ཀླུ་སྨྱོན།
དྲ་ངོས་འདིར་ཆོས་དད་པ་འགའ་ཡོད་པར་དམིགས་ཏེ་འདིར་གུང་ཐང་བསྟན་སྒྲོན་ཚང་གི་ཚེ་གཅིག་ཉམས་ལེན་ཞེས་པའི་དཔེ་ཆའི་ནང་དུ་བཞུགས་པའི་སྐྱག་བསྔོའི་གཟུངས་སྔགས་སོགས་ངོ་སྤྲོད་བྱ་སྟེ།
དྲི་ཆེན་བསྔོ་བའི་སྔགས། ཨོཾ་ཨྰཿབི་ཊ་ཨྰ་ཧ་རེ་བྷྱཿསྭྰ་ཧྰ།
དྲི་ཆུ་བསྔོ་བའི་སྔགས། ཨོཾ་ཨྰཿམྰུ་དྲ་ཨྰ་ཧ་རེ་བྷྱཿསྭྰ་ཧྰ།
ལུད་པ་བསྔོ་བའི་སྔགས། ཨོཾ་ཨྰཿཁྲེ་ཏ་ཨྰ་ཧ་རེ་བྷྱཿསྭྰ་ཧྰ།
སྣབས་བསྔོ་བའི་སྔགས། ཨོཾ་ཨྰཿབིགྷི་ན་ཨྰ་ཧ་རེ་བྷྱཿསྭྰ་ཧྰ།
མཆིལ་མ་བསྔོ་བའི་སྔགས། ཨོཾ་ཨྰཿཤླེཥྨ་ཨྰ་ཧ་རེ་བྷྱཿསྭྰ་ཧྰ།
དྲི་ཆེན་སྐྱག་པ་བསྔོ་བའི་སྔགས་ཏེ་གང་ནས་བྱུང་བ་ཡིན་ནམ།
ང་ཡིས་མཐོང་བའི་སྔགས་དེ་འདི་འདྲ་རེད།
ཧུཧུཧུཨཽཾཊཊིཡེསོཧཕཌ།
ང་འདུག་སའི་གྲོང་གསེབ་འདི་འི།།
ཤ་ཟ་ནིའི་ཤ་སྦྲང་ནག་རིལ།།
ཁྲག་འཇིབ་ནིའི་དུག་སྦྲང་མཆུ་རིང་།།
སོ་འདེབས་ནིའི་འདྲེ་ཤིག་ལུས་ལེབ།
དུས་དེ་རིང་འདི་རུ་བྱོན་ནས།།
ང་མི་ཟ་དམ་ཞིག་བྱས་དང་།།
ངས་མི་གསོད་ཁེ་ཞིག་བླངས་ནས།།
ངའི་དྲི་ཆེན་དྲི་ཆུང་ཡོད་ཚད།
ཕོ་བརྒྱགས་བརྒྱགས་ས་ལ་བསྔོ་དགོས།།
ཁྱོའི་ཕྱོགས་ནས་སྲོག་གི་སྐྱབས་རེད།
ངའི་ཕྱོགས་ནས་དགེ་བའི་ཆོས་རེད།
ལས་འདི་མོ་འགྲིག་ན་སྐྱིད་པ།།
སྔགས་ཡིག་གི་དོན་དག་ཤེས་པའི་སྒང་ལ་སྒོམ་གྱི་དམིགས་པ་བརྟན་པོ་དང་ལྡན་པར་བྱས་ནས་གསང་སྔགས་ཀྱི་ཟབ་སྔགས་རྣམས་བེད་སྤྱོད་གཏོང་ན་ཕན་ཡོན་ཡོད་པ་མ་གཏོགས། དོན་དག་མ་ཤེས་པར་ཕན་ཡོན་གཅིག་པོ་ཧམ་པ་ལངས་ནས་བྱས་ན་ཕན་ཡོན་ལས་ཉེས་པ་ཆེ་ན་ཡང་སྲིད། སྤྱི་ཚོགས་ནང་གསང་སྔགས་ཟབ་མོའི་ཕན་ཡོན་ཁོ་ན་བཤད་བཤད་ནས་དེང་སང་སྤྱི་ཚོགས་ནང་དེ་ཚོ་ཚང་མ་རྫུན་རེད་ཕན་ཡོན་བཤད་པ་ནང་བཞིན་འབྱུང་གི་མི་འདུག་ག་ཟེར་ནས་རྒོལ་ལན་སློག་ཡོང་སྐབས་དེ་ཚོ་ལ་ལན་འདེབས་ཡང་དག་པ་ཞིག་བཤད་མ་ཤེས་པར་ད་དུང་གསང་སྔགས་ཀྱི་ཟབ་ཡིག་རྣམས་དྲ་ཐོག་བཀོད་ན་དགོས་པ་ལས་དགག་བྱ་ཆེ་བར་མཐོང་། བུ་ཁྱོ་ག་ཡིན་ན་ཟབ་ཡིག་དེ་ཚོའི་སྒོམ་རིམ་དང་དོན་དག་ལ་འགྲེལ་བཤད་ཡག་པོ་ཞིག་འགྲེལ་ཐུབ་ན་ཡང་ལྟ་རྒྱུ་ཞིག་ཡོད་པ་རེད། དེ་མིན་སྟུ་དང་རླིག་པ་བཤད་བསྡད་ན་ཡག་གི་ཡ།
ཀླུ་སྨྱོན་གྱི་རྩོམ་ཟད་པའི་གཟུངས།
ཨོ་ཚར་ཐ་ཚར་ཐ་ཤོར་ཐ་ཤོར་ཐ།
གཟུངས་སྔགས་འདི་ཕན་ཡོན་ཆེ་སེ་འདུག ད་དུང་རྒྱ་སྐད་ཀྱང་སྦྱོང་ཐུབ་པ།
དཔེར་ན།
དྲི་ཆེན། = བི་ཊ།
དྲི་ཆུ། = མྰུ་དྲ།
ལུད་པ། = ཁྲེ་ཏ།
སྣབས། = བིགྷི་ན།
མཆིལ་མ། = ཤླེཥྨ།
འདོད་པའི་གཏམ་གྱིས་འདོད་ལྡན་སྨྱོ་རུ་འཇུག།སྡེ་གཉིས་གང་དུ་མ་ངེས་སྤྱོད་པས་བྲེལ།།གྲོག་མ་མིག་མེད་ཆུ་ཤིང་འབྲས་བུ་སྟེར།།བཤང་གཅི་སྦྱིན་ལ་མཁས་པའི་ཀླུ་སྨྱོན་ལགས།།ཧཧཧཧཧཧ
སྡེ་གཉིས་གང་ཡིན་སྨྱོན་པས་ལོས་ཀྱང་ཤེས། །
ས་བསྒྲགས་གནམ་བསྒྲགས་བྱེད་དགོས་ཨ་རེ་ཆུང་། །
གཞན་ལ་མཛུབ་མོ་བཙུག་རྒྱུའི་སྔ་རོལ་ནས། །
རང་ལ་ཞིབ་འཇུག་ཅུང་ཙམ་བྱ་ན་ལེགས། །
ཀླུ་སྨྱོན་དྲིན་པོ་ཆེ།
སྐུ་མཁྱེན་ངེས་པར་དུ་གཤམ་གྱི་འདྲི་བར་ལན་ཞིག་བསྟེར་རོགས།
ཆགས་པ་སྤྱོད་དུས་སྔགས་འདོན་རྒྱུ་ཨེ་ཡོད།
ལྷག་པར་དུ་ཁུ་བ་འཐོན་པ་དང་དགའ་མ་ཆེན་པོ་བསླེབས་དུས་སྔགས་གང་བགྲང་དགོས་སམ།
ཨ
ང་ལ་ཨ་ཡིག་གི་ཞལ་གཟིགས་བྱུང་།
ཨ་ཡིག་གིས་བྱིན་གྱིས་བརླབས་པ་འདྲ།
ཨ
ཨ
ཨ
ཨ
དྲི་ཆེན་བསྔོ་བའི་སྔགས། ཨོཾ་ཨཱཿབི་ཊ་ཨཱ་ཧཱ་རེ་བྷྱཿསྭཱ་ཧཱ།
དྲི་ཆུ་བསྔོ་བའི་སྔགས། ཨོཾ་ཨཱཿམཱུཏྲ་ཨཱ་ཧཱ་རེ་བྷྱཿསྭཱ་ཧཱ།
ལུད་པ་བསྔོ་བའི་སྔགས། ཨོཾ་ཨཱཿཁྲེ་ཏ་ཨཱ་ཧཱ་རེ་བྷྱཿསྭཱ་ཧཱ།
སྣབས་བསྔོ་བའི་སྔགས། ཨོཾ་ཨཱཿབིགྷི་ན་ཨཱ་ཧཱ་རེ་བྷྱཿསྭཱ་ཧཱ།
མཆིལ་མ་བསྔོ་བའི་སྔགས། ཨོཾ་ཨཱཿཤླེཥྨ་ཨཱ་ཧཱ་རེ་བྷྱཿསྭཱ་ཧཱ།
སྔགས་འདི་རྣམས་དག་མིན་མི་ཤེས། འོན་ཀྱང་མོས་པ་ཡོད་ལས་དོན་འགྲུབ་ཟེར་རོ།
ཡི་གེ་རྩིག་ཚུལ་འདི་གཞན་ལ་ཕན་ཐོགས་པའི་རེ་བས་བྲིས་པ་གཤམ་གསལ་བཞིན་བྱེད་ན། ཡིག་གཟུགས་འདིར་ལས་བྱེད་པས་ཁྱེད་ཀྱིས་བཀོལ་སྤྱོད་བྱེད་པའི་ཡི་གེར་ལས་བྱེད་ངེས་གཟིགས་གྲོགས།
ཡི་གེ་དག་བརྩེགས་དགོས་ན། ཡི་གེ་གང་ཡིན་མནན་པའི་རྗེས་ལ། རང་གི་ལག་གཡོན་ཕྱོགས་ན། shift ཞེས་པ་མནན་ཏེ། རང་གི་ལག་གཡས་ཀྱི་ཕྱོགས། གོང་ན་སྐུ་རུ་ཁའི་འོག་ན། ཐིག་བརྩེགས་མ་=ལྟ་བུ་ཞིག་ཡོད་པ་མནན་རྗེས། གང་ཡིན་་མནན་ན། ཡི་གེ་དེ་འོག་ཏུ་འཇུག་ཐུབ་པ་འདི་ལྟར། དྷ། དྷ་ས་ལ་རྡ་ས་མ་ཡིན་པར་དྷ་ས་ཞེས་འབྲི་ན་ཡི་གེའི་དག་ཆ་དང་མཐུན་ནོ།
རྒན་ལེགས།
ལེགས་བཤད་འདྲེན་ན་འདི་ལྟར་དྲོངས།
སྟོན་པ་གཤེན་རབ་མཆོག་གིས།
མོས་པའི་ཕྱོགས་སུ་ལས་བྱས་ན།
ངལ་བ་མེད་པར་ཀུན་ཀྱང་འགྲུབ།
ཅེས་དང།
མོས་པའི་ཡུལ་ལ་གཤོག་ཐོགས་བྱ་བས་མགྱོགས།
མི་མོས་ཡུལ་ལ་རྨིག་ཐོགས་གླང་བས་བུལ།
ཞེས་གསུངས།
བན་དེ་བ་ལེགས།
སྟོན་པ་གཤེན་རབ་མཆོག་གིསལེགས་པར་གསུངས་སོ།
བུལ་ཞེས་པ་མགྱོགས་པོ་མ་ཡིན་པའི་དོན་ལ་གོ་དགོས་ཀྱང་། བཀོལ་སྤྱོད་ཉུང་བས་གོ་དཀའ། ལན་གཅིག་ལ་དྭགས་སུ་ཤིང་མཁན་ཞིག་གིས་ཤིང་ག་ལེར་གཞོགས་པ་ལ། ཤིང་མཁན་དེ་ལག་པ་བུལ་པོ་འདུག་ཅེས་ངའི་སྲིང་མོ་ལས་ཐོས་པ་ཙམ་ལས་གཞན་དུ་མ་ཐོས།
ག་ལེ། བུལ་པོ། དལ་བུ་རྣམས་རྣམ་གྲངས་ཡིན་ནམ་སྙམ་མོ།