ཟ་ལེ་རྒྱལ། ཡོ་རོབ།
(གོང་མས་འཕྲོ་མུ་འཐུད་ནས་འགོད་པ།)
འཕོངས་དང་ནུ་མ་ཆེ་བར་འདོད་པ་འདི་།
ཐད་བྱུང་ཚོར་པའི་སྒྲོ་བཏག་ཙམ་ཞིག་ལས།
དོན་དངོས་བདེ་བའི་གཞུང་ལ་འཇུག་པ་ན།
ན་ཆུང་བུ་མོའི་གཟུགས་གཞི་བདེ་ན་བཟང་།
འདོད་པའི་མདོ་དང་བསྟན་བཅོས་དུ་མ་ན།
འཁྲུག་པའི་སྦྱོར་ཐབས་སྣ་ཚོགས་བཤད་མོད་ཀྱང་།
རང་དང་ཟླ་བོའི་ཁམས་ལ་ལྟོས་བྱས་ནས་།
སྦྱོར་ཐབས་སྣ་གཅིག་འདེམ་པ་ཤིན་དུ་གལ་།
ཟས་རིགས་སྣ་མང་འཛོམས་པའི་ཁྱིམས་ཕུག་གི་།
ལགས་ཤེས་སྣ་གཅིག་མེད་པའི་བདག་མོ་ཡི་།
མངར་སྐྱིར་ཚྭ་བའི་ཚོད་འཛིན་མ་འགྲིག་པས་
ཟས་རིགས་དེ་ལ་བྲོ་བ་མེད་པ་བཞིན།
འཁྲིག་ཐེང་གཅིག་ལ་སྤྱོད་སྟངས་སྣ་ཚོགས་ཞིག་།
བྱེད་པར་འདོད་པ་སེམས་ཀྱི་ཧམ་པ་ལས།
འཇེས་དང་གཉའ་མའི་རློན་ཤ་འདྲེས་མཚམས་ནས།
སྤྱོད་འཚམས་བཞག་ན་ཆག་པ་ཆུང་བུར་གྱུར་།
ཚེ་གཅིག་འདི་ཡི་ལུས་གཅིག་སྐྱ་ཡ་།
ལྷགས་བསམ་སླད་མེད་ཁྲེལ་གྱི་སྐྱོང་ཐུབ་ན་།
ངན་ངོན་ཟས་ཀྱི་མི་ཚེ་རྫོགས་དགོས་ཀྱང་།
འཚོ་བ་སྐྱིད་པའི་གཞི་མ་འདི་ཉིད་ཡིན།
ཟས་ཀྱི་ནང་ནས་བྲོ་བའི་མཐར་སོན་པ་།
ལྟོག་པའི་སྐབས་སུ་ཟས་པའི་ཉུང་མ་ཡིན།
འཁྲིག་པའི་ནང་ནས་ཚོར་བའི་མཐར་སོན་པ་།
གཞན་པས་ཚོད་འཛིན་འོག་གིས་འཁྲིག་པ་ཡིན།
ཆགས་པ་ངུ་ཤོར་ཡིན་རང་སྒོམ་ཐུབ་ན་།
བདེ་བ་ཆུ་འཐོར་དེ་ཡང་ཆེར་འགྱུར་པས།
ཕན་ཚུན་འདོད་པ་སློང་པའི་རྩོད་པ་དེ་།
ཅི་ཙམ་རིང་དུ་རྩོད་ན་དེ་ཙམ་བཟང་།
རང་གི་ཟླ་བོར་འདོད་པ་སྤྱོད་པས་སྐབས་།
རང་ནི་རང་མིན་གང་ཟག་གཞན་སྒོམ་ལ།
རང་ཉིད་དེ་རུ་ཡོད་པས་གསལ་བཏབ་ནས་།
ཏིང་འཛིན་མཚར་པོ་འདི་ལ་སྒོམ་ཐུབ་ན་།
སེམས་ཀྱི་འཕྲུལ་སྣང་ཕྲ་མོའི་སྟོབས་ཞིག་གི།
འདོད་པའི་ཁྲག་རྩ་སྙིང་ལས་རྒྱུ་བཞིན་ཏུ་།
སྤྱད་པ་འདི་ཡང་ཐོབ་པ་དང་པོ་ལྟར་།
ཆགས་པའི་ནུས་པ་སྡབས་ཀྱིས་འཕེལ་བར་གྱུར་།
ཙག་སྒྲ་ཁུན་སྒྲ་ཡོངས་སུ་སྤང་བྱས་ནས་།
འཇེ་དང་གཉའ་མ་སྡབས་པའི་ཆུལ་སྒྲ་ལ་།
གཉིས་གའི་རྣ་པ་གཏོད་དེ་གཏོང་ཐུབ་ན་།
སྐབས་རེར་ཚོར་བ་དམིག་གསལ་པ་ཞིག་འབྱུང་།
རྒན་པོ་ཟ་ལེ་རྒྱལ་ལ་ཚེ་སྔོན་ནས་།
བོད་མོར་རྩེ་བའི་བསོད་ནམ་མ་བསག་ཡང་།
ལུས་ངག་སེམས་ཀྱི་མྱང་པའི་མན་ངག་འདི་།
རོགས་ལོ་ཆུང་ལོ་དག་ལ་ཕན་ཕྱིར་ཕུལ་།
མཁས་དབང་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་།
མདོ་དང་བསྟན་བཅོས་གཞུང་ལ་སྦྱར་ན་བྲིས་།
མདོ་མེད་ཟ་ལེ་རྒྱ་ཡི་དབྱིན་ཡུལ་ནས་།
འཇེས་དང་གཉའ་མའི་འགུལ་སྦྱོར་ཁོ་ན་བྲིས་།
འབྲོག་རྒན་ཟ་ལེ་རྒྱལ་ལ་ཆུང་དུས་ནས་།
སུམ་རྟགས་སྦྱང་པའི་སྐལ་བ་མ་ལྡན་པས་།
ཆད་ཆད་ཉོག་ཉོག་འདྲེས་མའི་ཉིན་ཐོ་ནང་།
ཡིག་ནོར་ཚིག་ནོར་མང་པ་འཐོལ་ལོ་བཤག།
(འདི་དུས་བབ་ཟིན་བྲིས་བ་ཟ་ལེ་རྒྱལ་མིན
)
རྙ་མ་འཛག་སྟངས་བཤད་ན་ངས་ཀྱང་བཤད།།
བདེ་བ་འཐོབ་ཚུལ་བཤད་ན་ངས་ཀྱང་བཤད།།
རྙ་མ་འཛག་སྟངས་དེ་ནི་གཞུང་ལུགས་མིན།།
བདེ་བ་ཐོབ་ཚུལ་དེ་ཡང་གཏན་ཚིག་མིན།།
སྨན་ཤར་བུ་མོའི་ལུས་ཀྱི་དབྱིབས་གཟུགས་དང་།།
འདོམ་གྱི་བྷ་གའི་སྒོ་མོ་ཆེ་ཆུང་སོགས།།
གང་ལ་གང་བལྟས་དེ་ལ་དེ་འཚམས་ཀྱིས།།
སྤྱོད་སྟངས་སྣ་ཚོགས་བརྗེས་ནས་སྤྱོད་པ་མཆོག །
བུ་མོ་འགའ་ཤས་སྐྲ་ཡིས་འཐེན་པ་དང་།།
འགྲམ་ལྕག་སྟེར་བཞིན་སྐེ་ལ་སོ་འདེབས་པ།།
དྲག་ཅིང་རྩུབ་པའི་སྤྱོད་ན་སྐྱིད་དོ་ཅེས།།
བདག་གིས་འཛག་མྱོང་དགའ་རོགས་ཤིག་གིས་བཤད།།
བུ་མོ་འགའ་ཤས་དེ་ལས་ལྡོག་པ་སྟེ།།
ལྷོད་ལྷོད་དལ་དལ་ངལ་ཐང་ཆད་པ་བཞིན།།
ཉམ་ཆུང་གཤིས་ཀྱིས་ག་ལེར་འཛག་བྱས་ན།།
ཤིན་ཏུ་སྐྱིད་ཅེས་བདག་གིས་དགའ་མས་བཤད།།
འགའ་ཤས་དང་ཐོག་ག་ལེར་ལྷོད་ཀྱིས་འཛག །
དེ་ནས་རིམ་བཞིན་མགྱོགས་ཅིང་དྲག་པོས་སྤྱོད།།
འཇམ་རྩུབ་མཉམ་བསྲེས་བདེ་བ་མཆོག་སྟེར་ཞེས།།
མཚན་གཅིག་ཉལ་རོགས་རྒྱ་མོ་ཞིག་གིས་བཤད།།
དེ་དང་དེ་འདྲའི་བུ་མོ་མི་འདྲ་བ།།
སྤྱོད་སྟངས་དེ་ཡང་སྣ་པ་སྣ་ཚོགས་ཀྱིས།།
འཛག་ན་འདི་ནི་རྙ་མ་འཛག་སྟངས་ལས།།
སྣ་གཅིག་སྤྱོད་པ་འབུ་ལི་ལག་བསྡམས་འདྲ།།
རང་གི་ཟླ་བོར་འདོད་པ་སྤྱོད་པའི་སྐབས་། །
རང་ནི་རང་མིན་གང་ཟག་གཞན་སྒོམས་ལ། །
ཞེས་པ་འདི་ནི་སྙིང་སྡུག་ཟླ་བོ་ལ། །
དེ་ལྟར་སྤྱད་ན་བསླུ་སེམས་མི་འོངས་སམ། །
དྲི་བའི་ཚུལ་དུ།
རང་གི་དགའ་མོར་ཆགས་པ་སྤྱོད་པའི་ཚེ། །ཐོག་མར་དལ་བུས་བར་མཚམས་མེད་པར་དགོས། །དེ་ནས་མགྱོགས་པར་ཡུན་རིང་སྤྱད་ཐུབ་ན། །དགའ་མོ་འདོད་པ་ཡོངས་སུ་ཚིམས་པར་ངེས། །
འདོད་ཆགས་དབང་གི་འཁྲིག་སྤྱོད་བྱས་སྟངས་སྣ་ཚོགས་ཡོད། རེ་འགའ་ལུས་པོ་ཡོངས་རྫོགས་ཕུར་ནས་བདེ་བ་སྟེར། འགའ་ཤས་འཛག་གིན་འཛག་གིན་མཚམས་རེ་འཇིབ་ན་སྐྱིད། ལ་ལ་དལ་མགྱོགས་གཉིས་ཀ་སྤྱད་ན་འདོད་པ་ཚིམས།
ཨ་ཁུ་ཟ་ལེ་རྒྱལ་གྱི། །
སྙན་རྩོམ་ཕལ་ཆེར་ཡག་མོད། །
འདོད་པའི་ཉིན་ཐོ་འདི་ཡིས། །
ཁོ་བོའི་ཡིད་དབང་མ་འཕྲོག །