ལྷ་རྩེའི་ཁུ་བྱུག
མི་རིགས་གཞན་དག་ཚང་མ་ཞོགས་པར་ལུས་པོ་སྦྱོང་བརྡར་བྱེད་སྲོལ་ཡོད་པ་བཞིན། བལ་ཡུལ་གྱི་མི་སེར་ཚོས་ཀྱང་ཞོགས་པ་སྔ་ཚེ་ལངས་ནས་ལུས་པོ་སྦྱོང་རྒྱུ་དེ་གོམས་སྲོལ་རེད་འདུག
འུ་ཚོས་ཕྱོགས་ཡར་མར་བལྟས་ན་ཞོགས་པར་ལུས་པོ་སྦྱོང་སྲོལ་མེད་པ་ནི་བོད་པ་ཡིན་འདུག ཕ་ཡུལ་གྱི་མིས་བསམ་ན་ཞོགས་པར་ལུས་རྩལ་སྦྱོང་མཁན་ནི་མི་ཚེ་མི་ཆོད་མཁན་གྱིས་ཅི་བྱེད་འདི་ལས་མེད་པར་འདོད་མོད། དོན་དུ་ཁོ་ཚོས་རང་གི་བདེ་ཐང་དང་། ཚེ་རིང་བའི་ཆེད་དུ་ལུས་པོ་སྦྱོང་བརྡར་བྱེད་པ་ཡིན་པ་རེད། འདི་ནི་གསོ་རིག་དང་ཚན་རྩལ་ལ་མཐུན་པའི་འཛམ་གླིང་མིའི་སྲོལ་བཟང་ཡིན་འདུག
འབྲོག་པའི་ན་གཞོན་མང་ཤོས་ནི་ཞོགས་པ་མི་ལངས། ཞོགས་ཟས་མི་ཟ་བ་སོགས་ཚེ་ཅི་ཐུང་དང་། ནད་ཅི་མང་ལ་ཆེད་དུ་འབད་པ་ཨ་ན་མ་ན་རེད། དཔེར་ན་དགོང་མོ་དུས་ཚོད་གཉིས་གསུམ་ལ་མི་ཉལ། སྔ་དྲོ་དུས་ཚོད་བཅའ་བཅུའི་སྐབས་སུ་ཡང་མ་ལངས་ན་འཕྲོད་བསྟེན་གོ་ལོག་ཅི་ལ་མིན། བལ་ཡུལ་ནས་མི་ལ་དྲག་ཞན་དང་། ཕོ་མོ། རྒས་གཞོན་མེད་པ་ཀུན་ཞོགས་པ་སྔ་མོར་ལངས་ཏེ། རང་མཁོས་དཔག་པའི་ས་ཆ་ལ་དུས་ཚོད་གཅིག་ཙམ་ལུས་པོ་སྦྱོང་བཞིན་འདུག ལུས་རྩལ་ར་བ་ཆེད་དུ་མེད་ན་ཡང་སོ་སོའི་ཁང་པའི་སྒོ་རུ་ལུས་རྩལ་རྩེད་མཁན་ཅི་བས་མང་པོ་འདུག་པས་ངས་འུ་ཚོའི་གོམས་གཤིས་ལ་མནོ་བསམ་བཏང་དགོས་བྱུང་། ལུས་པོའི་བདེ་ཐང་ནི་ཀུན་གྱི་རྩ་བ་ཡིན་པས་ལུས་རྩལ་ནི་བདེ་ཐང་གི་ཐབས་ཤེས་བཟང་ཤོས་ཡིན་དུས་དེ་སྣང་མེད་བྱས་པ་ནི་རང་ཉིད་ལ་གཅེས་སྤྲས་མ་ཤེས་པ་ཡིན་འདུག
བོད་ལ་མཚོན་ན་དབྱར་དང་། སོས་ཀ་སྟོན་སོགས་ལ་དགོན་པའི་ཉེ་འཁྲིས་སུ་ཡོད་ན་གོ་རིམ་དང་ལྡན་པའི་ལུས་རྩལ་མ་ཤེས་ནའང་མཆོད་རྟེན་དང་པད་ཕུང་། འདུ་ཁང་སོགས་ལ་ཞོགས་པ་ཞོགས་ཇ་འཐུང་ཁར་ངེས་པར་བསྐོར་བ་ལ་འགྲོ་ཞིང་། དགུན་ཀ་གྲང་ལྷག་རྒོད་པས་ཕྱག་འཚལ་ན་ལུས་རྩལ་གྱི་གོ་ཡང་ཆོད་ལ། དགེ་བ་ཡང་འགྲུབ་འདུག་པས་ལུས་སྦྱོང་འདི་གོམས་གཤིས་སུ་རྒྱུན་འཁྱོངས་དགོས་པར་མཐོང་། གལ་སྲིད་དགོན་པ་དང་མཆོད་རྟེན་ཉེ་ལོགས་སུ་མེད་ནའང་རང་གི་ས་ཆ་ཁུ་སིམ་པོ་མང་པོ་ཞིག་ཡོད་པས་ཞོགས་པར་སྔ་ལངས་ཅུང་ཟད་ཀྱིས་ཁ་ཏོན་འདོན་བཞིན་ལུས་པོ་འགུལ་བསྐྱོད་ལ་འབད་དགོས་འདུག
ང་ལྟ་བུའི་ནད་པ་ཡིན་ནའང་། དྲག་རྒྱུག་སོགས་སྤྱོད་ལམ་རྩིང་མི་བཅུག ལྷོད་ཀྱིས་ཞོགས་པར་རྐང་ཐང་ངམ། བསྐོར་བ་ལ་སྐར་མ་སུམ་ཅུ་བཞི་བཅུ་སོང་ན་ཁྲག་གི་འཁོར་བསྐྱོད་སོགས་ལ་ཤིན་ཏུ་ཕན་པ་འདུག་ན་ནད་མེད་པའི་མིས་ལུས་རྩལ་སྦྱང་ན་ཡག་ཐོག་ཡག་བརྩེགས་སུ་མཐོང་། ལུས་པོ་འགུལ་བསྐྱོད་མེད་པ་བསྡད་ཡུན་རིང་ན་ལུས་པོ་རང་བཞིན་གཟེར། ཁམས་མི་དྭངས། ཤེས་པ་མི་གསལ། དེ་སེལ་ཐབས་སུ་མགོ་གཟེར་སྨན་ཁོ་ན་འཐུང་བའི་སྲོལ་དེ་ངའི་ཕ་ཡུལ་སོགས་ལ་ཡོད་པས་དེ་ནི་ལུས་པོ་བདེ་ཐང་གི་དགྲ་བོ་ཉག་གཅིག་ཏུ་ངེས། ཟ་ཉལ་གཉིས་ལ་དགའ་དྲགས་ན་ཟ་ཡུན་དང་ཉལ་ཡུན་ཐུང་ངུ་ལས་ཡོད་ཚོད་མི་འདུག་པས་འདི་ཙམ་གྱི་བླང་དོར་མ་ཤེས་ན་ཐབས་ཆགས་འདུག་གོ། །
2018 10 14
གནའ་མོ་བོད་ཀྱི་གཏམ་དཔེ་ལ།
སྔ་དྲོ་ལངས་མི་ཤེས། བ་ལྟར་ཉལ། དགོངས་མོ་ཉལ་མི་ཤེས། རྟ་ལྟར་ལངས།
རྒྱུ་དངོས་གསོག་མཁན་ལ། ལྷ་ཡིས་སྔ་དྲོ་ཉལ་མི་བཅུག་པར་སྔ་མོར་ལོངས།
དངོས་གསོག་མི་ནུས་མཁན་ལ། ལྷ་ཡིས་ཀྱང་ལྷོད་ལྷོད་ཉལ་དུ་བཅུག ཅེས་པའི་ཟེར་སྲོལ་ཡང་འདུག་པས་་་་
ཟ་རྒྱུ་མེད་པའི་ཕོ་རོག་སྔ་ལང་ ཆེ་ །
ཟེར་བའི་སྔ་མོའི་བོད་ཀྱི་གཏམ་དཔེ་ཞིག་ཀྱང་འདུག་ལ་།
ཕོ་ཟས་ནས་མི་ཕུང་ཉལ་ནས་ཕུང་ །
ཟེར་བའི་གཏམ་དཔེ་ཞིག་ཀྱང་འདུག་ན་སུ་
བདེན་ཤེས་མ་སོང་ཧཧཧ
ཕོ་ཟས་དེ། བགོས་ནས་ཟ། མོ་ཟས་དེ། སྦས་ནས་ཟ། རེད། ཕོ་བཟས་ནས་མི་ཕོངས། ཉལ་ནས་ཕུང་། ཟེར་སྲོལ་འདུག་པའང་བདེན་ནོ།།
ཉེས་པ།
ཞོགས་པ་བ་ལྟར་ཉལ་བའི་བོད་རིགས།
སྡ་དྲོ་རོ་ལྟར་ཉལ་བའི་བོད་པ།
ཉིན་དགུང་འདྲེ་ལྟར་མི་ཟའི་བོད་མི།
དགོངས་མོ་ཕག་ལྟར་ཟ་མཁན་བོད།
ལེགས་པ།
ཞོགས་སྔ་ལངས་ཅན་གྱི་བོད་རིགས། །
དགོངས་ཕྱི་ཉལ་ཐུབ་པའི་བོདརིགས། །
དབྱར་ཉི་འོད་བཟོད་པའི་བོད་པ། །
དགུན་སྟོད་ཧྲང་འགྲོ་ཐུབ་བོད་མི། །
ཆོས་པ།
ཁར་མ་ཎི་འདོན་པའི་བོད་རིགས། །
སེམས་དཀོན་མཆོག་དད་པའི་བོད་མི། །
ལས་རྒྱུ་འབྲས་སྲུང་བའི་བོད་པ། །
བོད་ཆོལ་གསུམ་མཐུན་པའི་བོད་རིགས། །
བོད་ཀྱི་མི་རབས་གསར་པའི་ངོ་གདོང་།
https://www.facebook.com/sonam.palden.1959/videos/1874537039330786/UzpfSTEwMDAwMzcwMjUzMjIyODoxMzg1NTE2NzA0OTE1MDY3/
https://www.facebook.com/CTATIBETTV/videos/342296369676333/
འདིར་ བོད་མིའི་ སྒྲིག་འཛུགས་ཀྱི་ ལས་འཆར་ འདི་ལ་ TIPA དྷ་སའི་ བོད་ཀྱི་ ཟློས་གར་ མེད་པ་ དེ་ནོར་ མི་འདུག་ གམ། ལགས། ཁྱེད་ཚོས་ཀྱང་ ལན་ཅིག གཤིགས་རོགས་ གནོངས་དང་།
#9 ཀརྡོ་གཉེར་ཕྱག་པ་ ་ལགས་ཀྱིས་སྤེལ་དོན།: ཁྱེད་ཀྱི་མཆན་བུ་དག་མཆན་ཐོབ་རྒྱུར་སྒུག་ཡོད། དྲ་དཔོན་གྱི་དག་མཆན་ཐོབ་རྗེས་མདུན་ངོས་སུ་འཆར་ཡོང་།
October 19th, 2018 at 3:36 am
https://www.facebook.com/CTATIBETTV/videos/342296369676333/
འདིར་ བོད་མིའི་ སྒྲིག་འཛུགས་ཀྱི་ ལས་འཆར་ འདི་ལ་ TIPA དྷ་སའི་ བོད་ཀྱི་ ཟློས་གར་ མེད་པ་ དེ་ནོར་ མི་འདུག་ གམ། ལགས། ཁྱེད་ཚོས་ཀྱང་ ལན་ཅིག གཤིགས་རོགས་ གནོངས་དང་།
་
ཨོ། TIPA དྷ་སའི་ཟློས་གར་བསླེབས་འདུག་ག ངས་སྙིང་ནས་མ་བཟོད་པར་བྲིས་དོན་ནི། རྒྱ་གར་གྱི་རྒྱལ་གླུ་དེ་ཟཽས་གར་ཁོ་ཚོས་རོལ་མ་བཏང་བ་དེ་ནོར་བ་རེད་འདུག་གོ། །།
རྒྱ་གར་གནས་སྐོར་པས། བོད་ཀྱི་སྐོར་ལ་མཐོང་ཐོས།
https://www.youtube.com/watch?v=tRMa6ab45C0
སྔ་ལང་ཕྱི་ཉལ་འཕྲོད་བསྟེན་སློབ་གསོའི་འོག་།
འགན་ཁུར་ཐུབ་པའི་མི་རྣམས་ལུས་སེམས་བདེ་།
ཕྱི་ལང་སྔ་ཉལ་སྒོམ་བཤིས་ངན་པའི་འོག་།
ལུས་སེམས་གཉིས་ལ་དཀའ་སྡུག་རང་གིས་བཟོས་།
འཛམ་གླིང་འཕྲོད་བསྟེན་སློབ་གསོའི་ལམ་སྟོན་ལ་།
ཡིད་ཆེས་བློ་འགེལ་ཐུབ་པའི་ཆོད་སེམས་འོག་།
འགན་ཁུར་ཐུབ་པའི་ལས་འགན་རང་དོན་ལ་།
ནམ་ཡང་འཐུད་ཤོར་མ་གཏོང་རང་དོན་སྒྲུབ་།
བླ་མ་ཚོས་ཚེ་དབང་དུས་དབང་གི་ཚབ་ཏུ་སྤྱོད་འཇུག་དང་ལུས་སྦྱོང་འཕྲུལ་འཁོར་གསུང་རོགས་ཞུ།
ཚེ་དབང་དང་། སྐྱབས་འགྲོ་གནང་ནས། ད་ནས་ཁྱོད་ནང་པ་རེད་གདའ་ཟེར་ནས་དམ་ལ་བཏགས་དགོས་རེད། དེ་ནས་འབུལ་བ་དང་། ཤོག་ཁག་གི་དམག་དཔུང་འོང་བགྱིད་ཡོད་རེད། ཀླུ་སྨྱོན་གྱིས་ད་ལྟ་ཡང་དེ་ཧ་གོ་བགྱིད་མི་འདུ་ག ཧ་ཧ་ཧ། ཀུ་རེ་ཡོན་ནོ། ཀླུ་སྨྱོན་ལགས།། །།
གླེན་ལྐུགས་ཀྱི་ཆོས་བྱེད་སྟངས་ལ། ལན་ཅིག་གཟིགས་དང་།
https://www.facebook.com/drikungpoetry/videos/868711190185525/UzpfSTI3OTUyMzE1NTUxNjA1NDoxNDI2MTc4MjM0MTgzODY4/
བོད་ཕྲུག་སུས་བྱེད་ཐུབ་བམ། ལགས།
https://www.facebook.com/ThugLifeTvOfficial/videos/751570781871571/UzpfSTE2MjY1NjI1MTA6MTAyMTE0MTUzMzM2MTIxNTA/
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > བསྟན་འཛིན་ཚེ་བརྟན་ལ་བློན་ཆེན་བྱ་དགའ་ཐོབ།
བསྟན་འཛིན་ཚེ་བརྟན་ལ་བློན་ཆེན་བྱ་དགའ་ཐོབ།
http://tibettimes.net/2018/11/02/173134/