ཟླ་ཀླུང་།
ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་ཞུགས་འབུལ་ཁོང་གི་གདན་ས་ཤར་མི་ནུབ་དགོན་པར་བྱ་ཆེད་བལ་ཡུལ་དུ་གདན་འདྲེན་ཞུ་བའི་ཆོག་མཆན་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པར་ཡོད་པའི་བལ་ཡུལ་གཞུང་ཚབ་ཀྱིས་སྤྲད་ཟིན་ནའང་བལ་ཡུལ་ནང་སྲིད་ལས་ཁུངས་ཀྱིས་ཕྱིར་བསྡུ་བྱས་པ་རེད།
བྱེད་དགོས་པའི་རྒྱུ་མཚན་ཐད་བལ་གཞུང་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པ་དྷ་ཁཱལ་གྱིས། ཞྭ་དམར་རིན་པོ་ཆེ་འབྲུག་གི་མི་སེར་ཡིན་པ་དང་། བལ་གཞུང་ནང་སྲིད་དྲུང་ཆེ་སུརྱཱས། བལ་ཡུལ་གྱི་ཁྲིམས་ལུགས་ནང་ཕྱི་རྒྱལ་གྱི་མིའི་ཕུང་པོ་བལ་ཡུལ་ནང་ཁྱེར་ནས་མེར་སྲེག་སོགས་ཀྱི་བྱེད་སྒོ་སྤེལ་བའི་ཆ་རྐྱེན་མེད་པར་བཤད་པ་ནི་ཁག་དཀྲི་ཙམ་སྟེ། སྔར་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། བདུད་འཇོམས་རིན་པོ་ཆེ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་བོད་རིགས་ཕྱི་རྒྱལ་གྱི་ལམ་ཡིག་ཡོད་པ་མང་པོ་ཞིག་གི་སྐུ་ཕུང་ཡང་གདན་འདྲེན་ཞུས་ནས་བྱེད་སྒོ་སྤེལ་མྱོང་ཡོད།
ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་གདན་འདྲེན་མཉམ་དུ་༧གོང་ས་མཆོག་གི་སྐུ་ཚབ་མངགས་གཏོང་དགོས་པའི་རྒྱུ་མཚན་ཅི་ཡང་མེད་ལ། གལ་ཏེ་སྐུ་ཚབ་འགྲོ་བའི་སྐད་ཆ་ཞིག་ཡོད་དབང་དུ་བཏང་ནའང་ཞྭ་དམར་རིན་པོ་ཆེའི་ཤུལ་ལུས་ལས་བྱེད་དག་གིས། ང་ཚོའི་སྐུ་ཕུང་མཉམ་དུ་ཕེབས་དགོས་པ་མི་འདུག །ཅེས་པའི་ཚིག་གཅིག་གིས་ཕྱིར་འཐེན་བྱ་ཆོག་པ་ལས་དཀའ་ཚེགས་མང་པོ་བརྒྱུད་དགོས་མེད་ཕྱིར་དགོད་བྲོའི་གཏམ་གླེང་ཞིག་ཅི་ལ་མིན།
འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་གྱིས་བལ་ཡུལ་གཞུང་ལ་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་རྒྱ་གར་ནས་བལ་ཡུལ་དུ་གདན་འདྲེན་ཞུ་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཀྱང་བལ་ཡུལ་གཞུང་གིས་ངོས་ལེན་མ་བྱས་པ་དེས་སྒེར་མི་ཕལ་པ་དག་གིས་བཀག་འགོག་བྱས་པ་ཞིག་མིན་པའང་བསྟན་ཡོད།
བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་སོགས་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ཡིན་པར་བརྗོད་པ་ནི་བདེན་ངེས་པ་སྟེ། གལ་ཏེ་རྒྱ་ནག་གཞུང་གི་གནོན་ཤུགས་མིན་པ་ཡིན་ན་བལ་ཡུལ་རྒྱ་ནག་གི་འབྲེལ་བའི་ཤུགས་རྐྱེན་གྱིས་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་སོགས་ཀྱིས་གཞི་མེད་སྐྱོན་འཛུགས་བྱེད་ཕོད་ཀྱི་མ་རེད།
བལ་ཡུལ་དུ་ཨ་རི་དང་རྒྱ་དཀར་ནག་གི་དབང་ཤུགས་འགྲན་རྩོད་བྱེད་ཀྱིན་ཡོད་པ་ལས་རྒྱ་ནག་གི་དབང་ཤུགས་བལ་ཡུལ་ལ་ཇི་ཙམ་ཡོད་པ་སྟོན་ཆེད། རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲད་དེ་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་གདན་འདྲེན་ཞུ་བའི་ཆོག་མཆན་ཕྱིར་བསྡུ་བྱ་བཅུག་པ་སྟེ། ཞྭ་དམར་རིན་པོ་ཆེ་སྐྱབས་བཅོལ་གནས་བབ་ཐོག་ཡོད་སྐབས་ཀརྨ་པ་རིག་པའི་རྡོ་རྗེའི་སྐུ་དྲིན་ལ་བརྟེན་ནས་འབྲུག་གཞུང་གིས་ཕྱི་བསྐྱོད་ལམ་ཡིག་ཙམ་ཕུལ་མྱོང་ཡོད་ནའང་། ཞྭ་དམར་རིན་པོ་ཆེ་མ་གཤེགས་པའི་ཡར་སྔོན་ལ་ནི་ཨ་རིའི་ལམ་ཡིག་བསྣམས་ནས་འཛམ་གླིང་དུ་ཕེབས་བསྐྱོད་གནང་གིན་ཡོད་ལ། རྒྱ་གར་ནི་ཁོང་གི་བཞུགས་གནས་གཙོ་བོ་དང་གཞུང་འབྲེལ་བཟང་བ་མ་ཚད་ད་ལྟའི་སྐུ་ཕུང་བཞུགས་གནས་ཀྱང་ཡིན།
ཞྭ་དམར་རིན་པོ་ཆེའི་སྐུ་ཉེ་འགའ་ཞིག་བོད་ནས་རྒྱ་ནག་གི་གཞུང་ཞབས་ལས་བྱེད་ཡིན་ཅིང་། ཞྭ་དམར་རིན་པོ་ཆེས་ངོས་འཛིན་གནང་བའི་འཇུ་འཇམ་གྲགས་རྒྱ་གཞུང་དང་འབྲེལ་བ་བྱ་ཆེད་པེ་ཅིན་སོགས་སུ་གཏན་བཞུགས་གནང་གི་ཡོད་ལ། ཞྭ་དམར་རིན་པོ་ཆེ་རང་ཡང་བོད་དང་རྒྱ་ནག་ཏུ་ཐེངས་ཤས་ཕེབས་ཏེ་རྒྱ་ནག་གཞུང་དང་བཟང་འབྲེལ་མི་དམན་པ་ཡོད་མོད་དེ། ཆབ་སྲིད་ཀྱི་འཁྲབ་སྟོན་ནི་གནས་སྐབས་ཀྱི་དགོས་མཁོ་ཙམ་ཡིན་ཕྱིར་ཞྭ་དམར་རིན་པོ་ཆེའི་གསོན་ནུས་ཡལ་ཏེ་སྐུ་ཕུང་ཕན་མེད་དུ་གྱུར་པ་ན་བཟང་འབྲེལ་གྱི་ལྟ་ཚུལ་ཞིག་ག་ལ་ཡོད།
ཞྭ་དམར་བརྒྱད་པ་ཡོལ་མོ་ལ་འཁྲུངས་པ་དང་། ཞྭ་དམར་བཅུ་པས་བལ་ཡུལ་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་པ་སོགས་ཞྭ་དམར་དང་བལ་ཡུལ་ལོ་རྒྱུས་ཀྱི་འབྲེལ་བ་ཆེ་ཞིང་། ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་གསོན་ངོགས་སུ་བཞུགས་ཚེ་བལ་ཡུལ་གྱི་ཕྱི་བསྐྱོད་ལམ་ཡིག་ཀྱང་བསྣམས་མྱོང་ཡོད་ལ། བལ་ཡུལ་རྒྱལ་སར་ཞྭ་དམར་རིན་པོ་ཆེས་སྨོན་ལམ་ཚོགས་པ་ན་བལ་ཡུལ་གྱི་སྲིད་འཛིན་ཀྱང་ཚོགས་ཞུགས་གནང་བ་སོགས་བཟང་འབྲེལ་ཆེ་བས་ཞྭ་དམར་རིན་པོ་ཆེའི་ཕེབས་བསྐྱོད་ལ་བཀག་འགོག་བྱེད་མྱོང་མེད་ནའང་། བལ་ཡུལ་རང་གི་གཞུང་འཛིན་བརྟན་ལྷིང་མེད་པའི་གནས་སྟངས་ལ་བརྟེན་ནས་རྒྱ་ནག་གཞུང་གི་གནོན་ཤུགས་དྭང་ལེན་བྱ་དགོས་ཐུག་པ་གོར་མ་ཆག་གོ། །
ཞྭ་དམར་རིན་པོ་ཆེ་སྐུ་ཕུང་འུ་ཚུགས་རྒྱབ་ནས་བལ་ཡུལ་དུ་གདན་དྲངས་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ངས་དངོས་གནས་གོ་བ་ལེན་ཐུབ་ཀྱིན་མི་འདུག །
ཟླ་ཀླུང་ལགས་ནས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་གི་སྐུ་གདུང་བལ་ཡུལ་དུ་གདན་འདྲེན་ཞུ་མ་ཐུབ་པའི་སྐོར་དངོས་ཡོད་གནས་ཚུལ་དང་མཐུན་པའི་དཔྱད་བརྗོད་སྤེལ་བ་འདིར་ཡི་རང་བསྔགས་བརྗོད་ཡོད། དེ་མིན་དེང་སང་དྲ་ལམ་ནང་མིང་རྫུའི་འོག་ནས་ཕ་ཡུལ་གཅིག་པའི་ཞེན་སེམས་དང་། ཆོས་ལུགས་བྱེ་བྲག་པའི་ནང་རྙོག་ཁག་གཅིག་དང་མཚུངས་པར་སྟོན་ཆེད། འབྲེལ་མེད་དྲྭ་འབུ་དག་གིས་བཀའ་བརྒྱུད་ནང་ཁུལ་མི་མཐུན་པ་ཡོད་མདོག་བྱེད་ཅིང་གོ་སྐབས་འདི་དང་བསྟུན་ནས་དཀྲུག་ཐབས་སྣ་ཚོགས་བྱེད་ཀྱིན་པ་ནི་ཁོ་པ་ཚོས་སྐྱུག་བྲོ་བའི་གདོང་རིས་མངོན་རྒྱུ་ལས་མ་འདས། འདས་པའི་ཆར་༧རྒྱལ་དབང་ཀརྨ་པའི་ཡང་སྲིད་སྐོར་གྱི་རྩོད་རྙོག་ཕྲན་བུ་བྱུང་བ་དངོས་བདེན་རེད། ཡིན་ནའང་ཆོས་ལུགས་ཁ་ཤས་ཀྱི་རྩོད་རྙོག་དང་བསྡུར་ན་ཆུང་ཆུང་རེད། ད་ལྟའི་ཆར་ཕྱོགས་ཕན་ཚུན་སོ་སོའི་དད་མོས་རང་དབང་འོག་ཕྱོགས་ཕན་ཚུན་མཐུན་འབྲེལ་གནང་སྡད་པ་ལས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆོས་སྲིད་གང་ལའང་གནོད་པའི་ལས་རིགས་སྔར་བྱུང་མེད་ལ་མ་འོངས་པར་ཡང་ཡོང་དོགས་མེད། མ་ཟད་ཉེ་སྔོན་ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཆེད། ཞྭ་དམར་རིན
པོ་ཆེའི་བླ་བྲང་གི་སྐུ་ཚབ་རྣམ་པ་བཀའ་བརྒྱུད་དགོན་ཁག་ཡོངས་ལ་མཆོད་འབུལ་ཅེད་བཅར་གནང་བ་དང་། དེ་མཚུངས་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལྟར། མཚུར་ཕུ་བླ་བྲང་གི་སྐུ་ཚབ་དང་། ཡབ་སྲས་རྣམ་པའི་གདན་སའི་སྐུ་ཚབ་དབུས་ཀཾ་ཚང་དགོན་ཁག་ཡོངས་ཀྱི་འཐུས་མི་བཀའ་སྦུག་སོགས་སུ་ཆེད་བཅར་གྱིས་སྐུ་གདུང་སྤྱན་སྔར་མཆོད་འབུལ་དང་། གང་གི་སྐུའི་གཅེན་པོ་འཇིགས་མེད་རིན་པོ་ཆེ་སོགས་སྐུ་འཁོར་རྣམས་ལ་ཐུགས་གསོའི་མཚམས་འདྲི་ཞུ་དང་ཞུ་བཞིན་པ་སོགས་མདོར་ན་ཕྱོགས་ཕན་ཚུན་དག་སྣང་འོད་ཆུ་གཅིག་འདྲེས་ཀྱིས་མཐུན་འབྲེལ་གནང་སྡད་པ་ཚང་མས་མཁྱེན་གསལ་རེད། དེས་ན་ནམ་རྒྱུན་རྒྱལ་བ་བཀའ་བརྒྱུད་པ་དང་འབྲེལ་བ་རྩ་བ་ནས་མེད་པའི་སྐབས་འཚོལ་རིང་ལུགས་པ་ཁ་ཤས་དེང་སང་དྲ་ཐོག་ཏུ་ཡོང་ནས། ཀཾ་ཚང་ནང་ཁུལ་དཀྲུག་སྟེ་དོལ་རྒྱལ་རྙོག་འཁྲ་དང་གཅིག་མཚུངས་བཟོ་རྒྱུའི་དམིགས་ཡུལ་ངན་པ་ཞིག་འཆང་བཞིན་པ་དེར་བཀའ་བརྒྱུད་པ་ཚང་མས་ཐུགས་སྣང་གང་ཟབ་གནང་དགོས་པ་ཐུགས་འཇག་ཞུ། །
རིན་པོ་ཆེ་ཞིང་ཕེབས་པ་རེད་ཁོང་ལ་དད་པ་ཡོད་ན་དགེ་བ་སྒྲུབ་དམ་ཚིག་སྲུང་ཁོང་ཕེབས་ཤུལ་ནས་སློབ་མ་ཚོས་དགོ་མི་དགོས་བཤད་དགོས་མི་འདུག
དྲི་བ་གཅིག་ཡོད་པ་ནི། རྒྱ་ནག་གཞུང་གིས་བལ་གཞུང་ལ་ཅིའི་ཕྱིར་གནོན་ཤུགས་སྤྲོད་ཀྱི་ཡོད། ཕྱོགས་གཉིས་མཛའ་འབྲེལ་དམ་ཟབ་ཡོད་བཞིན་དུ་གནོན་ཤུགས་སྤྲོད་དགོས་པ་ཞིག་ངས་མཐོང་།
རྒྱ་གར་དང་འབྲུག་ཡུལ་གང་རུང་ལ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཞུ་མཆོག་གི་ཡོད་པས་དེར་མ་ཞུས་པར་ མི་མཆོག་པའི་ས་ཆ་བལ་ཡུལ་ལ་ཨུ་ཙུགས་ཀྱི་ཞུ་ཡི་ཡིན་ཟེར་ན་དཀའ་ངལ་དེ་རང་གི་བཟོས་པ་རེད་ བལ་ཡུལ་ཁོང་གི་ཕ་ཡུལ་ནི་མ་རེད་ བཀའ་རྒྱུད་པ་ལས་ལྐུག་པ་ཨ་ཡོད་
ལུང་པ་གཞན་ཀྱི་མེ་སེར་བལ་ཡུལ་ནང་མེར་སྲེགས་གཏང་མེ་མཆོག་ས་ཟེ་བལ་པའོ་གཞུང་ནས་གཤས་འདུགས་ག་
ཞྭ་དམར་རིན་པོ་ཆེ་སྐུ་གདུང་བལ་ཡུལ་དུ་གདན་འདྲེན་དགོས་རྒྱུ་མཚན་ང་རང་གི་བསམ་ཚུལ་ལྟར་ན། ཞྭ་དམར་རིན་པོ་ཆེ་ན་རིམ་བལ་ཡུལ་དང་འབྲེལ་བ་ཡོད་པ་དང་། བལ་ཡུལ་རྒྱལ་ས་འདི་ནང་པའི་གནས་ཆེན་ཁག་ཡོད་ས་དང་། བལ་ཡུལ་དུ་བོད་པ་དང་བལ་པོ་་ནང་པ་མང་པོ་ཡོད་པ་དང་། དེ་བཞིན་གནས་བསྐོར་ལ་ཡོང་མཁན་་བོད་པ་གཙོ་བོར་གྱུར་པའི་ནང་པ་ཕྱི་རྒྱལ་བ་མི་རིགས་མང་པོ་ཡོད་པ་དང་། ཁོ་རང་གི་གདན་ས་གཙོ་བོ་ཤར་མི་ནུབ་་ཅེས་ལ་བལ་ཡུལ་དུ་ཡོད་པའི་དབང་གིས་སྐུ་གདུང་བལ་ཡུལ་དུ་གདན་འདྲེན་དགོས་ལུགས་ཡིན་ས་རེད།
ཧཧཧཧ་་་མགོ་རྙོག་་རང་རེད་་་ནམ་རྒྱུན་ཞྭ་དམར་པ་ཟེར་བ་དེ་་རྒྱ་གཞུང་དང་བློ་ཐག་དཔེ་ཉེ་པོ་རེད་ཟེར་བ་ཡོངས་གྲགས་ལྟ་བུ་འདུག་་་ཡང་རྒྱ་གཞུང་གིས་གནོད་ཤུགས་ཀྱིས་ཕུང་པོ་བཀག་འགོག་བྱས་པ་རེད་ཟེར། གང་ལྟར་ཡང་་ཁོ་ནི་་སྐད་གྲགས་ཆེ་ཙམ་འདུག་་ཡིན་ནའང་བོད་སྤྱིའི་བདེ་སྡུག་ལ་སེམས་ཁུར་ཡོད་པ་མཐོང་ཐོས་གང་ཡང་བྱུང་མྱོང་མེད་དོ།།།
བལ་ཡུལ་གྱིས་འགོག་དོན་ནི། གལ་སྲིད་སྐུ་གདུང་བལ་ཡུལ་ནང་ཞུགས་འབུལ་བྱེད་བཅུག་ན། མ་འོངས་པར་སྤྲུལ་སྐུ་ཡང་བལ་ཡུལ་ནང་རང་བཞིན་གྱིས་ཐུགས་ཐག་གཅོད་ཆོག་གི་ཡོད་སྟབས། བོད་ཀྱི་ཆོས་རྒྱུད་བླ་སྤྲུལ་དག་གི་དབང་ཤུགས་བལ་ཡུལ་ནང་སླེབས་རྒྱུར་དོགས་པ་ཟ་བས་ཡིན་སྲིད། བོད་པའི་བླ་སྤྲུལ་ཚོའི་ཤུགས་རྐྱེན་བལ་ཡུལ་ནང་སླེབས་རྒྱུར་རྒྱ་གཞུང་གིས་བཀག་འགོག་བྱེད་སྲིད་པ་མ་ཟད། བལ་གཞུང་གི་ངོས་ནས་ཀྱང་མོས་འདོད་དེ་ཙམ་བྱེད་མི་སྲིད། གཙོ་བོ་མ་འོངས་པའི་སྤྲུལ་སྐུའི་གནད་དོན་ཐད་དམིགས་པ་ཞིག་ཡིན་པ་ལས། གྲོངས་ཟིན་པའི་སྐུ་ཕུང་ཁོ་ནར་དམིགས་ཏེ་བལ་ཡུལ་ནང་ཞུགས་འབུལ་བཀག་འགོག་བྱས་པ་ཞིག་ཡིན་སྲིད་རྒྱུ་མ་རེད་བསམ།
བལ་ཡུལ་དུ་ཡོད་པའི་ཞྭ་དམར་པའི་གདན་ས།https://www.facebook.com/photo.php?fbid=771686156203504&set=a.122848367753956.8525.100000863808479&type=1&relevant_count=1
འོ་ལགས་སོ། རྒྱལ་བ་ཞྭ་དམར་པའི་སྐུ་གདུང་ཞུགས་འབུལ་གྱི་ས་གནས་ཐད་རྙོག་དྲ་ཆེན་པོ་བཟོ་དགོས་ཡ་མི་འདུག་སྙམ། གང་ཡིན་ཟེར་ན། ཐོག་མའི་ཆ་ལའང་རྒྱལ་བ་ཞྭ་དམར་པའི་བླ་བྲང་ནས་སྐུ་གདུང་རྒྱལ་ས་དྷི་ལིར་གདན་རྒྱུ་དང་དེ་ནས་ཀ་སྦུག་དུ་གདན་རྒྱུ་ཐུགས་བརྟན་ཁེལ་ཞིང་གསལ་བསྒྲགས་ཀྱང་དེ་ལྟར་གནང་ཡོད་པ་རེད། ཕྱིས་སུ་འཆར་གཞི་ལ་འགྱུར་བ་ཐེབ་པའི་དབང་གིས་བལ་ཡུལ་དུ་གདན་རྒྱུའི་གསལ་བསྒྲགས་སྤེལ་བ་རེད། སྤྱིར་བཏང་ནི་རྒྱལ་བ་ཞྭ་དམར་པའི་སྐུ་གདུང་བལ་ཡུལ་ཤར་མི་ནུབ་དུ་གདན་རྒྱུའི་དམིགས་ཡུལ་དང་དགོས་པ་གཙོ་བོ་དེ་ནི་ཉིད་ཀྱི་གདན་ས་ཡིན་པ་དང་སློབ་མ་མང་པོར་མཇལ་རྒྱུའི་གོ་སྐབས་ཐོབ་ཆེད་ཡིན་པར་གང་གི་བླ་བྲང་གི་གསལ་བསྒྲགས་ནང་འཁོད་འདུག། དེ་ལྟར་ན་ཀ་སྦུག་དིཝཱ་ཀར་བཤད་གྲྭའམ་ད་ལྟར་སྐུ་གདུང་མཆོད་འབུལ་བྱེད་བཞིན་པའི་ས་གནས་དེ་རྒྱལ་བ་ཞྭ་དམར་པའི་གདན་ས་མ་རེད་དམ། བདག་གི་ཤེས་ཚོད་བྱས་ན་ཀ་སྦུག་བཤད་གྲྭ་དེ་ཡང་གང་གི་གདན་ས་ཡིན་འདུག། ཀ་སྦུག་དིཝཱ་ཀར་བཤད་གྲྭ་དེ་གང་གི་གདན་ས་ཡིན་པ་ལགས་ན། རྒྱལ་བ་ཞྭ་དམར་པའི་སྐུ་གདུང་ཞུགས་འབུལ་དེར་གནང་པ་ཡིན་ན་སྐྱོན་གང་ཡང་མེད་པ་དང་གོང་གི་དགོས་པ་དང་དམིགས་ཡུལ་ཡང་དེར་འཐུད། འོན་ཀྱང་བལ་ཡུལ་ཡོད་པའི་སློབ་མ་རྣམས་ལ་ལམ་ཐག་གི་དཀའ་ངལ་ཕྲན་བུ་ཞིག་ཕྲད་སྲིད། ཡིན་ནའང་སློབ་མ་རྣམས་ལ་དད་པ་དང་མོས་གུས་རྩེ་གཅིག་ཏུ་ཡོད་ན་ལམ་ཐག་གི་དཀའ་ངལ་དེ་ནི་དཀའ་ངལ་ཆེན་པོ་ཞིག་མ་རེད་སྙམ། དེ་འདྲ་མ་ཡིན་པར་སྐུ་གདུང་ཞུགས་འབུལ་གྱི་ས་གནས་ཐད་རྙོག་དྲ་ཆེན་པོ་ཞིག་བཟོས་སྡོད་པ་ཡིན་ན་ཁེ་ཕན་གང་ཡང་མེད་པར་འགྲོ་མགོན་བཀའ་རྒྱུད་པ་ལ་གྱོང་གུད་ཆེན་པོ་ཞིག་བཟོས་པ་མ་རེད་དམ། སྤྱིར་ན་རྒྱལ་བ་ཞྭ་དམར་པའི་སྐུ་གདུང་ཞུགས་འབུལ་བལ་ཡུལ་དུ་མི་ཆོག་པའི་ཆོག་མཆན་བལ་པོའི་གཞུང་ནས་མི་གནང་བ་དེ་རྒྱ་ནག་གི་གནོན་ཤུགས་འོག་བྱེད་པ་རེད་ཅེས་བཤད་པ་དེ་ལ་བདེན་པའི་ཆ་རྩ་བ་ནས་མི་འདུག་སྙམ། རྒྱལ་བ་ཞྭ་དམར་པ་དེ་གསོན་དུས་ནི་ཧ་ཅང་གི་རྙོག་གཞི་ཅན་གྱི་མི་སྣ་ཞིག་ཡིན་པ་ནི་སྨོས་མེད་ལགས། དེས་ན་དེ་ལྟའི་རྙོག་གཞི་ཅན་གྱི་མི་དེ་གསོན་དུས་བལ་ཡུལ་དུ་ཕེབས་པར་དགག་པ་མེད་པར་གཤེགས་ཟིན་པའི་སྐུ་ཕུང་ཞིག་ལ་དགག་པ་བྱེད་དགོས་པའི་དགོས་པ་རྒྱུ་མཚན་ལྷག་པོ་ཞིག་གང་ཡང་མིན་འདུག། དེ་ཙམ་དུ་མ་ཟད་རྒྱལ་བ་ཞྭ་དམར་པ་དང་རྒྱ་ནག་བར་འབྲེལ་བ་ཡག་པོ་ཡོད་པ་ནི་ཚང་མའི་མཁྱེན་གསལ་རེད། ཡང་སྔར་བླ་མ་མང་པོ་ཞིག་ལ་དེ་ལྟའི་དཀའ་ངལ་སྟེར་མེད་པ་དང་ད་ལྟ་རྒྱལ་བ་ཞྭ་དམར་པ་ལ་དཀའ་ངལ་སྟེར་བ་དེར་སྡུག་འཁྱེར་གྱི་མིན་ཞེས་སྐུ་གདུང་ཞུགས་འབུལ་གྱི་དུས་ཚོད་དེ་ཕར་འགྱངས་དང་རྙོག་གཞི་ཆེན་པོ་ཞིག་བཟོས་སྡད་པ་ཡིན་ན་ག་ནས་འགྲིག། སྤྱིར་བཏང་ནི་སྔར་བླ་མ་མང་པོ་ཞིག་ལ་བལ་ཡུལ་དུ་དེ་ལྟའི་དཀའ་ངལ་ཕྲད་མེད་པ་དེ་ནི་སྐབས་དེ་དུས་གཞུང་གི་འཛིན་ཕྱོགས་དང་ལྟ་ཚུལ་གཞན་ཞིག་ཡོད་ཀྱི་རེད། དེ་ཙམ་དུ་མ་ཟད་སྔར་གྱི་བླ་མ་དམ་པ་དེ་རྣམ་ནི་རྙོག་གཞི་ཅན་གྱི་མི་སྣ་ཞིག་ཀྱང་མིན། དེ་ཡང་རྒྱུ་མཚན་ཞིག་རེད་སྙམ། ཁེ་སང་བལ་ཡུལ་གསལ་སྒྲགས་ཞིག་གི་ནང་བལ་ཡུལ་གཞུང་ནས་རྒྱལ་བ་ཞྭ་དམར་པའི་སྐུ་གདུང་ཞུགས་འབུལ་བལ་ཡུལ་ནང་ཆོག་མཆན་མི་སྟེར་བ་དེ་རྒྱ་ནག་གི་གནོད་ཤུགས་འོག་མིན་པར་གསལ་བསྒྲགས་ཀྱང་གནང་ཡོད་འདུག། ད་དུང་ང་ཚོས་ངོས་ནས་རྒྱ་མཚན་མང་པོ་ཞིག་ལ
ཁག་དཀྲིས་ནས་གཞུང་གི་ལང་ཕྱོགས་དང་རྩ་འཁྲིམས་ལ་གུས་དུད་མ་ཡིན་པར་གནོན་ཤུགས་མང་པོ་ཞིག་སྤྲོད་སྡོད་པ་ཡིན་ན་བ་ཡུལ་དུ་ཡོད་པའི་བོད་པའི་དགོན་པ་མང་པོ་ཞིག་ཡོད་པ་དེ་ལ་ལྟ་སྟངས་ཡག་པོ་མེད་པ་ཆག་འགྲོ་བ་དང་ཕྱིས་བྱུང་དཀའ་ངལ་མི་ཉུང་བ་ཞིག་ཕྲད་མི་སྲིད་པ་མིན།
རྒྱལ་བ་ཞྭ་དམར་པའི་སྐུ་གདུང་བལ་ཡུལ་དུ་གདན་འདྲེན་རྒྱུར་ཆོག་མཆན་ཐོབ་ཚར་འདུག་དེ་ཡི་སྐོར་ལ་སྐད་ཆ་མི་འདུག སྐུ་གདུང་བལ་ཡུལ་དུ་གདན་འདྲེན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཁོང་གི་གདན་སའི་ནང་ནས་ཤར་མི་ནུབ་གླིང་དེ་གདན་ས་གཙོ་བོ་ཞིག་ཡིན་པར་མ་ཟད་གནས་རི་རྩ་ཆེན་འཕགས་ཤིང་དང་གླང་རི་ལུང་བསྟན་བཅས་དང་ཉེ་བར་ཡོད་ཅིང་མ་ཟད་གདན་ས་དེར་མི་ཚེ་ཧྲིལ་པོར་མཚམས་བསྒྲུབ་པ་ལ་བཞུགས་མཁན་ཡོད་ཅིང་དེར་བཞུགས་པའི་དགེ་སློང་དག་ཀྱང་མ་འོངས་པའི་བསྙེན་གནས་པ་དག་གི་མིག་དཔེར་འོས་པ་ཞིག་བཟོ་འཆར་གྱི་དགོངས་གཞི་དང་བསྙེན་གནས་པ་དེ་དག་གི་ཁ་ཟས་ཀྱང་དཀར་མཆོད་ཁོ་ནར་འབད་བཞིན་པ་འདུག དངོས་གནས་རྗེས་སུ་ཡི་རངས་དང་བསྔགས་པར་འོས་པ་ཞིག་རེད་བྱས་ཙང་རྒྱུ་མཚན་སྣ་མང་ལ་བརྟེན་ནས་གདན་འདྲེན་ཞུ་གི་ཡོད་རེད་དྲན།
ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་གདན་འདྲེན་ལ་ཆོག་མཆན་མ་ཐོབ་པར་གོ་དུས། གཞུང་སྒེར་གཉིས་ཀྱི་དྲ་ལམ་དུ་རྨ་བྱའི་དབྱར་རྔ་ཐོས་པར་ལྟར་བསྒྲགས་ཅི་ཐུབ་བྱས་སོང་། ཆོག་མཆན་ཐོབ་པ་དང་། ཞུགས་འབུལ་གྱི་མཛད་སྒོ་ལེགས་གྲུབ་ཡོང་བའི་སྐོར་ལ་བན་དེ་པ་མ་གཏོགས་ཟུར་ཙམ་བཤད་མཁན་མེད་པ་འདི་རྒྱུ་མཚན་དམིགས་བསལ་ཞིག་མེད་དམ། སྔོན་ཆད་ཞྭ་དམར་པའི་གསུང་བཤད་ཞིག་ཏུ། ངའི་ཁྱིམ་མཚེས་བོན་པོ་ཡིན། དགོན་སྡེའི་སྒྲིགས་ལམ། གྲྭ་བའི་གཤིས་ཀ རིག་གནས་ཡོན་ཚད།གུས་ཞབས་སོགས་ང་ཚོ་ནངཔ་༼བན་དེ་་དོན༽་རྣམས་ལས་མ་ལྷག་ན་ཞན་པ་མི་འདུག དེ་བཞིན་འགྲོགས་བདེ་བོ་དང་། གཉིས་ཕན་ལ་འབད་པ་བྱེད་མཁན་འདི་དག་མཐོང་དུས་བོད་པ་རྣམས་ཀྱིས་བོན་པོ་ཞེས་བརྙས་པ་དང་། འཛེམས་ཟོན་བྱེད་པའང་ཅི་འདྲ་བྱས་ནས་བྱུང་བ་ཡིན་བསམ་བློ་ནང་དུ་སྐོར་དགོས་བྱུང་ཞེས་གསུངས་འདུག་པ་དེ་ལའང་རྒྱུ་མཚན་ཞིག་མེད་དམ་སྙམ། །
དྲི་མེད་ལགས།
རྫོགས་ཆེན་དེ་རྙིང་བོན་གཉིས་སུ་ལ་སྔོན་ལ་དར་བ་རས། གཉིས་ཀ་གཞུང་གཅིག་པ་རེད་དམ། ཁ་སྔོན་ཁྱེད་ནས་བོན་པོ་དང་རྙིང་མ་གཉིས་ཡོངས་སུ་ཆོས་ལུགས་ཐ་དད་རེད་གསུངས་སོང་། འོ་ན་རྫོགས་ཆེན་འདི་བོན་པོ་དང་རྙིང་མ་གཉིས་ལ་ཐུན་མོང་ཡིན་སྟབས་འདི་ལ་གོ་བ་གང་ལེན་དགོས་སམ།
དྲི་མེད་ལགས་བཀའ་དྲིན་ཆེ། རེད་རེེད་་་སྐུ་གདུང་མེ་ལ་བཞུ་དུས་རྟགས་མཚན་ངོ་མཚར་ཅན་མང་པོ་བྱུང་འདུག སྤྱིར་སྟངས་དེང་སང་བལ་ཡུལ་རྒྱལ་སར་ཉིན་ལྟར་ཆར་བ་བབ་ཀྱི་ཡོད་ཀྱང་སྐུ་གདུང་བཞུ་བའི་ནམ་མཁའ་དྭངས་ཤིང་བསིལ་བ་ཆར་བ་མེད་ཅིང་མཇལ་མི་རྣམས་ལ་ཚ་གྲང་གི་དཀ་སྡུག་གང་ཡང་བྱུང་མེད་པར་མ་ཟད། ཉི་མའི་དཀྱིལ་འཁོར་ལ་ཐིག་ལེའི་འོད་འཁོར་བསྐོར་ཅིང་འཇའ་ཚོན་སྣ་ལྔའི་དམུ་ཐག་གྱེན་དུ་འཐེན་པ་སོགས་ངོ་མཚར་གྱི་བཀའ་རྟགས་མང་པོར་ཤར་བ་ཡུལ་མི་དང་ཉེ་བར་གནས་པའི་མི་རྣམས་ཀྱིས་མིག་མཐོང་ལག་ཟིན་བྱུང་འདུག སྐྱབས་སུ་མཆི། དེ་ཚོ་ནི་དངོས་ཡོད་བདེན་པའི་རྟགས་དང་མཚན་མ་རེད། དེ་མིན་ཅིག་ཅིག་མིག་མིག་ཐུགས་དམ་བཞུགས་རེད་ཟེར་བ་སོགས་ལ་ཡིད་ཆེས་ཁག་ཙམ་རེད། ཨོལ་གོང་གི་འོག་ཏུ་གྲུལ་གོང་བཅུག་ཏེ་དབུ་ཀྲོང་ངེར་བསྡོད་པ་སོགས་ལ་ངོ་མཚར་ཆེ་རྒྱུ་མེད། ངས་ནི་ནམ་ཡང་ཀུན་གཟིགས་ཞྭ་དམར་སོགས་ལ་བསྐུར་བ་བཏབ་པ་མེད་ཀྱང། འདྲེ་མོ་ཁ་ཤས་ཀྱིས་བོན་ལ་ངན་དགུར་དམོད་ཅིང་སྐུར་འདེབས་བྱེད་བབ་ཀྱིས་སྐབས་རེར་ལྷ་དང་བླ་མར་ངན་ཚིག་བརྗོད་པའང་ཡོད་སྲིད། སྤྲུལ་སྐུའི་ལམ་ལུགས་འདི་རྩ་འགོག་མ་བྱས་ན་ཁོང་གི་ཡང་སྲིད་མྱུར་འབྱོན་ཡོང་བའི་སྨོན་ལམ་ཞུ།།
ཀློང་ཆུང་ལགས། ཕྲན་བོན་པོ་ལ་རྒྱུས་དེ་ཙམ་མེད་པས་བཤད་དཀའ་བའི་གནས་ཤིག་རེད། ༡༽རྫོགས་ཆེན་བོན་པོ་དང་་བན་དེ་སུ་ལ་དར་སྔ་ཞེ་ན། ད་དུང་དཔྱད་གཞིར་ལྷག་ཡོད། ༢༽ལོ་རྒྱུས་དང་བླ་རབས་སྤྱིར་དད་རེད། སྐབས་རེར་ཕན་ཚུན་ཅུང་ཟད་འདྲེས་ཡོད་པའང་བདེན་པ་རེད། ༣༽མདོ་རྒྱུད་སྐོར། ཁྲེགས་ཆོད་ཀྱི་ལྟ་ཕ་རོལ་ཕྱིན་པའི་གཞུང་དང་དབུ་མ་པའི་ལུགས་དང་། ཐོད་རྒལ་ནི། མཚན་བརྗོད། རིམ་ལྔ་། དུས་འཁོར་སོགས་དང་མཐུན་པས། རྫོགས་ཆེན་ཀྱི་རྒྱུད་སྡེ་རྣམས་ཤཱཀྱའི་ཆོས་ལུགས་ཀྱི་མདོ་རྒྱུད་རྣམ་ཀྱི་བཞེད་སྲོལ་ཁོ་ན་རེད། ༤༽ཐ་སྙད་སྐོར། བོད་རང་གི་རིག་གཞུང་བོན་ཡིན་པས། སྔ་འགྱུར་གྱི་ཆོས་སྐད་ཕལ་མོ་ཆེ་བོན་གཞུང་དང་འདྲ་ས་ཤིན་ཏུ་མང་། སྐད་གསར་བཅད་རྗེས་རིམ་པར་བོད་སྐད་ལ་འགྱུར་བ་ཕྱིན་པ་ཤེས་ནུས། ༥༽ལྟ་གྲུབ་ཐད། གཞི་ལམ་འབྲས་གསུམ་ལས། གཞི་ལས་གཞི་སྣང་ལ། རྩལ་དང་རོལ་བ་རྒྱན་གསུམ་ལས། གཞི་གནས་ལུགས་ཡིན་། རྩལ་དང་རོལ་བ་གཉིས་རྟེན་བྲེལ། རྒྱན་རྟེན་འབྲེལ་གྱི་གྲུབ་དོན་ཡིན་པས། དོན་དུ་སྟོང་ཉིད་དང་རྟེན་འབྱུང་གི་དོན་སྟོན་པའི་སྐོར་འདྲའམ་ཐ་དད་ཡིན་དཔྱད་དགོས། ༦༽བན་བོན་གཅིག་ཡིན་ན། རྫོགས་ཆེན་སྟོན་པ་དེ་དག་གིས་འགོག་དགོས་པ་མེད་པས། དེ་དུས་བཀག་པའི་བོན་དེ་ད་ལྟའི་འདི་དང་འདྲ་འམ་ཐ་དད་ཞིག་ཡིན་ངེས་པར་དཔྱད་དགོས། རྗེས་སུ་བོན་གྱི་གཞུང་ལུགས་རྙིང་པ་རྣམས་དང་མཇལ་ནས་དཔྱད་བསྡུར་བྱེད་པའི་རེ་བ་ཡོད། ཕྲན་གྱི་སྔོན་ཆད་བྲིས་པ་རྣམས་སྐབས་དེའི་རྣམ་རྟོག་དང་། ལོ་རྒྱུས་ཡིག་ཆ་ལ་གཞིག་པའི་དཔྱད་པ་ཡིན་པས་ནོར་འཁྲུལ་ཡང་ཡོད་སྲིད། ཡིག་ཆ་དང་གནས་ལུགས་བདེན་པ་ཞིག་མཐོང་ན་རང་གིས་སྔར་བརྩམས་པའི་གཞུང་ལུགས་ཡིན་ཀྱང་དགག་པ་བྱེད་པ་ང་རང་གི་གཤིས་ཀ་ལགས། གཞན་ཞུ་མ་ཤེས་ལགས།
བལ་གཞུང་མི་མང་གི་ངོ་རྒོལ་ལ་ཞེད་པ་རེད།
འདོན་སྤེལ། ༢༠༡༤/༠༨/༠༥
ཞྭ་དམར་རིན་པོ་ཆེ་མཆོག་དགོངས་པ་རྫོགས་རྗེས་ཁོང་གི་རྗེས་འཇུག་དད་ལྡན་པ་ཚོས་དཀའ་རྙོག་མང་པོ་བརྒྱུད་རྒྱ་གར་དང་འབྲུག་གི་ཆོས་སྒར་ཁག་བརྒྱུད་བལ་ཡུལ་ནང་གདན་འདྲེན་ཞུས་ཏེ་ཞུགས་འབུལ་ཞུས་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་བལ་གཞུང་གིས་ཞྭ་དམར་རིན་པོ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་གདན་ཞུ་ཆོག་པའི་བཀའ་འཁྲོལ་ཐོབ་པ་ལྟར། ཉིན་རྒྱབ་འབྲུག་གི་དམིགས་བསལ་གནམ་གྲུ་ཞིག་གིས་ཁོང་གི་སྐུ་ཕུང་རྒྱ་གར་ཀ་ལོན་སྤུག་ཌིཝཱཀར་ (Shri Diwakar) དགོན་པ་ནས་ལྡི་ལི་བརྒྱུད་བལ་ཡུལ་གནམ་ཐང་དུ་བསྐྱལ་ཡོད་དང་། དེ་ནས་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་གདུང་བསུ་དང་བཅས་ཁོང་གིས་ཕྱག་བཏབ་པའི་མ་དགོན་ཤར་མི་ནུབ་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་གྲུབ་རྗེས། ཚེས་ ༣༡ སྟེ་ཆོས་འཁོར་དུས་ཆེན་ཉིན་ཁོང་སྐུ་གཤེགས་ནས་དགུང་ཞག་ཞེ་དགུ་ཚང་བ་བཅས་དང་བསྟུན་ཏེ། ཁོང་གིས་ངོས་འཛིན་གནང་བའི་ཀརྨ་པ་མཐའ་ཡས་རྡོ་རྗེ་དབུ་བཞུགས་ཐོག་མ་དགོན་མི་ནུབ་དགོན་ཆེན་དུ་སྐུ་ཕུང་ཞུགས་འབུལ་གནང་ཡོད་འདུག
སྐུ་ཕུང་བཞུགས་འབུལ་སྐབས་བལ་ཡུལ་ནང་ཡོད་པའི་ཐའེ་ལན་ཌིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་ཀན་ཐོང་ (Kanthong Unakul)དང་། འབྲུག་རྒྱལ་པོའི་དབུ་བླ། དེ་བཞིན། བལ་ཡུལ་གྱི་བརྡ་འཕྲིན་བློན་ཆེན་མེ་ནེན་ཌི་ར་ (Dr Minendra Rijal)དང་ངལ་རྩོལ་བློན་ཆེན་ཊེ་ཁུ་བྷ་ཧཱ་ཊོར་ (Tek Bahadur Gurung)། བཀའ་རྒྱུད་པའི་བླ་ཆེན་ཁག་ཅིག་དང་ཆོས་རྒྱུད་གཞན་གྱི་སྐུ་ཚབ་བཅས་ཕེབས་ཡོད་པ་མ་ཟད། བལ་ཡུལ་གྱི་དད་ལྡན་རྗེས་མཇུག་པ་གཙོས་ཨ་རི་དང་འཇར་མན། དབྱིན་ཡུལ། རྒྱ་དཀར་ནག འབྲུག སིང་གྷ་ལ། སེང་གྷ་པུར། འབར་མ། ཐའེ་ལན་ཌི་བཅས་ནས་ཕེབས་པའི་དད་ལྡན་རྗེས་འཇུག་པ་ ༢༠༠༠༠ ལྷག་འཛོམས་ཡོད་འདུག
ཉིན་དེར་འབྲུག་གི་པད་རོབ་ (Paro) རྫོང་དུ་འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་བཙུན་མོ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ཀྱིས་ཀྱང་ཞྭ་དམར་རིན་པོ་མཆོག་ལ་ཆོས་ཕྱོགས་ཀྱི་མཛད་སྒོ་ཚོགས་ཏེ་སྐུ་པར་ལ་མཆོད་མཇལ་དང་ཁ་བཏགས་སྒྲོན་འབུལ་གནང་ཡོད་ཅིང་། གསར་འགྱུར་རྒྱུད་ལམ་ཁག་ཏུ། དེ་ནི་འབྲུག་གི་རྒྱལ་པོ་ཟུར་བ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དང་ཞྭ་དམར་རིན་པོ་གཉིས་བར་ཆོས་ཕྱོགས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པ་མཚོན་ཆེད་ཡིན་སྐོར་བརྗོད་འདུག
ཟླ་སྔོན་མའི་ཟླ་མགོར་བལ་གཞུང་གིས་ཞྭ་དམར་རིན་པོ་ཆེའི་སྐུ་ཕུང་བལ་ཡུལ་ནང་ཞུགས་གདན་ཞུ་ཆོག་པའི་བཀའ་ཁྲོལ་གནང་ཡོད་ཀྱང་། རྗེས་སུ་ཁོང་གི་ཡིག་ཆར་རྟོག་ཞིབ་བྱས་པ་བརྒྱུད། ཞྭ་དམར་རིན་པོ་ཆེ་མཆོག་གིས་འབྲུག་གི་མི་སེར་གྱི་ཕྱི་སྐྱོད་ལག་ཁྱེར་བསྣམས་ཡོད་པ་ཤེས་རྟོགས་བྱུང་སྟེ། ཚེས་ ༡༣ ཉིན་བལ་གཞུང་གིས་ལྡི་ལིར་ཡོད་པའི་བལ་ཡུལ་གཞུང་ཚབ་ཁང་བརྒྱུད་ཕྱི་རྒྱལ་མི་རིགས་ཀྱི་སྐུ་ཕུང་བལ་ཡུལ་ནང་ཞུགས་འབུལ་ཆེད་འཁྱེར་ཡོང་མི་ཆོག་སྐོར་བརྗོད་དེ་བཀའ་ཁྲོལ་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། བལ་ཡུལ་ནང་ཁོང་གི་ཆེད་དུ་ཆོས་ཀྱི་བྱེད་སྒོ་སོགས་ཀྱང་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་སྟབས། རྒྱལ་སྤྱིའི་གསར་ལམ་ཁག་ནང་བལ་ཡུལ་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་དང་། དེ་ནི་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བལ་ཡུལ་གྱིས་དང་ལེན་བྱས་པ་ཡིན་སྐོར་སོགས་བརྗོད་ཡོད།
ཟླ་སྔོན་མའི་ཚེས་ ༢༩ ཉིན་གྱི་ཞོགས་པར་བལ་ཡུལ་བརྡ་འཕྲིན་བློན་ཆེན་མེ་ནེན་ཌི་ར་ (Dr Minendra Rijal) ལགས་ཀྱི་གསར་འགོད་པར། དད་ལྡན་མི་མང་གི་རེ་འདོད་ལྟར། ཁོང་ཚོས་ཕྱི་རྒྱལ་མི་རིགས་ཀྱི་སྐུ་ཕུང་ཞུགས་འབུལ་བལ་ཡུལ་ནང་ཆོག་པའི་སྲིད་བྱུས་གསར་བ་གཏན་འབེབས་བྱས་མཐར། འབྲུག་ཡུལ་གྱི་མི་སེར་ཡིན་པའི་རིན་པོ་ཆེ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་ཞུགས་འབུལ་བྱེད་པའི་ཆོག་མཆན་སྤྲད་ཡིན་ཚུལ་བརྗོད་འདུག
གཞུང་གི་ཐག་གཅོད་ཀྱི་ཐད་བལ་ཡུལ་སྤྱི་ཚོགས་ལས་འགུལ་པ་སྐུ་ཞབས་ར་མེ་ཞི་ ( Dr Ramesh Dhungel)ལགས་ཀྱིས་གསར་འགོད་པར། “སྲིད་གཞུང་གིས་རིན་པོ་མཆོག་གི་སྐུ་ཕུང་བལ་ཡུལ་ནང་གདན་འདྲེན་ཞུའི་ཆོག་མཆན་མ་སྤྲད་པ་ཡིན་ན། བལ་ཡུལ་མི་མང་གིས་གཞུང་ལ་ངོ་རྒོལ་བྱེད་སྲིད་པ་མ་ཟད། འགག་རྩ་དེ་རྒྱ་ནག་ལ་ཐུག་ཡོད་པའི་ངོས་འཛིན་ཐོག་རྒྱ་ནག་ལའང་ངོ་རྒོལ་བྱེད་སྲིད་པར་ཞེད་སྣང་སྐྱེས་ཏེ་ཆོག་མཆན་སྤྲད་པ་རེད” ཅེས་བརྗོད་འདུག ཞྭ་དམར་པའི་དགེ་རྩ་ཚོགས་པའི་སྐུ་ཕུང་ཞུགས་འབུལ་གོ་སྒྲིག་པ་ཚེ་རིང་དོན་གྲུབ་ལགས་ཀྱིས། རིན་པོ་ཆེ་མཆོག་གིས་སྐུ་ཕུང་ཞུགས་འབུལ་གནང་ཡུལ་བལ་ཡུལ་བདམས་པ་ལྟར། བལ་ཡུལ་གཞུང་གིས་བསམ་ཤེས་ཀྱི་ཐོག་ནས་ཆོག་མཆན་གནང་བར་དགའ་བོ་བྱུང་སོང་ཞེས་བརྗོད་འདུག
ཚེས་ ༡༤ཉིན་ཀརྨ་པ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (KIBI) གཙོས་བལ་ཡུལ་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་དད་ལྡན་མི་མང་གིས་བལ་ཡུལ་གཞུང་དང་བལ་ཡུལ་གྱི་སྲིད་བློན་སོ་ཤེལ་ཀོ་རེ་ལཱ་ ( Susshil Koirala) ལ་སྙན་ཞུ་ཕུལ་སྟབས། ཚེས་ ༢༩ ཉིན་བལ་ཡུལ་གཞུང་གི་བློན་ཆེན་ལྷན་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྐོངས་ཏེ། ཞྭ་དམར་རིན་པོ་ཆེ་མཆོག་གིས་བལ་ཡུལ་གྱི་ཆོས་དང་རིག་གཞུང་སོགས་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་པའི་ངོས་འཛིན་དང་། ཁོང་འདས་ཁར་སྐུ་ཕུང་བལ་ཡུལ་ནང་ཞུགས་འབུལ་དགོས་པའི་ཁ་ཆེམས་བཞག་ཡོད་པ་བཅས་ལ་བརྟེན་ཏེ། ཁོང་གི་སྐུ་ཕུང་བལ་ཡུལ་ནང་ཞུགས་འབུལ་ཆོག་པའི་བཀའ་ཁྲོལ་སྤྲད་པ་ཞིག་ཡིན་འདུག
དཔལ་རྒྱལ་བ་ཞྭ་དམར་པ་སྐུ་ཕྲེང་ ༡༤ མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་མཆོག་ད་ལོའི་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་གྱི་སྔ་དྲོར་འཇར་མན་དུ་གློ་བུར་དུ་མགུལ་སྙིང་གི་ཁྲག་རྩ་འགག་པའི་སྙུང་གཞིའི་འོག་དགོངས་པ་རྫོགས་ཡོད་པ་དང་། ཟླ་དེའི་ཚེས་ ༢༢ ཉིན་གྱི་ཞོགས་པར་སྐུ་ཕུང་ལྡི་ལིར་འབྱོར་ཏེ་ལྡི་ལིར་རྟེན་གཞི་བྱས་པའི་ཀརྨ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བསྟི་གནས་སུ་གདན་འདྲེན་ཞུས་པ་དང་། ཟླ་ ༧ ཚེས་ ༡ ཉིན་ལྡི་ལི་ནས་ཀ་ལོན་སྤུག་ཌིཝཱཀར་ (Shri Diwakar) དགོན་པར་གདན་ཞུས། ཚེས་ ༢༩ ཉིན་བལ་ཡུལ་གཞུང་གི་ཆོག་མཆན་འོག་ཀ་ལོན་སྤུག་ནས་ལྡི་ལི་བརྒྱུད་བལ་ཡུལ་དུ་གདན་འདྲེན་ཞུས་ཡོད་འདུག
གསར་འགོད་པ། ལྷ་སྐྱབས་རྒྱལ།
ཨ་ཕྱི་ལགས། གསར་འགྱུར་འདི་བརྒྱུད་ལམ་གང་ཞིག་ལས་བྱུང་བ་རེད། ང་ལ་ངཽ་ཤེས་གྲོགས་པོ་ཞིག་གིས་ཀྱང་འདི་དང་ཕྱོགས་འདྲ་ཞིག་བསྐུར་འདུག །ཁ་གསལ་ཕྲན་བུ་ཡོད་པའང་འདུག ཞྭ་དམར་པ་ལ་དད་གུས་ཡོད་མེད་ཅི་ལྟར་ཡང་རུང་ལོ་རྒྱུས་ཀྱི་རིན་ཐང་ངེས་པར་ཡོད། ཁྱད་པར་ཀུན་གྱིས་གསང་བའི་ལས་ཀ་ཞིག་ཡིན་དུས་དེ་ལ་ཐུན་མིན་གྱི་ཁྱད་ཆོས་དང་ཕྱི་རབས་ཞིབ་འཇུག་པར་མེད་དུ་མི་རུང་པའི་ལོ་རྒྱུས་ཀྱིརྒྱུ་ཆར་གྱུར་པའང་སྨྲོས་མེད་དོ། །
༧མཁས་དབང་དྲི་མེད་ལྷག་བསམ་ལགས། འདི་ནི་དུས་བབ་གསར་འགྱུར་ཏུ་བཀོད་འདུག ཨ་ཀོང་བསད་དུས་མྱ་ངན་ཞུས་མ་སོང་། ད་རིས་བཙན་བྱོལཔས་གཡོ་འཕྲུལ་སོགས་གང་ལྟར་༧ཀུན་གཟིགས་ཞྭ་རིན་པོ་ཆེ་ལ་བདེན་པའི་གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ་འཕྲོས་སོང་བས་དགའ་ཡོད། འདི་ན་འདུག
http://www.tibettimes.net/news.php?showfooter=1&id=9146
སྐུ་ཚེར་བདེན་པ་མཛད་པའི་དྲང་སྲོང་ཞིག།སྐུ
་ཕུང་བཞུ་དུས་འཇའ་དང་འོད་ཀྱིས་ཁྱབ།།སྐུ
་གསུང་ཐུགས་ཀྱི་ཡོན་ཏན་མངོན་གསལ་བ།།
༧ཀུན་གཟིགས་ཞྭ་དམར་རིན་ཆེན་རྣམ་པར་རྒྱལ།།
གང་ལྟར། ཀརྨ་པ་ཨོ་རྒྱན་འཕྲིན་ལས་ཀྱིས། སྐུ་ངོ་མ་ཇར་མན་ལ་ཕེབས་ནས། ཞྭ་དམར་ཚང་དྲག་པོའི་གཏོར་མ་གཅིག་གིས་དེ་ལྟར་བཟོ་དུས། ད་དྲི་མེད་ལགས་གཟབ་གཟབ་གནང་མ་གཏོགས། མེ་རི་ལན་ཊིར་གཏོར་མ་འཕེན་དུས་འགྱོད་པ་བསླེབས་ཡོང་།
ཁྱི་ནག་ལགས། ཕྲན་གྱིས་ད་བར་ཀརྨ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལ་སྐུར་འདེབས་བྱེད་མ་མྱོང་། གུས་འདུད་དང་མཛད་ཕྲིན་ལ་རྗེས་སུ་ཡི་རང་བྱེད་མཁན་ཡིན། གལ་སྲིད་ཉིད་ཀྱིས་བཤད་པ་དེ་བདེན་ན་ཨོ་རྒྱན་ཕྲིན་ལས་མུསྟེགས་ངན་སྔགས་མཁན་པོ་ཞིག་གི་ས་ལ་བཀོད་པ་མིན་ནམ། ཁ་མཆུ་ཡང་ཡོང་སྲིད། གཟབ་པར་འཚལ། མཐུ་དང་སྟུག་པ་བཙུར་ན་མེད། ཡོད་ན་བོད་ཀྱི་བསྟན་པ་ཆབ་སྲིད་དང་བཅས་པ་འཕྲོག་མཁན་རྣམས་ལ་ཚར་ཅོད་ཅིག ཤ་རུས་གཅིག་པའི་སྤུན་དང་སྟོན་པ་དང་བསྟན་པ་གཅིག་པའི་མཆེད་ལ་གཏོར་མ་འཔེན་ན་ནི་སྔགས་པ་ནང་རྒྱུས་བསྟན་པའི་ཕོངས་འདྲེ་ཟེར་བ་དེ་ཡིན་པས་བཟང་པོའི་རྣམ་ཐར་ཏུ་ག་ལ་འགྱུར། བསྟོད་པ་བྱེད་ཚེ་གཟབ་ན་མ་གཏོགས་འཇིགས་བསྐུལ་མཁན་པོའི་གྲལ་དུ་སླེབས་ཉེན་ཆེ། རྒྱལ་དབང་ལྔ་བ་ཆེན་པོས། རྗེ་མི་ལས་བསྟན་པ་སྲུང་བའི་ལྕགས་རི་དྲགས་སྔགས་གཟའ་གདོང་དམར་ནག་ཡང་བཟློག་མེ་ཡི་སྤུ་གྲི་ཨ་ནེ་དང་ཨ་ཁུ་ཙམ་གྱི་སྟེང་དུ་དབབ་པ་ཆོས་དང་འགལ་བའི་བྱ་བར་གྱུར་ཀྱང་། བཤགས་ན་འདགས་པ་སྡིག་པའི་ཕན་ཡོན་གྱིས་ཟུང་གི་སྐུ་གྲུབ། ཅེས་པར་གཟིགས་ཤིག །
དྲི་མེད་ལྷག་བསམ་ལགས་ཀྱིས་གསུངས་པ་བཞིན་ཞྭ་དམར་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་ཞུས་སྐབས་འཇའ་ཤར་བ་དང་། རྟགས་མཚན་དེ་འདྲ་མང་བོ་བཞག་མཁན་དེང་དུས་ཧ་ཅང་དཀོན་པོ་རེད། དངོས་གནས་ཡ་མཚན་གྱི་གནས་རེད། སྐུ་གཤེགས་རྗེས་སློབ་པུ་ཚོར་མཐོང་སྣང་དང་དད་པ་སྐྲུན་པ་དེ་སྐྱེས་ཆེན་དམ་པ་ཚོས་མཐའ་མའི་མཛད་པ་གང་གིས་བསྒྲུན་དུ་མེད་པ་དེ་རེད། སྐྱབས་སུ་མཆི། སྐུའི་ཡང་སྲིད་སླར་ཡང་འགྲོ་བ་དང་སེམས་ཅན་གྱི་དོན་དུ་མྱུར་དུ་བྱོན་པར་ཤོག །
ཱའཚོ་དུས་དད་པ་སྐྱེས་མཁན་ལས། དད་ལོག་སྐྱེས་མཁན་མང་བ་ཡོད་མཁན་དེ། ད་དུང་དགོས་མེད་ཡ་མཚན་ཚང་མ་འུར་ཤོབ་ཡིན་པར་འདོད་ལགས།
དྲི་མེད་ལྷག་བསམ་ལ་བཀའ་དྲིན་ཆེ་ཞུ་བ་།སྒེག་སི་སྟུ་ཚང་གིས་བལ་སྒོར་འབུམ་བཞི་བཅུ་ལྷག་གིས་འགྲོ་སོང་དོན་མེད་བཏང་བ་ནང་པ་ཞིག་གིས་ལས་ཀ་ཡིན་ནམ། ངོ་མ་སི་སྟུ་ཚང་གིས་བཤགས་པ་བྱེད་པའི་དུས་སུ་བབས་ཡོད།
ཀ་རྡོ་ལགས། ཉིད་ཀྱིས་དྲི་བ་དེར་ཕྲན་ཡངདོགས་པ་སྐྱེས་ནས་དྲིས་པ་ཡིན། ཁོང་ཚོས་ཞྭ་དམར་པ་སྐུ་མ་གཤེགས་པའི་སྔོན་ནས་རྒྱལ་ཁབ་སོ་སོའི་བཞུགས་གནས་ཀྱི་རྟེན་གསུམ་ཤར་མི་ནུབ་དགོན་དུ་བསྐྱལ་ཞིང་། ངའི་རྟེན་གསུམ་རྣམས་བཞུགས་ས་དང་མ་འོངས་པར་རྒན་པོའི་རོ་བསྲེག་ས་ཡང་དེར་མཛོད་ཅེས་པའི་ཕྱག་བྲིས་ཞིག་ཡོད་ཟེར། གནས་ཚུལ་གཞན་ཞིག་ཟླ་ཤས་སྔོན་ཞྭ་དམར་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་དམ་ཞིང་སྐྱོང་སེངྒེའི་གདོང་ཅན་གྱི་སྨན་སྐུའི་མདུན་བསྐང་གསོ་གཏོང་དུས་སྐུ་གཡོ་འགུལ་དང་ཧ་སྒྲ་ལྟ་བུ་ཞིག་གྲགས་པ་དང་། ཞྭ་དམར་པས། ཨོ་ཡ། ད་ཞིང་སྐྱོང་དབང་པོས་བདེབ་ཅན་དུ་ཤོག་ཟེར་བའི་བརྡ་བསྟན་སོང་གསུངས། གྲྭ་བ་ཞིག་གིས་ཁྱོད་ཕེབས་དུས་ང་ཡང་མ་སྐྱུར་ཞུས་དུས། ངའི་རྨི་ལམ་ངང་དུ་ཁྱོད་མཉམ་དུ་འགྲོ་ཐུབ་བམ་ཟེར་ནས་ཞལ་རྩེད་གནང་སོང་པས། རྨི་ལམ་འོད་གསལ་ངང་ཕེབས་རྒྱུ་ཡིན་ཆགས་ཀྱིས་དོ་སྣང་མ་བྱུང་ཟེར། དེ་རྗེས་ཕྱོགས་གང་དུ་སོང་ཡང་མི་རྟག་པའི་སྐོར་ཤ་སྟག་གསུང་། གཤེགས་པའི་སྔ་ཉིན། འདི་ངའི་ཟས་ཀྱི་ཐ་མ་ཡིན་གསུངས། གཤེགས་དུས་ཕྱི་ལུགས་སྨན་པས་སྙིང་རྩ་ཞན་པས་ཁྲག་རྒྱུ་མ་ཐུབ་པའི་སྐོར་བཤད་ཀྱང་། བོད་ལུགས་ལྟར་ན། སྐུ་དྲང་པོར་བསྲངས། དྲན་པ་མངོན་དུ་བཞག་ནས་ཞལ་ནས་ཧིག་ཅེས་པའི་སྒྲ་དང་བཅས་འབོལ་ལ་བསྙེལ་ནས་གཤེགས་པའི་ལོ་རྒྱུས་བཤད་རྒྱུ་འདུག རང་ཉིད་ལ་འདི་ལྟར་བརྗོད་པའི་ཁུར་མེད་ཀྱང་བོད་པ་རྣམས་ཀྱིས་ཁོང་གི་ཡོན་ཏན་གསང་ཅི་ཐུབ་བྱེད་པ་འདི་ལ་སྐྱོ་ནས་བྲིས་པ་ལགས། དཔྱད་གཞི་མཛོད།
སྟོད་སྨད་གནང་མཁན་ཀུན་ལ་བཀའ་དྲིན་ཆེ། །