ལ་ལུང་ཀུན་སྨིག་སྒྲའི་གཏོར་སོང་བ་ཡིན་ན།འཚོ་གནས་ཀྱི་ཕྱིར་དུ་ཀི་སྒྲ་འདེབས་མཁན་ཅི་ཙམ་ཡོད་སྲིད་རྒྱུ་རེད་་་་་་་་་་་་མཁས་པ་མཁས་པ་ཟེར་ནས་མྱོ་ཆུ་འཐུང་མཁན་དང་མྱོན་པ་མྱོན་པ་ཟེར་ནས་ལ་རྒྱ་གླེང་མཁན་སུ་སུ་རེད།སྟོང་ཉིད་སྟོང་ཉིད་ཟེར་ནས་བྱང་ཆུབ་སེམས་དཔའ་ཡོད་ཀྱང་རུང་དཔྱོད་ལྡན་དཔྱོད་ལྡན་ཟེར་ནས་མི་དོན་གླེང་མཁན་གང་གང་རེད།
མཇུག་གི་སྐད་ཆ།
བསམ་བློ་དང་ཡོན་ཚད་ཞན་པའི་ངེད་རྩོམ་སྒྲིག་པ་གཉིས་ལ་མཚོན་ན་མདུན་ནས་འཐེན་མཁན་མེད་ལ་མཇུག་ནས་འདེགས་མཁན་ཀྱང་དེ་བས་མེད། ཤེས་རིག་གི་ལྗང་སྨྱུག་དབེན་པའི་མི་བུ་ཕལ་བ་ངེད་གཉིས་ཀྱི་རུས་གསེང་ན་མཆིས་བ་ནི་སྙིང་རུས་དང་ལ་ཞེན་ཁོ་ན་ཡིན་པས།ད་ཐེངས་ཀྱི་ཞོགས་དུང་སྙིང་སྟོབས་ཞེས་བའི་དཔེ་དེབ་འདིའི་རྩོམ་སྒྲིག་སྟངས་དང་ཕྱིའི་འཆར་འགོད་སོགས་ཀྱི་ཐད་ནས་ཉམས་མྱོང་ཞན་ཕྱིར་ཀློག་པ་པོ་དག་གི་བློ་ཡིད་དང་མི་འཚམས་ན་ཐང་མོད།ད་དུང་དེབ་འདིའི་ཆེ་ཆུང་དང་ཕྱི་ཡི་མཛེས་བཀོད་ཀྱི་ཐད་ནས་བསམ་ཚུལ་རེ་ཡོད་སྲིད་རྒྱུ་རེད།འོན་ཀྱང་ངེད་གཉིས་ལ་མཚོན་ན་རྩོམ་ཡིག་གང་མང་ཞིག་ལག་སོན་མ་བྱུང་བའི་དཀའ་ངལ་དང་ནང་རྐྱེན་གང་རུང་གི་དབང་གིས་ཁྱེད་ཅག་གི་བློ་ཁ་ཚིམས་པ་ཞིག་ཏུ་གྲུབ་ཡོད་པར་དཀའ་མོད།འོན་ཀྱང་ངེད་ཀྱིས་ཀྱང་མེ་ཏོག་ཆུང་ཡང་ལྷ་རྫས་ཀྱི་ཚུལ་དུ་དེབ་འདི་བསྒྲིགས་ཁུལ་བྱས་པ་ཡིན།མཐར་དེབ་འདིའི་ཐད་ནོར་འཆུག་གི་ཆ་གང་ཞིག་ཡོད་ཚེ་དགོངས་དག
མི་རིགས་ཀྱི་དཔའ་བོ་ཞོག་དུང་དུས་ནམ་ཡང་མི་ནུབ་པར་རྒྱལ་གྱུར་ཅིག
སྨྱུག་སོའི་ཞབས་རྗེས་རེ་རེས་རིན་ཆེན་གསེར་ལས་ལྷག་པའི་མི་རིགས་ཀྱི་རྩ་དོན་ཐེར་འདོད་བྱེད་སྤོབས་ལྡན་པའི་སྐུ་ཞབས་ཞོགས་དུང་ནམ་ཡང་རྒྱལ། ནམ་ཡང་བསྟོད།
ཞོགས་དུང་སྙིང་སྟོབས་ཞེས་པའི་དཔེ་དེབ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ།
རང་ཉིད་ལམ་འགྲོ་མ་རྒྱུག་པའི་སྡུག་ཡུས་ནང་ཆོས་སྟེང་སྟོན་མེད་པར་སྨོན། སྤྱིར་ལེགས་སོ་ཞུ།
ཞོགས་དུང་སྙིང་སྟོབས་གླེང་མཁན་ཚ་བ་མདའ་སྨྱུག་ལས་ལྷག་ཅིག་བྱུང་མེད།
ཤིན་ཏུ་ནས་ལེགས། བསྔགས་བརྗོད་ཡོད་དོ།། དེབ་ངོ་མ་ལག་ཏུ་སོན་ཚེ་ཞིབ་ཀྱིས་གླེང་ཆོག
ནང་བསྟན་ཆོས་ལུགས་ལ་ངོ་ལོགས་པ་ཚོས་ཡང་འདིར་དཔུང་སྒྲིག་བྱས་འདུག
ཁོ་བ་ཚོའི་སྐད་ཆ་ལ་རིན་ཐང་མེད་པ་སྔ་མོ་ནས་གོ་ཚར་བ་ཡིན།
ཞོགས་དུང་སྙིང་སྟོབས་ཟེར་ནས་གླེང་མཁན་གྱི་མི་འདི་རྣམས་རང་མགོ་ཙམ་ཡང་མི་ཐོན་པར་མི་གཞན་ལ་བྱུས་གཏོགས་བྱ་མཁན་རྐྱང་རེད།
མི་འདི་ཚོའི་སྐད་ཆ་ལ་ཞེ་སུན་ཚར་བ་ཡིན།
འཛམ་གླིང་འདིར་འགྲོ་བ་མིའི་རིན་ཐང་བརླག་ཉེན་ཆེ་བའི་ཡ་མཚན་ལྟད་མོ་ཉིན་རེ་ནས་ཉིན་རེ་ཇེ་མང་འགྲོ་བ་ལ་མགོ་འཐོམས་ནས་སྡོད་པའི་དུས་ཚོད་མ་རེད། ། ཞོགས་དུང་སོགས་བོད་མི་ཁ་ཤས་ཀྱིས་རང་གི་ཕ་མེས་ཡང་མེས་ཀྱི་ཁྱད་ནོར་འདི་དག་ལ་གད་སྙིགས་དང་ལྷ་སྒྲུང་སོགས་ཀྱི་མིང་བེད་སྤྱོད་པ་གོ་ཡོང་དུས་ཡིད་ཆད་པ་ཞིག་རེད། ཁོ་ཚོ་ནི་ཁ་རྒྱགས་པ་བཤད་མཁན་རྐྱང་རེད། ཁོ་ཚོ་ལ་གསར་གསར་གཏོད་ཀྱི་ལག་རྗེས་གང་ཡང་ཡོད་པ་མ་རེད། དེང་སང་ཚན་རིག་པ་མང་པོས་བཀའ་བསྟན་ནི་ཚན་རིག་གི་སློབ་དེབ་ཅིག་ཏུ་ངོས་འཛིན་པ་ལ་བོད་ཀྱི་གླེགས་བམ་རྙིང་པ་རྣམས་རྣམས་གད་སྙིགས་སུ་མཐོང་མཁན་ཁོ་ཚོ་ལ་ཡིད་སྨོན་ཤོར་དགོས་བ་ཅི་ཡོད། ལོ་ཙཱ་བ་དང་རྒྱལ་བློན་པཎ་གྲུབ་རྣམས་ཀྱིས་དཀའ་སྤྱད་དུ་མས་གཏན་ལ་ཕབ་ཅིང་མཁས་པ་རིམ་བྱོན་གྱིས་འཆད་ཉན་གྱི་སྒོ་ནས་དར་སྤེལ་མཛད་པ་ལ་གད་སྙིགས་སྤུངས་བ་ངོས་འཛིན་པའི་ཁོ་ཚོའི་རྩོམ་ཡིག་ལ་རིན་ཐང་ཅི་ཞིག་ཡོད། ཞིབ་མོར་དཔྱོད་དང་། འཇིག་རྟེན་འདིའི་ཐོག་གི་བཟང་ངན་དང་དགེ་སྡིག་མི་ཤེས་བའི་མི་ལ་རིན་ཐང་འདུག་གམ། དེ་ལས་ལྡོག་སྟེ་མི་བུ་དང་མིའི་གཤིས་ཐ་སྙད་དེ་ཚོ་ལ་དོན་སྙིང་ཅི་ཞིག་ཡོད། ཁོ་ཚོ་ནི་ལས་དཀར་ནག་ལ་དགག་པ་རྒྱག་མཁན་རེད། རང་གི་ཕ་མེས་ཡང་མེས་ཀྱི་ཁྱད་ནོར་མི་ཤེས་བ་དང་ལས་འབྲས་ཀྱི་རྣམ་བཞག་མི་ཤེས་བ་ལ་ཁག་མེད། བདེ་སྡུག་སྣ་ཚོགས་པ་འདི་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་ངེས་བར་རྒྱུ་འབྲས་མ་འཆོལ་བའི་ལས་དཀར་ནག་གི་འབྲས་བུ་ཡིན་པར་ཚན་རིག་གི་ལམ་ནས་གདེངས་སྤོབས་ཆེན་པོས་ལབ་ཐུབ།
དངོས་གནས་བློ་གཟུ་བོར་གནས་བ་ནུབ་ཕྱོགས་པའི་ཚན་རིག་པ་གྲགས་ཅན་ཨ་ཨེན་སི་ཏན་གྱིས་ཚན་རིག་དང་མཉམ་གཤིབས་བྱས་ནས་འགྲོ་ཐུབ་པའི་ཆོས་ལུགས་ནི་ནང་བསྟན་གཞུང་ལུགས་རེད་ཅེས་བཤད་ཡོད་པ་རེད། སྔོན་ཆད་རིག་གསར་སྐབས་སུ་དངོས་གནས་གད་སྙིགས་སུ་ལྟ་མཁན་དམར་ཕྱོགས་རིང་ལུགས་པ་ཚོས་ནང་བསྟན་ལ་རྒོལ་རྡུང་བཏང་བ་དང་འཐབ་རྩོད་བྱས་པ་རེད། མི་བུ་ངོ་མ་དེ་ཚོ་ཡིན་རྒྱུ་ཨེ་རེད།
མི་འདི་ཚོས་གདོང་གཅིག་ནས་རྣམ་འགྱུར་གཉིས་དུས་མཉམ་དུ་བསྟན་རྒྱུ་ཙམ་ལས། དོན་ངོ་མར་ཞོགས་དུང་གི་བསམ་བློ་ཟུར་ནམ་ཡང་གོ་ཐུབ་ཀྱི་མ་རེད། ཁ་གཡམ་དང་འུད་སྒྲོག་གིས་རང་ཉིད་སྤྲིན་པའི་སྟེང་སླེབས་འདོད་པ་དེའོ།
ཞོགས་དུང་གི་དེབ་དེ་ཚོ་ལོ་ཆུང་ཚོས་བཀླགས་ན་དགོན་པ་གཏོར་ཞིང་གྲྭ་པ་རྡུང་ཐུབ་པའི་ངར་ཤུགས་སྐམ་པོ་ཞིག་སྐྱེ་རུ་འཇུག་གི་རེད། ལོ་རྒན་ཚོར་ད་ཡང་རིག་གནས་གསར་བརྗེ་ཞིག་ཡོང་ས་རེད་བསམས་པའི་དངངས་སྐྲག་ཅིག་སློང་ཐུབ། ཡིན་ཡང་ཁོས་བྲིས་པའི་སྲམ་ལྤགས་ཀྱི་སྐོར་དེ་ཡག་པོ་འདུག འདི་ནི་ངས་དེབ་དེ་ཚོ་གཅིག་ཀྱང་མ་ཆད་པར་བཀླགས་པའི་ཉམས་མྱོང་ཡིན།
གལ་སྲིད་དབུས་གཙང་ན་ཞོགས་དུང་དང་ཚ་བ་མདའ་སྨྱུག་ལྟ་བུ་གཉིས། ཁམས་ན་གཉིས། ཨ་མདོ་ན་གཉིས་ཡོད་ཚེ་བོད་ཀྱི་ཆོས་དང་རིག་གཞུང་འདི་ལོ་ངོ་བཅུའི་རིང་ལ་ཐལ་བ་རྡུལ་གཏོང་ཐུབ་ཀི་འདོད། ཞོགས་དུང་གི་གསར་བརྗེའི་སྙིང་སྟོབས་དང་ཚ་བ་མདའ་སྨྱུག་གི་རིགས་པའི་ངར་ཤུགས་འདི་གཉིས་སྤྱིར་ན་བོད་མི་རིགས་ལ་དགོས་པའི་དུས་སྐབས་ཤིག་ཀྱང་ཤར་ཟིན་ཏམ་འཆར་བཞིན་ཡོད་དམ་འཆར་བར་འགྱུར་དགོས་པ་ཞིག་རེད་འདོད།
ཞོགས་དུང་སྙིང་སྟོབས་ཞེས་པའི་དེབ་ལེགས་འགྲུབ་བྱུང་བ་དགའ་བསུ་ཞུ།
ཀླུ་སྨྱོན་དང་ཀླུ་སྨྱོན་གྱི་རྒྱུགས་ཁྱི་ཚོའི་སྒྲུང་རྩོམ་ཐ་ཐོར་རེ་དང་
སྙན་ངག་ཐ་ཐོར་རེ་བྲིས་ནས་དོན་ལྡན་གྱི་མཁས་དབང་ཚོར་དགག་རྒྱག་ལས་
ཅི་ཡང་མི་འཇོན།།མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་མཁན་ཚོར་དགག་རྒྱག་བྱེད་པར་ནམ་ཡང་ཁོང་ཚོའི་ཁུར་ཏུ་ལེན་བཞིན་ཡོད་པས་ཞོགས་དུང་རྩོམ་སྒྲིག་པས་ཁ་ཡ་མ་བྱེད།བོད་ཀྱི་ཁ་དཔེར་ཙིག་གུའི་གཅིན་པའི་ས་བངས་ཞེས་པ་ལྟར་ཁོང་ཚོར་གཅིན་པ་ག་ཚད་གཏོང་ན་གཏོང་དུ་ཆིག།
ཙིག་གུ་གཅིན་པའི་ས་མི་བངས་ཞེས་པའི་(མི་)ཆད་འདུག
དགོངས་དག་ཞུ།
ནམ་ཡང་ཞོགས་དུང་དཔའ་བོ་རྒྱལ་ལོ། །
མི་སུའང་སྐྱོན་ཡོན་གཉིས་ལྷན་སྐྱེས་སུ་ཡོད་པ་ཁས་ལེན་དགོས། སྐུ་ཞབས་ཞོགས་དུང་མཚོན་ན་རིགས་ཞེན་ལ་རྒྱ་ནི་ཧ་ལས་དགོས་པ་ཞིག་ཡིན་པ་གནམ་ས་གོ་འབྱེད་ནང་མཐོང་ཐུབ་གི
སྨིག་སྒྲའི་གཏོར
དེབ་ཞིག
མྱོ་ཆུ་འཐུང་མཁན་དང་མྱོན་པ་མྱོན་པ་ཟེར
ཁྲོག་དུར་
ཅིག་དུ་
འཁྲིགས་སེར་སྨོན་ཚིག་ཐར་མོ་རྒྱག་མཁན
འགན་ཁྲི་
མཆིས་བ་
ཞེས་བའི
གོང་གི་ངོ་སྤྲོད་དེའི་ནང་གི་ཡིག་ནོར་ལ་གཟིགས་དང་། རྩོམ་སྒྲིག་པ་བྱེད་རྒྱུ་འདི་ཧ་ཅང་དཀའ་བའི་ལས་ཀ་ཞིག་དང་། ལྷག་པར་དུ་བོད་ཕྱི་ནང་གཉིས་ན་གྲགས་པ་ཅན་གྱི་ཞོགས་དུང་དང་ཚ་མདའ་གཉིས་ཀྱི་རྩོམ་ཡིག་དང་འབྲེལ་བའི་དེབ་ཀྱི་རྩོམ་སྒྲིག་པ་ཞིག་བྱེད་པར་མ་མཐའ་ཡང་སུམ་རྟགས་དག་གསུམ་ལ་ནང་བྱན་ཆུད་པ་ཞིག་ཅིས་ཀྱང་དགོས་པར་འདོད།
ཞོགས་དུང་གི་གནམ་ས་གོ་འབྱེད་དང་འཇམ་དབྱངས་སྐྱིད་ཀྱི་མནར་གཅོད་ཀྱི་གོ་རིམ་གཉིས་ཧ་ཅང་ཡག་པོ་ཡོད། དེ་མིན་དཔྱོད་ཤེས་རྒྱང་འབོད་སོགས་དེང་སྐབས་ར་རྒྱ་སློབ་གྲྭ་སོགས་ན་འགོག་གི་ཡོད་པའི་སྐད་ཆ་ཞིག་འདུག་པར་ཁག་མེད་པར་སྙམ། གང་ཡིན་ཟེར་ན་བསམ་བློ་མ་སྨིན་པའི་རིགས་ལ་དེབ་དེས་ཕན་ལས་གནོད་པ་ཆེ་བས་སོ། །གོང་གི་ཞོགས་དུང་གི་རྒྱབ་སྐྱོར་བ་ཡིན་ཁུལ་ཚོ། ཁྱོད་ཚོར་ཞོགས་དུང་གི་བསམ་བློར་རྒྱབ་སྐྱོར་ཡོད་ན་ལྟ་བ་འབུར་འཇོམ་མིན་པར་ལྟ་བ་ཐར་གཅོད་བྱེད་དགོས་ནི་རེད། འདི་ཞོགས་དུང་གི་རྒྱབ་སྐྱོར་བ་གང་ན་སུ་ཡོད་ཚོས་སེམས་ལ་ཟུངས།
ཨ་ཁུ་ཀླུ་སྨྱོན་བདེན་ཨ་མདོའི་ཡུལ་དུ་ཞོགས་དུང་གིས་ལྟ་ལོགས་རིང་ལུགས་སྤེལ་ནས་བཟུང་ཨ་མདོའི་གཞོན་སྐྱེས་མང་དག་ཅིག་ཞོགས་དུང་གི་རྗེས་འབྲང་ལ་ཆགས་ནས་དེང་སང་བོད་གཞིས་བྱས་གཉིས་ཀྱིས་གཞོན་སྐྱེས་མང་དག་ཅིག་ཞོགས་དུང་གི་རྗེས་འཇུག་འགྱུར་ཉེན་འདུག
ཚ་བ་མདའ་སྨྱུག་གི་དེབ་དེས་སང་གདན་ས་ཁག་གི་ནང་དུ་གྲྭ་གཞོན་ཚོའི་ནང་དུ་གྲྭ་པ་མང་ོོ་ཞིག་གཟན་ཤམ་གྱོན་ཞིང་ནང་ཆོས་ལ་དད་ལོག་མཁན་བཟོས་འདུག
ཆོས་ལུགས་བླ་ཆེན་ཀརྨ་པས་འདིའི་སྐོར་ལ་སེམས་འཚབ་ཡོད་ཚུལ་ཞིག་ཉེ་ཆར་གསུངས་པ་མཐོང་སོང་།
ཞོགས་དུང་གི་དམར་པོའི་ཆོས་མེད་རིང་ལུགས་ཀྱི་ལྟ་བ་དེར་བོད་ནང་གི་རྩོམ་པ་བོ་གྲགས་ཅན་སྐྱབས་ཆེན་སོགས་ཀྱིས་དགག་བཞག་སྤྲོས་འདུག་པར་ལྟ་ཐུབ་ན་ཡག་པོ་འདུག།རྒྱ་ནག་ལྟ་བུ་ཡོད་ཚད་དམ་དྲག་འོག་ཡོད་པའི་ཡུལ་ལུང་ཅིག་ཏུ་གཞོན་ནུ་མང་པོས་དེ་སྔའི་ཡོ་རོབ་ཀྱི་late middle agesསྐབས་ཡེ་ཤུས་ཆོས་ལུགས་མཁྲེགས་འཛིན་པ་དང་བསམ་བློ་གསར་པ་ཅན་ཚོའི་བར་འགལ་ཟླ་བྱུང་དུས་བྲིས་པ་རྩོམ་ཡིག་མང་པོར་དཔེ་འགེབས་བྱས་ཏེ།དེ་དུས་ཀྱི་ནུབ་ཕྱོགས་པའི་ཕྱོགས་གཅིག་གི་ལྟ་སྟངས་དེ་དེང་རབས་ཀྱི་བསམ་བློ་གསར་པ་དང་ལྟ་གྲུབ་རེད་བསམ་བཞིན་པ་རེད།
དེའི་རྒྱུ་རྐྱེན་ཡང་རྒྱ་ནག་གཞུང་གིས་ཁོ་རང་ཚོའི་དམར་ཕྱོགས་ལྟ་གྲུབ་མཁྲེགས་འཛིན་ལ་ཕན་རོགས་ཡོང་བའི་ནུབ་ཕྱོགས་ལྟ་བ་རྙིང་བ་རྐྱང་མ་གཏོགས།ནུབ་ཕྱོགས་ཀྱི་རང་དབང་དང་མང་གཙོའི་ལྟ་གྲུབ།མིའི་ཐོབ་ཐང་དང་ཆོས་ལུགས་བསྐྱར་དར་གྱི་ལྟ་གྲུབ་སོགས་གང་ཐུབ་དགོས་འགོག་ཐབས་བྱེད་ཀི་ཡོད་པས།དོན་དངོས་སུ་ཞོགས་དུང་རྗེས་འབྲངས་དང་བཅས་པའང་ནུབ་ཕྱོགས་ཀྱི་དུས་རབས་ལྔ་པ་ནས་བཅོ་ལྔའི་བར་བྱུང་བ་ལྟ་གྲུབ་རྙིང་པ་ཅིག་གི་རྗེས་འབྲངས་རྙིང་དྲི་འཚུབ་འཚུབ་ཅིག་མ་གཏོགས།ཁོང་ཚོས་རང་ཉིད་བློ་འབྱེད་པ་དང་བསམ་བློ་གསར་པ་ཅན་དུ་སྒྲོག་པ་ནི་རང་སྣང་དག་པ་ཙམ་རེད།
ཀླུ་སྨྱོན་གྱིས་དེང་བར་བོད་པའི་རྩ་དོན་དང་མི་རིགས་ལ་ཕན་པའི་དཔྱད་རྩོམ་ཞིག་མཐོང་མྱོང་མེད། ཁོང་གི་རྩོམ་ནི་རང་ཉིད་འགྲོ་ལུགས་འདུག་སྟངས་དང་ཡང་ན་རང་ཉིད་འཚོ་བར་རོལ་སྟངས་དཔེར་ན་ཉིན་ཐོ་ལྟ་བུ་དང་། ཡང་ན་གྲ་སྨྱོན་ཁ་ལ་ཤན་བཞུགས་པའི་མཇེ་སྟུའི་སྐོར་དང་། ཡང་ན་ཁོང་ཉིད་བག་ཆགས་སམ་འགྲིས་གཞུང་ཆེ་བའི་སྒྲུང་རྩོ་ཐར་ཐོར་འདྲ་རྩོམ་ནས་ངོམ་སོ་བྱེད་རྒྱུ་ལས་གཞན་ཅི་ཡང་མེད་པར་ཤེས་ཀྱི་ཡོད། ད་དུང་རང་ཉིད་ཡིན་དོག་དང་ཆེ་མདོག་གིས་ཞོགས་དུང་ལ་མ་རངས་པའི་ཟུར་ཟ་བྱེད་རྒྱུ་འདིས་ཁོང་ཉིད་ལ་དེ་ཙམ་གྱིས་རྣམ་དཔྱོད་ཤིག་མེད་པའི་རྟགས་གསལ་བོ་མ་ཡིན་ནམ།
ཞོགས་དུང་གི་བསམ་བློ་གཏིང་མི་དཔོག་པར་དགག་བཞག་བྱ་རྒྱུ་དེ་རྗེས་ལུས་ནང་གི་རྗེས་ལུས་རེད། དེ་ལས་ཀྱང་གསར་བརྗེའི་བསམ་བློ་ངོ་མ་ཞིག་ཡོད་ན་ཨུ་ཚུགས་ཀྱིས་ལམ་གཅིག་རང་ལ་འགྲོ་རྒྱུ་མཚམས་བཞག་ནས། བསམ་བློའི་གསར་བརྗེ་གཞི་རུ་བྱས་ཏེ། འཐབ་རྩོད་ཀྱི་ལམ་གསར་པ་ཞིག་འཚོལ་དང་། དེ་མིན་བྱ་འགུལ་གང་ཞིག་ཀྱང་གསར་བརྗེར་སྦྱོར་གང་ཐུབ་བྱེད་པ་དེ། མི་བུའི་བསམ་བློ་རང་ཚུགས་མི་ཐུབ་པ་དམར་རྗེན་དུ་སྟོན་པ་ཙམ་ལས་གཞན་ཅི་ཡང་མི་འདས།
བོད་པ་མིའི་མཚན་ཉིད་མི་ཚང་ཟེར་མཁན་ཁོ་བ་དང་ཁོའི་རྗེས་འབྲངས་བ་ཚོ་ལ་བསམ་བློའི་ནང་དམར་ཕྱོགས་ཀྱི་ལྟ་བས་ཁེངས་ཡོད་པ་གསལ་བོ་རེད། ཡིན་ཡང་གནམ་ས་གོ་འབྱེད་འདིས་བོད་མི་མང་པོ་གཉིད་ལས་བསླངས་སུ་བཅུག་སྟེ། གཙོ་བོར་ས་བྱི་ལོའི་གསར་བརྗེ་ཟེར་བ་དང་བཙོན་པ་མནར་གཅོད་ཀྱི་གནས་ཚུལ་རྣམས་བློ་ཁོག་ཆེན་པོས་དྲང་བོར་བརྗོད་པ་ལ་བོད་མི་མང་པོ་ཞིག་དགའ་ཡོད་པའི་རྐྱེན་གྱིས་རེད། དེ་མིན་ཞོགས་དུང་གི་རྒྱབ་སྐྱོར་བ་ཚོས་ཁ་ནས་མ་ནི་འདོན་འདོན་སྐྱོར་ཏེ་ཞོགས་དུང་གི་དམིགས་ཡུལ་དང་བསམ་བློ། རྒྱབ་ལྗོངས་གང་གི་ཆ་ནས་བལྟས་ཀྱང་བོད་ལ་ནང་བསྟན་རྩ་མེད་བཟོ་རྒྱུ་དེ་ཨེ་རེད། བསམ་ཚུལ་ཙམ་ཡིན།
མཐོ་རིམ་སློབ་མ་ཟེར་བ་མི་འདི་འདྲའི་རིགས་ནི། བོད་ཡར་རྒྱས་ཀྱི་གེགས་རྩ་རེད། བོད་རང་བཙན་ཤོར་བ་ཡང་མི་ཤེས་ཤེས་པར་རློམ་ཞིང་། ཕྱོགས་གཅིག་གི་འཛིན་པ་ཨ་འཐས་ཅན་མང་སོང་བས་རེད། བོད་ནང་གི་ཞོགས་དུང་དང་ཕྱི་ཡི་འཇམ་དབྱངས་ནོར་བུ་སོགས་ཀྱི་ལྟ་རྒྱ་རྒྱ་ཐོས་རྒྱ་འདི་རང་ག་ཞིག་གཏན་ནས་མ་རེད། ང་ཚོ་ལྟ་བུས་རྗེས་ཟིན་པར་མི་རབས་གཅིག་འགོར་རྒྱུ་རེད་ཡ། ལར་ནས་བོད་རིགས་པ་ལ་མུ་བཞི་བརྩི་འགྲིག་སྟེ། བཤད་ཤེས་ནུས་ལ་སྒྲུབ་ཀྱང་ནུས་པ། ། སྔ་མ་ནུས་ལ་ཕྱི་མ་མི་ནུས་པ། སྔ་མ་མི་ནུས་ལ་ཕྱི་མ་ནུས་པ། གཉིས་ཀའང་མི་ནུས་པ་བཅས་སོ། ཞོགས་དང་འཇམ་ལྟ་བུ་དང་པོའི་གྲས་སུ་མི་ཚུད་ཀྱང་རུང་གི། གཉིས་པའི་རྩེ་གྲས་ན་ཡོད། ཁྱོད་དང་ང་ལྟ་བུ་གང་གི་གྲས་ན་འདུག ལྟོས་དང་། གཉིས་ཀའང་མི་ནུས་པའོ། གཞན་ཡང་ཞོགས་དུང་གི་ཆོས་ཀྱི་གོ་རྟོགས་དེ་ལྟ་ཁྱོད་ལྟ་བུར་བཅུ་ཆའང་ཨེ་ཡོད་ན། ཁྱོད་ལྟ་བུའི་ཆོས་ཞེན་དེ་ནི་རྨོངས་ཞེན་རང་རེད་འདོད། དེ་བཞིན་ཞོགས་དུང་སྙིང་སྟོབས།༽ཟེར་བའི་དཔེ་དེབ་ནང་ཆ་ཤས་ལེན་མཁན་རྩོམ་པ་པོ་རྣམས་ལའང་་རྗེས་སུ་ཡི་རང་ཞུ་འོས་བརྒྱ་ཆའི་བརྒྱ་རེད། གང་ལ་ཟེར་ན། ཉེན་ཁ་གང་ལའང་མ་འཛེམས་པར་བཤད་དགོས་ས་ཞིག་བཤད་པ་རེད། འདི་ལ་སྐྱོན་རྒྱག་པ་ནི་དངོས་གནང་མདོ་མེད་རེད་རང་བསམ། དྲན་གསོ་ཞིག་ལ། ༼བླུན་པོ་ཁ་བཙུམ་ན་བསྟན་འགྲོ་ལ་ཕན་ནོ།༽ དེ་བས་ད་དུང་ཡང་སློབ་སྦྱོང་ལ་ཧུར་ཐག་གྱིས། ཨེ་གོ་ཐལ་སློབ་ཕྲུག་ལགས།
ཞོག་དུང་ལྷ་རེད་ཟེར་ནས་བསྟོད་རྒྱུ་མིན།།
ཞོག་དུང་འདྲེ་རེད་ཟེར་ནས་སྨད་རྒྱུའང་མིན
གནམ་ས་གོ་འབྱེད་བལྟས་ན་ཞོག་དུང་བཟང་།།
དཔྱོད་ཤེས་རྒྱང་འབོད་བལྟས་ན་ཞོག་དུང་ངན།།
ཞོགས་དུང་དང། མདའ་སྨྱུག སེང་རྡོར་གསུམ་ལ་བླུན་པོ་ནས་མཁས་པའི་བར་དགག་སྒྲུབ་ཀྱི་ཐལ་བ་ཐན་ཐུན་འོང་མྱོང་མོད། ཞོགས་དུང་གི་དམིགས་ཡུལ་གཙོ་བོ་དེ་བོད་མི་རིགས་འདི་སྔོན་ཐོན་གྱི་གྲལ་དུ་སླེབས་ཐབས་ཤིག་ཡིན་ལ། གལ་ཏེ་དེ་ལྟར་འགྱུར་བ་ལ་ནང་ཆོས་བློས་གཏོང་དགོས་པ་ཡང་དངོས་བདེན་རེད། དེས་ན་ཁོང་ནི་མི་རབས་གསར་པའི་འཁྲི་ཤིང་ངོ་མ་དེ་ཡིན་ཞིང། མདུན་སྐྱོད་བསུ་བའི་ཤིང་རྟ་རྣལ་མ་དེ་རེད། ཐེངས་འདིར་དྲྭ་གྲོགས་ཁག་གཅིག་གིས་ཁོང་དང་འབྲེལ་བའི་དེབ་ཅིག་བཏོན་ཡོད་པ་དེ་ཤིན་དུ་བཟང། འཚམས་འདྲི་ཞུ། བཟང་པོ་ལ་དཔའ་དར་མེད་ན། བཟང་པོ་དེ་ཇེ་ཉུང། ཟེར་བ་ལྟར་ཉེན་ཁ་ཆེ་བའི་དུས་མཚམས་ན་གྲུང་པོ་ཞིག་དགོས་པ་ན་གཞོན་ཚོས་འགན་འཁྲི་རེད།
ཆོ་མེད་པའི་ཇག་ཚོགས་ཤིག་གི་བྱ་ངན་སྤྱོད་ངན་ཞིག་གམ། བསམ་མ་ཤེས་པའི་རྐྱལ་སྟངས་རྐུན་མ་སྐོར་ཞིག་གི་བྱ་སྤྱོད་དུ་མཐོང་བས་རྒྱབ་སྐྱོར་བྱ་ཐབས་བྲལ།
སྐུ་ཞབས་ཞོགས་དུང་ལགས་ཀྱི་རྩོམ་དེབ་ཀློག་མྱོང་མེད་ཀྱང་ཁོང་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་ཡོད་པའི་མི་བུ་ཞིག་ཡིན་པ་གོ་མྱོང་། ཁོང་ཆོས་མེད་རིང་ལུགས་པ་ཡིན་ཡང་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་ཡོད་པ་དེ་གས་འགྲིགས་ཤག། ང་ཡང་ནང་ཆོས་ལ་དད་པ་ལྷད་མེད་པ་ཞིག་ཡོད་ཀྱང་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ལྟ་བ་བོར་བའི་སྒོར་མོ་ལྗང་ཁུའི་རྐུབ་ལ་རྒྱུགས་བསྡད་མཁན་གྱི་སྐྱ་མིན་སེར་མིན་ཀླུ་སྨྱོན་འདྲ་བའི་རིགས་འདི་ཚོར་ཞེན་པ་གཏིང་ནས་ལོག་མཁན་གྲས་ཞིག་ཡིན།
དཔེར་ན་ཀླུ་སྨྱོན་ལ་ཅིག་གཟིགས་དང་སྙན་ཚིག་ཐར་ཐོར་འགའ་འབྲི་ཤེས་ཀྱང་དེ་ཚོ་ཚང་མ་མའོ་ལ་སྟོད་གླུ་ལེན་པ་དང་མའོ་ཡི་མཛད་རྣམ་སོགས་འབྲི་བ་དང་། ཡང་ཅིག་མིན་ན་བོད་ས་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་རྫུན་རྐྱལ་འགའ་བྲིས་པ་མ་གཏོགས་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ལྟ་བ་མཚོན་པའི་དོན་སྙིང་ལྡན་པའི་རྩོམ་ཡིག་ནི་སྣ་གཅིག་ཀྱང་འབྲི་ཤེས་ནི་མ་རེད། བྱས་ཙང་ཁོ་ཚོས་ནང་ཆོས་རིག་པ་ལ་ཤ་ཞེན་ཡོད་མདོག་བསྟོན་པ་ལས་དོན་ངོ་མར་རང་ཉིད་ཀྱི་ལྟོ་ཕོར་དང་འབྲེལ་ཡོད་པ་གསལ་པོ་རེད་ལ་རང་ཉིད་སྙིང་སྟོབས་ལྡན་པའི་རྩོམ་པ་པོ་དེ་ཚོའི་གྲས་སུ་མི་ཚུད་པར་ཁ་སྐྱེངས་པོ་བྱུང་བ་མིན་དྲོ།
དཔེར་ན་སྔ་མོ་ལྷ་སར་དབྱིན་ཇིའི་སློབ་གྲྭ་འཛུགས་རྒྱུར་གདན་ས་གསུམ་གྱིས་ངོ་རྒོལ་བྱས་པ་རེད། དེ་ནས་དགེ་འདུན་ཆོས་འཕེལ་དང་ལུང་ཤར་གྱིས་བཅོས་བསྒྱུར་གསར་གཏོད་ཀྱི་དགོངས་གཞི་ལ་རང་ལྟ་མཆོག་འཛིན་པ་ཚོས་དགེ་ཆོས་ལ་དམར་པོའི་ལྟ་གྲུབ་སློབ་སྦྱོངས་ཡོད་ཚུལ་དང་བོད་ལྗོངས་དམར་པོར་བསྒྱུར་དྭོགས་ཀྱིས་དགེ་ཆོས་ལོ་མང་བཙོན་འཇུག་དང་༧ སྐུ་གོང་མའི་སྤྱན་གསལ་ལུང་ཤར་མིག་འབྲས་བཏོན་པ་སོགས་མི་ཆོས་ལས་འདས་པའི་མནར་གཅོད་བཏང་བ་རེད་ལ། དགེ་ཆོས་ཁོང་འུ་ཐུག་གི་སྨྲེ་ངག་འདི་ལྟར་འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་བུམ་པ་ཞིག་རྡོ་ལ་བརྡབས་སོང་ཞེས་ཁོང་ཐུགས་འཕམ་དང་འབྲེལ་ནས་གསུང་སྐད་ཤོར་དགོས་པ་འདི་མངའ་བདག་ཆེན་པོ་གསུམ་གྱིས་རང་ཉིད་ཀྱི་ལྟོ་ཕོར་དང་འབྲེལ་བའི་བྱས་རྗེས་འོག་ན་མེད་པ་དེ་མ་རེད་པས།
མ་ཟད་དེང་དུས་རྩོམ་པ་པོ་འདས་པོ་མཁས་དབང་ཟླ་བ་ནོར་བུ་ལགས་ཁོང་གིས་དམངས་གཙོའི་སྐོར་བཤད་པ་དང་ཁོང་ལམ་སེང་རྡ་ས་ནས་རྡོ་དང་དབྱུག་པས་འཕུད་པ་མ་རེད་པས། བྱས་ཙང་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་བསམ་བློ་གསར་པ་དང་ལྟ་བ་གསར་པའི་མི་བུ་འགའ་རེ་སླེབས་ན་ལམ་སེང་ཁོ་མུ་སྟེགས་པ་ཡིན་རབས་དང་ཆོས་མེད་རིང་ལུགས་པའི་དམར་པོ་དམར་རྐྱང།་ཡིན་རབས་སོགས་བརྗོད་ནས་མཐའ་འབུད་གཏོང་བ་འདི་བོད་པའི་རང་གཤིས་ལྗང་ནག་དེ་རེད་ལ་སྤྱི་ཚོགས་ཡར་ཐོན་ཅན་ལ་འགྱུར་བར་འགག་རྡོ་ཆེན་པོ་ཞིག་ཅིས་མིན།
གསེར་འབྲུག་ལགས་ཀྱིས་སྐུ་ཞབས་ཞོགས་དུང་ལ་མི་རིགས་ཀྱི་ལྟ་བ་ཡོད་པ་དང་མི་རིགས་ཀྱི་ལ་རྒྱ་ཡོད་པ་དེ་གས་འགྲིགས་སོང་ཟེར། མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་ཡོད་ན་ནི་ང་ཚོ་ལ་དགོས་རྒྱུ་ཞིག་ཡོད་སོང་བ་ཡིན་པས་དམའ་འབེབ་དང་འབུར་བཅོམ་བྱེད་དོན་ཡེ་ནས་མེད་མོད། གཙོ་བོ་མི་རིགས་ཀྱི་ལྟ་བ་ཟེར་བ་དེ་མི་རིགས་ལ་ཤ་ཞེན་ཡོད་པ་ཙམ་ལ་བྱེད་ན་དེ་ཀས་འགྲིག་ཐབས་ག་ལ་ཡོད། འདི་ལ་གླེང་རྒྱུ་མང་མོད་དེ་རིང་བཤད་འདོད་པ་ནི་གཙོ་བོ་ཁོའི་བསམ་བློའི་ཤུགས་རྐྱེན་ལ་བསམ་བློ་གཏོང་དགོས་པ་རེད་ཟེར་བ་དེ་ཡིན། བདག་གིས་ནོར་བ་མིན་ན་ཁོས་སྤྱི་ཚོགས་སྟེང་བཞགས་པའི་བསམ་བློའི་ཤུགས་རྐྱེན་ཀྱིས་བསྐྱེད་སྲེང་བྱས་པ་ནི་སེང་རྡོར་ལྟ་བུ་རེད་ལ། ཁོ་ཚོ་ཐུན་མོངས་ལ་ཡོད་པའི་བསམ་བློའི་ངོ་གདོང་ནི། རིགས་གནས་རྙིང་བ་བཅོམ་ཆག་སྐྱ་ཉིལ་དུ་གཏོང་རྒྱུའི་ཕུག་བསམ་དེ་རེད། དེས་ན་འདི་ནས་ང་ཚོས་དེང་ལེན་བྱེད་འེ་ཐུབ་དང་ཡང་ན་དེང་ལེན་བྱེད་འེ་རུང་ཅེས་པ་ནི་མ་དྲིས་དོན་གྱིས་བྱུང་བའི་དྲི་བ་ཞིག་རེད་ལ། འདི་ནི་ཞོགས་དུང་གི་བསམ་བློ་དེང་ལེན་བྱེད་རུང་མིན་གྱི་གནད་དོན་ཞིག་ཀྱང་རེད། གནམ་ས་གོ་འབྱེད་ཀྱི་སྟེང་ནས་ཁོ་ལ་ཡོད་པའི་མི་རིགས་ཀྱི་ལ་རྒྱ་འབུར་ཏུ་ཐོན་འདུག་པ་དེར་བདག་གིས་ཀྱང་གུས་བཀུར་མི་ཞུ་ཐབས་མེད་རེད་མོད། དེ་མིན་ཁོའི་སྔ་རྩོམ་དག་ལས་བདག་ལ་བོད་མི་རིགས་ལ་དེ་ཀས་འགྲིགས་སོང་སྙམ་པའི་བག་ཆགས་གང་ཡང་བཞགས་མ་སོང་བ་ནི། བདག་གིས་ཞོགས་དུང་མ་མཐོང་བས་ཡིན་ནམ་ཡང་ན་མཐོང་ཆེ་བས་ཡིན། འདི་ནི་ཁྱེད་ལ་འདྲི་འདོད་པའི་བདག་གི་དྲི་བ་ཡང་ངོ་། །
མ་གཞི་ཞོག་དུང་གི་བརྩམས་ཆོས་འགའ་ཡག་པོ་འདུག ཡིན་ན་ཡང་དཔྱོད་ཤེས་ཀྱིས་མ་འདང་བ་དང་བསམ་བློ་གུ་དོག་པོའི་དབང་དུ་ཤོར་བའི་ཐལ་ཆ་ཅན་གྱི་རྩོམ་ཡིག་འགའ་ཡང་མཐོང་རྒྱུ་འདུག་པས་གཟུར་གནས་བློ་ལྡན་དག་གིས་ཐུགས་སྣང་མཛད་གལ་ཆེ། ལྷག་ཏུ་བོད་རིགས་གཞོན་སྐྱེས་ཚོས་བླུན་པོ་ཆུ་སྣ་གར་ཁྲིད་རྗེས་འབྲང་བ་མི་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེའོ། །
གོང་གི་གསེར་འབྲུག་སོགས་ཀྱི་ཁ་ནང་ལ་གསང་རྡོར་བཞག་པའི་ཁོ་བོའི་རྩོམ་ཡིག་ཅིག་འདི་ན་ཡོད།
http://www.khabdha.org/?s=%E0%BD%A4%E0%BD%98%E0%BC%8B%E0%BD%96%E0%BE%B7%E0%BC%8B%E0%BD%A3%E0%BD%A0%E0%BD%B2%E0%BC%8B%E0%BD%91%E0%BD%98%E0%BD%82%E0%BC%8B%E0%BD%A0%E0%BD%81%E0%BE%B2%E0%BD%B4%E0%BD%82&x=48&y=13
རྡེག་གནོན་བྱས་ཏེ་ཀློགས་ཤིག
ཞ་ལུ་དཀར་བོ་ལགས།
བོད་མི་རིགས་སྔོན་ཐོན་གྱི་གྲས་སུ་ཐོན་དགོས་ན་ནང་ཆོས་བློས་གཏོང་དགོས་པའི་གནད་ཀ་གང་ཡིན།
གནམ་ས་སྒོ་འབྱེད་རྩོམ་པ་པོ་མཁས་དབང་ཞོགས་དུང་ནི་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པ་ཞིག་ཡིན་པ་ཚང་མའི་ཤེས་གསལ་རེད།
ད་དུང་དེའི་རྗེས་འབྲང་པ་ཚོ་ཡང་མི་རིགས་ཀྱི་ལ་རྒྱ་ཡོད་པ་ཤ་སྟག་ཡིན།མཐོ་རིམ་སློབ་མ་ཁྱེད་ཡང་ཀླུ་སྨྱོན་ལྟར་སྐྱོན་བཙལ་ཅི་ཐུབ་བྱས་ནས་བླ་ཆེན་ཀརྨ་པས་སེམས་འཚབ་ཡོད་ཚུལ།
ཀླུ་སྨྱོན་གྱིས་ཀྱང་ར་རྒྱ་སློབ་གྲྭར་འགོག་ཚུལ་དང་མཇེ་སྟུའི་སྐོར་བརྗོད་པ་ལས་མི་རིགས་ཀྱི་ཆེད་དུ་བག་ཆགས་ཅིག་བཞག་མེད་པ་མངོན་སུམ་མ་ཡིན་ནམ།
ཁ་དཔེར་སླ་ང་འགྲོགས་ན་དྲེག་པ་ཞེས་བ་ཅི་མ་བདེན།
མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཚོར་ཡང་འདི་དག་གི་སྐྱོན་བཙལ་མི་སྲིད་པའི་ངེས་པ་མི་འདུག
ཀླུ་སྨྱོན་སེམས་ན་བོད་དོན་མེད།།
མིག་བརྒྱད་མིག་ལ་ཕན་ཐོགས་མེད།།
མཐོ་རིམ་སློབ་མར་རང་ཚུགས་མེད།།
བྲག་ཞོལ་སྤེན་པ་ཆབ་སྲིད་མེད།།
མཚོ་བུས་གོང་གི་མཆན་སོ་གཅིག་པ་དེ་ཀློགས། དེ་ནས་མི་ལ་ཞྭ་ནག་གཡོགས་དང་འཕྱི་མི་དྲགས།
བོད་རང་གི་ནང་ལ་མའོ་ཙེ་ཏང་དངོས་དེ་ཞོགས་དུང་རེད། མའོ་ལྗང་སྨྱུག་བདག་པོ་རྒྱག་མཁན་ཚོ་ལ་བསྟོད་སྨད་ཅི་ལྟར་རུང་བོད་ཡུལ་བརླག་པའི་ལྕགས་ཐོ་རེད།
ཨ་ལགས་ཀླུ་སྨྱོན་ཚང་གིས་(ཤམ་བྷ་ལའི་དམག་འཁྲུག་)ཞེས་པའི་འཁྲབ་གཞུང་ལ་ཞིབས་ཀློག་བྱ་ལོང་མ་བྱུང་ཡང་འཁྱུག་ཀློག་བྱས་པ་ཡིན་ཡག་པོ་འདུག། འཁྲབ་གཞུང་གི་མི་སྣ་འཛོམས་པོ་དང་བརྗིད་ཉམས་དོད་པོ་འདུག་ཀྱང་འཁྲབ་སྟངས་ཅུང་བྱང་ཆ་མི་འདུག་ལ་རྣམ་འགྱུར་གཏོག་ཙམ་གར་དྲག་པ་འདྲ་ཞིག་འདུག་པ་མ་ཟད། འཁྲབ་མཚན་གྱི་ནང་དོན་ཡང་རྒྱལ་རབས་ལོ་རྒྱུས་དང་མི་ཚེའི་བྱུང་རབས་ཀྱི་དེབ་ཐེར་མང་པོ་ཞིག་ནས་བཤུ་འབྲི་གནང་བ་ཙམ་ལས་ཨ་ལགས་རང་ཉིད་ཀྱིས་རྣམ་དཔྱོད་འབུར་དུ་བཏོན་ཐུབ་མི་འདུག། རེད་དེ་ཡིག་ཚོགས་ཀྱི་ངལ་བར་ཤུགས་ཆེན་བརྟེན་འདུག་པས་རྗེས་སུ་ཡིད་རང་ཡོད།
ཤུགས་པ་ལགས།
མི་རིགས་ཀྱི་ལྟ་བ་ཞེས་པ་དེ་དཔེར་ན་འབའ་པ་ཕུན་དབང་ལྟ་བུར་མཚོན་ན་ཁོ་རང་གུང་ཁྲན་ཏང་ཡོན་རེད་ལ་ཆོས་མེད་རིང་ལུགས་པའི་དམར་པོ་དམར་རྐྱང་རེད་དེ་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་བདེན་པ་རེད། དེ་དེ་བཞིན་དེང་དུས་དར་དམག་འོག་འཚར་ལོངས་བྱུང་བ་མང་པོ་ཞིག་ཆོས་མཁས་ལེན་མེད་ཀྱང་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་འདུག། ཁོ་ཚོས་ག་རེ་ལབ་ཀྱི་འདུག་ཟེར་ན་ང་ཚོ་བོད་མི་རིགས་འདི་ལྷུངས་ས་གཅིག་ལ་ལྷུངས་ནས་མི་རིགས་གཞན་གྱིས་བརྙས་བཅོས་དང་མནར་གཅོད་དེ་འདྲ་ཟེད་དགོས་པ་འདི་མི་རབས་གོང་མ་ཚོས་ནང་ཆོས་ལ་མགོ་འཁོར་དྲག་པ་དང་ཡོད་ཚད་ཆོས་ཕྱོགས་ལ་བཏང་དྲག་པ་མ་ཟད་ཆོས་ཕྱོགས་མི་སྣས་ཆབ་སྲིད་ལ་ལག་པ་འཆངས་དྲག་པའི་སྐྱོན་དུ་ངོས་འཛིན་གནང་གི་ཡོད་པ་རེད། ངོས་འཛིན་འདི་ལ་རྒྱུ་མཚན་ཏོག་ཙམ་མེད་པ་མ་རེད་དེ་ནང་ཆོས་ཀྱིས་ནོར་འཁྲུལ་མ་རེད། ནོར་འཁྲུལ་ངོ་མ་དེ་ཆོས་བྱེད་ཀྱི་གང་ཟག་དེ་ཚོས་དགོས་པའི་ནང་ཆོས་དེ་ཉམས་ལེན་ཡག་པོ་ཞིག་མ་བྱས་པར་མི་དགོས་ཆབ་སྲིད་ལ་ལག་པ་འཆངས་ནས་ཆོས་མིན་གྱི་བྱ་སྤྱོད་ངན་པ་མང་པོ་སྤེལ་བ་ལས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད། བྱས་ཙང་ཆོས་སྲིད་གཉིས་ཁག་ཁག་བྱེད་དགོས་འདུག་ཟེར་བའི་བསམ་ཚུལ་མང་པོ་ཡོང་དོན་ཡང་འདི་ནས་བྱུང་བ་རེད། དེས་ན་ཞོགས་དུང་ལགས་ཀྱིས་གནམ་ས་གོ་འབྱེད་ཀྱིས་མི་རིགས་ཀྱི་ལྟ་བ་དང་ལ་རྒྱ་མཚོན་ཐུབ་ལ་དེས་ཁོང་རང་ཉིད་ལ་བཙོན་འཇུག་སོགས་དཀའ་ངལ་མང་པོ་ཞིག་འཕྲད་པ་ཡང་དངོས་བདེན་རེད་ལ་བོད་དང་བོད་མི་རིགས་ཀྱི་དོན་དུ་རང་ཉིད་ཀྱི་ལྟོ་གོས་སྲོག་གསུམ་ལ་མ་འཛེམས་པར་རྒྱ་གཞུང་གི་མདུན་དུ་ལང་ཐུབ་མཁན་དེ་ལ་ངས་འགྲིགས་ཤག་ཟེར་གྱི་ཡོད་ལ་ངས་ནམ་ཡང་བསྟོད་གླུ་ལེན་གྱི་ཡིན། རིག་གནས་རྙིང་པ་བཅོམ་ཆག་ཟེར་ན་ནང་ཆོས་ལ་གོ་དགོས་རེད་པས། བོད་ཀྱི་ནང་ཆོས་ནི་ད་ཆ་བོད་ཙམ་མ་ཟད་ཤར་ནུབ་ཡུལ་གྲུ་མང་པོ་དར་འཕེལ་འགྲོ་དང་འགྲོ་བཞིན་པ་རེད་ལ་མཚན་སྙན་ཡང་ཉིན་རེ་ནས་ཉིན་རེ་ཇེ་ཆེ་མ་གཏོག་ཇེ་ཆུང་མི་འགྲོ་བས་ཁྱེད་རང་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་གནང་དགོས་དོན་མེད་པ་རེད། རིག་གནས་རྙིང་པ་ཟེར་ན་་ལྷ་གསོལ་ཀླུ་གསོལ་ལྟ་བུར་ཟེར་གྱི་ཡོད་ན་དེ་ཚོ་ནི་མེད་པར་སོང་ན་སོང་ཕན་ཐོག་ནི་སྤུ་ཙམ་ཡང་མེད་པ་རེད།
ཤུགས་པ་ལགས།
མི་རིགས་ཀྱི་ལྟ་བ་ཞེས་པ་དེ་དཔེར་ན་འབའ་པ་ཕུན་དབང་ལྟ་བུར་མཚོན་ན་ཁོ་རང་གུང་ཁྲན་ཏང་ཡོན་རེད་ལ་ཆོས་མེད་རིང་ལུགས་པའི་དམར་པོ་དམར་རྐྱང་རེད་དེ་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་ཡོད་བདེན་པ་རེད། དེ་དེ་བཞིན་དེང་དུས་དར་དམག་འོག་འཚར་ལོངས་བྱུང་བ་མང་པོ་ཞིག་ཆོས་མཁས་ལེན་མེད་ཀྱང་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་འདུག། ཁོ་ཚོས་ག་རེ་ལབ་ཀྱི་འདུག་ཟེར་ན་ང་ཚོ་བོད་མི་རིགས་འདི་ལྷུངས་ས་གཅིག་ལ་ལྷུངས་ནས་མི་རིགས་གཞན་གྱིས་བརྙས་བཅོས་དང་མནར་གཅོད་དེ་འདྲ་ཟེད་དགོས་པ་འདི་མི་རབས་གོང་མ་ཚོས་ནང་ཆོས་ལ་མགོ་འཁོར་དྲག་པ་དང་ཡོད་ཚད་ཆོས་ཕྱོགས་ལ་བཏང་དྲག་པ་མ་ཟད་ཆོས་ཕྱོགས་མི་སྣས་ཆབ་སྲིད་ལ་ལག་པ་འཆངས་དྲག་པའི་སྐྱོན་དུ་ངོས་འཛིན་གནང་གི་ཡོད་པ་རེད། ངོས་འཛིན་འདི་ལ་རྒྱུ་མཚན་ཏོག་ཙམ་མེད་པ་མ་རེད་དེ་ནང་ཆོས་ཀྱིས་ནོར་འཁྲུལ་མ་རེད། ནོར་འཁྲུལ་ངོ་མ་དེ་ཆོས་བྱེད་ཀྱི་གང་ཟག་དེ་ཚོས་དགོས་པའི་ནང་ཆོས་དེ་ཉམས་ལེན་ཡག་པོ་ཞིག་མ་བྱས་པར་མི་དགོས་ཆབ་སྲིད་ལ་ལག་པ་འཆངས་ནས་ཆོས་མིན་གྱི་བྱ་སྤྱོད་ངན་པ་མང་པོ་སྤེལ་བ་ལས་བྱུང་བ་ཞིག་ཡིན་པ་གསལ་པོ་རེད། བྱས་ཙང་ཆོས་སྲིད་གཉིས་ཁག་ཁག་བྱེད་དགོས་འདུག་ཟེར་བའི་བསམ་ཚུལ་མང་པོ་ཡོང་དོན་ཡང་འདི་ནས་བྱུང་བ་རེད། དེས་ན་ཞོགས་དུང་ལགས་ཀྱིས་གནམ་ས་གོ་འབྱེད་ཀྱིས་མི་རིགས་ཀྱི་ལྟ་བ་དང་ལ་རྒྱ་མཚོན་ཐུབ་ལ་དེས་ཁོང་རང་ཉིད་ལ་བཙོན་འཇུག་སོགས་དཀའ་ངལ་མང་པོ་ཞིག་འཕྲད་པ་ཡང་དངོས་བདེན་རེད་ལ་བོད་དང་བོད་མི་རིགས་ཀྱི་དོན་དུ་རང་ཉིད་ཀྱི་ལྟོ་གོས་སྲོག་གསུམ་ལ་མ་འཛེམས་པར་རྒྱ་གཞུང་གི་མདུན་དུ་ལང་ཐུབ་མཁན་དེ་ལ་ངས་འགྲིགས་ཤག་ཟེར་གྱི་ཡོད་ལ་ངས་ནམ་ཡང་བསྟོད་གླུ་ལེན་གྱི་ཡིན། རིག་གནས་རྙིང་པ་བཅོམ་ཆག་ཟེར་ན་ནང་ཆོས་ལ་གོ་དགོས་རེད་པས། བོད་ཀྱི་ནང་ཆོས་ནི་ད་ཆ་བོད་ཙམ་མ་ཟད་ཤར་ནུབ་ཡུལ་གྲུ་མང་པོ་དར་འཕེལ་འགྲོ་དང་འགྲོ་བཞིན་པ་རེད་ལ་མཚན་སྙན་ཡང་ཉིན་རེ་ནས་ཉིན་རེ་ཇེ་ཆེ་མ་གཏོག་ཇེ་ཆུང་མི་འགྲོ་བས་ཁྱེད་རང་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་གནང་དགོས་དོན་མེད་པ་རེད། རིག་གནས་རྙིང་པ་ཟེར་ན་་ལྷ་གསོལ་ཀླུ་གསོལ་ལྟ་བུར་ཟེར་གྱི་ཡོད་ན་དེ་ཚོ་ནི་མེད་པར་སོང་ན་སོང་ཕན་ཐོག་ནི་སྤུ་ཙམ་ཡང་མེད་པ་རེད།
ལྷ་གསོལ་ཀླུ་གསོལ་ཞེས་པ་འདི་འདོར་རྐྱང་བྱེད་རྒྱུ་ཞིག་གང་ནས་ཡིན། བསྟན་པའི་སྙིང་པོ་གསང་སྔགས་ཀྱི་བདེ་གསང་འཇིགས་གསུམ་ཀྱེ་རྡོར་དུས་འཁོར་ཕུར་བ་སོགས་རྒྱུད་སྡེ་བཞིའི་ལྷ་ཡི་ཆོ་ག་གང་ཞིག་ཡིན་ཡང་དེའི་ནང་དུ་ལྷ་དང་ལྷ་མོའི་ཚོགས་ལ་མཆོད་བསྟོད་བྱེད་པའི་ཆོས་ཚན་རེ་མེད་མི་སྲིད་ཅིང་། ཕར་ཕྱིན་དྲུག་གི་ཡ་གྱལ་སྦྱིན་པའི་ཕར་ཕྱིན་ལ་མཚོན་ན་མིའི་འགྲོ་བ་གཅིག་པོར་ཟང་ཟིང་གི་སྦྱིན་པ་གཏོང་རྒྱུ་ཙམ་ཞིག་མ་ཡིན་པར་འགྲོ་བ་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་བཞིན་པ་གཞི་བདག་གནས་བདག་འདྲེ་སྲིན་འབྱུང་བོ་སྡེ་བརྒྱད་ཀྱི་ཚོགས་ལ་དཀར་གསུམ་མངར་གསུམ་སོགས་ཀྱིས་སྦྱིན་མཆོད་བྱེད་དགོས་ཤིང་། དེ་དག་ལྟ་བ་སྟོང་ཉིད་སྙིང་རྗེའི་རྩིས་ཟིན་ན་ཚོགས་གཉིས་རྫོགས་པའི་ལམ་ཁ་ཁྱད་དུ་འཕགས་པ་ཞིག་ཡིན་པ་རྒྱ་གར་གྱི་སངས་རྒྱས་རང་ཉིད་དང་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས། བོད་དུ་ཆོས་བརྒྱུད་སོ་སོའི་ཤིང་རྟའི་སྲོལ་འབྱེད་ཀྱི་སློབ་དཔོན་ཆེན་པོ་དག་གིས་གསུངས་ཡོད་ཅིང་། གོང་ས་མཆོག་གིས་ཀྱང་བོད་སྐྱོང་ལྷ་སྲུང་གི་འཕྲིན་བཅོལ་ཁྱད་དུ་འཕགས་པ། ཀྱེ། མ་རྨད་བསོད་ནམས་མཐུ་དང་སྨོན་ལམ་གྱིས། །ཞེས་སོགས་བརྩམས་གནང་མཛད་ཡོད་ཅིང་། ཁོང་གིས་ཆོས་སྲུང་གི་འཕྲིན་བཅོལ་དེ་ཚོ་འབྲི་དུས་བོད་ཀྱི་ལྷ་འདྲེ་གཞི་བདག་དེ་ཚོས་ཀྱང་བོད་མི་རིགས་ནང་བཞིན་སྡུག་བསྔལ་མྱོང་བཞིན་པའི་ཚུལ་ལ་དགོངས་ནས་སྤྱན་ཆབ་བཏོན་པ་སོགས་གསོལ་མཆོད་རེ་ཟུང་གི་མཇུག་བྱང་དུ་འཁོད་ཡོད་པས། གལ་སྲིད་གཏོར་མ་ཆ་གསུམ་དེ་རྒྱལ་བའི་བཀའ་ཡིན་པར་ཁས་ལེན་ན་ལྷ་འདྲེ་གསོལ་མཆོད་སངས་རྒྱས་ཀྱིས་བསྟན་པའི་ལམ་མིན་ཞེས་སྙིང་ཁམས་ཆེན་པོས་ཆོས་སྤོང་གི་ལས་ངན་གསོག་པར་མི་བྱེད་པར། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཕྲ་མོ་རེ་རེ་བཞིན་རིག་གནས་ཆེན་པོ་འདི་འགྲུབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་རེ་རེ་ཡིན་པའི་ངེས་ཤེས་རྙེད་པར་བྱེད་འཚལ་ལོ། །
ད་དུང་འདུལ་བའི་སྡེ་སྣོད་ཚད་ལྡན་དག་ལས་དགེ་སློང་ཚད་ལྡན་ཞིག་ཡིན་ན་ཉི་མ་རེ་རེ་བཞིན་གཏོར་མ་བརྒྱ་རྩ་འདི་ངེས་པར་དུ་གཏོང་ཚུལ་གསུངས་ཡོད་ཅིང་། འཕགས་ཡུལ་མཁས་གྲུབ་ཀུན་གྱིས་ཚད་མར་འཛིན་པའི་རྒྱལ་སྲས་ཞི་བ་ལྷས་ཀྱང་། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་ཐོབ་ཤོག །ཅེས་འགྲོ་བ་ཡི་དྭགས་ཀྱི་རིགས་སུ་གྱུར་པ་མང་པོར་ཐ་ན་སེམས་ཀྱི་དམིགས་པ་ཚུན་ཆད་ཀྱིས་བདུད་རྩི་འབེབ་སྦྱངས་བྱེད་ཚུལ་གསུངས་ཡོད་ཅིང་། དགེ་ལུགས་ལ་མཚོན་ན་གུང་ཐང་བསྟན་པའི་སྒྲོན་མེས་གསུངས་པའི་ཚེ་གཅིག་ཉམས་ལེན་ལྟ་བུའི་ནང་དུ་ཐ་ན་རང་གི་བཤང་གཅི་དང་མཆིལ་སྣབས་ཚུན་ཆད་སྔགས་ཀྱི་ནུས་པའི་སྒོ་ནས་ཡི་དྭགས་ཀྱི་རིགས་ལ་སྦྱིན་ཚུལ་གསུངས་པ་དང་། སྟོན་པའི་འོག་ཏུ་ནང་པའི་སློབ་དཔོན་ཤེས་རབ་ཅན་ཞིག་ལ་འགྲན་ཟླ་མེད་པའི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་འཕྲེང་བ་ལས། བཤོས་གསོལ་སྔོན་དང་འོག་དག་ཏུ། །ཡི་དྭགས་ཁྱི་དང་གྲོག་སྦུར་དང་། །བྱ་ལ་སོགས་པ་ཅི་བདེ་བར། །རྟག་ཏུ་ཟས་དག་བསྩལ་པར་མཛོད། །ཅེས་གསུངས་ཡོད་པས། རང་ཉིད་ཤེས་རབ་ཅན་དུ་རློམ་ནས་རི་དང་གཙང་པོ་ཤིང་ནགས་སོགས་ལ་གནས་པའི་གཞི་བདག་འབྱུང་པོ་ཡི་དྭགས་ཀྱི་རིགས་སུ་གྱུར་པ་པ་དག་ལ་ཟང་ཟིང་གི་སྦྱིན་པ་གཏོང་བའི་སྒོ་འགོག་པ་ནི་རང་རྒྱུད་ན་ཆོས་ཀྱི་བག་ཆགས་དང་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་དོ་ཞེས་རང་རྒྱུད་གྱོང་པོ་དེ་ཕྱིར་མངོན་པ་ཙམ་ལ་གཞན་དུ་མི་སེམས་སོ། །
ངས་ཅང་མི་ཤེས། འོན་ཀྱང་། དེང་སྐབས་བོད་མིའི་ཁྲོད་དུ་ཁྱོན་ཡོངས་ནས་མི་སྣ་གཉིས་ཀྱི་མཚན་བེད་སྤྱོད་གཏོང་གི་འདུག གཅིག་དེ་བསྟན་འཛིན་རྒྱ་མཚོའི་མཚན་དང་། གཉིས་དེ་ཞོགས་དུང་གི་མཚན་རེད། དད་པ་ཟེར་ན་འདྲ། ཤུགས་རྐྱེན་ཟེར་ན་རེད། འདི་ལས་ལྷག་ཅིག་མི་འདུག་སྙམ། འདི་མ་འོངས་པའི་ལོ་རྒྱུས་རེད།
གསེར་འབྲུག་ལགས་ཀྱི་དྲི་ལན་བརླགས་ཟིན། སྤྱིར་བོད་མི་རིགས(གཙོ་བོ་བོད་ནང་)ལ་རང་དབང་དང་འདྲ་མཉམ། འགྲོ་མིའི་ཁེ་དབང་བཅས་ནི་མི་སུ་ལ་ཡང་ཡོད་ཆོག་པ་དང་ཡོད་དགོས་པའི་ཐོབ་ཐང་ཡིན་པ་དང་། གལ་དེ་དེ་དག་བཙན་འཕྲོག་གི་སྦྱོར་བ་རྩོམ་མཁན་བྱུང་ན་འཆི་བ་སྲོག་ལ་བབ་ཀྱང་རྒོལ་ལན་སྤྲོད་དགོས་ཀྱི་འདུ་ཤེས་སད་ཕྱི་བའི་ཆ་ནས། སྐུ་ཞབས་ཞོགས་དུང་གི་རྒྱང་འབོད་དང་འཕགས་ཚག་གི་སྦྱོར་བ་རྩོམ་པ་ལ་ཡི་མི་རིང་བ་གང་ཡང་མེད་མོད། ཁོས་རང་དབང་དང་། འགྲོ་མིའི་ཐོབ་ཐང་སོགས་ཀྱི་འདུ་ཤེས་སྙིང་རྗེ་བོ་དེ་དག་བདག་མེད་པའི་ལྟ་བ་དང་ལས་དབང་གི་ལྟ་བ་སུན་འབྱིན་པའི་སྟེང་ནས་མགོ་བརྩམས་འདུག་པའི་ཆ་ནས། བདག་གིས་ཐ་སྙད་བརྗིད་པོ་དེ་དག་ཀྱང་དེང་ལེན་བྱེད་བཀའ་བར་གྱུར་སོང་། གལ་ཏེ་དེ་དག་སུན་འབྱིན་བྱས་ཀྱང་ནང་ཆོས་བགག་མེད་པའི་ལྟ་ཚུལ་གླེང་རྒྱུ་ཡིན་ན། ཁྱེད་ཀྱི་ནང་ཆོས་དང་ཁོ་བོའི་ནང་ཆོས་གཉིས་འདྲ་མ་སོང་བས་དགོངས་དག་ཞུ་རྒྱུ་ཡིན། ཁྱེད་ཀྱིས་བཤད་པ་ལྟར་བོད་ཀྱི་ནང་ཆོས་དེ་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་བ་དེས་འགྲིག་གི་ཡོད་ན། ང་ཚོས་བསྟན་པ་ཉམ་རྒུད་ལ་གཞིགས་པའི་སྐད་འབོད་དེ་འདྲ་ཡང་རི་བོང་གནམ་ལྡིབ་ཀྱི་སྡུག་བསྔལ་ཡིན་ངེས་འང་། བོད་ནང་དུ་བསྟན་པའི་གནས་བབ་ཅི་འདྲ་ཡིན་པ་ཕྱི་གསལ་དང་ནང་གསལ་ཡིན་པས། ད་དུང་བསྟན་པ་བོད་དང་འཛམ་གླིང་དུ་དར་དང་དར་བཞིན་ཡོད་པས་རི་བོང་གནམ་ལྡིབ་ཀྱི་སྡུག་བསྔལ་མི་དགོས་ཚུལ་གླེང་བ་འདི། རང་སེམས་རང་གིས་གསོས་ན་དགའ་ཀྲོག་ཀྲོག རང་མགོ་རང་གིས་གཡོག་ན་འཐོམས་ཀྱི་ལི་ལི་ཟེར་བ་དེ་མ་ཡིན་ནམ། ཐལ་ཆ་ཡོད་ན་དགོངས་དག་ཞུ། འོན་ཀྱང་བདག་གི་ལྟ་ཚུལ་ནི་བདག་གི་དབུ་མའི་ལམ་ཡིན་པར་རློམ་ཀྱིན་ཡོད་པས་ནོར་བ་ཡོད་ན་ལམ་སྟོན་གནང་རོགས།
ཀླུ་སྨྱོན་པ་ལགས། ལྷ་འདྲེ་དང་ཡུལ་ལྷ་ཞི་བདག་ལ་སྦྱིན་གཏོང་བྱེད་པར་ཆེས་ཐེག་ཆེན་བྱང་སེམས་ཀྱི་ལུགས་དང་མཐུན་མོད་ཀྱང་། ལྷ་འདྲེ་ལ་སྐྱབས་བཅོལ་ནས་ཡིད་རྟོན་བྱེད་ན་རྨོངས་པའི་དད་སྨོན་ལས་ནམ་ཡང་རང་ཉིད་ཀྱི་མི་འཇོན་པའི་ལས་ཞིག་ལྷ་འདྲེ་གང་གིས་ཐུགས་འདོད་བསྐོང་མི་ཐུབ་པ་ནི་རྨོངས་གྲོལ་རྣམས་ཀྱི་ཤེས་བཞིན་ཡོད།
ཨ་ལགས་ཀླུ་སྨྱོན་ལགས་ཀྱིས་གསུངས་པ་བདེན་ཡང་བསྟན་པའི་སྙིང་པོ་གསང་སྔགས་དེ་སྟོན་པས་གང་ཟག་དབང་པོ་ཡང་རབ་དང་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་མ་གཏོག་གང་ཟག་ཐ་མལ་བ་དང་ལས་དང་པོ་བ་ལ་གསུངས་པ་ཞིག་མ་རེད་སྙམ། བྱས་ཙང་ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་རྣམ་དྭོགས་དང་རྩོད་གཞི་འདི་ནས་བྱུང་བ་རེད། སྤྱིར་གསང་སྔགས་ཀྱི་ཆོ་གའི་ནང་གཟུགས་འདས་ལ་མཆོད་སྦྱིན་སོགས་ནི་ཚོགས་གཉིས་ཀྱི་རྒྱུ་རུ་འགྲོ་བ་ཞིག་རེད། དེ་ཡང་དམིགས་པ་རྩེ་གཅིག་ལ་རག་ལུས་པ་ཞིག་རེད། རེད་དེ་གསང་སྔགས་ཀྱི་ཆོ་ག་མང་པོར་ཉམས་རྟོགས་གང་འཚམས་མེད་ན་ཤས་རྭར་སླེབས་པ་འདྲ་ཞིག་ཡོད་པ་རེད། དམ་པ་གསུམ་གྱི་རྩིས་མ་ཟིན་པའམ་སྟོང་ཉིད་ཀྱི་ལྟ་བ་དང་བདག་པས་གཞན་གཅེས་ཀྱི་བྱང་སེམས་གཏོག་ཙམ་རང་རྒྱུད་ལ་མ་སྐྱེས་ན་དགེ་སྡིག་གང་དུ་འགྲོ་མིན་ངེས་པ་མེད་པ་རེད་ལ་བསམ་བློ་ཡག་པོ་མ་བཏང་ན་གསང་སྔགས་ཀྱི་ཆོས་འདི་མུ་སྟེགས་པའི་གཞུང་ལུགས་རེད་ཟེར་བ་དེ་ཉེན་ཁ་རེད། མངོན་སུམ་ཚད་མས་མ་དམིགས་པའི་གཟུགས་འདས་ལ་མཆོད་སྦྱིན་བྱེད་པ་ནི་ཚོགས་གཉིས་ཀྱི་རྒྱུ་རུ་འགྲོ་བས་ལེགས་མོད་ཀྱང་། ང་ཚོའི་བོད་ཡུལ་ལ་མཚོན་ན་ལྷ་གསོལ་ཀླུ་གསོལ་ལམ་གཟུགས་འདས་མཆོད་སྦྱིན་ལ་དེ་འདྲའི་དར་སྲོལ་ཆེན་པོ་ཞིག་ལས་རང་རང་གི་སྒོ་འགྲམ་ན་གཟུགས་ཡོད་མངོན་སུམ་དུ་རྒྱུ་བཞིན་པའི་ཉམས་ཐག་དུད་འགྲོ་མིག་ཁྲ་རིལ་རིལ་ཡོད་པ་དེ་ཚོ་གསང་སྔགས་ཀྱི་ཆོ་གའི་སྒོ་ནས་ཞབས་རིམ་གནང་མཁན་གྱི་སྔགས་པ་དང་གྲྭ་བཙུན་གྱི་ཞལ་ལག་དང་ཚོགས་མཆོད་ཀྱི་ཚོགས་ཤ་ལ་དམིགས་ནས་གསོན་པོ་གསོད་མཁན་ཡང་ཉུང་ཉུང་མ་རེད་པ། ད་དུང་མིག་མདུན་དང་སྒོ་འགྲམ་ན་མངོན་སུམ་དུ་རྒྱུ་བཞིན་པའི་བདག་མེད་ཉམས་ཐག་དུད་འགྲོ་རྨས་མ་སོགས་མང་པོ་ཡོད་ཀྱང་དེ་ཚོར་མཆོད་སྦྱིན་བྱེད་པའི་ལུགས་སྲོལ་ཞེ་དྲག་མི་འདུག་ལ་ད་དུང་ཉེས་རྡུངས་མ་བཏང་ན་ཨོའོ་ཙི་རེད། བླ་མ་རྒྱང་འབོད་ནང་གི། ཉམས་ཐག་མཐོང་ཡང་སྙིང་རྗེའི་སེམས་མི་སྐྱེས། སྦྱིན་ཡུལ་བྱུང་དུས་སེར་སྣས་མདུད་པས་བཅིངས། ཞེས་གསུངས་བ་ནང་བཞིན་དང་ཞི་བ་ལྷས་ཀྱང་། རྒྱལ་ལ་གུས་ཕྱིར་དེ་བཞིན་དུ། སེམས་ཅན་ལ་མིན་ཅི་ཡི་མིན། ཞེས་གསུངས་པ་ལ་བསམ་བློ་ཞེ་དྲག་གཏོང་གི་མེད་པ་དེ་རེད།
དེས་ན་ངས་བརྗོད་འདོད་པ་ནི་ང་ཚོ་བོད་ཡུལ་ན་མངོན་སུམ་གྱི་མ་དམིགས་པའི་གཟུགས་འདས་ལ་མཆོད་སྦྱིན་བྱེད་པའི་དར་སྲོལ་མ་གཏོག་མངོན་སུམ་གྱི་མིག་མདུན་དུ་རྒྱུ་བཞིན་པའི་གཟུགས་ཡོད་ཉམས་ཐག་དུད་འགྲོ་ལ་དེ་ཙམ་དོ་སྣང་མི་བྱེད་པ་དེ་རང་རྒྱུད་ན་ཆོས་ཀྱི་བག་ཆགས་བཟང་པོ་དང་སྙིང་རྗེ་ཆེན་པོ་ཡོད་པའི་རྟགས་མཚན་ཞིག་ཨེ་རེད་སྙིང་རྗེ་ཆེན་པོ་ཨ་ཁུ་ཀླུ་སྨྱོན་ལགས། ད་དུང་ཞུ་འདོད་པ་ཞིག་ལ་གཟུགས་འདས་ལྷ་འདྲེ་གདོན་བགེགས་ལ་གློ་སྙིང་བྲང་གསུམ་གཏད་ནས་གཞན་གྱི་ཚེ་སྲོག་ལ་ཡང་མི་འཛེམས་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད་ལ་ཁོ་ཚོས་སྟོན་པ་འཁོར་དང་བཅས་པ་ལ་གསོལ་མཆོད་བྱས་པ་ལས་ལྷག་ཅིག་གཟུགས་འདས་ལྷ་འདྲེ་གདོན་བགེགས་ལ་མཆོད་སྦྱིན་བྱེད་པའི་ལུགས་འདི་བོད་ཀྱི་རིག་གནས་རྙིང་པ་གང་གི་ཡ་རྒྱལ་རེད་ཨ་ལགས་ཚང་ལགས། མ་གཞི་བོད་པས་ལྷ་གསོལ་ཀླུ་གསོལ་བྱེད་ལུགས་འདི་རང་ཉིད་ཚེ་འདིར་དཔལ་འབྱོར་ཡག་པོ་དང་བྱ་བ་ལམ་འགྲོ་སོགས་དང་བཙན་བྱོལ་ནང་མཚོན་ན་ནུབ་ཕྱོགས་སུ་བཞུད་རྒྱུར་མཐོང་ཆན་ཡག་པོ་ཞིག་རག་རྒྱུའི་ཆེད་དང་སློབ་ཕྲུག་ཞིག་ལ་མཚོན་ན་ནམ་རྒྱུན་སློབ་སྦྱོངས་ལ་དོ་སྣང་དེ་ཙམ་མི་བྱེད་པར་ཡིག་ཚད་སླེབས་གྲབས་བྱེད་དུས་ཡིག་ཚད་ཡག་པོ་ལོན་རྒྱུར་དམིགས་པ་ཞིག་ཕལ་ཆེར་མ་རེད་པས་ཨ་ལགས་ཚང་གིས་དཔྱད་པར་འཚལ།
བོད་ནང་གི་བོད་མི་རྒྱ་ནག་གཞུང་ལ་ངོ་རྒོལ་མཁན་བརྒྱ་ཆ་དགུ་བཅུ་གོ་དགུ་ནས་༧རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་དགོས་ཞེས་སྐད་འབོད་བརྒྱབ་མྱོང་བའི་ཆ་ནས།བོད་ནང་གི་བོད་མི་ཚོར་མི་རིགས་ཀྱི་ཞེན་ཁོག་ཡོད་མདོག་གིས་བོད་མིའི་ཆོས་རིག་ཡོངས་རྫོགས་རྩ་གཏོར་གྱི་སྣ་འདྲེན་འབའ་པ་ཕུན་དབང་ལྟ་བུ་ཡང་བསྐྱར་དགོས་མཁོ་མེད་པར།བོད་མིའི་ཆོས་རིག་རྒྱུན་འཛིན་ཁྱབ་སྤེལ་གཏོང་ཐུབ་མཁན་ཅིག་དང་ཐུབ་པ་ཀི་གནས་བབ་ཅིག་དགོས་མཁོ་ཡོད་པ་གསལ་བོ་རེད།
ལར་ཞོགས་དུང་སོགས་རྒྱ་མིའི་དར་དམར་འོག་འཚར་ལོངས་བྱུང་བ་ཚོས་སློབ་ཆེན་ནང་གནས་ཚད་འདྲ་མིན་གྱི་ལག་འཁྱེར་རག་ཐབས་སུ།ད་བར་ཉོག་རྩོམ་སྣ་ཚོགས་སྤེལ་བསྡད་པ་ཙམ་ལས་བོད་མི་རིགས་ལ་དོན་དམ་གྱི་ཕན་ཐོགས་ཡོད་པའི་ལས་ཀ་ག་རེ་བྱས་མྱོང་ཡོད་དམ།
ཕར་དེད་ན་སོ་སོའི་ཁེ་གྲགས་ཆེད་རྒྱ་ཡིག་ནང་གི་ནུབ་ཕྱོགས་པའི་ལྟ་བ་རྙིང་པ་ཁག་ཅིག་འུར་སྒྲོག་བྱས་ཏེ་རང་གིས་བོད་ཀྱི་ཆོས་རིག་ཡག་པོ་མི་ཤེས་པ་སྦེད་ཐབས་གཡོ་སྒྱུ་འཁྲབ་བསྡད་ཙམ་རེད།
ད་དུང་ཞོགས་དུང་རྗེས་འབྲངས་དང་བཅས་པས་བོད་མིའི་ཆོས་རིག་གོམས་གཤིས་དང་བཅས་པར་མཐོང་ཆུང་དམའ་འབེབས་ཚད་བརྒལ་གྱིས་མི་རིགས་ཀྱི་དཔའ་བོ་དང་བསམ་བློ་ཡར་འཐོན་ཅན་དུ་རློམ་གྱི་ཡོད་མོད།
མཐའ་འཇུག་ཞོགས་དུང་རང་གིས་སོ་སོ་བོད་མི་ཞིང་འབྲོག་དཀྱུས་མ་ཚོ་ལས་ཀྱང་རྗེས་སུ་ལུས་པ་དང་སྙིང་སྟོབས་དམན་པ་ཁས་ལེན་བྱས་ཡོད།
དོན་དངོས་སུ་ད་ལྟ་བར་བོད་ཕྱི་ནང་གཉིས་སུ་བོད་མི་བླ་སྤྲུལ་དང་དགེ་བཤེས་ཚོའི་བཀའ་དྲིན་ལས་བོད་མིའི་སྙིང་སྟོབས་དང་འཐབ་རྩོད།ཆོས་རིག་བཅས་གནས་ཡོད་པ་མངོན་གསུམ་ལ་བསྙོན་དུ་མེད།
བོད་དགྲ་ལག་ཤོར་བ་ནས་བཟུང་བོད་ནང་དང་བཙན་བྱོལ་ནང་དུ་བླ་སྤྲུལ་དགེ་བཤེས་ཇི་ཙམ་མང་པོས་དཀའ་ལས་བརྒྱབ་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་གཅེས་ཉར་གནང་ཡོད་མིག་ལྡན་གྱི་མཐོང་ཆོས་རེད།
ད་ལྟའི་ཆར་གྲ་བཙུན་ཇི་ཙམ་མང་པོས་རང་བསྲེག་གནང་གིན་པ་དང་ཡང་རང་བསྲེག་མཁན་མི་སྐྱ་ཚོའང་ཆོས་དད་པ་ལས་ཆོས་མེད་སྨྲ་བ་དང་ཆོས་དུག་ཏུ་བརྩི་མཁན་རེད་མི་འདུག་ག
ཞོགས་དུང་གིས་གནམ་ས་གོ་འབྱེད་བྲིས་པའང་དོན་དངོས་སུ་ཉིས་སྟོང་བརྒྱད་ཀྱི་རྗེས་འཇང་རྩེ་དོན་ཁོ་དང་ཐེའུ་རང་སོགས་ནས་ཁོ་ཚོར་ངོ་འཚངས་བྲིས་བྲིས་ཏེ་འུ་ཐུག་གི་དག་སེལ་ཙམ་རེད་མོད།ཞོགས་དུང་ཁྲིམས་ཁང་ནས་འཐོན་རྗེས་རྒྱུས་ཡོད་ཚོར་ལབ་གླེང་མང་པོ་འདུག
གང་ལྟར་ཞོགས་དུང་ཁོ་རང་མ་གཏོགས་ཁོའི་རིགས་སུ་གྱུར་པ་སེང་རྡོར་དང་ཚ་བ།འཇན་སངས་དང་ཕག་བཀྲ།མེ་ལྕེ་སོགས་ཉམས་ཆུང་བོད་མིའི་ཆོས་རིག་དང་བཅས་པར་མཐོང་ཆུང་ཁྱད་བསོད་བྱེད་རྒྱུར་བཀྲ་ཤིས་བསྡད་པ་ལས།རྒྱ་གོང་བྲན་གྱི་སྟེང་ཇི་གང་འཇོན་མེད་པར་ཉྭ་འཁུམས་བསྡད་ཡོད་རུང་།ཁ་ཤས་ཀྱིས་གྲྭ་བཙུན་ཚོས་ཆབ་སྲིད་ལ་ཇུས་གཏོགས་བྱས་པ་ཡག་པོ་མེད་མདོག་གོང་བཤད་བསྡད་པ་དེ་རྒྱ་མི་གོང་བྲན་གྱིས་དེང་སང་།
བོད་ནང་རང་ལུས་མེར་བསྲེག་གཏོང་བ་ནང་ཆོས་དང་འགལ་བ་དང་བོད་མིའི་བཟང་སྤྱོད་དང་འགལ་རེད་ཅེས་ཟེར་རྒྱུས་ཕོངས་པའི་གཏམ་འཆལ་དང་གཅིག་པ་རེད།
རྡོ་རྗེ་རྒྱལ་མཚན་གྱི་བསམ་ཚུལ་དེར་རྒྱུ་མཚན་ཆེན་པོ་འདུག དགོས་པ་ཡོད་ན་ག་ལེར་གླེང་ངེས།
དེང་གི་ཞོགས་དུང་ལ་རྒྱབ་རྩ་བྱེད་མཁན་གྱི་དྲ་འབུ་ཚོ་དེང་སང་གི་ཞོགས་དུང་སྔོན་ཆད་ཀྱི་ཞོགས་དུང་མིན། དེང་སང་གི་འཇམ་དབྱངས་སྐྱིད་སྔོན་ཆད་ཀྱི་འཇམ་དབྱངས་སྐྱིད་མིན། སྔོན་ཆད་ཁོང་ཚོ་བོད་པ་ཡིན། ཡིད་མི་ཆས་ན་ཟི་ལིང་གྲོང་ཁྱེར་ལ་དྲིས་ན་ཤེས།
རྡོ་རྗེ་རྒྱལ་མཚན་གྱིས་
རྒྱ་མའི་དར་དམར་འོག་ནས་འཚར་ལོངས་བྱུང་བ་ཚོས་ཁེ་གྲགས་དང་ལག་འཁྱེར་རག་ཐགས་སུ་
བྱས་བ་རེད་ཟེར་ན་བཙོན་ཁང་དུ་སོང་ན་ཁེ་གྲགས་ཐོབ་པ་ཡིན་ནམ།།གཞི་ལུས་བོད་མི་ཚོས་རྒྱལ་དར་དམར་པོ་འོག་ནས་རང་ལུས་མེ་བསྲེག་གཏོང་བ་ཡང་སོ་སོའི་ཁེ་གྲགས་ཆེད་ཡིན་ནམ། གཞི་ལུས་བོད་མི་ཀུན་ཡང་རྒྱལ་དར་དམར་པོའི་འོག་ནས་འཚར་ལོངས་བྱུང་བ་ཡིན་པས་གཞི་ལུས་བོད་མི་ཚོར་ཡང་དེ་ལྟར་བརྗོད་འདོད་ཡོད་དམ།ད་དུང་མཁས་དཔང་ཞོགས་དུང་གིས་ཞིང་འབྲོག་དཀྱུས་མ་ཚོ་ལས་ཀྱང་སྙིང་སྟོབས་དམན་ཞེས་བ་ཁ་དཔེར
ངན་པས་རང་བསྟོད།།ཁ་ཏས་སྒྲོ་བསྟོད་བྱས་བ་ཐོས་མ་མྱོང་ངམ།
ཞིང་འབྲོག་དཀྱུས་མ་ལས་དམན་ཞེས་བ་ཡང་ལས་ཡིན།ཞིང་འབྲོག་དཀྱུས་མ་ཚོའི་ནང་ན་
མི་རིགས་ཀྱི་ཆེད་རང་སྲོག་གཏོང་མཁན་ཡོད་པས་སོ།
འདིར་ཁག་ཅིག་གིས་གནས་ལུགས་ཏིལ་འབྲུ་ཙམ་མེད་པའི་སྐད་ཆ་ཁུངས་མེད་ལུང་མེད་རིགས་བྱུང་རྒྱལ་དུ་སྨྲ་བ་ནི་མི་ལེགས་པའི་གནས་སོ། །
ཤུག་པ་ལགས།
ངས་དྲ་སྟེང་དུ་མཐོང་བ་ནི་གནམ་ས་སྒོ་འབྱེད་སྐོར་མ་གཏོག་དཔྱོད་ཤེས་རྒྱང་འབོད་སྐོར་རིག་མ་སོང་བས་ནང་དོན་ག་རེ་བྲིས་ཡོད་མེད་ལེགས་ཉེས་ཀྱི་བསམ་ཚུལ་བཤད་ཁག་པོ་རེད། འོན་ཀྱང་ཞོགས་དུང་ལ་སོགས་པའི་བོད་ནང་དར་དམར་འོག་འཚར་ལོངས་བྱུང་བ་མང་པོ་ཞིག་ལ་ལྷ་མེད་སྨྲ་བ་རིང་ལུགས་ཀྱི་ལྟ་བར་སློབ་སྦྱོང་བྱེད་མྱོང་ཡོད་སྲིད་ཀྱང་དེ་ནི་ལྟ་གྲུབ་ཀྱི་རྩོད་གཞི་ཞིག་ཆགས་འདུག་མ་གཏོག་མི་རིགས་ཀྱི་རྩ་དོན་གྱི་རྩོད་གཞི་ཞིག་རེད་མི་འདུག། བྱས་ཙང་ཁོ་ཚོས་བདག་མེད་པའི་ལྟ་བ་དང་རྟེན་འབྱུང་ལྟ་བ་ལ་སུན་འབྱིན་པ་བྱེད་ཀྱི་ཡོད་ན་མགོན་པོ་ཀླུ་གྲུབ་དང་ཨརྱ་དྷེ་བ་ཁོང་རྣམས་པ་སྤྱན་འདྲེན་ཞུས་ན་དེ་གས་འགྲིགས་འགྲོ་གི་རེད།
དེས་ན་ནང་བསྟན་ཉམས་རྒུད་ཀྱི་གནད་དོན་དེ་བསྟན་འཛིན་གྱི་སྐྱེས་བུ་རྣམས་དང་གྲྭ་བཙུན་གྱི་སྤུས་ཚད་ལ་ཡང་རག་ལུས་པ་གསལ་པོ་རེད། ནམ་རྒྱུན་༧སྐུ་མདུན་གྱིས་དུས་རབས་ཉེར་གཅིག་གི་ནང་པ་ཞིག་ངེས་པར་དུ་བྱེད་དགོས་རེད་ཞེས་བཀའ་སློབ་ཡང་ཡང་གནང་བ་འདི་གནད་འགགས་ཆེན་པོ་རེད། དུས་རབས་ཉེར་གཅིག་གི་མི་རབས་འདི་དད་པ་དང་དག་སྣང་གཅིག་པོའི་རྗེས་སུ་འཇུག་མཁན་ཞིག་རྩ་བ་ནས་མ་རེད་ལ་སློབ་སྦྱོང་བྱས་བསམ་བློ་བཏང་ཉམས་ཞིབ་བྱས་རྟག་དཔྱད་བྱས་དངོས་ཐོག་བདེན་འཚོལ་དང་མཐུན་པ་འགྲོ་མཁན་གྱི་མི་རབས་ཞིག་ཡིན་པ་སོང་ཙང་། བོད་ཀྱི་ནང་པའི་བླ་མ་དང་གྲྭ་བཙུན་མང་པོ་མེད་ན་ཡང་སྤུས་ཚད་ཡག་པོ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། བོད་ཀྱི་དགོན་སྡེ་ཁག་གི་བླ་མ་དང་གྲྭ་བཙུན་སྤུས་དག་པོ་བྱུང་ན་མི་དམངས་དད་པ་དང་ཡིད་ཆེས་རང་བཞིན་གྱི་སླེབས་ཀྱི་རེད་ལ་སློང་མོ་བརྒྱབ་མི་དགོས་པ་བསྟན་པའི་སྦྱིན་བདག་ཀྱང་འཚང་ཁ་ཤིག་ཤིག་ཡོང་གི་རེད་ལ་ལྷ་མེད་སྨྲ་བ་ཁ་ཤས་ཀྱིས་གང་ཡང་བྱེད་ཐུབ་ཀྱི་མ་རེད་ལ་ནང་བསྟན་མི་ཉམས་དར་འཕེལ་ཡོང་རྒྱུར་གདོན་མི་ཟ་བ་རེད།
དེས་ན་གལ་ཆེ་ཤོས་དེ་བོད་མི་རིགས་ཀྱི་འཐབ་རྩོད་རང་དབང་དེ་རེད། མི་རིགས་ཀྱི་ཐོབ་ཐང་རང་དབང་དེ་མེད་ན་ཆོས་དད་རང་དབང་དང་རིག་གཞུང་རང་དབང་དཔལ་འབྱོར་རང་དབང་སོགས་རང་དབང་གཞན་ཐམས་ཅད་མེད་མེད་རེད། གལ་ཏེ་མི་རིགས་ཀྱི་རང་བཞིན་ལྷན་སྐྱེས་ཀྱི་ཐོབ་ཐང་རང་དབང་དེ་ཡོད་ན་རང་དབང་གཞན་ཐམས་ཅད་ཡོད་ཡོད་པ་རེད། བྱས་ན་ང་ཚོས་ཡན་ལག་གཅིག་པུ་རྩོད་དགོས་པ་རེད་གཟུགས་པོ་ཆ་ཚང་རྩོད་དགོས་པ་རེད།
ཨ་མདོ་བ་དེ་ཚོ་ཁོ་རང་ཚོ་ནང་ཕན་ཚུན་ཕྲག་་དོག་ཚ་སེའེ་ཡོད་རེད་ཟེར་བ་དེ་བདེན་བདེན་འདྲ་ཞིག་འདུག་ག།
སྐུ་ཞབས་རྡོ་རྗེ་རྒྱལ་མཚན་གྱིས་འཁྱོག་བརྗོད་དང་མ་འདྲེས་བར་དྲང་བོར་བརྗོད་འདུག་པ་ལ་ངེས་བར་བསམ་གཞིག་ཡག་པོ་ཞིག་བྱེད་དགོས་པ་རེད་ཞག།
གསེར་འབྲུག་སྡེར་ལྔའི་བསམ་འཆར་ཡག་པོ་རེད། རྒྱུ་མཚན་ངེས་བ་མི་འདུག །ང་ཚོའི་དམིགས་ཡུལ་གཙོ་བོ་བོད་ལ་ཆོས་དང་རིག་གཞུང་སྲུང་སྐྱོར་བྱེད་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་ཟེར་གི་ཡོད་པ་རེད། རྩོམ་པ་པོ་ཞོགས་དུང་དང་དེའི་རྗེས་འབྲངས་བ་དག་གིས་ཁོར་ཡུག་དེ་གཏོར་དགོས་ཟེར་གི་ཡོད་པ་རེད། དེ་ཡར་རྒྱས་ཀྱི་བཀཀ་རྡོ་རེད་ཟེར་གི་ཡོད་པ་རེད། མི་རིགས་ཤིག་གནས་དང་མི་གནས་གཙོ་བོ་ཡང་མི་རིགས་དེའི་སྐད་དང་རིག་གཞུང་གནས་མི་གནས་ལ་ཐུག་ཡོད་པ་རེད། ཆུང་ས་ནས་གཉེན་སྒྲིག་གི་གནད་དོན་དང་ཆེ་ས་ནས་ཆབ་སྲིད་ཀྱི་གནད་དོན་ལའང་ཐུག་ཡོད་མོད། གོང་སྨོས་ཁོར་ཡུག་དེ་གལ་ཆེན་པོ་རེད། མན་ཇུའི་མི་རིགས་ལ་ཁོར་ཡུག་དེ་མེད་པའི་དབང་གིས་ཧན་མི་རིགས་ཀྱི་རྒྱ་མཚོའི་ནང་དུ་ཐིམ་ཚར་བ་རེད། མིའི་རིགས་ཀྱི་འབྱུང་ཁུངས་ཧོ་མོ་ཡིན་པ་ཚང་མས་ཁས་ལེན་གི་རེད། དེ་ལས་འགྲོ་བ་མིའི་རིན་ཐང་དེ་གལ་ཆེན་པོ་རེད། འགྲོ་བ་མིའི་རིན་ཐང་ཟེར་ན་ཚེ་སྲོག་ལ་སྲུང་སྐྱོར་དང་ཚེ་སྲོག་ལ་གནོད་པའི་གདུག་རྩུབ་ཅན་གྱི་བསམ་བློ་དེ་མེད་པར་བཟོ་དགོས་པ་རེད། རིག་གནས་གསར་བརྗེའི་སྐབས་སུ་ཀླད་པ་རྙིང་པ་བཅོས་བསྒྱུར་བྱེད་དགོས་ཟེར་ནས་གོད་ཆག་ག་ཚོད་ཅིག་བྱུང་ཡོད་པ་རེད། མི་ག་ཚོད་ཤི་བ་རེད། ཁོར་ཡུག་ག་ཚོད་གཏོར་བརླག་བཏང་བ་རེད། གསུང་རབ་ག་ཚོད་མེར་བསྲེགས་བཏང་བ་རེད། གནའ་བོ་མིའི་རིག་གཞུང་ཆུད་ཟོས་བཏང་ནས་མཁས་པ་མང་པོ་ག་ཚོད་དམར་གསོད་བཏང་། དེ་ལ་གྲུབ་འབྲས་བཟང་པོ་ཞིག་བྱུང་ཡོད་དམ། བོད་མི་རྣམས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ཚུད་ཡོད་པ་རེད། བྱས་ཙང་བོད་པ་ལ་ཁོར་ཡུག་དེ་མེད་པ་ཡིན་ཙང་ཁོར་ཡུག་དེ་གལ་ཆེན་པོ་རེད་ཟེར་གི་ཡོད།
གསེར་འབྲུག་ལགས་སུ།
ཉིད་ཀྱི་དགོངས་ཚུལ་དེ་འདྲ་ཡིན་པ་ལ་མོས་གུས་ཡོད།
སྤྱིར་ན་རིག་གནས་བགྲོ་གླེང་གི་ཁོར་ཡུག་ནི་གུ་ཡངས་པོ་དང་ཕན་ཚུན་བརྩི་འཇོག་བཅས་སེམས་པའི་ནང་སེམས་པ་འཇོག་ཐུབ་ན་ལྟ་བའི་འབབ་ས་མི་འདྲ་ཡང་གླེང་མོལ་ལ་དོན་སྙིང་ལྡན་ངེས། དེས་ཕྱིར་བདག་གིས་རྩོམ་ཡིག་གང་ཞིག་ལ་དཔྱད་བརྗོད་བྱེད་དུས་ཐོག་མར་རང་ལ་དཔྱད་དེ། འདི་ནི་བདག་གི་ཕྲག་དོག་ཡིན་ནམ། འདི་ནི་བདག་གི་མིག་ཤེལ་སེར་བོ་དེ་ཡིན་ནམ། སོགས་རང་ལ་ཅུང་ཟད་དཔྱད་རྗེས་ད་བཟོད་རང་གི་བསམ་ཚུལ་ཐང་ལ་འཇོག་གི་ཡོད།
ཁོ་བོས་ནི་བོད་མི་ཡིན་ན་ཆོས་བ་ཡིན་དགོས་པའི་ལྟ་ཚུལ་འཛིན་གྱིན་མེད་པས། ཞོགས་དུང་ཆོས་ལ་མི་དད་པ་དེས་ང་ལ་བློ་བག་མི་བདེ་བ་གང་ཡང་མེད་ལ། གཞན་གྱིས་ཞོགས་དུང་ཚད་གང་ལ་འཇོག་མིན་ཡང་ང་ལ་འབྲེལ་བ་མེད། འོན་ཀྱང་ཞོགས་དུང་ཤེས་འདོད་དག་ལ་ཁོའི་ལུང་ཚིག་འགའ་འདིར་འཇོག་གི་ཡིན།
དཔྱོད་ཤེས་རྒྱང་འབོད། ཤོག་ངོས༥༢ འཕེལ་རྒྱས་ཞེས་པའང་གཙོ་ཆེར་དངོས་པོའི་དཔལ་ཡོན་གྱི་ཆ་ནས་བཤད་ཀྱི་འདུག དངོས་པོའི་དཔལ་ཡོན་གོང་འཕེལ་དུ་གཏོང་བའི་ཆ་ནས་བལྟས་ན་འུ་ཚོའི་བག་ཆགས་ན་ཡོད་པའི་ལས་དབང་དང་བསོད་ནམ་གྱི་ལྟ་ཚུལ་དང་། བདག་མེད་དང་སྟོང་ཉིད་ཀྱི་ལྟ་ཚུལ། ལྷ་འདྲེ་ལ་མཆོད་བསྟོད་བྱ་བའི་གོམས་སྲོལ། གོམས་གཤིས་ངན་པ་དང་དཔེ་ལུགས་ངན་པ་དང་མཛེས་དཔྱོད་ལྟ་ཚུལ་ངན་པ་སོགས་ནི་འཕེལ་རྒྱས་ཀྱི་གེགས་མ་རེད་ཅི་རེད། ཤོག༨༨ མིའི་འཇིག་རྟེན་འདིར་སྐྱབས་སུ་འགྲོ་ཡུལ་ཇི་ལྟར་མང་ན་དེ་ལྟར་མི་ཚེ་འདིར་སྡུག་བསྔལ་བ་ཡིན། སྐྱབས་འཚོལ་མཁན་ནི་ནམ་ཡང་བྲན་འབངས་ཡིན་ལ་མི་བུ་ཕྱེད་ཀའམ་མི་བུའི་མཚན་ཉིད་ཚང་ཡོད་པ་མ་རེད། ཤོག ༩༧ ཁོང་ཚོ (བླ་སྤྲུལ་ལ་གོ) ‘འགོད་པ་བོའི་མཆན’འཁྲུངས་པ་ནས་བཟུང་། མི་རིགས་འདི་ཉམ་ཆུང་ནས་ཉམ་ཆུང་དུ་ཕྱིན་ཅིང་བག་འཁུམས་ནས་བག་འཁུམས་ཀྱི་གནས་སུ་ཕྱིན་པ་རེད། དེ་བས། སྐད་ཆ་འདི་ལྟར་བཤད་ཆོག་སྟེ། ཐུན་མོང་མ་ཡིན་པའི་རིག་གནས་སྣང་ཚུལ་འདིའི་རྒྱུན་མ་ཆད་བར་ཏུ་འུ་ཚོར་རེ་བ་ཁྱོན་ནས་ཡོད་མི་སྲིད་ཅིང་། དེ་ཉིད་ཀྱི་རྒྱུན་གཏན་ནས་ཆད་པའི་ཉིན་མོ་ནི་འུ་ཚོའི་རེ་བའི་མྱུ་གུ་འབུས་པའི་ཉིན་མོ་རེད་ཅེས་བཤད་ཆོག དོགས་སློང་སྙིང་སྟོབས། ཤོག ༡༡ བྱང་ཆུབ་བམ་སངས་རྒྱས་རྒྱུ་ཡོད་པར་དོགས་མི་འོས། དོགས་མི་རུང་། དོགས་མི་དགོས་པའི་ཐག་བཅད་ཅིང་། ཐེ་ཚོམ་ནི་དད་པའི་དགྲ་ཡིན་ཕྱིར་འདོད་ཆགས་དང་ཞེ་སྡང་ཇི་བཞིན་ངན་པ་ཡོད་རྩ་བ་རུའང་གྱུར་སོང་། ཚིག་གཅིག་ཏུ་བསྡུས་ཏེ་བཤད་ན། ཐེ་ཚོམ་དེ་རྩ་ཉོན་དུ་བགྲངས་ཏེ་སྤོང་དགོས་དོན་ནི། བློ་རིག་གི་སྤྲོས་པ་གཅོད་ཅིང་དད་པ་དང་དག་སྣང་མི་ཉམས་ཤིང་བརྟན་པའི་ཆེད་རེད། དེ་ནི་ཆོས་པ་རྣམས་ལ་གལ་ཆེ་ཚོད་རེད།
གོང་གསལ་ནི་མཚོན་པ་ཙམ་ཡིན། འདི་ལྟར་འགོད་པའི་ཀུན་སློང་ནི། ཞོགས་དུང་གི་མཚངས་འདིའོ་ཞེས་པ་མིན་ལ། ཡོན་ཏན་འདིའོ་ཞེས་པ་དེ་ལས་ཀྱང་མིན་པར་དཔེ་དེབ་ཀློག་མ་མྱོང་བ་ཚོར་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཙམ་མོ། །
ད་ལྟའི་དུས་རབས་འདི་ལ་ལྷ་བརྒྱ་ལས་འབག་གཅིག་དགའ་བ་དེ་ཞོགས་དུང་རེད་འདུག
སྐུ་ཞབས་མིག་བརྒྱད་པ་དང་མཐོ་རིམས་སློབ་མ་གཉིས་ལ་ཞུ་རྒྱུ། ཞོགས་དུང་དང་མདའ་སྨྱུག་གཉིས་ཀྱི་རྩོམ་ཡིག་གང་དུ་གནས་ལུགས་དང་མི་མཐུན་པ་འདུག བོད་ཕྱི་ནང་གི་མཁས་རློམ་སུས་ཁོང་གཉིས་ཀྱི་རྩོམ་ལ་གནད་ལ་འཁེལ་བའི་དགག་པ་ཕོགས་འདུག བོད་མདོ་སྨད་ཀྱི་གཞོན་སྐྱེས་ཤེས་ལྡན་མང་པོ་ཞོགས་དུང་གི་རྗེས་སུ་འགྲངས་པ་ནི་གནས་ལུགས་ལ་གནས་ལུགས་སུ་མཐོང་བ་ལས་གཙན་གནོན་དང་བསླུ་ཁྲིད། དེ་བཞིན་འགོ་སྐོར་བ་སོགས་གང་ཡང་མིན། གནས་ལུགས་ཀྱི་རྗེས་སུ་སྙེགས་པར་སེམས་འཁྲལ་ལང་ན་གླིང་འདིར་འཚོ་བར་དགོས་པ་ཆུང་། དེ་བཞིན་མདའ་སྨྱུག་གི་རྩོམ་ལོག་རྟོག་སྙིང་སྟོབས་འདི་ཡང་གདན་ས་ཁག་ཏུ་དཔྱད་གཞིའི་ཡིག་ཆར་འཁོ་བར་༧ གོང་ས་མཆོག་གིས་གསུངས་པ་ཡང་གོ་ཐོས་བྱུང་། གལ་སྲིད་གནས་ལུགས་དང་མི་ལྡན་བཞིན་དུ་གཞོན་སྐྱེས་སྐྱ་སེར་འདི་དག་འོལ་ཚོད་ཀྱིས་ཤོར་བཞིན་ཡོད་ན་གནས་ལུགས་ལ་མཁས་པ་ཁྱེད་ཅག་གིས་རྒྱུ་མཚན་གྱིས་བརྡར་ཤ་གཅོད་པའི་དུས་ཡིན་པ་མདའ་སྨྱུག་གིས་སྔར་ན་བཤད་ཟིན་པའང་དྲན་པར་མཛོད། དེ་མིནསྤྱི་སེམས་ཡོད་ཁུལ་གྱིས་འཚོ་གནས་ལ་དགའ་ཞིང་རང་རིགས་ལ་དུང་བའི་མི་བུ་འདི་དག་ལ་ཁ་རྡུང་རེ་གཏོང་བའམ། མི་གཞིར་དམའ་འབེབས་རེ་གཏོང་སྟེ་སྡོད་པས་ཅི་ཞིག་ཕན།
ཡུལ་གྱལ་བ་ལ།
བདག་གིས་ཁྱེད་ཀྱི་མིང་འདི་ལ་ཡང་ཚིག་འབྲེལ་རྒྱག་མི་ཤེས་ན་གཤམ་གྱི་སྐད་ཆ་འདི་འདྲ་བཤད་པ་འོས་མ་ཡིན་ཀྱང་མི་བཤད་ཀ་མེད་རེད། ཞོགས་དུང་གིས་གཞན་གྱི་མི་གཞི་ལ་དམའ་འབེབས་གཏོང་བ་ལ་ཚད་བཀག་ཞིག་མི་འདུག འོན་ཀྱང་ཞོགས་དུང་གི་མི་གཞི་སྲུང་སྐྱོབས་བྱེད་མཁན་དག་ཅི་འདྲའི་བཙན་པ་ལའང། ངོ་མ་སྤྱི་ཚོགས་གཅིག་ནང་ཁྲིམས་མི་འདྲ་བ་གཉིས་རེ་ཡོད་པ་འདི་ཡང་ཞོགས་དུང་དང་ཁྱོད་ལྟ་བུའི་དཔྱོད་ཤེས་པ་ཞིག་མིན་ན། ང་ལྟ་བུ་ལ་མཚོན་ན་མགོ་རྨོངས་སྤྱད་རང་རེད།
དགོངས་དག་ཤུག་པ་ལགས། མིང་འདྲི་སྟངས་ནོར་འདུག འོན་ཀྱང་གནས་ལུགས་དང་སྦྲགས་ཏེ་མིར་འགྲེལ་བཤད་རྒྱག་པ་དང་། ཀུ་ཅོས་མི་གཞིར་དམའ་འབེབས་བྱེད་པ་གཉིས་ཀྱི་དབྱེ་བ་འབྱེད་ན་སྤྱི་ཚོགས་གཅིག་ནང་ཁྲིམས་ལུགས་མི་འདྲ་བ་གཉིས་ཨུ་ཚུགས་ཀྱིས་འཁྱེར་མི་དགོས་པའི་རེ་བ་ཡོད།
good no