གཅན་བཟོད་རྒྱམ།
———–
སྙིང་ཉེ་བའི་དྲ་གྲོགས་ཚོ། དེ་རིང་ང་ཚོས་གནའ་བོའི་ཐ་སྙད་ཅིག་གི་སྐོར་ལ་བགྲོ་གླེང་ཞིག་བྱེད། ཐ་སྙད་དེ་ནི་”ཟ་འོག”ཟེར་བའི་གོས་ཀྱི་རིགས་དེ་རེད།
ཟ་འོག་ནི་སྲིན་བལ་དང་ཟངས་སྐུད་བསྲེས་ནས་བཏགས་པའི་ཐགས་དངོས་ཀྱི་རིགས་ཤིག་སྟེ། རྒྱ་སེ་ཟ་འོག་ཀྱང་ཟེར། གནའ་རབས་བོད་བཙན་པོའི་སྐབས་སུ་རྒྱ་བོད་ཀྱི་རྒྱལ་བློན་རིམ་པ་མཐོ་གྲས་ཀྱི་ཟ་འོག་གི་བེར་བཟོས་ཏེ་གྱོན་སྲོལ་ཡོད་པ་ལོ་རྒྱུས་ཡིག་རྙིང་དག་དང་ཏུན་ཧོང་བྲག་ཕུག་གི་ལྡེབས་རིས་ནའང་མཇལ་རྒྱུ་ཡོད་སྐད།
ཐ་སྙད་འདི་ནི་དུས་རབས་བདུན་པ་ནས་དགུ་བར་བྲིས་པའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མ་ཡིག་ཨང་ 73 RMF12:1 ལས། ” ཟ་འོག་གི་སླག་པ་གཅིག༌།” (བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་༡༩༧ པར་གསལ།) ཅེས་འབྱུང་ནི་ཟ་འོག་གི་ཡི་གེ་བོད་ཡིག་སྟེང་ནས་མཐོང་སྔ་ཤོས་དེ་ཡིན་ལ། དེའི་སྔོན་གྱི་ཡི་གེ་གསལ་པོ་ཞིག་ནི་ད་སྔ་མ་མཐོང་ངོ༌། ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ “བོད་ཀྱི་རྒྱལ་བློན་རྣམས་ཀྱང་ཕལ་ཆེར་ཏ་ཟིག་པའི་སྲོལ་ལུགས་གནང་བ་ཡིན་ནམ་སྙམ་སྟེ། སྲོང་བཙན་གྱིས་དར་དམར་པོའི་ཐོད་བཞེས་པ་སོགས་ཀྱང་བཤད་ལ། ཟ་འོག་གི་བེར་དང༌། ཕྱགས་ལྷམ་སྣེ་འཁྱིལ་གྱོན་པ་སོགས་ཀྱང་ཏ་ཟིག་སྲོལ་དང་འདྲ། ལར་ཟ་འོག་ནི་རྒྱ་དཀར་ནག་གཉིས་ཀར་ཡང་གྱོན་སྲོལ་མེད་པར་འདུག” (མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིགསི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་༤༥ པར་གསལ།) ཅེས་གསུང་བར་གཞུགས་ན་བོད་དང་ཏ་ཟིག་བར་འབྲེལ་བ་བྱུང་སྔ་བའམ་ཡང་བོད་ནི་སྐབས་དེར་སྟོབས་འབྱོར་ཧ་ཅང་ཆེ་བས་ཡིན་ཚོད་འདུག
ངས་”ཟ་འོག”ཅེས་པ་འདིའི་སྐོར་ལ་དྲ་གྲོགས་ཚོས་ཅིག་དཔྱད་ན་བསམ་ནས་འདིར་བཀོད་པ་ཡིན། རྒྱུ་མཚན་ནི་”ཟ་འོག”ཅེས་པའི་ཐ་སྙད་འདི་བོད་རང་གི་སྐད་ཅིག་ཡིན་ནམ། ཡང་ན་ཏ་ཞིག་གམ་སྟག་གཟིག་གི་སྐད་དམ་ཡང་། ཡུལ་ལུང་དང་མི་རིགས་གང་དང་སུ་ཞིག་གི་སྐད་ཡིན་མིན་ཤེས་འདོད་པ་དེ་ཡིན། དེ་ལྟར་ན་སྐབས་དེའི(སྲོང་བཙན་)བོད་ཀྱི་རིག་གནས་ལག་རྩལ་དང་ཕྱིའི་རྒྱལ་ཁབ་སུ་དང་གང་ལ་འབྲེལ་འདྲིས་ཆེ་བ་དེ་ཡང་ཐ་སྙད་འདི་ཙལ་ལས་རྟོགས་ཤིང་ཁ་གསལ་དུ་འགྲོ་སྲིད་པའི་དགེ་མཚན་ལྡན་པས་ན། འདིར་ཆེད་བཀོད་པ་ཡིན།
དང་པོ་ཟ་འོག་དེ་གང་ནས་བཟོས་པའི་ཁུངས་ཚོལ་དང་ལན་ཡང་དེ་ག་རང་ནས་རྙེད་མི་ཡོང་ངེ།
ངས་ཀྱང་དྲ་ངོས་སུ་བཀོད་ན་འདིའི་སྐོར་ནས་ཤེས་རྟོགས་ཡོད་མཁན་རེ་ཨེ་ཡོད་བསམ་ནས་འདིར་བཀོད་པ་ཡིན།
ངས་ཅི་ལྟར་བཙལ་ཀྱང་ད་སྔ་ཁོངས་འདྲ་ཅང་རྙེད་མ་སོང་།
ང་ལ་དེའི་སྐོར་ཡང་།་དགེ་ཆོས་ཀྱིས་རྙོག་བཤད་མང་པོ་ཤིག་་བཤད་ཡོད་པའི་སྒྲུབ་བྱེད་དང་བཅས་་བློ་གཟུ་བོ་་དག་མགུ་བའི་སྐད་འགའ་རེ་བཤད་རྒྱུ་ཡོད་མོད་།་ད་ནི་བོད་ཀྱི་དམར་སྲུང་དམག་དག་གིས་མཚོན་ཆ་ལ་མཇིགས་ཏེ་།་རེ་ཤིག་ཤོད་རྒྱུ་མཚམས་མིན་།་རྗེས་སུ་ག་ལེ་ཡོང་གི་རེད།་ཧེ་ཧེ་
དྲ་གྲོགས་བློ་ཡོན་ལགས། “ང་ལ་དེའི་སྐོར་ཡང་”ཟེར་ན་ཅི་རེད། ཀྱོད་ལ་དེའི་ཡོད་ཟེར་བ་ཡིན་ནམ། ཡོད་ན་འགྲིག་ནས་འདུག ཐུགས་རྗེ་གཟིགས་འདིར་འགོད་རོགས། དགེ་ཆོས་ཀྱི་སྐོར་ལ་རྩོད་པ་བྱེད་བཞིན་ཚང་མ་ངས་ཀློག་བཞིན་ཡོང་། འོན་ཀྱང་ང་ལ་དེའི་སྐོར་ནས་ཅང་བཤད་རྒྱུ་མེད་ལ་བཤད་འདོད་ཀྱང་མེད་ལགས།
བློ་ཡོན་ཟེར་བ་འདིས་བོད་ཡིག་ཚེག་ཉུང་བར་སེམས་ཀྱིན་ཡོད་པ་འདྲ། འདི་ཡང་ཁོང་དམར་སྲུང་དམག་མིན་པར་སྟོན་འདོད་པ་ཡིན་ནམ། ཁོང་གི་རྩོམ་དང་མཆན་ཚང་མར་ཚེག་མི་དགོས་སར་ཚེག་འཇོག་གི་འདུག
ཚེག་འཇོག་སྟངས་སྦྱང་དགོས་ཀྱི་ཡོད་ས་རེད།