ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས།
དཀོན་གསུམ་དཀོན་མཆོག་སྤྱི་བོར་མཆོད།།
ཁམས་གསུམ་སེམས་ཅན་དོན་དུ་གཉེར།།
དགའ་སྡུག་ཚོར་བ་རྒྱང་དུ་སྤོངས།།
ང་དང་ཁྱོད་ཀྱི་ས་མཚམས་མེད།།
གཅེས་པར་འཛིན་པའི་བློ་ངན་དོར།།
མཆོག་གསུམ་བདེན་པས་དཔང་པོ་མཛོད།།
ཇ་ཆང་ཉ་ཕག་ལོངས་སྤྱོད་ལ།།
ཉིན་རེ་བཞིན་དུ་ཉུང་འཕྲིར་གཟོབ།།
ལྟ་བ་ཡང་དག་གཞན་ཕན་སེམས།།
ཐོས་བསམ་སྒོམ་གསུམ་རྒྱུད་ལ་སྦྱོར།།
དོན་མེད་མི་སེམས་མ་དཀྲུགས་དགའ།།
ནམ་མཁའ་ཇི་བཞིན་གསལ་ལ་བརྟན།།
དཔོག་པར་དཀའ་བའི་དམ་པའི་ཆོས།།
ཕ་བཟང་བུ་ཡི་ལས་སྐལ་རེད།།
བུ་རབས་ཚ་བརྒྱུད་དམ་ཆོས་སྒྲུབས།།
མ་ནོར་ལམ་བཟང་ཤཱཀྱའི་བསྟན།།
རྩ་བ་རང་སེམས་སྟོང་པ་ལ།།
ཚ་གྲང་བསྟེན་ནས་ཉམས་ལེན་གཟབ།།
རྫོགས་སངས་རྒྱས་ཀྱི་བསྟན་པ་ལ།།
ཝོ་བརྒྱལ་བཟོད་སྲན་སྙིང་རུས་བསྐྱེད།།
གཞན་ཕན་བྱ་བ་བྱང་ཆུབ་སེམས།།
ཟབ་དང་རྒྱ་ཆེ་དཔོག་པར་དཀའ།།
འོད་གསལ་ཀློང་ནས་ཆོས་སྐུ་འཚོལ།།
ཡབ་ཡུམ་ཆོས་སྐུ་རང་སེམས་སྟོང་།།
རིགས་དྲུག་སེམས་ཅན་དོན་དུ་བསྔོ་།
ལམ་དང་འབྲས་བུ་མངོན་དུ་འགྱུར།།
ཤེས་རབ་ཐབས་དང་སྤྱད་པ་ན།།
ས་ལམ་བགྲོད་པའི་རྟེན་འབྲེལ་འཛོམས་།
ཧྲི་ལས་འཕགས་མཆོག་སྤྱན་རས་གཟིགས།།
ཨ་ས་བདུད་རྩིའི་སྐྲངས་ནད་སེལ།།
ཀོ་ལི་གྷལ་གཞུང་པ་ཚེ་བསོད་ལགས་།
“ང་དང་ཁྱོད་ཀྱི་ས་མཚམས་མེད།།” ན་ཁྱེད་ཀྱིས་
” རྫབ་རྡོང་ནང་དུ་སྐྱེས་པའི་།
ཙམ་པ་ཧ་ལོའི་མེ་ཏོག་།
ཁྱེད་རང་སྐྱེ་ལོ་ཡག་ཀྱང་།
ལྷ་ལ་འབུལ་ཉན་མི་འདུག་།” ཅེས་པའི་གཞན་ལ་དམའ་བེབས་ཀྱི་ཚིག་བཅད་དེ་བྲིས་དགོས་དོན་གང་ཡིན་ནམ་།།
མི་རྒན་ཁྱེད་གཞན་ལ་བསླབ་བྱ་རྒྱབ་རྒྱུར་དགའ་པོ་ཞིག་མངོན་པ་དང་ཡིན་ནའི་དོ་བདག་རང་ཉིད་ལ་ཐུག་དུས་སྤྱོད་པ་དེ་ཅུང་བློ་སེང་འདྲ་ཙམ་ཞིག་མཐོང་། བདེན་པ་མིན་ན་གསུངས་དང་ཀརྡོ་གཉེར་ཕྱག་ལགས་།།
བསྟོད་པས་དགའ་བ་མ་འགྱུར་ཞིང་།
སྨད་པས་མི་དགའ་མི་འགྱུར་ཞིང་།
རང་གི་ཡོན་ཏན་ལེགས་སྤེལ་ན་།
སྐྱེས་བུ་དམ་པའི་ཚན་ཉིད་ཡིན་།
སྐྱོན་འཛུགས་་ཐམས་ཅད་བཟོད་པ་མིན་།
ཟུར་ཟ་ཐམས་ཅད་ཚུལ་ཁྲིམས་མིན་།
ཕར་ཕྱིན་ཉམས་ལེན་ནང་པའི་བསྟན་།
ཕར་ཕྱིན་སྲུང་ནས་ས་ལམ་ཐོབ་།
ད་ལྟའི་བར་དུ། ཀོ་ལི་གྷལ་གཞུང་པ་ཚེ་དབང་བསོད་ནམས་ཀ་བཤད་ཡག་པོ་སྤེལ་སོང་། དགའ་བསུ་ཡོད། ཡི་རང་ཡོད་ལགས།
བསྟོད་པས་གླུ་དབྱངས་དགོས་མཁན་བློ་སེང་རེད་།
སྨད་པས་མི་དགའ་འགྱུར་ཏེ་ཁོང་ཁྲོ་མེ་ལྟར་འབར་མཁན་བློ་སེང་རེད་།
རྫུན་གཏམ་སྤེལ་ཏེ་མང་ཚོགས་མགོ་བསྐོར་བཏང་རྒྱུ་ལས་གཞན་རང་ལ་ཡོན་ཏན་སྣེ་གཅིག་མེད་པ་དེ་བློ་སེང་རེད་།
ཁྱེད་ཀྱི་སྐྱེས་བུ་དམ་པའི་ཚན་ཉིད་དེ་བློ་སེང་ཚང་ཡོད་དམ་།
སྐྱོན་འཛུགས་་ཐམས་ཅད་བཟོད་པ་མིན་ན།
བློ་སེང་ལ་སྐྱོན་བརྗོད་བགྱི་།
ཟུར་ཟ་ཐམས་ཅད་ཚུལ་ཁྲིམས་མིན་ན།
བློ་སེང་གི་སྐྱོན་འཐེར་བཏོན་བགྱི་ནུས་སམ་།
བློ་སེང་གི་སྐྱོན་གཅིག་པུ་མ་ཡིན་པར། སྤྱི་ཚོགས་ལ་སྐྱོན་ཆེན་པོ་འདུག བོད་པའི་སྤྱི་ཚོགས་དེར་བདེན་རྫུན་དབྱེ་འབྱེད་ཀྱི་རྣམ་དཔྱོད་བཀོལ་མཁན་ཆེས་ཉུང་བས། ཁྲམ་པ་སུ་སྲིད་སྐྱོང་ལ་བསླེབས་རུང་། མི་དམངས་མགོ་སྐོར་གཏོང་བར་ལམ་ཁ་ཡོད། སྤེན་ཚེ་བསླེབས་ཀྱང་ལམ་དེ་ལ་འགྲོ་རྐྱང་དང་མི་དམངས་ལྐུགས་པ་དེ་ཚོས་ཁོང་གི་རྗེས་ལ་འགྲོ་རྐྱང་རེད།
སྲིད་སྐྱོང་སུ་བསླེབས་མིན་གཙོ་བོར་མ་ཡིན་པར། མི་དམངས་ཀྱི་རྣམ་དཔྱོད་ཡར་རྒྱས་དང་གཞུང་གི་ལམ་ལུགས་ཡར་རྒྱས་གཏོང་དགོས། ཆབ་སྲིད་སྤུས་དག་ཞིག་དགོས་ན། དད་པ་དང་། ཡིད་ཆེས། དམ་ཚིགས། མཐུན་སྒྲིལ། ལ་རྒྱ་ཟེར་བ་ཚང་མ་གཏོར་དགོས།
གཙོ་བོ་ཆབ་སྲིད་པའི་གང་ཟག་དེས་དམིགས་ཡུལ་གང་བཤད་སོང་། དེ་ཡང་དག་ཡིན་མིན། དེ་དག་ཇི་ལྟར་སྒྲུབ་ཀྱི་ཡོད་མེད། སྒྲུབ་སྟངས་ཁྲིམས་མཐུན་ཡིན་མིན་སོགས་གཅེར་ནས་ཆབ་སྲིད་བསྐྲུན་དགོས།
དེ་མིན་གང་བཤད་ཀྱང་སྟོང་པ་རེད། མཐུན་སྒྲིལ་བྱོས་ཟེར། མཐུན་སྒྲིལ་ཇི་ལྟར་བྱེད་དགོས་མིན་ལམ་སྟོན་དགོས།
ལམ་སྟོན། ལམ་སྟོན། ལམ་སྟོན། ཁ་སྟོང་པ་མ་ཤོད། མཐུན་སྒྲིལ་བྱོས་ཟེར་ན་སྟོང་པ་རེད། མཐུན་སྒྲིལ་འདི་ལྟར་བྱོས་ཅེས་གོ་རིམ་དང་ཁ་ཡོད་ལག་ཡོད་ཐོག་བཤད་ན་ཕན་ཐོགས་ཆེ།