དེ་རིང་ཞོགས་པ་ངས་རྒྱ་ཡིག་གི་ཟིན་བྲིས་སྒོ་ཕྱེ་སྐབས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་གིས་སྐད་ཞིག་བཞག་འདུག་ལ། རྒྱ་ཡིག་གི་ཚིག་གྲུབ་གཉིས་མ་གཏོགས་མེད་པའི་འཕྲིན་ཐུང་དེའི་ནང་དུ། ཉེ་ཆར་འཛིན་བཟུང་བྱས་པའི་ཞོགས་ལྗང་ངམ་ཡང་ན་འབྲུག་ལོ་ཟླ་ལྔ་བའི་ཚེས་བརྒྱད་ཉིན་གློད་གྲོལ་ཐོབ་ཡོད་ཀྱང༌། བཀྲ་ཤིས་རབ་བརྟན་ནམ་ཡང་ན་ཐེའུ་རངས་གློད་གྲོལ་བྱུང་མེད་པ་མ་ཟད་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་བྲིས་འདུག
ཡང་ཁོང་གི་འཕྲིན་ཐུང་གཉིས་པ་དེའི་ནང་དུ་འཕྲིན་ཐུང་ཀློག་ཚར་རྗེས་ལམ་སེང་བསུབ་རོགས་གནང་ཞེས་ཀྱང་བྲིས་འདུག
རང་རེས་རྩོམ་པ་པོ་རྣམས་ཀྱིས། རྒྱལ་སྤྱི་རྩོམ་པ་པོ་མཐུན་ཚོགས་སུ་སྙན་ཞུ་ཕུལ་ཏེ། ཐེ་རང་བཙན་གྲོལ་ཡོང་ཐབས་གནང་གལ་ཆེ།
གོང་གི་པར་རིས་དེ་བཤད་བཞིན་པའི་ཞོགས་ལྗང་དང་ཐེའུ་རང་གཉིས་ཀྱི་འདྲ་པར་ཨེ་རེད།
སྟོབས །་་་ཞེས་པ་ཞིག་གིས།
༢༠༡༠/༠༥/༡༤ ཉིན་འདོན་སྤེལ་བྱས། སྤྱིར་ན་ཚེ་རིང་སྐྱིད་ཀྱི་ཁྱིམ་ཚང་ལ་ཡོང་འདོད་གཏན་ནས་མེད་མོད་ཀྱང་ ། དོན་དག་ཆུང་ཆུང་ཞིག་གི་ཆེད་དུ་འུར་ཆེན་པོ་ཞིག་བརྒྱབ་ཡོང་དུས་ངས་ཁ་སྒྲག་ཐབས་མེད་བྱུང་སོང་།
ཞོགས་ལྗང་ཟེར་བ་དེ་རྒྱ་ནག་གིས་ཐེངས་གཅིག་འཇུ་བཟུང་བྱས་པ་དེ་ཧ་ལས་ཅི་ཡང་མེད། དེའང་དུས་ཚོད་ཀྱི་ཆ་ནས་ཐུང་ཐུང་རེད ། ཕྱིར་གློད་པ་དེ་ངོས་འཛིན་སུ་ཞིག་གི་ལངས་ཕྱོགས་དང་མཐུན་ནི་བྱོས་ནས་སྒོ་ཐོན་པ་དེ་འང་སོམ་ཉི་གནས་རེད །
༣༽ ཚེ་རིང་སྐྱིད་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༤ གི་ཆུ་ཚོད་ ༡༨ སྐར་མ་ ༡༦
སྟོབས །་་་ཞེས་པ་ཞིག་གིས།
༢༠༡༠/༠༥/༡༤ ཉིན་འདོན་སྤེལ་བྱས། སྤྱིར་ ན་ཚེ་རིང་སྐྱིད་ཀྱི་ཁྱིམ་ཚང་ལ་ཡོང་འདོད་གཏན་ནས་མེད་མོད་ཀྱང་ ། དོན་དག་ཆུང་ཆུང་ཞིག་གི་ཆེད་དུ་འུར་ཆེན་པོ་ཞིག་བརྒྱབ་ཡོང་དུས་ངས་ཁ་སྒྲག་ཐབས་ མེད་བྱུང་སོང་།
ཞོགས་ལྗང་ཟེར་བ་དེ་རྒྱ་ ནག་གིས་ཐེངས་གཅིག་འཇུ་བཟུང་བྱས་པ་དེ་ཧ་ལས་ཅི་ཡང་མེད། དེའང་དུས་ཚོད་ཀྱི་ཆ་ནས་ཐུང་ཐུང་རེད ། ཕྱིར་གློད་པ་དེ་ངོས་འཛིན་སུ་ཞིག་གི་ལངས་ཕྱོགས་དང་མཐུན་ནི་བྱོས་ནས་སྒོ་ཐོན་ པ་དེ་འང་སོམ་ཉི་གནས་རེད །
ཚེ་རིང་སྐྱིད།
༢༠༡༠/༠༥/༡༥ ཉིན་འདོན་སྤེལ་བྱས། སྟོབས་ཞེས་པའི་མི་སྐད་བཤད་མི་ཤེས་པ་འདི་ལ་བརྗོད་དོན།
ཁྱེད་རང་ངའི་ཁྱིམ་ཚང་གི་མ་བོས་མགྲོན་པོ་ཡིན་པ་ཐོག་མར་ཤེས་པར་གྱིས།
དེ་ནས་ཞོགས་ལྗང་བཟུང་བ་དོན་ཆུང་དང་ཁྱེད་ཀྱིས་ཁྱི་སྐད་ལྟ་བུའི་སྐད་ངན་དོན ཆེན་རེད་དམ། ཁྱེད་ལྟ་བུའི་ཁྱི་སྐད་རྒྱག་མཁན་ཚོའི་འདོད་ཐོག་ཡིན་ན་ཞོགས་ལྗང་ལྟ་བུའི་མིརབས་གསར་བ་མེ་ཏོག་ལྟ་བུ་འདི་ཚོ་རྒྱ་ནག་གི་བཙོན་ཁང་ནས་ཚེ་གང་སྡོད་དགོས་པ་རེད་དམ། དཀོན་མཆོག་ཚེ་བརྟན་ལ་ལོ་༡༥བཙོན་མཇུག་ཁྲིམས་ཐག་བཅད་པ།་་་ཀུན་དགའ་ཚངས་དབྱངས་ལ་ལོ་ལྔའི་ཁྲིམས་ཐག་བཅད་པ། སྒྲོལ་མ་སྐྱབས་ལ་ལོ་ལྔའི་ཁྲིམས་ཐག་བཅད་པ། ཞོགས་དུང་བཙོན་དུ་ཁྱེར་ཏེ་ད་ལྟ་ཤུལ་དུ་བདག་མེད་ནང་མི་ཚོ་ལུས་པ། ཐེའུ་རངས་ཀྱི་གནས་ཚུལ་གང་ཡང་གོ་ཐོས་བྱུང་གིན་མེད་པ། སྐྱབས་ཆེན་བདེ་གྲོལ་དང་རྡོ་རེས་ལ་སོགས་པ་ལས་གནས་ཕབ་ཏེ་སྤྱི ཚོགས་ཁྲོད་དུ་འཚོ་གནས་བོར་བ་ལ་སོགས་པའི་བོད་ཀྱི་ཤེས་ཡོན་པའི་མགོ་ཐོག་གི་བཙན་གནོན་འདི་དང་ཤེས་ཡོན་པར་དྲག་གནོན་བྱེད་བཞིན་པ་འདི་ཁྱེད་དང་ང་ལྟ་བུའི་རང་དབང་གི་ཡུལ་དུ་ཁྱི་སྐད་བརྒྱབ་ནས་འདུག་མཁན་ཚོས་ཚོར་ཐུབ་པ་ཞིག་ག་ལ་ཡིན།
ཁྱེད་ལྟ་བུའི་མིང་གི་ཕོག་ཏུ་ཡུབ་མཁན་ཚོས་ང་ལ་ཇི་ལྟར་བཤད་ཀྱང་རུང་། ང་ནི་ཁྱེད་ཚོའི་ཁྱི་སྐད་ལ་ཡང་མི་དོད་པའི་སྐད་ཆ་དེ་འདྲ་ཡིས་ཐུབ་པར་མི་བྱ་མོད་དེ། ད་ལྟ་རྒྱ་ནག་གི་བཙོན་རྭ་རུ་དོན་ལྔ་སྣོད་དྲུག་ལ་ལྕགས་གདུང་དང་གློག་ཆས་ཀྱིས་མནར་གཅོད་གཏོང་བཞིན་པ་ཚོར་སྐད་ཆ་འདི་ལྟར་མ་བཤད་ན་འོས། མ་མཐར་ཡང་ངའི་ཁྱིམ་གཞིའི་ཁྲོད་དུ་ཁྱོད་ལྟ་བུའི་མི་མ་ཡིན་པ་ལ་བསམ་འཆར་འབྲི་སའི་ས་མིག་མེད་ལ། དེ་ལས་ཀྱང་མི་རིགས་ཤིག་གི་བདེ་སྡུག་ངོ་མའི་དོན་དུ་རྒྱ་ནག་གི་ལྕགས་ཀྱི་དྲ་བར་བློས་གཏོང་ཆེན་པོས་གདོང་ལེན་བྱེད་བཞིན་པའི་ཤེས་ཡོན་པ་ཚོ་གཙོས་པའི་བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ་ཚོར་ཁ་རྡུང་གཏོང་བའི་ས་མིག་དེ་ལས་ཀྱང་ངའི་གནས་ཁྱིམ་ན་མེད་པས། རབས་ཡིན་ན་ཁྱེད་ལྟ་བུའི་ཀུན་སློང་མ་གཙང་བ་ཚོའི་གྲིབ་མས་ངའི་ཁྱིམ་གཞི་ལ་ཡང་ནག་པོ་མ་བཟོ་ལགས།
སྟོབས་ལགས་ཡ། ཁྱེད་ཀྱིས་རང་གི་ལག་པས་གདོང་པར་འགྲམ་ལྕག་ཐེངས་གཅིག་བྱོས་དང་གང་འདྲ་འདུག ཁྱེད་ཀྱིས་མི་ཞེས་པའི་ལུས་པོ་ཤ་དང་ཁྲག་གིས་གྲུབ་པ་ཚོར་གྱིན་འདུག་གམ། ཤ་དང་ཁྲག་གི་གྲུབ་པའི་ཤེས་ཡོན་པ་དེ་ཚོ་ལྕགས་དང་གློག་གི་མདུན་དུ་ལངས་ཡོད་པས། ཁྱི་སྐད་རྒྱག་རྒྱུ་མཚམས་འཇོག་བྱེད་ན་དགའ།
མེ་ཏོག་དཀར་པོ་ལགས། གོང་གི་པར་དེའི་ནང་གི་གསར་བུ་དེ་གཉིས་ང་ཚོས་གླེང་བཞིན་པའི་ཞོགས་ལྗང་དང་ཐེའུ་རངས་རེད། པར་དེ་ཐེའུ་རངས་ཀྱི་རྒྱ་ཡིག་ཟིན་བྲིས་ལས་བླངས་པ་ཡིན།
གསར་འགོད་པ་ཡིན་ནོ་དོན་ལ་གནས་གི གསར་འགྱུར་ཚ་བོ་འདི་ལྟར་ལེན་དགོས་ནི་རེད། ཐུགས་རྗེ་ཆེ། ད་དུང་དེ་གསར་འགྱུར་ཡག་པོ་རེད། ད་དུང་མུ་མཐུད་དུ་ཡིན། རྗེས་སུ་ཡི་རངས་ཡོད། འདི་ཁ་ཡག་མིན་ད། ཡང་ཁ་ཤས་ཟིག་རྒྱུགས་ཡོང་ནས་བསམ་འཆར་འདོན་ན་ཐང་། ཡག་པོ་ལ་ཡག་པོ་རེད་ཟེར་ན་དེ་འགལ་བ་ཡོད་ཀྱི་མ་རེད་དྲན།
རྒྱ་རྒོད་ཤན་རྒོད་འདྲ་བོ་འདུར་གོ་ཁུ། །
གསར་རྒོད་གཡག་རྒོད་འདྲ་བོ་འབོར་གོ་ཁུ། །
མཛེས་མ་མེ་ཏོག་འདྲ་ཟིག་ངུ་གོ་ཁུ། །
དྲ་འབུ་འབུ་ལུ་འདྲ་ཟིག་དགའ་གོ་ཁུ། །
འོ་ཡ་ཚེ་རིང་སྐྱིད། ལན་གནང་བར་ཐུགས་རྗེ་ཆེ།
ཚེ་རིང་སྐྱིད་ཀྱིས་གནས་ཚུལ་གསར་བ་སྤེལ་བར་ཐུགས་རྗེ་ཆེ།
ལྷག་པར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཁོང་ཚོ་ནི་ང་ཚོའི་གནས་ཚུལ་གྱི་འབྱུང་ཁུངས་ཡིན་པས། ཁོང་ཚོའི་དུས་བསྟུན་གྱི་སྐད་ཆ་གཅིག་གི་རིན་ཐང་ཡང་གཞལ་དཀའ་བ་ཡིན།
ཞོགས་ལྗང་གློད་འདུག་པ་ནི་བཀྲ་ཤིས་པའི་གཏམ་བཟང་ཞིག་རེད། འོན་ཀྱང་ཁོང་གློད་དགོས་པའི་རྒྱུ་མཚན་ཞིག་འགོད་ཐུབ་ན་ཡག་རབ་འདུག
“འཕྲིན་ཐུང་ཀློག་ཚར་རྗེས་ལམ་སེང་བསུབ་རོགས་གནང་”ཞེས་པའི་དོ་བདག་གི་སྐད་ཆ་འདིར་འགན་བླང་བས་སྒོ་ནས། “ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་གིས་སྐད་ཞིག་བཞག་འདུག་ལ།” ཞེས་གསལ་རྗེན་དུ་མ་བཏོན་མ་སེམས། འདི་ངའི་རེ་བ་དང་བསམ་ཚུལ་ཙམ་ཡིན། མཐར་ཁྱེད་ཀྱི་བྱ་བ་ལམ་ལ་འགྲོ་བའི་སྨོན་འདུན་ཞུ། ཞེས་ལས་གྲོགས་རྙིང་བ་ཞིག་གིས་རྡ་ས་ནས།
“འཕྲིན་ཐུང་ཀློག་ཚར་རྗེས་ལམ་སེང་བསུབ་རོགས་གནང་”ཞེས་པའི་དོ་བདག་གི་སྐད་ཆ་འདིར་འགན་བླང་བས་སྒོ་ནས། “ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཞིག་གིས་སྐད་ཞིག་བཞག་འདུག་ལ།” ཞེས་གསལ་རྗེན་དུ་མ་བཏོན་ན་སེམས། འདི་ངའི་རེ་བ་དང་བསམ་ཚུལ་ཙམ་ཡིན། མཐར་ཁྱེད་ཀྱི་བྱ་བ་ལམ་ལ་འགྲོ་བའི་སྨོན་འདུན་ཞུ། ཞེས་ལས་གྲོགས་རྙིང་བ་ཞིག་གིས་རྡ་ས་ནས།