ཁྲོ་གཏུམ།
རྨི་ལམ་གྱི་གཤོགས་པ་ཐོག་པའི་མཚོ་མཐའི་ཁང་བརྩེགས
ཞི་བདེ་རྒྱ་མཚོའི་འགྲམ་ལ་དཔའ་ངར་གྱིས་འགྲེང་བ
ད་དུང
ཕ་མཐའ་མི་མངོན་པའི་མཚོ་མཐར་ཅེར་བའི་སྒེའུ་ཁུང་དག
ཁང་བརྩེགས་རེ་རེའི་སྒོ་དང་སྒེའུ་ཁུང་བཅད་པའི་ནང་རོལ
ཅི་ཞིག་གིས་མ་ལྡེང་བའི་སེམས་པ་དག
སྟོང་བསམ་ལ་ཚོད་དཔག་བྱེད་མཁན་གྱི་ཧབ་དགོད་དག
འདི་ལྟར་དུས་ཚོད་ཀྱི་ཐག་སྒྲའི་ཁྲོད་དུ
ཁང་བརྩེགས་ཁོ་ན
ཞོགས་པའི་ཉི་འོད་བསུ་མ་བྱེད་མཁན་ནམ
ཡང་ན
དགོང་ཁའི་ཉི་ནུབ་སྐྱེལ་མ་བྱེད་མཁན་ཁོ་ན་ཨེ་ཡིན་ནམ
༢༠༢༡།༠༩།༣༠ཉིན།