ཟམ་གདོང་བླ་མ་ནི། བདེན་པའི་ཨ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ། Posted on 2012-11-222012-11-23 By ཁ་བརྡ་ 52 Comments on ཟམ་གདོང་བླ་མ་ནི། བདེན་པའི་ཨ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ། ནག་ཐར་སྐྱིད། ཐེ་ཚོམ་འདིས་ངའི་སེམས་ཁམས་ལ་བཙན་འཛུལ་ཅི་ལྟར་བྱས་རུང་འདྲི་གཞི་འདི་སྐྱུར་དྲི་ཁ་རེག་བར་དུ་མུད་པ་ནས་ཕྱིར་འདོན་མ་ཐུབ་པའི་དུས་ཡུན་ནང་། ངས་རང་ཉིད་ཀྱི་དྲ་གྲོགས་དང་བློ་ཐག་ཉེ་སའི་གྲོགས་པོ། ཐ་ན་གསར་འགོད་ལས་སྒྲུབ་མཁན་གྱི་མི་སྣ་ཚུད་མང་མང་ཞིག་ལ། ཟམ་གདོང་བླ་མའི་རྣམ་དཔྱོད་དང་མཁྱེན་རྒྱ། བོད་མི་མང་ལ་ཐེབས་པའི་བག་ཆགས་སྟེང་ནས་གླེང་མོལ་གང་ཡང་བྱས་མོད། ཕལ་ཆེ་བས་བཀའ་ཟུར་ཟམ་གདོང་བླ་མའི་མཛད་རྗེས། ནུས་སྟོབས། དེ་བཞིན་རིན་པོ་ཆེ་ཁོང་གི་འདོད་མོས་སོགས་མི་ལོ་བཅུའི་རིང་གི་སྲིད་སྟེགས་ཁོ་ནའི་སྒང་ལ་རིག་པ་སྒྲིམ་ནས་བརྡ་ལན་སྤྲོད་པ་མ་གཏོགས། མི་ལོ་བཅུའི་ཡར་སྔོན་གྱི་ལྟ་གྲུབ་སྨྲ་བ་ཟམ་གདོང་བླ་མའི་ངོས་ཐད་ནས་གླེང་མོལ་བྱེད་མཁན་དེ་ཙམ་བྱུང་མ་སོང་། གནས་རིམ་འདིའི་ནང་ང་རང་ཉིད་དང་མཐའ་ཉེ་བའི་ཡུལ་གྱར་བོད་མི་གང་མང་ཞིག་གིས་ལམ་དབུ་མའི་སྐྱ་ཐིག་རང་དེད་ནས་ལངས་ཕྱོགས་གཅིག འཐབ་རྩོད་གཅིག གླེང་མོལ་གཅིག་གི་ཆུ་ཤུར་ནང་ལ་བོད་སྤྱི་བོ་གནམ་བསྟན་ཡོངས་འདུས་སྟེ། རྡོག་རྩ་གཅིག་སྒྲིལ་གྱི་ནུས་སྟོབས་བསྐྱེད་དགོས་བའི་དགོངས་ཚུལ་སྤེལ་མཁན་གང་མང་མང་རེད། འོན་ཀྱང་། འདས་བའི་དུས་ཚོད་ནང་ང་ཚོས་ཕྱོགས་ཡོངས་ནས་རྡོག་སྒྲིལ་གྱིས་བོད་རྒྱ་ཞི་མོལ་གལ་ཆེན་ལ་བལྟས་མཐོང་ཆེན་བྱས། བསམ་ཕྱོགས་མི་མཐུན་པ་དང་ལངས་ཕྱོགས་མི་མཚུངས་བའི་རིགས་སྤྱི་ཚོགས་ཀྱི་མཐའ་ལ་དེད་པ་རེད་དེ། པེ་ཅིན་གཞུང་གིས་བོད་རྒྱ་གྲོས་མོལ་གྱི་སྒོ་བརྒྱབ་རྗེས་ཡུལ་གྱར་བོད་མི་ཚོར་ཅི་བྱ་གཏོད་མེད་ཀྱི་སྣང་ཚུལ་ཞིག་སྐྱེས་བཞིན་པ་འདི་རེད། དེར་བརྟེན་ང་ཚོས་རྡོག་རྩ་གཅིག་སྒྲིལ་དེ་བློ་གཅིག་སེམས་གཅིག་གིས་བཀག་སྡོམས་ལས་གློད་གྲོལ་བཏང་། བསམ་གཞིགས་སྣ་མང་དང་ལྟ་གྲུབ་སྣ་མང་། ཐབས་ལམ་སྣ་མང་གི་སྒོ་ནས་རྡོག་རྩ་གཅིག་སྒྲིལ་དེ་རྒྱ་བསྐྱེད་མི་གཏོང་ཐབས་མེད་རེད། མི་ལོ་བཅུའི་རིང་བོད་ཀྱི་སྲིད་ཁྲི་ལ་བཞུགས་བའི་ཟམ་གདོང་བླ་མའི་འདས་དོན་ལ་ཆ་མཚོན་ན་ཡང་། རིན་པོ་ཆེ་ཁོང་ནང་བསྟན་ཆོས་ལུགས་ལ་གོ་རྟོགས་ཟབ་པའི་རྐྱེན་གྱིས་འབངས་མི་སེར་ཀྱི་དད་གུས་ཐོབ་པའམ། པེ་ཅིན་གཞུང་གི་སྲིད་ཇུས་ལ་རྒྱུས་མངའ་ཆེ་བའི་དབང་གིས་མང་མོས་ཐོབ་པ་དེ་འདྲ་མ་རེད། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་བོད་སྤྱི་ཚོགས་ནང་ངོ་སྤྲོད་ཐུབ་ཡོད་པའི་བག་ཆགས་དེ་ལ་བརྟེན་མི་མང་གིས་རེ་བ་བཅོལ་ཡུལ་ཞིག་ཏུ་གྱུར་བ་རེད། དེ་ལྟ་ནའང་ཡུལ་གྱར་བོད་མི་དག་གིས་རྡོག་རྩ་གཅིག་སྒྲིལ་ལ་ལྟ་སྟངས་ཡན་གར་བ་ཞིག་བཟུང་ཡོད་སྟབས། འཐབ་ར་གཅིག་གི་སྒང་ལ་གོ་མཚོན་ཡོངས་སུ་སྤུངས་རྒྱུར་སྐུལ་འདེད་བྱས།སྲིད་དོན་གྱི་བྱེད་སྒོ་སྣ་ཚོགས་དྲང་ཐིག་གཅིག་གི་ཚད་གཞལ་ནས་གཞུང་སྲིད་དང་ཚོགས་སྡེ་ཁག མི་སྒེར་བར་གྱི་ལངས་ཕྱོགས་སྐྱ་དགར་མ་ཐུབ་པའམ། དགེ་མཚན་ཅི་ཡོད་དབྱེ་ཞིབ་བྱེད་མ་ཐུབ་པའི་གནས་སྟངས་འོག ཟམ་གདོང་བླ་མའི་ཀླད་ཆེན་ནང་གི་བདེན་པའི་ཨུ་ཚུགས་ཐད་མི་ལོ་བཅུའི་རིང་ཐེར་གཏོགས་བྱེད་མཁན་མ་བྱུང་བ་རེད། ཟམ་གདོང་བླ་མས་དབུ་ཁྲིད་པའི་མི་ལོ་བཅུ། ཟམ་གདོང་བླ་མས་བོད་ཀྱི་སྲིད་ཁྲིའི་འགན་དབང་མ་བཞེས་བའི་ཡར་སྔོན་གྱི་དུས་ཚིགས་ནང་། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་འདུན་བཅོལ་མཁན་མི་སྣ་གསོ་སྐྱོངས་དང་། ཚོགས་སྡེ་ཁག་ནང་མཚན་ཐོ་བཀོད་དེ་ལངས་ཕྱོགས་བཟུང་མྱོང་བའི་རྒྱུ་མཚན་ལ་བརྟེན། བཀའ་བློན་ཁྲི་བའི་གོ་ཐོབ་སྟེང་ཡོད་ཚད་བློས་བཏང་ཟིན་པའི་ལྟ་ཚུལ་བཟུང་མཁན་འབའ་ཞིག་ལ། ཟམ་གདོང་བླ་མའི་སྐུ་མདོག་འགྱུར་སླ་ཞིང་གཤིས་རྒྱུད་བརྟན་པོ་མེད་པའི་མགོ་རྙོག་ཅན་ཞིག་ཏུ་འདོད་ཚུལ་ཀྱང་བྱུང་མྱོང་བ་རེད། དེ་ག་ནང་བཞིན་རིན་པོ་ཆེ་ཁོང་ལ་ཡང་རང་ཉིད་ཀྱི་ཐོག་མའི་བསམ་སྤྱོད་དང་རྒྱབ་འགལ་བྱུང་བའི་ཚོར་སྣང་ཞིག་བྱུང་ཡོད་ཚོད་རེད། འོན་ཀྱང་། སྲིད་དོན་སྟེང་གི་ཐོབ་གོ་ས་ནི་གང་ཟག་སྒེར་གྱི་འདོད་མོས་དང་འབྲེལ་བ་ཤུགས་ཆེན་ཡོད་པའི་དབང་ཚད་ཞིག་ཡིན་པར་བརྟེན། ང་ཚོས་ཟམ་གདོང་བླ་མའི་སྐུ་རིང་གི་སྲིད་ལུགས་ལ་ཐད་ཀར་བདེན་པའི་ཨུ་ཚུགས་དང་སྦྲེལ་ནས་བལྟ་ཆོག་བ་ཞིག་རེད། ཟམ་གདོང་བླ་མའི་དབུ་ཁྲིད་པའི་མི་ལོ་བཅུ་དེ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་དུས་སྐབས་ལ་འཁེལ་ཅིང་། དཔལ་འབྱོར་དབང་ཤུགས་འོག་མགོ་འདོགས་བྱེད་ཀྱིན་པའི་རྒྱལ་སྤྱིའི་སྲིད་དོན་པ་ཚོས། བོད་སྤྱི་བའི་རྩ་དོན་ལ་གདེངས་འཇོག་མི་བྱེད་ས་ནས་རིན་ཐང་ཅན་ཞིག་ཏུ་རྩིས་རྒྱགས་སྟངས་ལྟར་ན། བོད་སྤྱི་བའི་རྩ་དོན་འདི་རྒྱལ་སྤྱི་དང་རྒྱ་ནག་བར་གྱི་དཔལ་འབྱོར་འཁོར་བསྐྱོད་ཁྲོད་གན་རྒྱ་ལྟ་བུ་ཞིག་ལ་ངོས་འཛིན་བྱས་ཡོད་སྟབས། བོད་མི་རིགས་ལ་ཐོབ་པའི་རྒྱབ་སྐྱོར་ཡང་རྐང་ལག་ཞ་བོ་ཞིག་གིས་མིག་ལོང་ཞིག་ལ་ལམ་སྟོན་བྱེད་པའི་ངང་ཚུལ་བཞིན། གཅིག་ལ་གཅིག་རྟེན་གྱི་སྲིད་ཇུས་འདི་ཐབས་སྡུག་ས་ནས་སྟབས་འགྲིག་པའི་གོ་སྐབས་ཞིག་ཆགས་ཡོད་བ་རེད། དུས་སྐབས་འདིར་ང་ཚོས་རྒྱལ་སྤྱིའི་ནུས་སྟོབས་ལ་རྣོ་ངར་བསྐྱེད་ཐུབ་པའི་འཁོར་ཡུག་དེ་གྲུབ་ཡོད་ཙང་། དོན་དངོས་ཐོག་ཟམ་གདོང་བླ་མའི་སྐུ་རིང་གི་མི་ལོ་བཅུ་ནི། བོད་གཞེས་བྱེས་གཉིས་ལག་གདེངས་སྦྲེལ་དགོས་བའི་དུས་ཚིགས་ཅིག་དང་། འཐབ་རྩོད་ཟུང་འབྲེལ་གྱི་ནུས་སྟོབས་དེ་མངོན་འགྱུར་ཐུབ་པའི་མཐུན་རྐྱེན་ཡོངས་སུ་འཛོམས་ཡོད་བ་རེད། གནའ་སྔ་མོ་ཞིག་ནས་བོད་མི་མང་གིས་མཁྱེན་གསལ་ལྟར། ཟམ་གདོང་བླ་མས་བོད་སྤྱི་ཚོགས་ཀྱི་ཡིད་སེམས་འདྲེན་བྱེད་ཀྱི་མན་ངག་རེ་རེ་བཞིན། རིན་པོ་ཆེ་ཁོང་གིས་བློ་གདེང་འཁེལ་སའི་རྗེ་གྷན་དྷེས་མཆོག་གི་ལྟ་གྲུབ་དང་འབྲེལ་བའི་ལུང་རིག་སྒྲུབ་སྟངས་ཤིག་ཆགས་ཡོད་པ་ནང་ལྟར། ༧གོང་ས་མཆོག་གིས་ལམ་སྟོན་མཛད་པའི་བོད་རྒྱ་གཉིས་ཕན་གྱི་ལམ་དབུ་མའི་ལྟ་བ། སྤྱོད་པ། ལས་འགུལ་གང་ཡང་ཟམ་གདོང་བླ་མའི་ལྟ་གྲུབ་དང་འགལ་ཆ་ཅི་ཡང་མེད་པ་མ་ཟད། རིན་པོ་ཆེ་ཁོང་ལ་ཐོག་མའི་བསམ་བློ་ལྟར་བདེན་པའི་ཨུ་ཚུགས་གྱི་མཐུན་རྐྱེན་དེ་ལྷུན་གྱིས་གྲུབ་ཡོད་བ་རེད། ལྷག་ཏུ་བོད་གཞིས་ལུས་ཡུལ་མི་དག་གིས་དུས་ནས་དུས་སུ་པེ་ཅིན་གཞུང་གི་དྲག་སྤྱོད་ལ་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་དགྲ་ཁ་གཏད་དང་། བཙན་བྱོལ་གཞུང་འབངས་འདིའི་ལངས་ཕྱོགས་ལ་རམ་འདེགས་ཡང་དང་བསྐྱར་དུ་ཐུབ་ཡོད་བ་བཅས། ཟམ་གདོང་བླ་མའི་སྐུ་རིང་གི་སྲིད་དོན་འཐབ་རྩོད་ནི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལག་ལེན་རང་ལ་ཐུག་བསྡད་ཡོད་བ་ཞིག་རེད། བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་རྒྱུ་ནི། བོད་ཀྱི་བདེན་མཐའ་སེལ་ཐབས་རེད། ཟམ་གདོང་བླ་མའི་ལྟ་གྲུབ་རྙིང་བ་གླེང་ནས་རེ་བ་གསར་བ་ཞིག་བྱེད་དོན། གོ་སྐབས་རེ་བྱུང་ན་རིན་པོ་ཆེ་ཁོང་སྐུ་སྒེར་གྱིས་དུས་ད་ལྟ་ཡིན་རུང་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ཁྱབས་སྤེལ་བྱེད་རྒྱུར་མོས་བ་ཤིན་ཏུ་ཆེན་པོ་ཡོད་ཙང་། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདིའི་ཁྲོད། ཡུལ་གྱར་བོད་མི་ཚོས་རྐང་ལག་བསྐྱངས་ནས་གཞིས་ལུས་མི་མང་གི་འཐབ་རྩོད་ལ་ལག་གདེངས་སྤྲེལ་མ་ཐུབ་ཚེ།སྲིད་སྐྱོངས་བློ་སེང་ལ་ཆ་མཚོན་རུང་ཁྲིམས་ལུགས་གཞིར་བཟུང་གི་བློ་སྒོ་ཞིག་ཡོད་ན་ལས། ཟམ་གདོང་བླ་མའི་སྐུ་རིང་གི་རྒྱལ་སྤྱིའི་གྲགས་འགུལ་དེ་མ་གཏོགས་ལྷང་འཇགས་དཀྲོགས་ཐུབ་པའི་ནུས་མཐུ་གཞན་གང་ཡང་ཡོད་བ་མ་རེད། དེར་བརྟེན་ཡུལ་གྱར་བོད་མི་ཚོས་རང་ཉིད་ཀྱི་དབུ་ཁྲིད་ལ་རྒྱུས་ལོན་དང་རང་ཚུགས་རང་གིས་འཛིན་དགོས་བ་རེད། གདུང་སེམས་མཉམ་བསྐྱེད་དུ་འདོད་པའི་མ་ཎི་གསོག་སྒྲུབ་ཀྱི་ཆོས་ལུགས་བྱེད་སྒོ་འདིས། རང་ལུས་མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ་དག་གི་འདོད་བློ་སྐོང་མི་ཐུབ་ལ། ཡུལ་གྱར་བོད་མི་ཚོའི་གདུང་སེམས་མཉམ་བསྐྱེད་དེ་བས་ཀྱང་མཚོན་མི་ཐུབ། ཅི་བྱ་གཏོད་མེད་དུ་འགྱུར་བཞིན་པའི་དུས་སྐབས་འདིར། གཞིས་ལུས་མི་མང་ལ་ལག་གདེངས་སྦྲེལ་ཐུབ་པའི་འཐབ་རྩོད་དེ་འབྱུང་བར་། སླར་ཡང་ཟམ་གདོང་བླ་མ་ལ་སྐྱབས་འཇུག་ཞུ་དགོས་བ་རེད། རྗེ་གྷན་རྡིའི་རིང་ལུགས་ནི་འགྲོ་བ་མིའི་རིགས་ཀྱི་རིན་ཐང་གི་ཕྱིར་དུ། དཀའ་བ་བརྒྱ་ཕྲག་ལ་འཚེ་མེད་ཞི་བས་གདོང་ལེན་བྱེད་ཐབས་ཁོ་ན་དེ་ཡིན་པའི་ཆ་ནས། བོད་སྤྱི་བའི་བདེན་མཐའ་འདི་འཚེ་མེད་ཞི་བས་སྒོ་ནས་སེལ་རྒྱུ་ཡིན་ན། བདེན་པའི་ཨ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་དགོས་བ་རེད། ནག་ཐར་སྐྱིད་ནས།
རྟ་ཕོར་རྒྱུགས་རྩལ་ཡོད་ན། བྱང་ཐང་སྟོང་པ་སྟོང་རྐྱང་རེད། འོན་ཀྱང་རྟ་ཕོ་མགོ་དཀར་དེས་མི་ལོ་བཅུ་ཧྲིལ་པོ་བྱང་ཐང་ལ་རྒྱུགས་ཚར་བ་རེད་ལ་འགྲོས་དང་བང་རྩལ་མེད་པའི་རྟ་ཕོ་འདིས་བྱང་ཐང་ལ་མི་རྒྱུགས་པར་རྒྱ་ཐང་ལ་མང་བ་རྒྱུགས་བསྡད་པ་རེད། ད་ནི་ན་རྒས་རྫི་རྡིབ་པའི་རྟ་ཕོ་དེ་རྩ་ཆུ་འཛོམས་སར་བཞག་ན་ཡག་གི་མ་རེད་པས།།
གསེར་འབྲུག་མིང་ཅན་ལགས། གནས་ལུགས་ཤོད་འདྲོགས་མ་ལངས། བྱང་ཐང་སྟོང་བ་རེད་བོང་སྐྱ་ལུ་མ་གཏོགས། ཞེ་བསམ་པའི་དྲན་རྒྱུ་མེད་གི
ནག་ཐར་ལགས། མི་ལོ་བཅུ་ཧྲིལ་པོར་འཇོན་ཐང་བཏོན་སར་བཞུགས་བསྡད་པ་རེད། སྐབས་དེ་དུས་བཏོན་རྒྱུ་མེད་ན་ད་སྐྱར་དུ་བཏོན་རྒྱུ་ཡོད་དྲོ་བསམ་བསམ་བློ་ཡུལ་ལ་མེད། ཁྱེད་རང་ལ།
གསེར་འབྲུག་ལགས། མ་རེད། ཟམ་གདོང་བླ་མ་ལ་ མི་ལོ་བཅུའི་རིང་དུ་མཐུན་རྐྱེན་ཡོངས་སུ་འཛོམས་ཡོད་བ་རེད། རྒྱ་ནག་གི་བ་སྤུ་ཞིག་ར་སྒུལ་ཐུབ་མེད་པའི་བསམ་ཚུལ་དེ་འདྲ་ཁྱོད་ལ་རྒྱུན་ལྡན་དུ་འབྱུང་བཞིན་པ་རེད། དེར་བརྟེན་ཟམ་གདོང་བླ་མས་མི་ལོ་བཅུའི་རིང་ལ་ག་རེ་མ་འགྲིག་པ་རེད། འདི་དྲི་བ་རེད། མདོ་གཏུག་ས་རེད། དང་པོ་འདི་ལ་ལན་ཞིག་རྒྱོབ་དང་། ག་ལེར་འབབ་སྟེགས་སྒང་ལ་སླེབས་འགྲོ་ནི་རེད།
གསེར་འབྲུག་ལོག་སྤྱོད་པར། ཁྱོད་ཟམས་གདོང་བླ་མ་ལ་མི་དགའ་བས་སྡུག་སྐད་ཇི་ཙམ་འདོན་རུང་རང་ཉིད་ཀྱིས་རང་མདོག་འམ་རང་གཤིས་སྐྱག་པ་ལྟ་བུ་དྲི་ངན་དེར་ཕྱོགས་ཐམས་ཅད་དུ་ཁྱབས་རོགས་ལས་དེ་མིན་དོན་འབྲས་མེད་ཁར། ཟམས་གདོང་པན་ཆེན་གྱིས་བ་སྤུ་གཅིག་ཡང་གཡོལ་མི་ཐུབ། དེ་ལས་ཁྱོད་རང་ཤི་རྒྱག་ན་ཡག་མིན་འགྲོ །ཧེ་ཧེ་ཧེ་་་་་་་་་་་་་་་་་་ཀུ་རེ་ཡིན་ད་་་་་ཕོ་རྒོད་གསེར་འབྲུག་ཅན་ངོ་མ་བློ་ཁོགདང་འཇོན་ཐང་ཡོད་ན་སྟོན་སར་ཡོད་ནི་རེད་་་་མདུང་བརྩེ་ནང་དུ་བསྐོར་དགོས་ནི་མ་རེད། གོང་དུ་ཁྱོད་ཀྱིས་དྲང་པའི་དཔེར། རྟ་ཕོར་རྒྱུགས་རྩལ་ཡོད་ན། བྱང་ཐང་སྟོང་པ་སྟོང་རྐྱང་རེད་ཟེར་བ་འདི་ཁྱོད་རང་ལ་ཡང་དེ་དེ་བཞིན་སྦྱར་ཆོག་པ་འདུག་་་་་་་་་་་་་་་་་
ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་ཀྱི་དགོངས་གཞི་བཏོན་སོང་།གླིང་ཚ་རྡོ་རྗེ་ཡིས་ལག་ལེན་བསྟར་སོང་མོད།བཙན་བྱོལ་བ་ཚོས་ཡ་མེད་བྱས་སོང་། ད་ང་ཚོས་དཔེ་ངོ་མ་བལྟ་ས་གླིང་ཚ་རྡོ་རྗེ་རེད།ཟམ་གདོང་འགུལ་བསྐྱོད་གཏོང་གི་མ་རེད།ཁོ་ལྡི་ལི་བར་དུ་ཅིག་འགྲོ་གི་ཡིན་ན་ཁོའི་རྗེས་སུ་འགྲོ་མཁན་ཡོད་ཀྱི་རེད།དེ་མིན་ད་ཁེགས་པོ་རེད།
ད་བླ་རྒན་རྡ་སའི་ཤིང་ནག་ནང་གབ་བཅུག་ན་ཡག་ཤོས་རེད་ལོ་བཅུའི་རིང་རྒྱ་བོད་གྲོས་མོལ་ཡོད་རབ། རྒྱལ་སྤྱིས་རྒྱབ་སྐྱོར་ཡོད་རབ། མཛེས་མཛེས་རྐྱང་བཤད་ནས་མཐའ་མ་རྩིས་སྤྲོད་སྐབས་སྲིད་སྐྱོང་མཆོག་ལ་ལས་ཁུངས་རྙིང་བཅོས་བྱེད་རྒྱུ་ལས་གང་ཡང་སྤྲད་མེད། ལོ་བཅུའི་རིང་གང་བྱས་ཡོད་ཆོས་དོན་ལྷན་ཚོགས་ཟེར་བ་དེས་གྲུབ་ཆ་ཚང་མེད་ཙང་ཁོ་པ་དབུག་འགྲོ་རྒྱུ་དཀའ། ཆོས་དོན་ལྷན་ཚོགས་ཟེར་བ་ནི་ཁོ་པས་བཙན་བྱོལ་ཆོས་རྒྱུད་ཕན་ཚུན་བརྡར་བརྡར་བྱེད་རྒྱུའི་ལག་ཆ་ངོ་མ་དེ་དམིགས་འབེན་བྱས་ཡོད། ད་དུང་དགོས་པ་འདུག་གམ་ཆོས་པའི་གཟུགས་ཀྱི་ཆབ་སྲིད་པ་ཚོ་ལ་དགོས་ཀྱི་ཡོད་འགྲོ། དེ་མིན་ད་ལྟའི་སྲིད་སྐྱོང་ལས་ལྷག་པ་ཞིག་དགོས་ཡ་མེད་དོ།
བཙན་བྱོལ་སྤྱི་ཚོགས་ནང་བདེན་པའི་ཨུ་ཚུགས་ལག་བསྟར་བྱེད་ཁུལ་བྱས་བ་རེད། འཁྲབ་སྟོན་འདི་ཟམ་གདོང་བླ་མ་ལ་འབྲེལ་བ་ཡོད་མོད། གཙོ་བོ་བཙན་བྱོལ་བོད་མི་ཚོ་འགུལ་བསྐྱོད་བྱེད་འདོད་མེད་པ། ཟམ་གདོང་བླ་མ་དགོས་བ་ཡོད་མེད་ཁེ་ཕན་ལ་བལྟ་དགོས་བ་རེད། བཙན་བྱོལ་བོད་མི་ཚོ་ཐབས་ལམ་གསར་བ་མེད་པ། འཚེ་མེད་ཞུ་བ་ལབ་ན་རྡ་ལམ་ས་ལ་ནས་སྐྱིད་ཉལ་རྒྱག་རྒྱུའི་དོན་མ་རེད་ལོ།
ཟམ་གདོང་བླ་མས་ལོ་བཅུའི་རིང་དུ་དུས་ཚོད་ཆུད་ཟོས་སུ་གཏོང་བས་མ་ཚད་བོད་དོན་རྒྱབ་སྐྱོར་བྱེད་མཁན་དག་ལའང་རྒྱ་ནག་ དང་ནང་འགྲིག་ཡོང་གི་ཡོད་རབས་བཤད་དེ་ཡོ་རོབ་གཙོས་པའི་བོད་ལ་རོགས་པ་བྱེད་མཁན་རྣམས་ཀྱི་འཆར་གཞི་རྩ་མེད་དུ་ བཏང་། མཐར་ལོ་བཅུའི་དུས་ཚོད་རྫོགས་མཚམས་སུ་བོད་གཞུང་མེད་པ་བྱས་ཏེ་ཝ་རྔ་མ་ཤ་ལེར་བྲོས་སོང་། དེ་རྗེས་ས་ར་མཐོ་ སློབ་ཏུ་གཏམ་བཤད་སྐབས་སུ་ངས་མི་ཚེའི་ནང་དུ་བོད་དོན་ལ་བསམ་བློ་འཁོར་མ་མྱོང་ལ་ལས་ཀ་ཡང་བྱེད་མྱོང་མེད། འོ་ན་ ངས་ལས་ཀ་ཅི་ཞིག་བྱས་པ་ཡིན་ཟེར་ན་དོལ་རྒྱལ་གྱི་ཆུ་མགོ་ཁྲི་བྱང་བླ་མའི་བཀའ་བསྒྲུབས་པ་ཡིན་ཞེས་བཤད་པ་རེད། ད་ ཟམ་གདོང་བླ་རྒན་གྱི་ལས་ཀ་དང་དམིགས་ཡུལ་འཆར་གཞི་དང་གཏམ་བཤད་དག་ཤེས་སོང་ངམ། ད་དུང་དེའི་མ་ཚད་པཎ་ཆེན་ རྫུན་མ་ཟེར་མི་ཆོག བོད་རང་བཙན་ཟེར་མི་ཆོག བོད་ཆོལ་ཁ་གསུམ་ཟེར་མི་ཆོག རྒྱ་ནག་གུང་ཁྲན་ཏང་ཟེར་མི་ཆོག རྒྱ་མའི་མཐོ་རིམ་དཔོན་རིགས་རྒྱལ་ཁབ་གཞན་དུ་བསྐྱོད་སྐབས་ངོ་རྒོལ་བྱེད་མི་ཆོག དེ་བྱས་པ་ཡིན་ན་བོད་དོན་ལ་དོ་ཕོག་འགྲོ་ རབས་བཤད་དེ་མགོ་སྐོར་གྱི་གཏམ་བཤད་སྙན་པོ་རེ་སྤེལ་ནས་ལོ་བཅུ་རྫོགས་པ་རེད་ད་ཤེས་སོང་ངམ།
ནག་ཐར་སྐྱིད་ལགས་ཀྱིས་དྲི་བ་དེ་བཙུན་པ་ཟམ་གདོང་ཚང་ཁྲི་པ་ལས་ཐོག་མི་ལོ་བཅུའི་རིང་ག་རེ་མ་འགྲིགས་པ་རེད། ཞེས་པའི་ལན་དུ། བཙུན་པ་ཁྲི་ཟུར་ཚང་ཁྲི་པ་ལས་ཐོག་མི་ལོ་ཧྲིལ་པོ་བཅུ་དེ་ཆབ་སྲིད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཀྱི་སྟེང་ནས་བཤད་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གློ་སྙིང་བྲང་གསུམ་གཏད་དེས་མགོ་འབུལ་ལུས་འབུལ་དང་ཡོད་ཚད་རྒྱར་བསྟུན་གྱིས་དུས་ཡུན་རྫོགས་པ་རེད་ཟེར་ན་མི་འགྲིགས་པ་གང་ཡང་མེད་པ་རེད། བྱས་ཙང་བཙུན་པ་ཁྲི་ཟུར་ཚང་འདི་ལྷ་ཆོས་རིག་པའི་གཞུང་ལུགས་མཁས་པ་ཡིན་ན་མ་གཏོགས་ཀྲུང་ནན་ཧེའེ་ཡི་ཆབ་སྲིད་མི་ཤེས་ཁོ་ཐག་རེད། རྒྱུ་མཚན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཀྱིལ་འཁོར་ནང་གི་གྲངས་ཉུང་མི་རིགས་ཁག་ལ་མི་རིགས་ས་ཁུལ་རང་སྐྱོང་གི་ཐོབ་ཐང་ཟེར་བ་དེ། ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་མི་རིགས་རྩོད་རྙོག་མེད་པ་བཟོ་ཆེད་ཐོབ་ཐང་ཡོད་མདོག་གིས་མགོ་བསྐོར་གཏོང་ཆེད་ཡིན་པ་རེད། བྱས་ཙང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཀྱིལ་འཁོར་ནང་གི་འབྲས་བུ་རང་སྐྱོང་གི་སྒོ་འཕངས་ཟེར་བ་དེ་ངོ་བོ་རང་བཞིན་ཀྱི་སྟོང་བ་རེད། འོན་ཀྱང་ལམ་དབུ་མའི་སྲིད་སྟེགས་ལ་བཞུགས་པའི་བཙུན་པ་ཁྲི་ཟུར་ཚང་གིས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་ཡིག་ཆ་ཟེར་བ་དེ་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་པ་རེད། རེད་དེ་རང་བཙན་རྣམ་པ་དུ་མར་དབྱེ་བའམ་མིང་འདྲ་མིན་བཏགས་ཏེས་རྒྱུན་འཁྱོངས་དང་མཐའ་འཁྱོངས་སོགས་འགྲུབ་ཏུ་མེད་པའི་ཆ་རྐྱེན་དང་བཅས་སྟོང་ལོག་བཏང་བ་རེད། མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་ཏང་ཀྲུང་དབྱང་སྲིད་གཞུང་གི་ངོ་གདོང་ངོ་མ་གསལ་གསལ་ཐིང་ཐིང་བསྟན་འདུག། འོན་ཀྱང་རེ་སྟོང་དེ་ད་དུང་ཨུ་ཚུགས་རྒྱབས་པ་རེད། འདི་བདེན་པའི་ཨུ་ཚུགས་ཟེར་བ་དེ་ཡིན་རྒྱུ་རེད་པ། མ་གཞི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ཟེར་བ་དེ་རྒྱ་གར་རྒས་པོར་ལད་ཟློས་བྱས་པ་ཞིག་རེད། ཁ་རྒྱུན་ལ་ཡང་། ཨུ་ཚུགས་བརྒྱབས་ན་ཨ་མས་ཉན། བྱས་པ་རེད་འོན་ཀྱང་། རྒྱ་གུང་ཁྲན་དེ་ཨུ་ཚུགས་བརྒྱབ་ནས་ཉན་མཁན་ཞིག་མ་རེད། དེ་གཅིག་ཡིན། དེ་ནས་བཙུན་པ་ཁྲི་ཟུར་ཚང་འདི་ཁྲི་པ་ལས་ཐོག་སྐབས་༢༠༠༨་ལོར་སྔར་བྱུང་མ་མྱོང་བའི་ས་བྱི་ཞི་རྒོལ་ཆེན་མོ་བོད་ཆོལ་ཁ་གསུམ་ལ་ཁྱབ་པ་མ་ཟད་བོད་ཕྱི་ནང་གཉིས་ཀར་ཞི་རྒོལ་གྱི་མེ་ཆེན་པོ་ཞིག་འབར་བ་རེད་ལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡང་ཚ་ཚ་འུར་འུར་བཟོ་ཐུབ་ཡོད་པ་རེད། འོན་ཀྱང་སྐབས་དེ་དུས་ཟམ་གདོང་སྲིད་གཞུང་གིས་ཞི་རྒོལ་ནང་མཉམ་བཞུགས་ཕར་ཟད་འབྲེལ་མོལ་འཁོར་ཡུག་ལ་བསྙད་དེས་འབོད་ཚིག་ཕན་ནས་སྟངས་འཛིན་ནན་པོ་བྱས་ཏེས་ཞི་རྒོལ་གྱི་མེ་ཆེན་པོ་དེ་ཤི་རུ་བཅུགས་པ་རེད། གནད་དོན་འདིའི་ཐད་གནད་དོན་དབྱེ་ཞིབ་པ་མང་པོས་སྐྱར་ཞིབ་བྱ་དགོས་པ་བཤད་པ་རེད་ལ་ཁྲི་གསར་སྲིད་སྐྱོང་ཚང་གིས་ཀྱང་སྐྱར་ཞིབ་བྱ་དགོས་པ་མང་མང་གསུངས་སོང་། ད་དུང་གྲོས་ཚོགས་རྭ་བའི་ནང་རིག་ལམ་བེད་སྤྱད་དེས་རྭ་ཅོ་སྒྱེ་བླུགས་ཀྱི་སྤྱི་མཐུས་རྣམས་མགོ་བོ་ཡོངས་སུ་ཐོམས་འཇུག་གི་ཡོད་པ་རེད། འོན་ཀྱང་ཞལ་ཀྲུང་ནན་ཧེའེ་ཕྱོགས་དུས་པཎ་ཏྲི་ཏ་དང་མཁས་དབང་སོགས་ཀྱི་རྫིག་ཉམས་ཅི་ཡང་ངོམ་རྒྱུ་མི་འདུག་ལ་རིག་ལམ་བཏང་རྒྱུ་མེད་པར་ངག་ལྐུགས་པར་འགྱུར་འདུག། གནས་སྐབས་དེ་ཙམ་ཡིན་ད་དུང་འཛིན་སྐྱོང་ཐད་ཞུ་དགོས་ན་ག་ལེར་ཞུས་ཆོག།
ད་དུང་ལམ་དབུ་མའི་སྲིད་ཁྲི་ལས་ཕེབས་མཁར་མི་ལོ་ཧྲིལ་པོ་བཅུའི་མཛད་རྗེས་ཚང་མ་རྩ་བའི་བླ་མའི་བཀའ་ལས་མ་ཟློག་ཆེད་ཡིན་པ་མ་གཏོགས་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་རྩ་དོན་ལ་དགོངས་པ་བཞེས་པ་ཞིག་མིན་པ་གསལ་པོ་གསུངས་པ་རེད། འདིས་ག་རེ་མཚོན་པ་རེད།
མངའ་རིས་འཕྲིན་ལས་སོགས་ལ། ཟམ་གདོང་བླ་མས་བོད་མི་མང་ལ་མགོ་བསྐོར་བཏང་ནས་ཐེབས་སོང་ན་དེ་ལས་འདེད་བྱེད་ས་མི་འགྲོ་བ་འདྲ་ཞིག་རེད། ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་གླེང་ནས་ལག་ལེན་ལ་མ་ཐེབས་ན། འདི་ཕུ་འདེད་བྱེད་དགོས་བ་ཞིག་རེད། དེར་བརྟེན་ཕྲན་གྱི་མདོར་གཏུག་ས་དེ་ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ་ཞེས་བ་ལྟར་ཡིན། དྲ་གྲོགས་ཚོས་དཔྱད་མཆན་ལ་ཁ་ཕྱོགས་ཞིག་ཁྱོན་ནས་མི་འདུག ཟམ་གདོང་བླ་མས་བཀའ་བཏང་ནས་ཁྱེད་ཅག་གི་སྨྲ་བརྗོད་དང་ལྟ་སྤྱོད་ལ་བཀག་སྡོམ་བྱས་སོང་བ་ཡིན་ན། རང་དབང་ལུང་བ་ནས་དེ་ཙམ་ཀྱང་ཕུ་འདེད་མ་ཐུབ་ཚེ། ཁྱེད་ཅག་གི་བསམ་ཚུལ་དེ་སྨྲེ་ངག་ཁོ་ན་ལས་ཅི་ཡང་མ་རེད།
གསེར་འབྲུག་སྡེར་ལྔ་ལགས་ཡང་བསྐྱར་ཕེབས་ནས་བཀའ་མོལ་ཞིབ་ཕྲ་ཞིག་གནང་འདུག་སྟེ། བོད་མི་མང་གིས་་ཁྱོད་ནང་ལྟར་བསམ་ཕྱོགས་དེ་འདྲ་འཁོར་ཐུབ་ཀྱིན་མེད་པའི་སྣང་ཚུལ་ཞིག སྐུ་ཉིད་ལ་སྐྱེས་ཀྱིན་འདུག་གམ། གནས་རིམ་འདིའི་སྟེང་ནས་བོད་སྤྱི་བའི་རྩ་དོན་ཆེད་དུ་བསམ་ཚུལ་སྣ་མང་འབྱུང་དགོས་བ། བྱུང་ཆོག་པ་ཞིག་རེད། དེར་བརྟེན་སྐུ་ཉིད་བསམ་ཚུལ་ཀྱང་ཆ་ཤས་ཞིག་ལ་བརྩིས་ནས་གུས་བརྩི་ཡོད། གཅིག རྒྱ་ནག་ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་སྙིང་བྲང་གསུམ་གཏད་ནས་ཨུ་ཚུགས་ཀྱིས་མགོ་འབུལ་ལུས་འབུལ་བྱས་བ་རེད་ལབ་སྟངས་ལ་བལྟས་ན། སྒྲོ་འདོགས་མིན་ཚེ། རྒྱུ་མཚན་ཏན་ཏན་ཞིག་བཤད་རྒྱུ་ཡོད་དགོས་བ་རེད། དེར་བརྟེན་ལམ་དབུ་མའི་དགོས་འདུན་ཕན་ཆད་ནས་ཟམ་གདོང་བླ་མས་ཚད་བརྒལ་གྱི་སྐད་ཆ་གང་བཤད་ནས་མགོ་འདོགས་བྱས་བ་རེད། ལམ་དབུ་མའི་དགོས་འདུན་ཁོ་རང་པེ་ཅིན་གཞུང་ལ་མགོ་འདོགས་བྱེད་སྟངས་ཤིག་རེད་ལབ་ན། ཁྱོད་ལ་བསམ་བློ་དེ་འདྲ་འཁོར་ཆོག་གི་རེད་དེ། ཐག་གཅོད་བོད་སྤྱི་དམངས་ཀྱིས་བྱེད་དགོས་བ་རེད། གཉིས་བ། ༢༠༠༨ལོའི་ཞི་རྒོལ་གྱི་དོན་རྐྱེན་དང་འབྲེལ་ཟམ་གདོང་བླ་མས་བོད་མང་ཚོགས་ཀྱི་འཐབ་རྩོད་ལ་སྟངས་འཛིན་བྱས་བ་རེད་ཟེར། ཡུལ་གྱར་ཚོས་ཞི་བའི་གོམ་བགྲོད་མགོ་འབུས་སྟངས་ཀྱི་ཆ་ནས་ཟམ་གདོང་བླ་མའི་བསམ་སྤྱོད་དང་འབྲེལ་བསྡད་པ་ཞིག་རེད། འོན་ཀྱང་འཁྲབ་སྟོན་རང་བཞིན་དུ་གྱུར་བའི་གནས་སྟངས་འོག ཕྲན་གྱི་དོགས་པ་ལྟར་ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ་ཞེས་བ་འདི་ཡིན། གཞེས་ལུས་མི་མང་གི་ལངས་ཕྱོགས་ཐད་ལ་ཤུགས་རྐྱེན་གང་ཐེབས་ཡོད་ཀྱང་། གནས་སྟངས་འདི་མི་ལོ་དུ་མའི་རིང་བྱུང་མ་མྱོང་བའི་འཐབ་རྩོད་ཅིག་བྱས་ཟིན་པའི་ཆ་ནས། འདི་ལ་མི་དགའ་གང་ལ་དགའ། གསུམ་པ། ཟམ་གདོང་བླ་མས་ནུས་མཐུ་གང་བསྐྱེད་ནས་བོད་སྤྱི་འཐུས་ལྷན་ཚོགས་ར་བཟི་བཅུག་བའི་མ་ཟད། དྲན་པ་ཐོར་བཅུག་སོང་རུང་། དེ་སྤྱི་མཐུས་རྣམ་པ་ལྷན་རྒྱས་ཀྱི་བློ་རིག་གྲུང་་མ་ཐུབ་ན་རྐུབ་སྟེགས་རྩིས་སྤྲོད་བྱེད་དགོས་རྒྱུ་རེད་མ་གཏོགས། ལས་ཀ་གཞན་ལྷག་ཡོད་བ་མ་རེད།
གྲོགས་པོ་ཚོ་གཟིགས་དང་། ཆབས་སྲིད་མི་ཤེས་མཁན་གྱིས་ཤེས་མདོག་སྟོན་ནས་བཤད་ན་གསེར་འབྲུག་ལོག་སྤྱོད་པའི་བཤད་པ་ནང་བཞིན་རང་མགོར་རྡོ་བརྡུང་ལས་གང་ཡང་མེད་པ་རེད། དེ་ལས་མ་ཤེས་ན་ཁ་ཁར་བཞུགས་ན་ཡག་ཤོས་རེད། གོང་གསལ་ཁོས་བཤད་པར་གཟིགས་དང་། བོད་ནང་གིས་༢༠༠༨ལོའི་ཞི་རྒོལ་དེ་ཡང་བཙན་བྱོལ་བོད་མིའི་བཀོད་ཇུས་བཟོས་ཡོད་པ་འམ་ཡང་ན་དབང་ཚད་ཆ་ཚང་བཙན་བྱོལ་གཞུང་ལ་ཡོད་པ་ལྟ་བུ་བཤད་མི་འདུག་གམ །ད་དུང་དེའི་གོང་དུ་ཁོས་ཟམ་གདོང་ཚང་གིས་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱ་ཁབ་ལ་་མགོ་འབུལ་ལུས་འབུལ་བཟོས་ཚུལ་ཡང་སྨྱོས་ལབ་བཟོས་འདུག ། རྒྱལ་གཞུང་ལ་མགོ་འབུལ་ལུས་འབུལ་ནི། གྲོས་ཐུན་དོན་མཚན་༡༧་བཞགས་པས་ཉིན་དེར་ནས་བཟོས་ཟིན་པ་རེད། དེ་ལས་ལྷག་པ་ཞིག་གང་ཡང་བཟོ་ཡ་ལྷག་ཡོད་པ་མ་རེད། ད་ནི་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་མངའ་འོག་ནས་ཁེ་ཕེན་བརྩོད་ཡ་ལས་དེ་མིན་ལྟ་གྲུབ་ཁ་ལ་འཁྱེར་ནས་འགན་ཁུར་མེད་སྟོངས་གཏམ་བཤད་པ་དང་། ༧གོང་ས་མཆོག་གིས་འདས་མ་དུས་གསུམ་དུ་ཕྱག་གཡས་པ་ནང་བཞིན་ཡིད་ཆེས་དང་ཐུགས་བརྩིས་གནང་སར་། བྱས་པ་ཅན་གྱི་སྐྱེས་ཆེན་ཟམ་གདོང་པན་ཆེན་ལྟ་བུ་ལ་ལོག་ལྟ་དང་ངན་སྨས་བཟོས་ནས་བསྡད་ན་རང་བཙན་ནམ་མཁའ་ནས་ཟགས་མི་ཡོང་ལ་ས་གཞི་ནས་སྐྱེ་མི་ཡོང་།
རྟ་གཡག་དབར་འབུན་སྲིན་འཚང་ཁ་རྒྱབ་མ་ཡོང་ཨ། ཏང་གི་འབུ་སྲིན་འདི་ཚོ་ངས་སྔ་ས་ས་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་འགྲོ་རོགས་ཞེས་བཤད་ཚར་ཡོད། ཅིའི་ཕྱིར་ང་ཚོ་ལོག་སྤྱོད་ཤོག་ཁག་དང་མཉམ་དུ་ཡུལ་བགྱར་བྱེད་ཀྱི་ཡོད། ཅིའི་ཕྱིར་ཡུལ་བགྱར་སྒྲིག་འཛུགས་དཀྱིལ་དུ་སིམ་གྱིས་འཛུལ་ནས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྡོག་རྫིས་གཏོང་གི་ཡོད། གྲོས་མཐུན་དོན་མཚན་བཅུ་བདུན་ལ་མིང་རྟགས་བཀོད་མཁན་བོད་ས་གནས་སྲིད་གཞུང་གི་མཐུས་མི་ཟེར་བ་མཐོ་རིམ་དཔོན་ངན་ཁ་ཤས་རེད་ལ་ཐོས་པར་མེ་མདའ་བཞག་ནས་འདོད་མོས་རང་བཞིན་དང་རང་མོས་རང་བཞིན་གྱི་སྒོ་ནས་མིང་རྟགས་བཀོད་ཡོད་པ་མ་རེད། ཁོ་ཚོ་བོད་རྒྱ་ཆེའི་མི་དམངས་ཀྱི་ཚབ་མཚོན་མི་ནུས་ལ་བོད་རྒྱ་ཆེའི་མི་དམངས་ཀྱིས་ནམ་ཡང་མོས་མཐུན་མེད་ལ་ནམ་ཡང་ངོས་ལེན་མེད་པ་རེད། དེ་རྗེས་བོད་གཞུང་རི་ལུགས་པ་ཐག་པས་མི་འདུམ་པ་ཆགས་ཚར་དུས་དོན་མཚན་རེ་རེ་བཞིན་ལག་བསྟར་ཡོང་ཐབས་ལ་ངོས་ལེན་མ་བྱེད་མཐུ་མེད་ཆགས་པ་རེད། དེ་རྗེས་ཡུལ་བགྱར་ལ་ཕེབས་ཚར་མཚམས་དོན་མཚན་བཅུ་བདུན་རྩིས་མེད་བཏང་ནས་འཛམ་གླིང་ལ་བསྒྲགས་པ་ཁྱོད་ཀྱིས་མ་གོ་བ་རེད་ཡང་ན་ཁྱོད་འོན་སོང་བ་ཨེ་རེད། དེས་ན་དོན་མཚན་བཅུ་བདུན་བཞགས་ནས་མགོ་ལུས་ཕུལ་མཁན་དེ་བོད་རྒྱ་ཆེའི་མི་དམངས་ཀྱི་མང་མོས་མ་རེད་ལ་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་དབང་འཛིན་ཤོག་ཁག་གི་མཐོ་རིམ་མི་སྣ་ཁ་ཤས་རེད། དེ་ཁྱོད་ཀྱིས་གསལ་པོ་ཤེས་པར་བགྱིས་ཨ། ད་དུང་ཁྱོད་ཀྱིས་མི་ཤེས་པའི་ཤེས་བྱ་མང་པོ་ཡོད་པ་རེད། ཧ་གོ་ཨེ་ཐལ།
དྲ་གྲོགས་ཚོ། ཕྲན་གྱི་བསམ་ཚུལ་འདིའི་གླེང་གཞི་དང་འབྲེལ་ནས་མཆན་འདེབས་རོགས། དེ་མིན་ཉ་ཉོག་གང་དྲུད་ཡོང་ན་རྒྱུ་མཚན་མི་འདུག ཁྱེད་ཅག་ལ་དྲི་བ་ཞིག་འདྲི་ཡི་ཡོད། ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ། ཅེས་བ་འདི་ཡིན།
རེད་རེད་ངས་རྩྭ་མི་ཟ་མཁན་གྱི་རྟ་གཡག་དང་གླང་ལུག་ནང་བཞིན་རྨོངས་རྒན་དང་། ༧གོང་ས་མཆོག་ལ་ཡང་ཇི་མི་སྙམ་པར་ཟུར་ཟའི་མདའ་མོ་འཕེན་མཁན་ལོག་སྤྱོད་པ་དག་ལ་ཟེར་གྱི་ཡོད། ཉོན་ཤིག །རྒྱལ་སྤྱིའིའཁྲིམས་དང་ཡུལ་ལུང་ཆེ་ཆུང་གང་འདྲ་ཞིག་གིས་ཁྲིམས་ཡིན་ཡང་ཕྱོགས་གཉིས་ཀའི་ཡིག་ཐོག་ས་ཡིག་བཀོད་པའི་ཉིན་དེ་ནས་ཁྲིམས་མཐུན་ཆགས་པ་རེད་ལ། དེ་བཞིན་དུ་ངོས་ལེན་མེད་ན་ཕྱོགས་ཀའི་ཁྲིམས་ཐོག་ནས་ཐག་གཅོད་དགོས་པ་ཞིག་ལས། གཅིག་གིས་དེར་གཞི་འཛིན་བཞིན་དུ་གཅིག་གིས་ངས་ནོར་འདུག་ངོས་ལེན་མེད་ཟེར་སྲོལ་མེད་པ་རེད། དེ་གཅིག་བྱེད། གཉིང་པ་གྲོས་མཐུན་དེར་མཚན་རྟགས་བཀོད་མཁན་བོད་གཞུང་གིས་སྐུབ་ཚབས་ཀྱི་ངོ་བོ་དང་དབང་ཚད་ལྡན་མཁན་གྱི་མི་སྣ་ཆེ་ཁག་གིས་བཀོད་པ་རེད་ལ། བཀོད་པ་བཞིན་བོད་གཞུང་ནས་དེར་མོས་མཐུན་ཡོད་པའི་རྒྱབ་གཉེར་ཏར་འཁྲིན་ཡང་བཏང་ཡོད་པ་རེད། མདོར་ན་གྲོས་ཆོད་དེ་ཁྲིམས་ཐོག་ནས་ཁྲིམས་མཐུན་ཆགས་མེད་པར་ཁྱོད་ཀྱིས་ཧམ་བཤད་དེ་ཀྲུང་གོའི་སྲིད་གཞུང་ལ་འགྲོ་གྱི་མ་རེད། ད་དུང་གྲོས་ཆོད་དེར་ཀྲུང་གོའི་སྲིད་གཞུང་གིས་གྲོས་མཐུན་དོན་༡༧ཟུར་རྒྱན་དང་བཅས་པར་མཚན་རྟགས་འགོད་པའི་ཉིན་མོ་འམ་དུས་དྲན་ཡང་ཚོགས་ཀྱིན་ཡོད་པར་དུད་འགྲོ་ཁྱོད་ཀྱིས་མ་ཤེས་པར་མིའི་སྔོན་ནས་ཤེས་མདོག་དང་འཇོན་མདོག །ད་དུང་ཟམ་གདོང་པན་ཆེན་ལས་ཀྱང་ཁྱོད་མཁས་མདོག་སྟོན་པ་ནི་ཏུག་དྲི་ཁ་རོགས་ལས་གང་ཡང་མི་འདུག །དེ་ལས་ཁ་བདག་པོ་རྒྱོབ།།
མི་བྱས་པའི་བོང་བུའི་བཟོ་འདྲ་ཞིག་འདུག། དོན་མཚན་བཅུ་བདུན་ཁྲིམས་མཐུན་ཆགས་ཡོད་ན་ཁྱོད་ཁྲིམས་མཐུན་འོག་ལ་མ་བསྡད་པར་ཡུལ་བགྱར་ལ་སྐྱག་པ་ཟ་ཁར་སླེབས་པ་ཡིན་པས། མ་ཟད་ད་དུང་ཁྱོད་བོད་དང་བོད་མི་རིགས་ཀྱི་ལུས་སྲོག་ལོངས་སྤྱོད་དང་ཁ་རྗེ་དབང་ཐང་དང་བཅས་པ་དམར་གསོད་དང་གཏོར་བཅོམས་ཕྲོགས་གསུམ་མཚོན་པས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བདག་དབང་ཡོང་རྫོགས་བཙན་ཕྲོགས་བྱེད་པའི་བོད་མིའི་ཐོད་པར་མེ་མདའ་བཞག་ནས་རྩིས་ལེན་བྱེད་པའི་ཉིན་མོ་དུས་དྲན་ཚོགས་སར། ཁྱོད་ཀྱི་སྤྱི་བོར་ཏང་དར་དམར་པོ་བཙུགས་ནས་ཚེ་བརྟན་སྒྲོལ་མའི་རྐུབ་གཡོག་ཏུ་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་ཟེར་ནས་ཏང་ལ་བསྟོད་གླུ་བླངས་ནས་མ་བསྡད་པར་ཡུལ་བགྱར་ལ་སྐྱག་པ་ཟ་ཁར་སླེབས་པ་ཡིན་པས། ད་དུང་རྒྱལ་སྤྱིའི་ཁྲིམས་ཡིན་ན་གཅིག། ཧ་ཧ། རྒྱལ་སྤྱིའི་ཁྲིམས་ཁྱོད་ལས་ང་རྒྱུས་མངའ་ཆེ་ཡོད་རྒྱལ་སྤྱིའི་ཁྲིམས་ནང་དམངས་གཙོ་དང་རང་དབང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཨང་དང་པོར་བཞགས་ཡོད་པ་མ་གཏོགས་བཙན་འཕྲོག་དང་གཉའ་གནོན་བཤུ་ཞོག་དམར་གསོད་བཙོན་འཇུག་བརྡུང་བརྡེག་ཚ་ནན་སོགས་མི་ཆོས་ལས་འདས་པའི་སྡུག་བསྔལ་མྱང་དང་མྱོང་དགོས་པ་ཞིག་ཁྲིམས་གང་དུ་མེད་ཡང་མེད་པ་རེད། དེས་ན་ཁྱོད་ཚོ་སྙིང་རྩ་ཆད་ཟིན་པའི་ཤོག་ཁག་དང་སྲིད་དོན་ཚོང་པའི་ཤོག་ཁག། བོད་དང་བོད་མི་རིགས་ཀྱི་གདུང་ཞེན་དང་ལ་རྒྱ་མི་གཤིས་ཡོད་ཚད་བོར་ཟིན་པའི་རྣམ་འགྱུར་ཡ་མ་བརླ་ཅན་དང་འདུ་ཤེས་ཡ་མ་བརླ་ཅན་གྱི་ཤོག་ཁག། ད་དུང་ཀླད་རྙིང་མཁྲེགས་འཛིན་དང་རྙིང་ཞེན་བག་ཁུམས་སོགས་བསམ་བློ་གུ་དོག་པའི་ཤོག་ཁག། ད་དུང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་འགྲོན་ལ་ཡང་ཡང་ཕེབས་མཁན་གྱི་ཤོག་ཁག་དེ་ཚོས་དེ་སྔ་བཙན་བྱོལ་དུ་ཕེབས་མ་ཐག་པའི་རྩིས་མེད་བཏང་ཟིན་པའི་ཤོག་རུལ་དེ་ཡར་བསྒྲུགས་ནས་བོད་དང་བོད་མི་རིགས་ཀྱི་འཐབ་རྩོད་ལ་བཀག་རྡོ་ཆེན་པོ་ཞིག་བཟོས་ཡོད་པ་རེད་ལ། བོད་དོན་རྒྱབ་སྐྱོར་བ་མང་པོ་ཅི་བྱ་གཏོལ་བྲལ་དུ་འགྱུར་བ་མ་ཟད་བོད་དོན་འདི་དཀའ་ངལ་ནས་དཀའ་ངལ་གྱི་གནས་སུ་བསྐྱལ་ཡོད་པ་རེད། ད་ཆ་བོད་དང་བོད་མི་རིགས་ཀྱི་གནད་དོན་འདི་ཀྲུང་ནན་ཧེའེ་ཡི་ཅི་འདོད་བྱེད་རྒྱུ་བཟོས་ཟིན་པ་རེད་ལ་ཡོད་ཚད་སློང་མོ་རྒྱགས་རྒྱུ་མ་གཏོགས་ཅང་ལྷག་ཡོད་པ་མ་རེད། དེས་ན་ཁྲིམས་འགལ་གྱི་བྱ་སྤྱོད་འོག་ན་མེད་པའི་བློ་ཡུལ་ལ་མི་གཤོང་བ་འདི་ཁྲིམས་མཐུན་ཡིན་ན་དོན་དངོས་ཀྱི་ཁྲིམས་མཐུན་ཞིག་གང་ན་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་གི་མི་ཐ་ཤལ་འདི་འདྲས་འདི་འདྲ་ལབ་ཡོང་དུས་ལ་མོ་ཕར་ནང་གི་འདྲེ་སྲིན་གདུག་པ་ཅན་དེ་ཚོ་དགའ་བའི་བྲོ་འཁྲབས་སྐྱིད་པའི་གླུ་བླངས་བྱེད་རྒྱུ་ནི་སྨྲོས་ཅི་དགོས།
་་་་་་ བོད་མིའི་ཐོད་པར་མེ་མདའ་བཞག་ནས་རྩིས་ལེན་བྱེད་པའི་ཉིན་མོ་དུས་དྲན་ཚོགས་སར། ཁྱོད་ཀྱི་སྤྱི་བོར་ཏང་དར་དམར་པོ་བཙུགས་ནས་ཚེ་བརྟན་སྒྲོལ་མའི་རྐུབ་གཡོག་ཏུ་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་ཟེར་ནས་ཏང་ལ་བསྟོད་གླུ་བླངས་ནས་མ་བསྡད་པར་ཡུལ་བགྱར་ལ་སྐྱག་པ་ཟ་ཁར་སླེབས་པ་ཡིན་པས། ་་་་་ཟེར།
ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་ཡིནཔས་ཅི་ལ་ཕན། ཟམ་གདོང་རིན་པོ་འདྲ་བའི་བོད་རིགས་བརྒྱ་ཙམ་ཡོད་ན། དེ་ནས་གཞི་ནས་བདེན་པའི་ཨུ་ཚུགས་སྐོར་ཤོད་ཆོག་པ་ལ་དེ་མེད་པས་་་་་་་་་་་་་་
གྲོགས་པོ་ཕྱག་རྡོར་ཅན། བསམ་བློ་ཐོངས་ནས་སྐད་ཆ་ཤོད་ལོ། ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་ཀྱིན་ཡོད་མེད། ང་ཐེ་ཚོམ་སྐྱེས་ནས་བསྡད་ཡོད། དེར་བརྟེན་ཁ་གསལ་བོ་བྱས་ནས་དྲི་བ་འདྲི་བཞིན་ཡོད། གལ་སྲིད་ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་ཡིན་དབང་དུ་བཏང་ན། བོད་སྤྱི་བའི་རྩ་དོན་འདིའི་བདེན་མཐའ་སེལ་རྒྱུ་ཐེ་ཚོམ་ཡོད་བ་མ་རེད། དེ་ན་ཟམ་གདོང་བླ་མའི་མི་ལོ་བཅུའི་ནང་ལྟ་བ་། སྤྱོད་པ། ལས་འགུལ་གང་ཅིའི་ཐད་ནས་ཟམ་གདོང་བླ་མར་མཐུན་རྐྱེན་འཛོམས་པོ་བྱུང་བ་རེད། ཅིའི་ཕྱིར་དུ་ལག་ལེན་འཁེལ་མ་ཐུབ་རེད། འདི་མདོ་འདེད་ས་རེད། དྲི་བ་ཡོང་ས་རེད། རྗེ་གྷན་རྡིའི་རང་ལུགས་འདི་མངོན་འགྱུར་ཐུབ་པར་བོད་མི་མང་གི་རམ་འདེགས་མེད་པ་དེ་འདྲ་མ་རེད། གཙོ་བོ་ལྷག་ས་དེ་བོད་ཀྱི་དབུ་ཁྲིད་ལྷན་རྒྱས་ཚོས་ཁ་ཆེར་གདངས་ནས་གཏམ་བཤད་པ་མ་གཏོགས། ལག་ལེན་སྟེང་ཀླད་གོར་རང་རེད། བྱས་ཙང་དབུ་ཁྲིད་ལྷན་རྒྱས་ཀྱི་གཏམ་བཤད་ན་དོགས་པ་ཇེ་ཆེ་ཡིད་ཆེས་ཉུང་དུ་འགྲོ་བཞིན་པ་རེད། མ་རེད་དམ།
ཨ་སྒོར་དུང་ཤུར་མང་པོ་དེ་རང་བཙན་ཚོགས་པ་ལ་སྤྲོད་ན་བོད་འདི་གདན་ཐབས་སེལ་ཐུབ་་་་་་་་་དེ་མིན་རྡ་ས་སྒྲིགས་འཛུགས་ལ་རི་བ་གང་ཡང་མེད་་་་་་་་ཚང་མའི་རང་དོན་ཁོ་ན་ལ་རོ་པས་་་་་ཙ
ནག་ཐར་ལགས། ད་དུང་མ་རྩོམ་གྱི་ཁ་བྱང་སྟེང་གི་ཡི་གེ་ཀ་ལཱིའི་སྡེ་མཚན་མཐའ་མར་ཨ་ལཱི་གཉིས་པ་ཆད་འདུག་པས་དེ་བཟོ་བཅོས་གནང་དགོས་མེད་དྲོ། ཀློག་མི་བདེ་བ་འདྲ་ཞིག་འདུག།
ཆད་འདུག གློག་འཕྲིན་ཡིག་སྒམ་ནང་བཟོ་བཅོས་བྱེད་ཐབས་བྱུང་མ་སོང་། དེར་བརྟེན་རྩོམ་སྒྲིག་པ་ལ་སྔོན་བརྡ་ཞིག་བཏང་ཡོད། གང་ལྟར་ནུས་བ་ཐོན་མ་སོང་།
བཙུན་པ་ཟམ་གདོང་བླ་མས་བདེན་པའིི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་ཀྱི་རེད་པས་ཞེས་པའི་དྲི་བ་འདིར་ལན་མདོར་བསྡུས་ཞིག་ཞུ་ན། སྤྱིར་སྟངས་ལྟ་གྲུབ་ཁོ་རང་ལ་རྨ་མེད་ཀྱང་ལག་བསྟར་རང་བཞིན་གྱི་ངོས་ནས་དཀའ་ངལ་དང་ནུས་པ་འདོན་ཐུབ་ཀྱི་མེད་པ་རེད། བྱས་ཙང་ངས་མཆན་དང་པོའི་ནང་དོན་བསྡུས་ཞིག་བཤད་ཡོད། འོན་ཀྱང་སྐུ་ཉིད་ཀྱིས་ལྡོག་ཕྱོགས་ཀྱི་གོ་བ་བླངས་ཡོད་པ་འདྲ། ཞིབ་ཙམ་ཞུས་ན་བཙུན་པ་ཟམ་གདོང་བླ་མ་རང་ཉིད་ལ་མཚོན་ན་གཞོན་ནུ་སྐབས་ནས་རིམ་པར་སྐུ་མདོག་འགྱུར་ནས་རང་བཙན་ནས་བདེན་པའི་ཨུ་ཚུགས་ལ་ས་ལམ་འཕོས་པ་རེད་ལ། ལག་བསྟར་གྱི་ཆ་ནས་ལམ་དབུ་མའི་སྒང་ལ་ཕྱིན་པ་རེད་ལ་པེ་ཅིང་དང་རྡ་ས་གཉིས་བར་ཕར་འགྲོ་ཚུར་འོང་གི་བརྒྱུད་རིམ་ནང་འབྲས་བུ་གོར་ཐིག་ཡིན་པའི་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གཏམ་བརྗོད་ཟློས་གར་ལ་གསན་གཟིགས་ལན་དགུ་གནང་རྒྱུ་བྱུང་བ་རེད། མ་གཞི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་དེ་རྒྱ་གར་རྒས་པོ་གྷན་དྷི་ཇི་མཆོག་གིས་གསར་གཏོད་རང་བཞིན་ལྡན་པའི་ལྟ་གྲུབ་གཅིག་རེད། གྷན་དྷི་རང་གིས་ལག་བསྟར་རང་བཞིན་ལྡན་པ་མཛད་ཡོད་པ་དཔེར་ན། ཆབ་སྲིད་ཀྱི་འཚོར་ཤུགས་ལྡན་པའི་གཞུང་ལམ་དང་གསུམ་མདོ་ཁག་གལ་གནད་ཅན་གྱི་ལས་ཁུངས་ཁག་སོགས་སུ་སྐུ་དངོས་སུ་ཕེབས་ནས་ངོ་རྒོལ་འཐབ་རྩོད་ཀྱིས་མི་་དམངས་ཀྱི་སྣེ་འཁྲིད་གནང་བ་རེད། རྒྱུ་མཚན་དེས་མི་དམངས་རང་བཞིན་གྱིས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་ལ་ཁ་ཞེ་གཉིས་མེད་ཀྱིས་བདེན་པའི་དབུ་ཚུགས་ཀྱི་འཐབ་རྩོད་གཅིག་རེད། བཙོན་ཁང་དུ་ཡང་ཡུན་རིང་བཞུགས་ནས་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནང་བ་རེད་ལ་དབང་འཛིན་པས་མགྲམ་ལྕགས་གཞུས་ན་ཡང་ཐུགས་རྗེ་ཆེ་ཟེར་གྱི་ཡོད་པ་རེད་ལ་མགྲམ་པ་གཞན་དེ་གཟེད་ནུས་པའི་སྙིང་སྟོབས་ལྡན་ཡོད་པ་རེད། མ་ཟད་འབར་མའི་དམངས་གཙོའི་འཐབ་རྩོད་པ་ལྕམ་ཨང་སཱན་སུའུ་ལ་ཆ་མཚོན་ན་དེ་དེ་བཞིན་ཨིང་ལཎ་ཌི་ནས་ཆེད་མངགས་འབར་མར་ཕར་ལོག་ནས་ཆབ་སྲིད་ཀྱི་འཚོར་ཤུགས་ལྡན་པའི་གཞུང་ལམ་ཁག་ཏུ་ཐོན་ནས་མི་དམངས་ཀྱི་སྣེ་འཁྲིད་གནང་གི་ཡོད་པ་རེད་ལ། ལོ་མང་བཙོན་དུ་བཞུགས་ནས་བདེན་པའི་འཐབ་རྩོད་གནང་བ་རེད། འོན་ཀྱང་བཙུན་པ་ཟམ་གདོང་ལགས་ཀྱིས་ད་བར་མི་དམངས་ཀྱི་སྣེ་འཁྲིད་ནས་གཞུང་ལམ་ཁག་ཏུ་ཐོན་པའི་ལམ་ལུགས་དེ་མེད་པ་རེད། དུས་ཚོད་རྐྱེན་པས་འདིར་འཚམས་འཇོག་བྱེད་ཀྱི་ཡིན་ད་དུང་མུ་མཐུད་ནས་ཡིན་ད།
བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་ཡིན་ཚེ། གང་ཟག་དེ་ལྟ་གྲུབ་དབྱེ་མེད་ཀྱི་ལག་ལེན་རང་སྟེང་ནས་མཚོན་ཐུབ་པ་དགོས་ཀྱི་འདུག དེར་བརྟེན་ཟམ་གདོང་བླ་མ་ཡིན་ནའང་འདྲ་འཚེ་མེད་ཞི་བའི་ལངས་ཕྱོགས་བཟུང་མཁན་སུ་ཡིན་རུང་། ལག་ལེན་རང་སྟེང་ནས་མ་གཏོགས་འཚེ་མེད་ཞི་བའི་འཐབ་རྩོད་མཁན་ཞིག་ཡིན་དང་མིན། དགེ་ཕན་ཅི་ཡོད་སོགས་ཕྱོགས་གང་ཐད་ནས་མཚོན་རྟགས་ཞིག་མི་འདུག རྒྱུ་མཚན་འདི་ལ་བརྟེན་ཟམ་གདོང་བླ་མའི་ཉིན་ལྟར་རྒྱང་བསྒྲགས་བྱེད་ཀྱིན་པའི་རྗེ་གྷན་རྡིའི་རིང་ལུགས་དེ། མང་མང་གི་མདུན་ནས་ཅི་ལྟར་འབྲེལ་བརྗོད་སྙིང་རྗེ་རྒྱབ་རུང་། གེ་སེར་སྒྲུང་བཤད་པ་ནང་བཞིན་དོན་གྱི་སྟོང་བ་ཞིག་རེད་བསམ་པའི་ཐོག ཐེ་ཚོམ་འདི་སྐྱེས་ནས་དག་སེལ་ཞིག་དགོས་བ་རེད་བསམ་པ་དྲན་བྱུང་། དེ་གཅིག་ཡིན། ཟམ་གདོང་བླ་མའི་ལྟ་གྲུབ་རྙིང་བ་གླེང་ནས་རེ་བ་གསར་བ་བྱེད་དོན་ཡང་། མདོར་གཏུགས་ན་ལག་ལེན་ཐེབས་དགོས་བ་རེད་ཞེས་བའི་དོན་ཡིན། རྒྱུ་མཚན་ལས་སླ་བོ་རེད། ལམ་དབུ་མའི་འཐབ་རྩོད་ཀྱི་ཆ་ནས་བདེན་པའི་ཨུ་ཚུགས་ལྟ་གྲུབ་དབྱེ་མེད་ཀྱི་ལངས་ཕྱོགས་ཞིག་མ་གཏོགས། འཚེ་མེད་ཞི་བའི་ འཐབ་རྩོད་ཡན་གར་བ་ཞིག་འབྱུང་ས་ཁོ་རང་ཡོད་བ་མ་རེད། རྒྱུ་རྐྱེན་འདི་རིགས་ལ་བརྟེན་ནས་བོད་མང་ཚོགས་ཀྱིས་རང་ཉིད་ཀྱི་དབུ་ཁྲིད་ལ་བློ་འདུན་བཅོལ་སྟངས་གསལ་བོ་བཟོ་དགོས་བ་རེད་ལ། དེ་ག་ནང་བཞིན་ཡུལ་གྱར་བའི་གནས་སྟངས་ཁྲོད་ཀྱི་དབུ་ཁྲིད་ཚོའི་ལག་ལེན་ཐོག་གི་བྱེད་རྩོལ་བལྟས་ནས་་གུས་བརྩི་ཞུ་དགོས་བའི་གོ་རྟོགས་སེལ་དགོས་བ་རེད། མདོ་དོན་སྐུ་ཉིད་་༼ལྕམ་ཨང་སཱན་སུའུ་ལ་ཆ་མཚོན་ན་དེ་དེ་བཞིན་ཨིང་ལཎ་ཌི་ནས་ཆེད་མངགས་འབར་མར་ཕར་ལོག་ནས་ཆབ་སྲིད་ཀྱི་འཚོར་ཤུགས་ལྡན་པའི་གཞུང་ལམ་ཁག་ཏུ་ཐོན་ནས་མི་དམངས་ཀྱི་སྣེ་འཁྲིད་གནང་གི་ཡོད་པ་རེད་༽བསམ་པ་ནང་བཞིན་རེད། བྱང་ཐང་སྟོང་བ་བསམ་ན། རྟ་རྒན་ཀྱོལ་ལུ་རྩ་ཆུ་འཛོམས་ནས་ག་རེ་བྱས་ནས་འཇོག་དགོས་བ་རེད། འགུལ་བསྐྱོད་མ་ཐུབ་ན་ཐབས་ཤེས་མ་རྙེད་བ་རེད། སྐབས་སུ་འདི་ཙམ་གྱིས།
ཟམ་གདོང་རིན་པོ་ཆེའི་ལྟ་བ་འགའ་ཤས་ལ་འདོད་པ་མེད་ལ་ཁས་ལེན་ཡང་བྱེད་མི་ཐུབ། དཔེར་ན། ཁོང་བཀའ་བློན་ཡིན་སྐབས་གཞུང་གི་དཔལ་འབྱོར་ཚོང་གཉེར་སྒེར་ལ་བཙོང་བ་དང་། དེ་བཞིན་ཁོར་ཡུག་བཟང་པོ་སྐྲུན་དགོས་ཅེས་རྒྱ་ནག་ལ་བསྟུན་གང་ཐུབ་དང་བོད་མིའི་མངོན་འདོད་སྦས་གང་ཐུབ་སོགས་ཡིན། འོན་ཀྱང་། གཟུ་བོར་བསྡད་ནས་བལྟས་ན། བདེན་པའི་ཨུ་ཚུགས་དེ་ཁོང་ལ་ཁག་མེད། ཁོང་བདེན་པའི་ཨུ་ཚུགས་ལས་འགུལ་སྤེལ་བའི་སྐབས་ལ། གོང་ས་མཆོག་གིས་གཟིམ་ཆུང་ལ་འབོད་ནས། སྤྱི་འཐུས་ཀྱི་ཚོགས་གཙོ་ཕེབས་དགོས་པའི་བཀའ་དང་། དེ་བཞིན་སྔོན་མ་ཁྲི་བྱང་རིན་པོ་ཆེའི་བཀའ་སློབ་དྲན་སྐུལ་གྱིས་གོང་ས་མཆོག་གི་བཀའ་སྲུང་ལ་ཅི་སྒྲུབ་ཞུ་དགོས་པ་འདིའི་ཁོང་གི་རྩ་བའི་བླ་མ་ཁྲི་བྱང་རིན་པོ་ཆེའི་བཀའ་སློབ་ཡིན་སྟབས། ད་ནས་རྒྱལ་དབང་གི་བཀའ་སློབ་ལ་བརྩི་བཀུར་གྱིས་གཞུང་ལ་ཞབས་སྤྱི་སྒྲུབ་དགོས་པའི་བཀའ་ཕེབས་སྟབས། ཟམ་གདོང་རིན་པོ་ཆེའི་སྒེར་གྱི་འདོད་པ་དང་མངོན་འདོད་ཡོངས་སུ་བསྐྱུར་ནས་འདས་པའི་ལོ་ཉི་ཤུ་ལྷག་རྡ་རམ་ས་ལར་ཞུགས་ནས་རྒྱལ་དབང་རིན་པོ་ཆེའི་དགོངས་པ་བསྒྲུབས་ཡོད། རྒྱལ་དབང་མཆོག་གིས་དེ་སྐོར་རག་ཙམ་རྒྱལ་དབང་ཀརྨ་པར་གསུངས་པ་དེ་རྒྱལ་དབང་ཀརྨ་པ་མཆོག་གིས་གསུངས་བཤད་ནང་ལ་འཁོད་འདུག ང་ཚོ་བོད་པ་ཚོས་ཐུབ་ན་གང་ཐུབ་ཀྱིས་ཐུབ་ཚོད། མ་ཐུབ་ན་རྒྱང་ནས་མཆི་མ་བཏབ་པ་ལྟར། གཙོ་བོ་དེ་རྒྱལ་བ་རིན་པོ་ཆེ་ལ་མ་འདོད་པའི་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མིང་ནས་འབོད་མ་ནུས་སྟབས། ཟམ་གདོང་རིན་པོ་ཆེའི་མིང་ནས་འབོད་ནས་གཙོ་བོ་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་མཁན་འདུག། གོང་གི་རྩོམ་པ་པོ་ནགས་ཐར་སྐྱིད་འདིའི་ནང་ལ་ཚུད་མེད། དེར་བརྟེན། རྗེས་མ་ཟམ་གདོང་རིན་པོ་ཆེ་དང་འབྲེལ་བ་ཡོད་པའི་རྩོམ་དང་མཆན་ཀློག་སྐབས་ཕྱོགས་གཞན་ནས་བསམ་བློ་གཏོང་གིན་གཏོང་གིན་ཀློག་ན་ཕན་པ་འདུག་གོ།
ཤྭ་བ་མི་བསྐོར་རི་བསྐོར་ཟེར་་སྲོལ་བཞིན། དཔྱད་གཞིར་ཡིན་མདོག་ཀྱིས་རྩོམ་ཉོག་དང་། དེར་དཔྱད་བརྗོད་ཡིན་ཁུལ་གྱི་དཀྲུགས་ཤིང་གི་མདའ་མོའི་སོ་ཁ་ནང་དུ་ཕྱོགས་པ་ནི་ཁྲེལ་མེད་གཡོ་ཁུག་ལ་གོམ་པའི་དྲ་བའི་འབུ་སྲིན་དག་གིས་བྱེད་ཕྱོགས་བླ་ན་མེད་པ་ཞིག་རེད། སྤྱིར་ཡངས་ཆ་ནས་འགྲོ་སྟངས་དང་མཐུན་པ་བཤད་ན། སྐྱེ་བོ་གཞན་ཞིག་གིས་དགེ་སྐྱོན་གླེང་བ་ལ་རང་ཉིད་གླེང་ཡུལ་དེ་ལས་ཤེས་འཇོན་དང་། བྱས་རྗེས། བཟང་སྤྱོད། གཞན་གྱི་ཡིད་ཆེས་དང་། རེ་ལྟོས་སོགས་ཕྱོགས་གང་ཐད་ནས་གནས་ཚད་མཐོ་བ་ཞིག་དགོས་ངེས་ཀྱང་། ཡིང་ཡང་དེ་དག་ལ་འགན་ཁུར་མེད་པའི་དྲ་བའི་འབུ་སྲིན་དག་ནི་སྨ་བརྗོད་རང་དབང་ལ་རློམས་ཏེ་རང་ངོར་གཡག་འགྲོ་བ་མི་མཐོང་། གཞན་ངོར་ཤིག་འགྲོ་བ་མཐོང་ཞེས་པ་ལྟར། རང་ངོ་རང་གིས་མ་ཤེས་པར་རང་ཉིད་ལས་དཔག་ཚད་འབུམ་ཕྲག་དུ་མའི་མདུན་སྐྱོད་ཅན་གྱི་སྐྱེས་བུའི་དགེ་སྐྱོན་གླེང་ཁུར་བཟོ་བ་ནི་དཔྱོད་ལྡན་རྒན་པོ་ཐུགས་སེམས་ཁྲེལ་རོགས་ལས་གང་ཡང་མེད་པ་རེད། དེ་ནི་སྤྱིར་བཤད་ཙམ་ཡིན། ཞོར་འཕྲོས་གཞན་ཞིག་ནི། དྲ་འབུ་ལོག་སྤྱོད་པ་གསེར་འབྲུག་མིང་ཅན་འམ་རྩྭ་མི་ཟ་མཁན་གྱི་དུད་འགྲོ་འདིའི་ང་ཡིས་མཆན་བུར་ཁ་ལོ་བསྒྱུར་ཐབས་སུ་དམིགས་ནས་འབྲེལ་མེད་དོན་གཞན་གྱི་ཡིག་ཉོག་མང་པོ་ཞིག་བྲིས་འདུག་པར་དེ་དག་གིས་ནང་དོན་ཡང་། མགོ་ག་རེ་བྱས་སོང་དྲིས་དུས་་་རྐུབ་ཁྱིས་སོ་བཏབ་སོང་ཟེར་བ་ལྟ་བུ་ལས་གཞན་གང་ཡང་མི་འདུག་པས་རེ་རེ་བཞིན་ལེན་གྱི་ངལ་བ་འབད་པ་དོན་མེད་དུ་འདུག་པས་རེ་ཞིག་བཏང་སྙོམས་སུ་བཞག་ན་དངོས་སྡིག་ཆུང་བ་སེམས་སོ། ཧེ་ཧེ་་་་་་་་་ད་དུང་རྒྱལ་སྤྱིའི་ཁྲིམས་ལུགས་ཡིན་ན་ཞིག་ཤེས་ཀྱི་ཡོད་ཟེར་བ་དང་། འཚེ་མེད་ཞི་བདེའི་དེད་དཔོན་བདག་ཉིད་ཆེན་པོ་གྷན་དྷི་ལ་ཡང་ཡིད་མ་རངས་བས་ཚིག་ངན་བེད་སྤྱོད་སྟངས་འདིར་ལྷར་ཡང་ཁྲེལ་རྒོད་ཞིག་ཤོར་སོང་། དེ་ཙམ་ལས་རེ་ཞིག་སྐྱག་ཁ་མངོག་མི་འདོད། །
༣༢༽ ཟུར་གནས་ནས། ང་ཚོ་བོད་པ་ཚོས་ཐུབ་ན་གང་ཐུབ་ཀྱིས་ཐུབ་ཚོད། མ་ཐུབ་ན་རྒྱང་ནས་མཆི་མ་བཏབ་པ་ལྟར། གཙོ་བོ་དེ་རྒྱལ་བ་རིན་པོ་ཆེ་ལ་མ་འདོད་པའི་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མིང་ནས་འབོད་མ་ནུས་སྟབས། ཟམ་གདོང་རིན་པོ་ཆེའི་མིང་ནས་འབོད་ནས་གཙོ་བོ་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་མཁན་འདུག། གོང་གི་རྩོམ་པ་པོ་ནགས་ཐར་སྐྱིད་འདིའི་ནང་ལ་ཚུད་མེད། དེར་བརྟེན། རྗེས་མ་ཟམ་གདོང་རིན་པོ་ཆེ་དང་འབྲེལ་བ་ཡོད་པའི་རྩོམ་དང་མཆན་ཀློག་སྐབས་ཕྱོགས་གཞན་ནས་བསམ་བློ་གཏོང་གིན་གཏོང་གིན་ཀློག་ན་ཕན་པ་འདུག་གོ། འདི་བདེན་པ་བཤད་འདུག་་་་་་་་་་་་་
ཟམ་གདོང་རིན་པོ་ཆེ་བཀའ་དྲིན་ད་ལྟ་ནས་མ་བརྗེད་ཅིག དྲ་འབུབསོད་དེ་སྐམ་པོ་ཚོ། དེ་བཞིན་སྲིད་སྐྱོང་བློ་སེང་ལགས་ལ་ཁ་གཏོང་མཁན་ཚོ་ལ་ཡང་དྭོགས་ཅིག་མི་སྐྱེ་རང་སྐཡེ་རང་ཆགས་བགྱིད་འདུག་གོ །ཁ་རིན་པོ་ཆེ། ལུས་སྡོད་དུ་ཆུགས། ཁ་དཔེ་འདི་གོ་མྱོང་ཡོད་དམ། ལྟ་ཀློག་ཚོ།
ཀརྡོ་གཉེར་ཕྱག་པ་གཙོ་གྱུར་བའི་དྲ་གྲོགས་ཚོ། རིན་པོ་ཆེ་ནི་རིན་པོ་ཆེ་རང་ལ་ངོས་བཟུང་ནས་བོད་མི་མང་གི་བདེ་སྡུག་སླར་ཡང་ཞུ་འདོད་པ་ལ་རྒྱུ་རྐྱེན་འདི་དག་ཚང་ཡོད། ཟམ་གདོང་བླ་མ་རྣམ་དཔྱོད་དང་ལྡན་པ། ཟམ་གདོང་བླ་མ་ལྟ་གྲུབ་ཡོད་བསྡད་པ། ཟམ་གདོང་བླ་མ་སྤྱི་ཚོགས་ནང་མཐོང་ཡོད་པ། ཟམ་གདོང་བླ་མས་ཤུགས་རྐྱེན་ཐེབས་ཐུབ་པ་བཅས་དགེ་ཕན་གང་མང་ལ་བསམ་གཞིགས་བྱས་ཡོད། དེ་ན་་་ཟམ་གདོང་བླ་མས་བོད་མང་ཚོགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་རྒྱུ་ཡིན་དང་མིན། ཟམ་གདོང་བླ་མས་རང་ཉིད་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་རྒྱུ་རེད་དང་མ་རེད། ཟམ་གདོང་བླ་མས་རང་ཉིད་ཀྱི་རྩ་བའི་བླ་མའི་བཀའ་སྒྲུབ་ཁུལ་གྱིས་བོད་སྤྱི་བའི་རྩ་དོན་མཐའ་ལ་དེད་ན་འོས་ཤིང་མཚམས་པ་ཞིག་རེད་མ་རེད། དྲི་བ་འདི་ལྟར་རླུང་འཚུབས་བཞིན་ལྡང་ནས་ཡོང་ཀྱིན་འདུག དེར་བརྟེན་བོད་མང་ཚོགས་ཤི་མ་གསོན་གྱི་ཚད་ལ་བཞག་ནས་དབུ་ཁྲིད་ཀྱི་བྱེད་ལས་འདི་དག་ཡིད་དུ་རུང་བ་ཞིག་རེད་དམ། ཕྲན་གྱི་བསམ་ཚུལ་འདིའི་ཕུ་གཏུག་ས། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁྲོད་ཡུལ་གྱར་བོད་མི་ཚོ་ལས་མེད་རང་ཆགས་ནས་ཅི་བྱ་གཏོད་མེད་ཀྱི་སྣང་ཚུལ་དེ་སྐྱེས་ཀྱིན་པ་འདི་བཞིན། རང་ཤེད་མི་མི་ལྕོགས་ན་གོང་རིམ་ནས་གོང་རིམ་ལ་སྐྱབས་འཇུག་ཞུ་རྒྱུ་འབངས་མི་སེར་གྱི་འོས་འགན་རེད། དེར་བརྟེན་ཟམ་གདོང་བླ་མའི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་དེ་བོད་གཞེས་བྱེས་གཉིས་ལག་གདེངས་སྦྲེལ་བྱེད་ཡོད་ལ་མེད་ལ་དེ་རེད། ཐབས་ལམ་འདི་ལས་ང་ཚོས་བློ་གཏོད་བྱེད་འོས་ལམ་ཁ་ཞིག་ད་སྔ་མ་བྱུང་ལ། སླད་ཀྱང་འབྱུང་མི་སྲིད། ད་ག་རེ་བྱད་རྒྱུ་ཡིན་ནམ། ཟམ་གདོང་བླ་མ་གསོལ་བ་བཏབ་ནས་སྐྱབས་འཇུག་རེ་ཞུས་བ་ཙམ་གྱིས་ཁྱེད་ཅག་གི་སྙིང་ན་དགོས་དོན་འདུག་གམ། ཁྱེད་ཅག་གི་དོན་དངོས་ཐོག་ག་རེ་ལབ་ཀྱིན་ཡོད། ག་རེ་བསམ་ཀྱིན་ཡོད། ག་རེ་སྒྲུབ་ཀྱིན་ཡོད། ཟམ་གདོང་བླ་མ་ཕུ་ལ་བཞག་ནས་ཐེའུ་རང་སྒོ་ཁར་ཡོང་ནས་སྐད་ཆ་མ་བཤད། གཞེས་ལུས་མི་མང་གི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ཡིན་ན། ཟམ་གདོང་བླ་མ་ལ་སྐྱབས་འཇུག་བྱས། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་པ་གྱིས། འདི་སློབ་གསོ་ཡིན་ལ་རེ་བ་ཡང་ཡིན། ཟམ་གདོང་བླ་མ་བོད་ཀྱི་ལོ་རྒྱུས་སྟེང་ཁ་བཤད་གཉིས་མེད་ཀྱི་མི་སྣ་ཡིད་སྟོན་རུང་བ་ཞིག་བྱེད་དགོས་ཚེ། རང་ཉིད་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་རྒྱུ་དེ་གྲུབ་ཆ་གཙོ་བོ་རེད། དེ་མ་གཏོགས་གླིང་ཚ་ཚེ་རྡོར་གྱི་རྐང་བ་བཞག་སར་ཟམ་གདོང་བླ་མའི་ལག་པ་བསྙོབ་མ་ཐུབ་པ་རེད། ད་ཡ་མཚར་བ་གང་ཡང་རེད་མི་འདུག་ག གནས་ལུགས་ཡོད་ན་ཤོད། ཡི་གེ་འབྲི་ཀློག་ལ་ཁྱེད་ཅག་དཀའ་ངལ་གང་ཡང་མེད་པ་འདྲ། མ་རེད་དམ།
་་་་་ དེ་མ་གཏོགས་གླིང་ཚ་ཚེ་རྡོར་གྱི་རྐང་བ་བཞག་སར་ཟམ་གདོང་བླ་མའི་ལག་པ་བསྙོབ་མ་ཐུབ་པ་རེད། ད་ཡ་མཚར་བ་གང་ཡང་རེད་མི་འདུག་ག ་་་་་ཟེར།
ཟུར་གནས་མ་རེད་ཕྱོགས་ལྷུངས་རེད། ཏང་ཡོན་གཡས་ཕྱོགས་གཡོན་ཕྱོགས་པ། ཤར་ཕྱོགས་ཁུག་རྟའི་ཆོ་སྤྲུལ་དང་། ཟམ་གདོང་བླ་མའི་སྒོ་ཁྱི་རེད། འཇམ་གཅེས་མ་རེད་ཏང་གཅེས་རེད། ཏང་གི་གསོས་ཕྲུག་སྐྱག་ཟན་པ། དམངས་གཙོ་ཕྲོགས་པའི་གཤེད་མ་དང་། སྨྲ་བརྗོད་འགོག་པའི་སྟ་རེ་རེད། ཏང་དར་དམར་པོ་མགོ་ལ་བཙུགས། བཙན་བྱོལ་སྤྱི་ཚོགས་དཀྲུགས་གཏེ་རེད། དགེ་ལུགས་བླར་རྒན་རྨོངས་ཞེན་ཅན། ཆོས་ལུགས་མཐུན་སྒྲིལ་དཀྲུགས་གཏེ་རེད། ཐོས་རྒྱ་མཐོང་རྒྱ་བྱ་རྐུབ་ཙམ། དཔྱོད་ཤེས་རིག་པ་རྐུབ་ནང་གཏད། ཁ་ཡག་གོང་མར་སྤྲེལ་ལད་འཁྲབ། དམངས་ལ་དུག་སྦྲུལ་ལྕེ་གཉིས་མ། དམངས་གཙོའི་ཁེ་ཕན་བཙན་ཕྲོགས་བྱེད། བསམ་བརྗོད་རང་དབང་བསྡུ་རྩིས་བྱེད། དེ་འདྲའི་འདོད་ཐོག་རྟ་རྒྱུགས་རྒྱུགས། ཁྱོད་ཚོར་དགོས་ཀྱང་ཡོང་མདོག་མེད། རྨི་ལམ་སྐྱིད་པོ་མ་གཏོང་ལོ། ཧ་ཧ་ཧ་ཧ་ཧ་ཧ། མི་འདི་ཚོ་ཏང་ལ་བློ་དཀར་གཞུང་དྲང་ཅན་ཞིག་རེད་ལ་མཉམ་རུབ་ཀྱི་འདུ་ཤེས་ཡ་མ་བརླ་ཞིག་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེ་ཁ་རྩེར་འཁྱེར་ནས་ཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྡོག་རྫིས་གཏོང་གིན་གཏོང་གིན་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་བསྒྲུབ་ཀྱིན་པ་ངས་སྔ་ས་ནས་ཤེས་ཡོད། རྒྱུ་མཚན་༧རྒྱལ་བ་རིན་པོ་ཆེར་མི་དད་མཁན་ཧ་ལམ་མེད་ཙང་ཁོང་གི་མཚན་འདིར་བཙན་གྱིས་དྲུད་ནས་མཆན་གྱི་ཁ་ཕྱོགས་བསྒྱུར་གང་ཐུབ་ཀྱིས་དྲ་མཆན་པ་ཡོངས་རྫོགས་ཁ་ལོ་བསྒྱུར་ཐུབ་རྒྱུའི་རེ་ངན་བཅངས་ནས་ཏང་གི་ལས་དོན་བསྒྲུབ་ཀྱི་ཡོད་པ་རེད། དེ་་ི་གཞན་གང་ཡང་མིན་པ་གུང་ཁྲན་ཏང་གི་དྲ་འབུ་ཞིག་གིས་བྱ་སྤྱོད་ངོ་མ་དེ་རེད། དེས་ན་༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་གྲེས་ཡོལ་ཆ་ཚང་ཕེབས་ཟིན་པ་རེད་ལ་བཙུན་པ་ཟམ་གདོང་ཚང་ཡང་ལམ་དབུ་མའི་སྲིད་སྟེགས་ནས་བཞུད་ནས་རྒྱུན་རིང་ཕྱིན་ཚར་བ་རེད། འོན་ཀྱང་ནག་ཐར་སྐྱིད་ལགས་ཀྱིས་ཟམ་གདོང་བླ་མའི་ལྟ་གྲུབ་རྙིང་པ་དེར་་བློ་གདེང་འཁེལ་བ་ཞིག་དང་ཡིད་ཆེས་འཕེར་བ་ཞིག་ཡིན་མིན་གྱི་གླེང་སློངས་འདི་བྱུང་ཙང་། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་དབང་ཚད་ཆ་ཙང་ཡོད་པའི་ཆ་ནས་དང་རང་དབང་དང་དམངས་གཙོ་ཆ་ཚང་ལྡན་པའི་ལུང་པར་གནས་སྡོད་བྱེད་པའི་ཆ་མང་པོ་ཞིག་གིས་ངོས་ནས་སྨྲ་བརྗོད་དང་བསམ་བརྗོད་ཀྱི་ཐོབ་ཐང་ཆ་ཚང་ལྡན་པའི་སྒོ་ནས་གཅིག་གླེང་བ་འདིར། ༧རྒྱལ་བ་རིན་པོ་ཆེ་མཚན་ནས་འབོད་མི་ནུས་པར་ཟམ་གདོང་བླ་མའི་མིང་ནས་སྨྲོས་ཏེས་༧རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་དང་ཟུར་ཟ་རེད་ཟེར་བ་དེ་འོལ་ཚོད་དང་ཧམ་བཤད་ཀྱི་སྐད་ཆ་ཞིག་ལས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་མ་རེད། དེས་ན་ཁྱོད་ཀྱིས་ངའི་མཆན་རེ་རེ་བཞིན་མཛུབ་མོ་བཙུགས་ནས་༧རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་དང་ཟུར་ཟ་གང་དུ་བཤད་འདུག་བསྟོན་དང་། ངས་རེ་རེ་བཞིན་འགྲེལ་བཤད་ཁྱོད་ཀྱི་རྣ་འོན་རབས་བར་བརྒྱབ་ཆོག། བྱས་ཙང་མི་འདི་ཚོས་བོད་ཀྱི་རྩ་དོན་ལ་མི་རེ་ངོ་རེས་འགན་འཁུར་མེད་པར་༧རྒྱལ་བ་རིན་པོ་ཆེ་ག་དུས་ཡིན་ཡང་ཁྱོད་ཚོས་འཕྱིས་རས་ལ་བསྒྱུར་ནས་ཆབ་སྲིད་སྡིང་ཆའི་མདུན་གྲལ་དུ་ཕུད་ཡོང་བ་རེད། དེས་ཀྲུང་ནན་ཧེའེ་ནས་རྒྱུན་ཆད་མེད་པར་མཚན་སྨོད་ཞུ་གཞི་བཟོས་པ་རེད་ལ་བོད་ནང་སྐུ་པར་ཡང་བཤམས་མི་ཆོག་པའི་སྲིད་ཇུས་ཡང་བསྐྱར་འགོ་བཙུགས་གཞི་ཆགས་ཡོད་པ་རེད། མ་ཟད་ཆབ་སྲིད་གྲེས་ཡོལ་ལ་ཕེབས་དོན་ཡང་འདི་དང་འགྲེལ་བ་རྟིང་ཟབ་ཡོད་པ་རེད་ཁོང་གིས་ནམ་རྒྱུན་(ང་མེད་པ་ནང་བཞིན་བགྱིས་ཤོག་ཨ)ཞེས་པའི་བཀའ་སློབ་ཟབ་མོ་དེར་དང་ལེན་དང་བརྩི་བསྲུང་འགན་འཁུར་མེད་པའི་རང་རྟགས་ཕྱི་རོལ་དུ་མངོན་སོང་བ་རེད་དོ།
རེད་ཡ་་་་་ཟམ་གདོང་བླ་མ་ལ་སློབ་སྟོན་ཕུལ་ཐུབ་པས་ཤེས་འཇོན་དང་རྣམ་དཔྱོད་ལྡན་ཚེ་ཡིན་གཅིག་ཟམ་གདོམ་བླ་མར་ཁྲལ་འདེབས་དགོས་དོན་གང་ཡང་མི་འདུག ། སོ་སོ་མདུན་དུ་དོན་ནས་ཟམ་གདོང་ལ་སློབ་སྟོན་ཕུལ་བ་ཇི་བཞིན་བྱོས་དང་། གླིང་ཚ་ཚེ་རྡོར་གྱི་རྐང་བ་བཞག་སར་ཟམ་གདོང་བླ་མའི་ལག་པ་བསྙོབ་མ་ཐུབ་པ་རེད་ཟེར་བ་འདི་གང་ཡིན་ནམ། ཟམ་གདོན་བླ་མའི་བོད་དོན་ལས་འགུལ་ཆེད་དུ་བལ་ཡུལ་བར་དུ་གོམ་བགྲོད་མ་བྱས་པ་རེད་ཟེར་གྱིན་ནམ། ཡིན་ན་མི་ལོ་༦༠་ལྷག་ཙམ་རིང་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་འཛེམས་མེད་དུ་སྐྱོན་གནང་མཁན་༧གོང་ས་ཡིད་བཞིན་ནོར་བུའི་གཙོས་བྱས་བཙན་བྱོལ་དུ་ཡོད་པས་བྱས་པ་ཅན་གྱི་མི་སྣ་ཡངས་རྫོགས་ཚེ་རྡོའི་རྐང་བ་བཞག་སར་ཁོང་ཚོས་ལག་པ་བཞག་མ་ཐུབ་པ་ངོས་འཛིན་དགོས་པས། ཡིན་གཅིག་ཟམ་གདོང་བླ་མ་དམིགས་སུ་བཀར་དགོས་དོན་གང་ཡིན་ནམ། མདོར་ན་གོང་གསལ་མཆན་༣༢༽ པའི་ནང་དུ་ཟུར་གནས་ནས། ང་ཚོ་བོད་པ་ཚོས་ཐུབ་ན་གང་ཐུབ་ཀྱིས་ཐུབ་ཚོད། མ་ཐུབ་ན་རྒྱང་ནས་མཆི་མ་བཏབ་པ་ལྟར། གཙོ་བོ་དེ་རྒྱལ་བ་རིན་པོ་ཆེ་ལ་མ་འདོད་པའི་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མིང་ནས་འབོད་མ་ནུས་སྟབས། ཟམ་གདོང་རིན་པོ་ཆེའི་མིང་ནས་འབོད་ནས་གཙོ་བོ་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་མཁན་འདུག་ཟེར་བ་འདི་དོན་དངོས་གནས་མི་འདུག་གམ། །
དྲ་གྲོགས་འཇམ་གཅེས་ལགས། ཟམ་གདོང་མ་གླེང་ཡོང་དུས་ཁྱོས་མི་འདོད་ས། མི་བདེ་ས། མི་སྐྱིད་ས་གང་རེད། ད་གཞི་ནས་རང་མདོག་སྟོན་ཡོང་གིན་འདུག་ག རྒྱུ་མཚན་འདི་ལ་བརྟེན་ནས་ཕྱོགས་སུ་མ་ལྷུང་ཞེས་བའི་སྐད་ཆ་འདི་ཡོང་ཀྱིན་པ་རེད། ཟམ་གདོང་བླ་མར་ཁྲལ་བཞག་བའི་སྐད་ཆ་དེ་ཤ་ལ་གཞུས་ན་རུས་ལ་གནོད་ཀྱིན་ཡོད་པའི་རྟགས་རེད། འདི་སྤྱི་བའི་རྩ་དོན་སྟེང་གི་འགག་རྐྱེན་གཙོ་བོ་གཅིག་རེད། ཟམ་གདོང་བླ་མ་ལ་སྐྱབས་འཇུག་ཞུ་དགོས་བ་རེད་ལབ་པ་ཙམ་གྱིས་སེམས་ན་ཡོང་དུས། གཞི་ནས་ཐེའི་རང་སྒོ་ཁར་ཡོང་ནས་སོ་ལྟ་བྱེད་ཀྱིན་པ་འདི་གསལ་བོ་རེད། དེར་བརྟེན་བརྡ་འདི་ཟམ་གདོང་བླ་མ་ལ་འཕྲོད་ཐབས་བྱས། སྤྱི་ལོ༢༠༠༨ནང་བོད་གཞིས་ལུས་མི་མང་གི་བདེན་པའི་ཨུ་ཚུགས་ལྟ་གྲུབ་གཞིར་བྱས་ནས་འཚེ་མེད་ཞི་བའི་འཐབ་རྩོད་རང་ལག་བསྟར་བྱས་བ་རེད། ཡུལ་གྱར་བོད་མི་ཚོས་ཞི་བའི་གོམ་བགྲོད་ཀྱི་མགོ་འབུས་ས་དེ་ཡང་ཟམ་གདོང་བླ་མ་ལགས་ཀྱི་བསམ་སྤྱོད་དང་འབྲེལ་བསྡད་ཡོད་པ་ཞིག་ཡིན་ན། ག་རེ་བྱས་ནས་འཁྲབ་སྟོན་འདིའི་མཇུག་སྐྱེལ་མ་ཐུབ་པ་རེད། རྒྱུ་མཚན་ཤོད། བོད་མི་མང་གིས་རམ་འདེགས་མ་ཐུབ་པ་རེད་དམ། ཡང་ན་ཟམ་གདོང་བླ་མས་རྒྱུན་ལྡན་དུ་གླེང་བཞིན་པའི་གེ་སེར་སྒྲུང་ནང་བཞིན་རྫོགས་རྒྱུ་མེད་པ། རྗེ་གྷན་རྡའི་རང་ལུགས་ལ་བློ་གདེང་འཁེལ་མ་ཐུབ་པ་རེད་དམ། ཡང་མིན་ན་ལམ་དབུ་མའི་སྲིད་ཁྲི་སྟེང་བདེན་པའི་ཨུ་ཚུགས་ལག་བསྟར་བྱེད་དབང་མེད་སོང་བ་རེད། གང་ལྟར་ཕྲན་གྱི་ཡིད་ཆེས་སླེབས་ས་དེ་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་འདི་གོང་ན་མེད་པ། སྲིད་ན་དཀོན་པའི་བོད་ཀྱི་བདེན་སེལ་བྱེད་ཁོ་ན་ཡིན། རྒྱུ་མཚན་འདི་འདྲ་བརྟེན་ནས་རང་ཤེད་ཀྱིས་མི་ལྕོགས་རུང་ཟམ་གདོང་བླ་མ་ལ་སྐྱབས་འཇུག་ཞུ་བཞིན་ཡོད། འདི་ལ་ནོར་འཁྲུལ་ཞིག་འདུག་གམ། ཟམ་གདོང་བླ་མ་བོད་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཐུབ་མཁན་རེད། དེར་བརྟེན་གདམས་ཀ་འདི་ཟམ་གདོང་བླ་མ་ལ་འོས་ཞིང་འཚམས་པ་ཞིག་ཡིན། སྤྱིར་བཤད་ན་བོད་མང་ཚོགས་ཀྱིས་རེ་བ་བྱེད་ས་དེ་སུ་ཡིན་རྩད་གཅོད་ཐུབ་ཀྱིན་མེད་པ་རེད་མ་གཏོགས། བོད་ཀྱི་འཚེ་མེད་ཞི་བ་འི་ལངས་ཕྱོགས་བཟུང་མཁན་ཚོའི་ཁྲོད་ན་ཟམ་གདོང་བླ་མ་ལས་ལྷག་པའི་གང་ཟག་ཞིག་རྙེད་ཐབས་མེད་པའི་ཚོར་བ་དེ་བདག་ལ་སྐྱེས་བཞིན་ཡོད། བྱས་ཙང་འཇམ་གཅེས་ཡིན་ན་འདྲ། དེ་མིན་སུ་ཡིན་རུང་བོད་སྤྱི་བའི་རྩ་དོན་ཆེད་དུ་ཟམ་གདོང་བླ་མ་ལ་སྐྱབས་འཇུག་ཞུ་དགོས་བ་རེད། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་འདི་གཞིར་བཞག་ནས་གཞེས་ལུས་མི་མང་ལ་ལག་གདེངས་སྦྲེལ་ཐབས་ཀྱི་འཐབ་རྩོད་དེ་འབྱུང་དགོས་བ་རེད། དེ་མིན་བྱ་ཐབས་གཞན་ཡོད་བ་མ་རེད། བར་འདི་ནས་བོད་ཀྱི་གསར་འགོད་པ་ཚོས་རང་ཉིད་ཕོགས་གཟན་ཁོ་ན་ཞིག་མི་བྱེད་པའི་ཆེད་དུ་ཟམ་གདོང་བླ་མའི་འདོད་བློ་ངོ་མ་བཙལ་ནས་རྙེད་ཐབས་བྱེད་དགོས་བ་རེད། ཟམ་གདོང་བླ་མ་སྒེར་ངོས་ན་ཐབས་ཤེས་ཡོད་ལབ་བཞིན་པ་རེད། རང་ཉིད་གསར་འགོད་པ་ཞིག་ཡིན་པའི་དོན་གོ་ཆོད་དགོས་བ་རེད། སྐབས་སུ་འདི་ཙམ་གྱིས། མི་སྐྱིད་ས། མི་བདེ་ས། མི་འདོད་ས་ཡོད་ན་དྲི་བ་ཕྲིས་ཁུ་སུམ་མེར་མ་འདུག་རོགས།
ཕུང་རྒན་ཁྱོད་རང་ཉོན་ཤིག །ཁྱོད་ཀྱིས་དུས་རྟག་ཏུ་སྡུག་སྐད་འདོན་ཡ་གཙོ་བོ་ཞིག་ནི་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་སྤྲོད་ཟིན་པའི་དབུ་མའི་ལམ་གྱི་འགྲེལ་བརྗོད་དེ་རེད། ཡིག་ཆ་དེའི་ནང་དོན་ཆ་ལག་ཡོངས་སུ་རྗོགས་པ་༧གོང་ས་མཆོག་གི་དགོངས་གཞི་དང་ཡོངས་སུ་མཐུན་གྱི་ཡོད་པ་མ་ཟད། སྐབས་དེའི་དུས་སུ་ཕུང་རྒན་ཁྱོད་ཚོའི་གྲས་དཀྲུགས་གཏེ་མི་ཉུང་བ་ཞིག་གིས་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་འུར་ཤོད་བྱས་རྐྱེན་༧གོང་ས་མཆོག་གིས་ཐུགས་ཕམས་དང་བཅས་ཏེ་གྲོས་ཚོགས་སུ་གསུངས་འཕྲིན་བསྩལ་དགོས་བྱུང་བ་མ་ཡིན་ནམ། མདོར་བསྡུས་ནས་བཤད་ན། པཎ་ཆེན་ཟམ་གདོང་མཆོག་སྤྲུལ་རིན་པོ་ཆེ་ནི༧གོང་ས་མཆོག་གིས་ཡིད་ཆེས་གནང་སའི་མི་སྣ་གལ་ཆེན་ཞིག་ཡིན་པ་འདིར་བསམ་ཚེ་ཁོང་གིས་ལྷག་བསམ་དང་། མཁྱེན་སྤྱོད། འཇོན་ཐང་། ལྟ་གྲུབ་སོགས་གཞན་དྲིང་འཇོག་མི་དགོས་པའི་མཁས་པའི་དབང་པོ་ཞིག་ཡིན་པར་སྒྲུབ་བྱེད་དང་རིག་ལམ་མི་དགོས་པ་ལས་སླ་པོས་ཐོག་ནས་ཤེས་ཐུབ་ངེས་རེད། བྱས་ཙང་། ཁོང་ལ་ངན་སྨས་དང་ལྐུར་འདེབས་གང་བྱས་ན་དོན་གྱི་༧གོང་ས་མཆོག་ལ་བཟོ་གྱི་ཡོད་པ་ཡང་ཤེས་དགོས། དེ་མིན་རེ་རེ་བཞིན་འདི་ཡིན་འཛུབ་མོ་བཙུགས་འདོད་གང་ཡང་མི་འདུག །ལུག་ནང་བཞིན་བླུན་རྒན་ཞིག་མིན་ན་བསམས་བློ་ནང་དུ་ཕྱོགས་ཤིག ། ད་དུང་ཆེས་ཉེན་ཚབ་ཆེའི་ལྐུར་འདེབས་ཞིག་ནི། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་དོན་ཡང་ཁོང་སེམས་ཤུགས་ཆགས་པ་དང་བློ་ཕམ་བྱུང་བ་ཡིན་པར་བསྒྲུབས་གང་ཐུབ་བཟོ་མཁན་འདི་ཁྱོད་མ་ཡིན་ནམ། མགོན་པོ་གང་ཉིད་ཀྱིས་བགྲེས་ཡོལ་ཕེབས་དགོས་དོན་དེ་ལྟར་མིན་བསྐོར་དང་། བོད་མིའི་མང་གཙོ་སྲ་བརྟན་ཆེད་དུ་ཡིན་ཚུལ་ཡང་ཡང་གསུངས་པ་དེ་དག་ཁྱོད་ཀྱིས་མ་གོ་བ་མགོ་དོང་ནང་དུ་བཅུགས་ནས་བསྡད་པ་ཡིན་ནམ། ཕེ་ཕེ་ཕེ་་་་་ད་ཁྱོད་དེ་ཡིན་་་་་་
འཇམ་གཅེས་ཁྱོད་ནོར་བ་རེད། ངས་སྡུག་སྐད་འདོན་ས་དེ་དེ་མ་རེད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་ཡིག་ཆ་གྲོས་ཚོགས་ལ་བསྟན་ན་འདྲ་མ་བསྟན་ན་འདྲ། དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་ན་འདྲ་མ་སྤྲད་ན་འདྲ་ཚང་མའི་མིག་མདུན་དུ་གསལ་ཐང་ཐང་གི་འབྲས་བུ་གོར་ཐིག་དེ་རེད་ལ་མ་ཟད། ཀྲུང་ནན་ཧེའེ་ནས་མིང་སྙན་པོ་ཞིག་བཏགས་ལྗིད་ཏིག་ཏིག་གི་ཆ་རྐྱེན་དང་བཅས་ཕྱིར་ལོག་བཏང་ཟིན་པའི་འདས་སོང་ཞིག་ལ་ངས་ང་ཅིའི་ཕྱིར་སྡུག་སྐད་རྒྱགས་དགོས་པ་རེད། བྱས་ང་ངས་སྡུག་སྐད་རྒྱག་ས་དེ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་བསམ་བརྗོད་རདང་དབང་གི་གླེང་སློང་ཞིག་བྱུང་ན་སྟེང་གི་ལྷ་ལ་གནོད་རབས་དང་འོག་གི་ཀླུ་ལ་གནོད་རབས། བར་གྱི་བཙན་ལ་གནོད་རབས་སོགས་ཀྱི་སྒྲོ་འདོགས་དང་འོལ་ཚོད་ཧམ་བཤད་ཀྱིས་སྨྲ་བརྗོད་འགོག་ཐབས་བྱེད་པའི་ལམ་ལུགས་ངན་པ་ལ་ངས་སྡུག་སྐད་རྒྱག་གི་ཡོད་པ་རེད་ལ་ངོ་རྒོལ་མཐའ་གཙིག་ཏུ་བྱེད་ཀྱི་ཡོད་པ་རེད། དེ་ལྟ་བས་ན་ནག་མཐར་སྐྱིད་ལགས་ཀྱིས་འབྱུང་འགྱུར་བོད་ཀྱི་རྩ་དོན་ལ་ཁ་ཕྱོགས་པའི་རང་བཞིན་ཅན་གྱི་གླེང་གཞི་འདི་དོན་ཐོག་ལ་གྲོ་གླེང་མི་འགྲོ་བར་ཁ་ཕྱོགས་གཞན་དུ་འགྲོ་བ་དེ་ཁྱོད་ཚོས་དམིགས་སུ་བཀར་ནས་བཟོས་པ་རེད། འོ་ན་ཁྱོད་ལ་སྐད་ཆ་ཞིག་འདྲི། བཙུན་པ་ཟམ་གདོང་དེ་འདྲའི་པཎ་ཆེན་དང་རྣམ་དཔྱོད་ཅན། ལྷག་བསམ་ཅན། འཇོན་ཐང་ཅན་ལྟ་གྲུབ་ཅན་དེ་ཆ་རྐྱེེན་ཡོངས་སུ་འཛོམས་པའི་མི་ལོ་ཧྲིལ་པོ་བཅུའི་རིང་ག་རེ་གནང་བསྡད་པ་རེད། བོད་ཀྱི་རྩ་དོན་ནི་ཙི་ཙིའི་རྔ་མ་བཞིན་བོམ་ས་ནས་ཕྲ་རུ་ཕྲ་རུ་ཕྱིན་པ་རེད། བྱས་ཙང་ངས་། རྟ་ཕོར་རྒྱུགས་རྩལ་ཡོད་ན་བྱང་ཐང་སྟོང་པར་ལུས་འདུག། བང་རྩལ་མེད་པའི་རྟ་ཕོ་དེ་བྱང་ཐང་ལ་མ་རྒྱུགས་པར་རྒྱ་ཐང་རྒྱུགས་བསྡད་པ་རེད་ཞེས་བཤད་ཡོད། ད་ནས་བཟུངས་ཁྱོད་དང་ཁ་བརྡ་མི་བྱེད།
དབྱིན་མ་བོད། tama ང་བྱིས་པ་ལོ་བརྒྱད་ཀྱིས་ཁྱོད་མཁར་བ་ལ་བརྟེན་བསྡད་པའི་ན་རྒས་རྫི་རྡིབ་བརྒྱད་བཅུ་ཕྲང་ལས་རྒལ་ཟིན་པའི་རྨོངས་རྒན་དང་ཁ་བརྡ་མི་བྱེད།
ནག་ཐར་ལགས། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་དེ་ལག་བསྟར་རང་བཞིན་གྱི་དོན་འཁྱོལ་ཡོང་བར་བྱེད་དགོས་པ་དེ་ང་གཉིས་བསམ་ཕྱོགས་གཅིག་པ་རེད། འོན་ཀྱང་ངས་ཁྲི་ཟུར་ཚང་གིས་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་པ་དང་ཡིད་ཆེས་འཕེར་བར་ང་ལ་ཡིད་ཆེས་དེ་མེད། རྒྱུ་མཚན་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལགས་བསྟར་རང་བཞིན་དང་དོན་འཁྱོལ་རང་བཞིན་ལྡན་པ་བྱེད་རྒྱུའི་དབང་ཚད་ཆ་ཚང་ལྡན་པའི་མི་ལོ་བཅུའི་གནས་སྐབས་ལག་བསྟར་དང་དོན་འཁྱོལ་མེད་ན། ད་ཆ་དབང་ཚད་དེ་བསྐྱར་གསོ་ཡོང་བར་སྤྱི་ཚོགས་དང་མི་རབས་ཀྱི་ལྟ་ཚུལ་གནས་དུས་སོགས་གང་ལ་བལྟས་ན་ཡང་དཀའ་ཚོད་རེད། འོན་ཀྱང་བདེན་པའི་དབུ་ཚུགས་ཀྱི་ལྟ་གྲུབ་ལག་ལེན་དོན་འཁྱོལ་ཡོང་བ་དང་མི་དམངས་སྣེ་འཁྲིད་པར་འབོད་སྐུལ་ཞུས་ན་འགྲིགས་པ་རེད་ལ་ཞུ་དགོས་ངེས་ཀྱང་རེད། རེད་དེ་ལག་བསྟར་དང་དོན་འཁྱོལ་ཡོང་དང་མ་ཡོང་། བློ་གདེང་འཁེལ་མི་འཁེལ་ཟེར་བ་དེ་ཟམ་གདོང་བླ་མ་རང་ཉིད་ལ་རག་ལུས་པ་མ་གཏོགས་སུ་གཅིག་ལ་ཡང་རག་ལུས་མེད་པ་རེད། དེ་ལས་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་བཙུན་པ་ཟམ་གདོང་ཚང་ད་ལྟའི་ཁྲི་གསར་སྲིད་སྐྱོང་ཚང་གི་སློབ་སྟོན་པ་ཆགས་ཡོད་པ་རེད་ལ་ཁྲི་གསར་ཁྲི་ལ་མ་ཕེབས་གོང་སློབ་དཔོན་དུ་བརྟེན་རྒྱུ་ཡིན་ཚུལ་མང་མང་གསུངས་སོང་། བྱས་ཙང་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལག་བསྟར་དང་དོན་འཁྱོལ་ཡོང་བར་བྱེད་རྒྱུར་ཁྲི་གསར་སྲིད་སྐྱོང་ཚང་ལ་སློབ་སྟོན་གནང་ཆོག་པ་རེད་ལ་དབང་ཚད་ཀྱང་ལྡན་ངེས་པ་རེད། སློབ་དཔོན་དུ་བརྟེན་ཚར་བས་ཕྱིར། དེ་ལྟ་བས་ན་འདི་ན་བལྟ་རྒྱུ་གཅིག་ཡོད་པ་རེད།
འཇམ་གཅེས་ཀྱིས་ད་དུང་༧གོང་ས་མཆོག་དང་ཟམ་གདོང་བླ་མ་གཞི་གཅིག་ལ་བཞག་འདུག་ན་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ་ངོས་ལེན་ནམ་ཡང་མེད། ༧གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་དགོས་དོན་བོད་མི་རིགས་དམངས་གཙོ་བསྲ་བརྟན་ཡོང་ཆེད་དང་བོད་མི་རིགས་རང་རང་སོ་སོའི་རྐང་པའི་སྒང་ལ་ལང་ཐུབ་ཐབས་ཡིན་པ་ཡང་ཡང་གསུངས་བ་ཁྱོོད་ཀྱིས་གོ་ཡོད་ན་རྒྱབ་འགལ་ལས་ཀ་ཅིའི་ཕྱིར་བྱེད་ཀྱི་ཡོད། ཅིའི་ཕྱིར་བཀའ་འགལ་གྱིས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྡོག་རྫིས་གཏོང་གི་ཡོད། འདིའི་མིང་ལ་རང་སྐྱག་རང་གིས་ཟས་ཟེར་གྱི་ཡོོད་པ་རེད།
གོ་བ་མེད་པའི་བོང་རྒན་ཁྱོད་སྒོ་ལྔའི་ཤེས་པ་མ་ཉམས་པ་འམ་རང་བཞིན་དུ་གནས་ཚེ། བེད་ལོག་མ་བསྐྱོད་པར་གནས་ལུགས་ལ་བློ་ཁ་ཕྱོགས་གང་ཐུབ་བྱོས་ཤིག །བདེན་པའི་ཨུ་ཚུག་ཀྱི་ལས་འགུལ་སྤེལ་དགོས་ན་ཁྱོད་ཀྱིས་སྤེལ་དང་ཐོབ་ཐང་དང་། འགན་དབང་། ཆ་རྐྱེན་ཡོངས་སུ་རྫོགས་པ་འཛོམས་ཡོད་པ་རེད། ཡིན་གཅིག་ཟམ་གདོང་རིན་པོ་ཆེ་ལ་ཁྲལ་བཀལ་དགོས་དོན་གང་ཡང་མེད་པ་རེད། ད་དུང་བདེ་ཞུ་ཁུལ་བཟོས་ནས་ཟམ་གདོང་བླ་མའི་མཚན་གནས་ལ་མི་བཟོད་པའི་བྱ་སྤྱོད་སྤེལ་བ་ནི་བསམ་མེད་འམ་ནར་མ་སོན་པའི་བྱིས་པ་ཐལ་ཤལ་ཞིག་གིས་ངང་ཚུལ་ལས་མ་འདས། ད་དུང་༧གོང་ས་མཆོག་དང་ཟམ་གདོང་བླ་མ་གཞི་གཅིག་ལ་བཞག་འདུག་ན་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ་ངོས་ལེན་ནམ་ཡང་མེད་ཟེར། རེད་ཁྱོད་ལ་ཁག་མེད་སྙིང་རླུང་འཕར་ཡོད་ངེས་རེད། ཡིན་ཡང་ཐབས་ཤེས་ཡོད་པ་མ་རེད། ཁོང་རྣམ་གཉིང་གཞི་གཅིག་ལ་བཞག་མཁན་ནི་གཟུར་གནས་རྣམ་དཔྱོད་ལྡན་པས་འཛོམ་གླིང་འདིའི་མཁས་མང་པོ་ཞིག་གིས་དེ་ལྟར་ངོས་འཛིན་གྱི་ཡོད་པ་དེ་ངས་བསྐྱར་བཤད་བྱས་པ་ཙམ་ཡིན། ད་དུང་ཁྱོད་ཀྱིས་སྨྱོས་བཤད་གཞན་ཞིག་ནི། ངས་སྨྲ་བརྗོད་རང་དབང་ལ་རྡོག་རྫིས་གཏོང་གི་འདུག་ཟེར། ཧ་ཧ་ཧ་་་་་་་ཁྱོད་ཀྱིས་ལོག་བཤད་ལ་དགག་བྱ་བྱས་པ་དེར་ཟེར་གྱི་ཡོད་དམ། ཡང་ན་ཁྱོད་ཀྱིས་སྨ་བརྗོད་རང་དབང་ཞེས་པ་དེ་ནི་བྱ་ཨ་བུ་ནེ་ཙོ་ཡིས་མ་ནི་འདོན་པ་ལྟ་བུ་ལས་གོ་དོན་མ་རྟོགས་པ་འདྲ། དེ་ཡིན་ན་ཁྱོད་ལ་ཁག་མེད། ཤ་ཚ། སྙིང་རྗེ། མ་ཤེས་ན་མི་ལ་དྲིས། ད་དུང་སྲིད་སྐྱོང་ལ་ཡང་ངན་སྨས་བཟོ་ཡ་འགོ་འཛུགས་བྱས་འདུག་པའི་རིན་བཞིན་རང་མདོག་མངོན་སྐབས་སུ་རེ་རེ་བཞིན་དུ་རྣག་ཐོག་གཙག་འཁེལ་བཟོ་ངེས་ཡིན། ་མ་འདོད་ན་སྡུག་གྱོང་རང་རེད། ངས་སྨ་བརྗོད་རང་དབང་བེད་བསྐྱེད་ངེས་ཡིན།
ཁ་སང་ངས་དྲ་ཁང་ནང་ནས། མི་གཅིག་གནམ་ཀླད་ཐོག་སྐད་ཆ་བཤད་པ་གོ་བྱུང་། ཟམ་གདོང་རིན་པོ་ཆེ་དང་འབྲེལ་བའི་ཁ་བརྡ་རེད་འདུག། ཁོའི་ཁ་གཏད་དེ་གྲྭ་པ་ཞིག་རེད། གློག་ཀླད་ཀྱི་ཤེལ་སྒོའི་ནང་ནས་མཐོང་གི་འདུག ངའི་འགྲམ་གྱི་མི་ན་རེད། ༾། ། ཨ། ཟམ་གདོང་རིན་པོ་ཆེས་གང་འགྲིག་གི་མིན་འདུག། ཁོང་བླ་རྒན་ཉིན་གཅིག་བོད་གཞུང་གི་སློབ་གྲྭར་ཀྲི་མོང་ཟ་རྒྱུ་མ་བྱུང་བར་བོད་ཡིག་དང་བོད་སྐད་ཇེ་ཡག་རེད། ཁོང་ཉིན་གཅིག་ཕྱི་རྒྱལ་ལ་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཐོབ་མྱོང་མེད་པ་དེས་དབྱིན་ཡིག་དང་སྐད་ཆ་དེ་འདྲས་ཡག་པོ་ཤོད་ཀྱི་འདུག། ཁོང་ཉིན་གཅིག་ལྡི་ལིར་ཧིན་རྡིའི་སློབ་གྲར་འགྲོ་མ་མྱོང་བ་དེས་ཧིན་སྐད་ཡག་ཐག་ཆོད་ཤོད་ཀྱི་འདུག། ཁོང་ཉིན་གཅིག་བོད་གཞུང་གིས་འགྲོ་སོང་བཏང་ནས་རོགས་རམ་བྱེད་མ་མྱོང་བའི་མི་དེས་བོད་གཞུང་ལ་ཞབས་འདེགས་ལོ་ཉི་ཤུ་ལྷག་ཞུས་སོང་། ཁོང་བླ་རྒན་བོད་པའི་སྤྱི་ཚོགས་ཀྱིས་ཉིན་གཅིག་གསོས་པའི་དྲིན་མེད་པའི་མི་དེས་ཉིན་ཞག་དུས་དྲུག་བོད་པའི་ལས་ཀ་བསྒྲུབས་སོང་། ད་ཁོང་གིས་ག་རེ་འགྲིག་མ་སོང་། ཁོང་གིས་ལྐོག་ཏུ་ཁྱོད་ཀྱི་སྲིང་མོར་རྒྱོས་མ་སོང་། ཁོང་གིས་ལྐོག་ཏུ་བོད་གཞུང་གི་དངུལ་བཟས་མ་སོང་། ཁོང་གིས་རྒྱབ་ལ་སྤུན་མཆེད་ཨ་རིར་བཏང་མ་སོང་། ཁོང་གིས་ཆོལ་ཁའི་རྙོག་འདྲ་བཤད་མ་སོང་། ཁོང་གིས་དོལ་རྒྱལ་གྱི་རྒྱབ་ལ་ལངས་མ་སོང་། ཁོང་གིས་རྒྱལ་བ་རིན་པོ་ཆེའི་བློ་ལ་མ་འདོད་པ་བྱས་མ་སོང་། ད་ཟམ་གདོང་བླ་མས་འདི་མི་འགྲིག་དེ་མི་འགྲིག་ཟེར་ན། ཁྱོད་རས་ག་རེ་བྱས་པ། ༿ ཟེར། དེ་བསམ་བློ་འཁོར་སྐབས། ངས་ང་རང་ལ། ཟུར་གནས་ཁྱོད་ཀྱིས་ད་བར་བོད་མི་དམངས་ལ་ཕན་པའི་བྱ་བ་གང་སྒྲུབ་པ་ངོ་སྤྲོད་ཅིག་གནོངས་རོགས་ཞུ། བསམ་བློ་ཞིབ་པོ་གཏོང་དུས་ཤོད་ཡས་ཅང་མིན་འདུག། བྱས་ཙང་བླ་རྒན་མ་ཟམ་གདོང་ལ་སེམས་གཏིང་ནས་གུས་ཞབས་ཤིག་བསླེབས་པ་དང་། ང་རང་ལ་ཏོག་ཙམ་མ་དགའ་བ་བྱུང་།
ཧ་ཧ། གནའ་སྔ་མོ་གཟིམ་ཤག་ག་གེ་མོ་ཞིག་གིས་བཟང་བཙོན་དུ་བརྟེན་པའི་སྨྲ་མཁན་ནེ་ཙོ་ཞིག་གིས་རྟག་ཏུ། སྤྲུལ་པའི་སྐུ་ལ་གསོལ་ཇ་ཞུས་ཨ། ཨ་ཝ་ནེ་ཙོ་སྟར་ཀ་སྟར་ཀ་སྟར་ཀ་་་་་་་་་ཞེས་འདི་ལྟར་སྨྲ་བར་བཤད། དོན་ངོ་མར་སྤྲུལ་པའི་སྐུ་ལ་གསོལ་ཇ་ཞུས་ཨ་ཞེས་ལབ་ན་སྨྲ་མཁན་ནེ་ཙོ་རང་ཉིད་ལ་ཟ་འདོད་ཀྱི་སྟར་ཀ་དེ་རག་མི་ཡོང་ངམ་སྙམ་པ་རེད།
དྲ་གྲོགས་འདིར་འཛོམས་པ་བཟང་། སྐད་ཆ་གཅིག་མ་གཏོགས་ཞུ་རྒྱུ་མེད། བོད་སྤྱི་བའི་བདེན་མཐའ་ཞི་བའི་སྒང་ནས་སེལ་རྒྱུ་ཡིན་ན། བདེན་པའི་ཨུ་ཚུགས་མ་གཏོགས་བྱ་ཐབས་གང་ཡང་ཡོད་བ་མ་རེད། དེར་བརྟེན་བསམ་གཞིགས་རེ་བྱེད་རོགས། ཟམ་གདོང་བླ་མ་ཆུ་འགྲམ་གྱི་རྡོ་ནང་བཞིན་ཨ་མཚར་དགུ་མཚར་རང་བཞིན་གྱིས་གྲུབ་ཡོང་ཚུལ་དང་།་བོད་སྤྱི་ཚོགས་ལས་ལོག་སུ་འབྱེད་ཐུབ་པའི་བློ་སྤོབས་ཡོད་ན། དེ་ལྟར་གྱིས་དང་ཁུར་ཙ་འདི་ཅིས་ཀྱང་བོད་མང་ཚོགས་ཀྱིས་འཁུར་དང་བཀུར་བཞིན་པ་རེད། དེ་མ་གཏོགས་བོད་སྤྱི་ཚོགས་ཀྱི་སྟེང་ཆ་ནས་སྐད་ཆ་བཤད་རྒྱུ་ཡིན་ན། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལག་ལེན་ཐུབ་པར་སྐྱབས་དང་རེ་ས་ཟམ་གདོང་བླ་མ་གཏོགས་མེད།
རྟ་ཕོར་རྒྱུགས་རྩལ་ཡོད་ན། བྱང་ཐང་སྟོང་པ་སྟོང་རྐྱང་རེད། འོན་ཀྱང་རྟ་ཕོ་མགོ་དཀར་དེས་མི་ལོ་བཅུ་ཧྲིལ་པོ་བྱང་ཐང་ལ་རྒྱུགས་ཚར་བ་རེད་ལ་འགྲོས་དང་བང་རྩལ་མེད་པའི་རྟ་ཕོ་འདིས་བྱང་ཐང་ལ་མི་རྒྱུགས་པར་རྒྱ་ཐང་ལ་མང་བ་རྒྱུགས་བསྡད་པ་རེད།
ད་ནི་ན་རྒས་རྫི་རྡིབ་པའི་རྟ་ཕོ་དེ་རྩ་ཆུ་འཛོམས་སར་བཞག་ན་ཡག་གི་མ་རེད་པས།།
གསེར་འབྲུག་མིང་ཅན་ལགས། གནས་ལུགས་ཤོད་འདྲོགས་མ་ལངས། བྱང་ཐང་སྟོང་བ་རེད་བོང་སྐྱ་ལུ་མ་གཏོགས། ཞེ་བསམ་པའི་དྲན་རྒྱུ་མེད་གི
ནག་ཐར་ལགས། མི་ལོ་བཅུ་ཧྲིལ་པོར་འཇོན་ཐང་བཏོན་སར་བཞུགས་བསྡད་པ་རེད། སྐབས་དེ་དུས་བཏོན་རྒྱུ་མེད་ན་ད་སྐྱར་དུ་བཏོན་རྒྱུ་ཡོད་དྲོ་བསམ་བསམ་བློ་ཡུལ་ལ་མེད། ཁྱེད་རང་ལ།
གསེར་འབྲུག་གི་ཁ་རྒྱགས་འདི་རྒོད་པོ་མཐུར་མེད་འདྲ་བས་སྣང་བ་འགྲོ་བོ་འདུག་གི་ཨ།
གསེར་འབྲུག་ལགས། མ་རེད། ཟམ་གདོང་བླ་མ་ལ་ མི་ལོ་བཅུའི་རིང་དུ་མཐུན་རྐྱེན་ཡོངས་སུ་འཛོམས་ཡོད་བ་རེད། རྒྱ་ནག་གི་བ་སྤུ་ཞིག་ར་སྒུལ་ཐུབ་མེད་པའི་བསམ་ཚུལ་དེ་འདྲ་ཁྱོད་ལ་རྒྱུན་ལྡན་དུ་འབྱུང་བཞིན་པ་རེད། དེར་བརྟེན་ཟམ་གདོང་བླ་མས་མི་ལོ་བཅུའི་རིང་ལ་ག་རེ་མ་འགྲིག་པ་རེད། འདི་དྲི་བ་རེད། མདོ་གཏུག་ས་རེད། དང་པོ་འདི་ལ་ལན་ཞིག་རྒྱོབ་དང་། ག་ལེར་འབབ་སྟེགས་སྒང་ལ་སླེབས་འགྲོ་ནི་རེད།
གསེར་འབྲུག་ལོག་སྤྱོད་པར། ཁྱོད་ཟམས་གདོང་བླ་མ་ལ་མི་དགའ་བས་སྡུག་སྐད་ཇི་ཙམ་འདོན་རུང་རང་ཉིད་ཀྱིས་རང་མདོག་འམ་རང་གཤིས་སྐྱག་པ་ལྟ་བུ་དྲི་ངན་དེར་ཕྱོགས་ཐམས་ཅད་དུ་ཁྱབས་རོགས་ལས་དེ་མིན་དོན་འབྲས་མེད་ཁར། ཟམས་གདོང་པན་ཆེན་གྱིས་བ་སྤུ་གཅིག་ཡང་གཡོལ་མི་ཐུབ། དེ་ལས་ཁྱོད་རང་ཤི་རྒྱག་ན་ཡག་མིན་འགྲོ །ཧེ་ཧེ་ཧེ་་་་་་་་་་་་་་་་་་ཀུ་རེ་ཡིན་ད་་་་་ཕོ་རྒོད་གསེར་འབྲུག་ཅན་ངོ་མ་བློ་ཁོགདང་འཇོན་ཐང་ཡོད་ན་སྟོན་སར་ཡོད་ནི་རེད་་་་མདུང་བརྩེ་ནང་དུ་བསྐོར་དགོས་ནི་མ་རེད། གོང་དུ་ཁྱོད་ཀྱིས་དྲང་པའི་དཔེར། རྟ་ཕོར་རྒྱུགས་རྩལ་ཡོད་ན། བྱང་ཐང་སྟོང་པ་སྟོང་རྐྱང་རེད་ཟེར་བ་འདི་ཁྱོད་རང་ལ་ཡང་དེ་དེ་བཞིན་སྦྱར་ཆོག་པ་འདུག་་་་་་་་་་་་་་་་་
ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་ཀྱི་དགོངས་གཞི་བཏོན་སོང་།གླིང་ཚ་རྡོ་རྗེ་ཡིས་ལག་ལེན་བསྟར་སོང་མོད།བཙན་བྱོལ་བ་ཚོས་ཡ་མེད་བྱས་སོང་། ད་ང་ཚོས་དཔེ་ངོ་མ་བལྟ་ས་གླིང་ཚ་རྡོ་རྗེ་རེད།ཟམ་གདོང་འགུལ་བསྐྱོད་གཏོང་གི་མ་རེད།ཁོ་ལྡི་ལི་བར་དུ་ཅིག་འགྲོ་གི་ཡིན་ན་ཁོའི་རྗེས་སུ་འགྲོ་མཁན་ཡོད་ཀྱི་རེད།དེ་མིན་ད་ཁེགས་པོ་རེད།
ད་བླ་རྒན་རྡ་སའི་ཤིང་ནག་ནང་གབ་བཅུག་ན་ཡག་ཤོས་རེད་ལོ་བཅུའི་རིང་རྒྱ་བོད་གྲོས་མོལ་ཡོད་རབ། རྒྱལ་སྤྱིས་རྒྱབ་སྐྱོར་ཡོད་རབ། མཛེས་མཛེས་རྐྱང་བཤད་ནས་མཐའ་མ་རྩིས་སྤྲོད་སྐབས་སྲིད་སྐྱོང་མཆོག་ལ་ལས་ཁུངས་རྙིང་བཅོས་བྱེད་རྒྱུ་ལས་གང་ཡང་སྤྲད་མེད། ལོ་བཅུའི་རིང་གང་བྱས་ཡོད་ཆོས་དོན་ལྷན་ཚོགས་ཟེར་བ་དེས་གྲུབ་ཆ་ཚང་མེད་ཙང་ཁོ་པ་དབུག་འགྲོ་རྒྱུ་དཀའ། ཆོས་དོན་ལྷན་ཚོགས་ཟེར་བ་ནི་ཁོ་པས་བཙན་བྱོལ་ཆོས་རྒྱུད་ཕན་ཚུན་བརྡར་བརྡར་བྱེད་རྒྱུའི་ལག་ཆ་ངོ་མ་དེ་དམིགས་འབེན་བྱས་ཡོད། ད་དུང་དགོས་པ་འདུག་གམ་ཆོས་པའི་གཟུགས་ཀྱི་ཆབ་སྲིད་པ་ཚོ་ལ་དགོས་ཀྱི་ཡོད་འགྲོ། དེ་མིན་ད་ལྟའི་སྲིད་སྐྱོང་ལས་ལྷག་པ་ཞིག་དགོས་ཡ་མེད་དོ།
བཙན་བྱོལ་སྤྱི་ཚོགས་ནང་བདེན་པའི་ཨུ་ཚུགས་ལག་བསྟར་བྱེད་ཁུལ་བྱས་བ་རེད། འཁྲབ་སྟོན་འདི་ཟམ་གདོང་བླ་མ་ལ་འབྲེལ་བ་ཡོད་མོད། གཙོ་བོ་བཙན་བྱོལ་བོད་མི་ཚོ་འགུལ་བསྐྱོད་བྱེད་འདོད་མེད་པ། ཟམ་གདོང་བླ་མ་དགོས་བ་ཡོད་མེད་ཁེ་ཕན་ལ་བལྟ་དགོས་བ་རེད། བཙན་བྱོལ་བོད་མི་ཚོ་ཐབས་ལམ་གསར་བ་མེད་པ། འཚེ་མེད་ཞུ་བ་ལབ་ན་རྡ་ལམ་ས་ལ་ནས་སྐྱིད་ཉལ་རྒྱག་རྒྱུའི་དོན་མ་རེད་ལོ།
ཟམ་གདོང་བླ་མས་ལོ་བཅུའི་རིང་དུ་དུས་ཚོད་ཆུད་ཟོས་སུ་གཏོང་བས་མ་ཚད་བོད་དོན་རྒྱབ་སྐྱོར་བྱེད་མཁན་དག་ལའང་རྒྱ་ནག་
དང་ནང་འགྲིག་ཡོང་གི་ཡོད་རབས་བཤད་དེ་ཡོ་རོབ་གཙོས་པའི་བོད་ལ་རོགས་པ་བྱེད་མཁན་རྣམས་ཀྱི་འཆར་གཞི་རྩ་མེད་དུ་
བཏང་། མཐར་ལོ་བཅུའི་དུས་ཚོད་རྫོགས་མཚམས་སུ་བོད་གཞུང་མེད་པ་བྱས་ཏེ་ཝ་རྔ་མ་ཤ་ལེར་བྲོས་སོང་། དེ་རྗེས་ས་ར་མཐོ་
སློབ་ཏུ་གཏམ་བཤད་སྐབས་སུ་ངས་མི་ཚེའི་ནང་དུ་བོད་དོན་ལ་བསམ་བློ་འཁོར་མ་མྱོང་ལ་ལས་ཀ་ཡང་བྱེད་མྱོང་མེད། འོ་ན་
ངས་ལས་ཀ་ཅི་ཞིག་བྱས་པ་ཡིན་ཟེར་ན་དོལ་རྒྱལ་གྱི་ཆུ་མགོ་ཁྲི་བྱང་བླ་མའི་བཀའ་བསྒྲུབས་པ་ཡིན་ཞེས་བཤད་པ་རེད། ད་
ཟམ་གདོང་བླ་རྒན་གྱི་ལས་ཀ་དང་དམིགས་ཡུལ་འཆར་གཞི་དང་གཏམ་བཤད་དག་ཤེས་སོང་ངམ། ད་དུང་དེའི་མ་ཚད་པཎ་ཆེན་
རྫུན་མ་ཟེར་མི་ཆོག བོད་རང་བཙན་ཟེར་མི་ཆོག བོད་ཆོལ་ཁ་གསུམ་ཟེར་མི་ཆོག རྒྱ་ནག་གུང་ཁྲན་ཏང་ཟེར་མི་ཆོག
རྒྱ་མའི་མཐོ་རིམ་དཔོན་རིགས་རྒྱལ་ཁབ་གཞན་དུ་བསྐྱོད་སྐབས་ངོ་རྒོལ་བྱེད་མི་ཆོག དེ་བྱས་པ་ཡིན་ན་བོད་དོན་ལ་དོ་ཕོག་འགྲོ་
རབས་བཤད་དེ་མགོ་སྐོར་གྱི་གཏམ་བཤད་སྙན་པོ་རེ་སྤེལ་ནས་ལོ་བཅུ་རྫོགས་པ་རེད་ད་ཤེས་སོང་ངམ།
རིགས་ཞེན་དཀར་པོས་གསུང་པ་བདེན།
བདེན་པའི་ཨུ་ཚུགས་ནི་བོད་མི་མང་ལ་འགོ་སྐོར་གཏོང་ཐབས་ཀྱི་རྫུན་གཏམ་ཁོ་ན་རེད།
ནག་ཐར་སྐྱིད་ལགས་ཀྱིས་དྲི་བ་དེ་བཙུན་པ་ཟམ་གདོང་ཚང་ཁྲི་པ་ལས་ཐོག་མི་ལོ་བཅུའི་རིང་ག་རེ་མ་འགྲིགས་པ་རེད། ཞེས་པའི་ལན་དུ། བཙུན་པ་ཁྲི་ཟུར་ཚང་ཁྲི་པ་ལས་ཐོག་མི་ལོ་ཧྲིལ་པོ་བཅུ་དེ་ཆབ་སྲིད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཀྱི་སྟེང་ནས་བཤད་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གློ་སྙིང་བྲང་གསུམ་གཏད་དེས་མགོ་འབུལ་ལུས་འབུལ་དང་ཡོད་ཚད་རྒྱར་བསྟུན་གྱིས་དུས་ཡུན་རྫོགས་པ་རེད་ཟེར་ན་མི་འགྲིགས་པ་གང་ཡང་མེད་པ་རེད། བྱས་ཙང་བཙུན་པ་ཁྲི་ཟུར་ཚང་འདི་ལྷ་ཆོས་རིག་པའི་གཞུང་ལུགས་མཁས་པ་ཡིན་ན་མ་གཏོགས་ཀྲུང་ནན་ཧེའེ་ཡི་ཆབ་སྲིད་མི་ཤེས་ཁོ་ཐག་རེད། རྒྱུ་མཚན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཀྱིལ་འཁོར་ནང་གི་གྲངས་ཉུང་མི་རིགས་ཁག་ལ་མི་རིགས་ས་ཁུལ་རང་སྐྱོང་གི་ཐོབ་ཐང་ཟེར་བ་དེ། ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་མི་རིགས་རྩོད་རྙོག་མེད་པ་བཟོ་ཆེད་ཐོབ་ཐང་ཡོད་མདོག་གིས་མགོ་བསྐོར་གཏོང་ཆེད་ཡིན་པ་རེད། བྱས་ཙང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཀྱིལ་འཁོར་ནང་གི་འབྲས་བུ་རང་སྐྱོང་གི་སྒོ་འཕངས་ཟེར་བ་དེ་ངོ་བོ་རང་བཞིན་ཀྱི་སྟོང་བ་རེད། འོན་ཀྱང་ལམ་དབུ་མའི་སྲིད་སྟེགས་ལ་བཞུགས་པའི་བཙུན་པ་ཁྲི་ཟུར་ཚང་གིས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་ཡིག་ཆ་ཟེར་བ་དེ་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་པ་རེད། རེད་དེ་རང་བཙན་རྣམ་པ་དུ་མར་དབྱེ་བའམ་མིང་འདྲ་མིན་བཏགས་ཏེས་རྒྱུན་འཁྱོངས་དང་མཐའ་འཁྱོངས་སོགས་འགྲུབ་ཏུ་མེད་པའི་ཆ་རྐྱེན་དང་བཅས་སྟོང་ལོག་བཏང་བ་རེད། མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་ཏང་ཀྲུང་དབྱང་སྲིད་གཞུང་གི་ངོ་གདོང་ངོ་མ་གསལ་གསལ་ཐིང་ཐིང་བསྟན་འདུག། འོན་ཀྱང་རེ་སྟོང་དེ་ད་དུང་ཨུ་ཚུགས་རྒྱབས་པ་རེད། འདི་བདེན་པའི་ཨུ་ཚུགས་ཟེར་བ་དེ་ཡིན་རྒྱུ་རེད་པ། མ་གཞི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ཟེར་བ་དེ་རྒྱ་གར་རྒས་པོར་ལད་ཟློས་བྱས་པ་ཞིག་རེད། ཁ་རྒྱུན་ལ་ཡང་། ཨུ་ཚུགས་བརྒྱབས་ན་ཨ་མས་ཉན། བྱས་པ་རེད་འོན་ཀྱང་། རྒྱ་གུང་ཁྲན་དེ་ཨུ་ཚུགས་བརྒྱབ་ནས་ཉན་མཁན་ཞིག་མ་རེད། དེ་གཅིག་ཡིན།
དེ་ནས་བཙུན་པ་ཁྲི་ཟུར་ཚང་འདི་ཁྲི་པ་ལས་ཐོག་སྐབས་༢༠༠༨་ལོར་སྔར་བྱུང་མ་མྱོང་བའི་ས་བྱི་ཞི་རྒོལ་ཆེན་མོ་བོད་ཆོལ་ཁ་གསུམ་ལ་ཁྱབ་པ་མ་ཟད་བོད་ཕྱི་ནང་གཉིས་ཀར་ཞི་རྒོལ་གྱི་མེ་ཆེན་པོ་ཞིག་འབར་བ་རེད་ལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡང་ཚ་ཚ་འུར་འུར་བཟོ་ཐུབ་ཡོད་པ་རེད། འོན་ཀྱང་སྐབས་དེ་དུས་ཟམ་གདོང་སྲིད་གཞུང་གིས་ཞི་རྒོལ་ནང་མཉམ་བཞུགས་ཕར་ཟད་འབྲེལ་མོལ་འཁོར་ཡུག་ལ་བསྙད་དེས་འབོད་ཚིག་ཕན་ནས་སྟངས་འཛིན་ནན་པོ་བྱས་ཏེས་ཞི་རྒོལ་གྱི་མེ་ཆེན་པོ་དེ་ཤི་རུ་བཅུགས་པ་རེད། གནད་དོན་འདིའི་ཐད་གནད་དོན་དབྱེ་ཞིབ་པ་མང་པོས་སྐྱར་ཞིབ་བྱ་དགོས་པ་བཤད་པ་རེད་ལ་ཁྲི་གསར་སྲིད་སྐྱོང་ཚང་གིས་ཀྱང་སྐྱར་ཞིབ་བྱ་དགོས་པ་མང་མང་གསུངས་སོང་། ད་དུང་གྲོས་ཚོགས་རྭ་བའི་ནང་རིག་ལམ་བེད་སྤྱད་དེས་རྭ་ཅོ་སྒྱེ་བླུགས་ཀྱི་སྤྱི་མཐུས་རྣམས་མགོ་བོ་ཡོངས་སུ་ཐོམས་འཇུག་གི་ཡོད་པ་རེད། འོན་ཀྱང་ཞལ་ཀྲུང་ནན་ཧེའེ་ཕྱོགས་དུས་པཎ་ཏྲི་ཏ་དང་མཁས་དབང་སོགས་ཀྱི་རྫིག་ཉམས་ཅི་ཡང་ངོམ་རྒྱུ་མི་འདུག་ལ་རིག་ལམ་བཏང་རྒྱུ་མེད་པར་ངག་ལྐུགས་པར་འགྱུར་འདུག། གནས་སྐབས་དེ་ཙམ་ཡིན་ད་དུང་འཛིན་སྐྱོང་ཐད་ཞུ་དགོས་ན་ག་ལེར་ཞུས་ཆོག།
ད་དུང་ལམ་དབུ་མའི་སྲིད་ཁྲི་ལས་ཕེབས་མཁར་མི་ལོ་ཧྲིལ་པོ་བཅུའི་མཛད་རྗེས་ཚང་མ་རྩ་བའི་བླ་མའི་བཀའ་ལས་མ་ཟློག་ཆེད་ཡིན་པ་མ་གཏོགས་ལྷག་བསམ་རྣམ་དག་གིས་བོད་སྤྱི་པའི་རྩ་དོན་ལ་དགོངས་པ་བཞེས་པ་ཞིག་མིན་པ་གསལ་པོ་གསུངས་པ་རེད། འདིས་ག་རེ་མཚོན་པ་རེད།
མངའ་རིས་འཕྲིན་ལས་སོགས་ལ། ཟམ་གདོང་བླ་མས་བོད་མི་མང་ལ་མགོ་བསྐོར་བཏང་ནས་ཐེབས་སོང་ན་དེ་ལས་འདེད་བྱེད་ས་མི་འགྲོ་བ་འདྲ་ཞིག་རེད། ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་གླེང་ནས་ལག་ལེན་ལ་མ་ཐེབས་ན། འདི་ཕུ་འདེད་བྱེད་དགོས་བ་ཞིག་རེད། དེར་བརྟེན་ཕྲན་གྱི་མདོར་གཏུག་ས་དེ་ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ་ཞེས་བ་ལྟར་ཡིན།
དྲ་གྲོགས་ཚོས་དཔྱད་མཆན་ལ་ཁ་ཕྱོགས་ཞིག་ཁྱོན་ནས་མི་འདུག ཟམ་གདོང་བླ་མས་བཀའ་བཏང་ནས་ཁྱེད་ཅག་གི་སྨྲ་བརྗོད་དང་ལྟ་སྤྱོད་ལ་བཀག་སྡོམ་བྱས་སོང་བ་ཡིན་ན། རང་དབང་ལུང་བ་ནས་དེ་ཙམ་ཀྱང་ཕུ་འདེད་མ་ཐུབ་ཚེ། ཁྱེད་ཅག་གི་བསམ་ཚུལ་དེ་སྨྲེ་ངག་ཁོ་ན་ལས་ཅི་ཡང་མ་རེད།
གསེར་འབྲུག་སྡེར་ལྔ་ལགས་ཡང་བསྐྱར་ཕེབས་ནས་བཀའ་མོལ་ཞིབ་ཕྲ་ཞིག་གནང་འདུག་སྟེ། བོད་མི་མང་གིས་་ཁྱོད་ནང་ལྟར་བསམ་ཕྱོགས་དེ་འདྲ་འཁོར་ཐུབ་ཀྱིན་མེད་པའི་སྣང་ཚུལ་ཞིག སྐུ་ཉིད་ལ་སྐྱེས་ཀྱིན་འདུག་གམ། གནས་རིམ་འདིའི་སྟེང་ནས་བོད་སྤྱི་བའི་རྩ་དོན་ཆེད་དུ་བསམ་ཚུལ་སྣ་མང་འབྱུང་དགོས་བ། བྱུང་ཆོག་པ་ཞིག་རེད། དེར་བརྟེན་སྐུ་ཉིད་བསམ་ཚུལ་ཀྱང་ཆ་ཤས་ཞིག་ལ་བརྩིས་ནས་གུས་བརྩི་ཡོད།
གཅིག རྒྱ་ནག་ཀྲུང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བློ་སྙིང་བྲང་གསུམ་གཏད་ནས་ཨུ་ཚུགས་ཀྱིས་མགོ་འབུལ་ལུས་འབུལ་བྱས་བ་རེད་ལབ་སྟངས་ལ་བལྟས་ན། སྒྲོ་འདོགས་མིན་ཚེ། རྒྱུ་མཚན་ཏན་ཏན་ཞིག་བཤད་རྒྱུ་ཡོད་དགོས་བ་རེད། དེར་བརྟེན་ལམ་དབུ་མའི་དགོས་འདུན་ཕན་ཆད་ནས་ཟམ་གདོང་བླ་མས་ཚད་བརྒལ་གྱི་སྐད་ཆ་གང་བཤད་ནས་མགོ་འདོགས་བྱས་བ་རེད། ལམ་དབུ་མའི་དགོས་འདུན་ཁོ་རང་པེ་ཅིན་གཞུང་ལ་མགོ་འདོགས་བྱེད་སྟངས་ཤིག་རེད་ལབ་ན། ཁྱོད་ལ་བསམ་བློ་དེ་འདྲ་འཁོར་ཆོག་གི་རེད་དེ། ཐག་གཅོད་བོད་སྤྱི་དམངས་ཀྱིས་བྱེད་དགོས་བ་རེད།
གཉིས་བ། ༢༠༠༨ལོའི་ཞི་རྒོལ་གྱི་དོན་རྐྱེན་དང་འབྲེལ་ཟམ་གདོང་བླ་མས་བོད་མང་ཚོགས་ཀྱི་འཐབ་རྩོད་ལ་སྟངས་འཛིན་བྱས་བ་རེད་ཟེར། ཡུལ་གྱར་ཚོས་ཞི་བའི་གོམ་བགྲོད་མགོ་འབུས་སྟངས་ཀྱི་ཆ་ནས་ཟམ་གདོང་བླ་མའི་བསམ་སྤྱོད་དང་འབྲེལ་བསྡད་པ་ཞིག་རེད། འོན་ཀྱང་འཁྲབ་སྟོན་རང་བཞིན་དུ་གྱུར་བའི་གནས་སྟངས་འོག ཕྲན་གྱི་དོགས་པ་ལྟར་ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ་ཞེས་བ་འདི་ཡིན། གཞེས་ལུས་མི་མང་གི་ལངས་ཕྱོགས་ཐད་ལ་ཤུགས་རྐྱེན་གང་ཐེབས་ཡོད་ཀྱང་། གནས་སྟངས་འདི་མི་ལོ་དུ་མའི་རིང་བྱུང་མ་མྱོང་བའི་འཐབ་རྩོད་ཅིག་བྱས་ཟིན་པའི་ཆ་ནས། འདི་ལ་མི་དགའ་གང་ལ་དགའ།
གསུམ་པ། ཟམ་གདོང་བླ་མས་ནུས་མཐུ་གང་བསྐྱེད་ནས་བོད་སྤྱི་འཐུས་ལྷན་ཚོགས་ར་བཟི་བཅུག་བའི་མ་ཟད། དྲན་པ་ཐོར་བཅུག་སོང་རུང་། དེ་སྤྱི་མཐུས་རྣམ་པ་ལྷན་རྒྱས་ཀྱི་བློ་རིག་གྲུང་་མ་ཐུབ་ན་རྐུབ་སྟེགས་རྩིས་སྤྲོད་བྱེད་དགོས་རྒྱུ་རེད་མ་གཏོགས། ལས་ཀ་གཞན་ལྷག་ཡོད་བ་མ་རེད།
གྲོགས་པོ་ཚོ་གཟིགས་དང་། ཆབས་སྲིད་མི་ཤེས་མཁན་གྱིས་ཤེས་མདོག་སྟོན་ནས་བཤད་ན་གསེར་འབྲུག་ལོག་སྤྱོད་པའི་བཤད་པ་ནང་བཞིན་རང་མགོར་རྡོ་བརྡུང་ལས་གང་ཡང་མེད་པ་རེད། དེ་ལས་མ་ཤེས་ན་ཁ་ཁར་བཞུགས་ན་ཡག་ཤོས་རེད། གོང་གསལ་ཁོས་བཤད་པར་གཟིགས་དང་། བོད་ནང་གིས་༢༠༠༨ལོའི་ཞི་རྒོལ་དེ་ཡང་བཙན་བྱོལ་བོད་མིའི་བཀོད་ཇུས་བཟོས་ཡོད་པ་འམ་ཡང་ན་དབང་ཚད་ཆ་ཚང་བཙན་བྱོལ་གཞུང་ལ་ཡོད་པ་ལྟ་བུ་བཤད་མི་འདུག་གམ །ད་དུང་དེའི་གོང་དུ་ཁོས་ཟམ་གདོང་ཚང་གིས་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱ་ཁབ་ལ་་མགོ་འབུལ་ལུས་འབུལ་བཟོས་ཚུལ་ཡང་སྨྱོས་ལབ་བཟོས་འདུག ། རྒྱལ་གཞུང་ལ་མགོ་འབུལ་ལུས་འབུལ་ནི། གྲོས་ཐུན་དོན་མཚན་༡༧་བཞགས་པས་ཉིན་དེར་ནས་བཟོས་ཟིན་པ་རེད། དེ་ལས་ལྷག་པ་ཞིག་གང་ཡང་བཟོ་ཡ་ལྷག་ཡོད་པ་མ་རེད། ད་ནི་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་མངའ་འོག་ནས་ཁེ་ཕེན་བརྩོད་ཡ་ལས་དེ་མིན་ལྟ་གྲུབ་ཁ་ལ་འཁྱེར་ནས་འགན་ཁུར་མེད་སྟོངས་གཏམ་བཤད་པ་དང་། ༧གོང་ས་མཆོག་གིས་འདས་མ་དུས་གསུམ་དུ་ཕྱག་གཡས་པ་ནང་བཞིན་ཡིད་ཆེས་དང་ཐུགས་བརྩིས་གནང་སར་། བྱས་པ་ཅན་གྱི་སྐྱེས་ཆེན་ཟམ་གདོང་པན་ཆེན་ལྟ་བུ་ལ་ལོག་ལྟ་དང་ངན་སྨས་བཟོས་ནས་བསྡད་ན་རང་བཙན་ནམ་མཁའ་ནས་ཟགས་མི་ཡོང་ལ་ས་གཞི་ནས་སྐྱེ་མི་ཡོང་།
རྟ་གཡག་དབར་འབུན་སྲིན་འཚང་ཁ་རྒྱབ་མ་ཡོང་ཨ། ཏང་གི་འབུ་སྲིན་འདི་ཚོ་ངས་སྔ་ས་ས་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་འགྲོ་རོགས་ཞེས་བཤད་ཚར་ཡོད། ཅིའི་ཕྱིར་ང་ཚོ་ལོག་སྤྱོད་ཤོག་ཁག་དང་མཉམ་དུ་ཡུལ་བགྱར་བྱེད་ཀྱི་ཡོད། ཅིའི་ཕྱིར་ཡུལ་བགྱར་སྒྲིག་འཛུགས་དཀྱིལ་དུ་སིམ་གྱིས་འཛུལ་ནས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྡོག་རྫིས་གཏོང་གི་ཡོད།
གྲོས་མཐུན་དོན་མཚན་བཅུ་བདུན་ལ་མིང་རྟགས་བཀོད་མཁན་བོད་ས་གནས་སྲིད་གཞུང་གི་མཐུས་མི་ཟེར་བ་མཐོ་རིམ་དཔོན་ངན་ཁ་ཤས་རེད་ལ་ཐོས་པར་མེ་མདའ་བཞག་ནས་འདོད་མོས་རང་བཞིན་དང་རང་མོས་རང་བཞིན་གྱི་སྒོ་ནས་མིང་རྟགས་བཀོད་ཡོད་པ་མ་རེད། ཁོ་ཚོ་བོད་རྒྱ་ཆེའི་མི་དམངས་ཀྱི་ཚབ་མཚོན་མི་ནུས་ལ་བོད་རྒྱ་ཆེའི་མི་དམངས་ཀྱིས་ནམ་ཡང་མོས་མཐུན་མེད་ལ་ནམ་ཡང་ངོས་ལེན་མེད་པ་རེད། དེ་རྗེས་བོད་གཞུང་རི་ལུགས་པ་ཐག་པས་མི་འདུམ་པ་ཆགས་ཚར་དུས་དོན་མཚན་རེ་རེ་བཞིན་ལག་བསྟར་ཡོང་ཐབས་ལ་ངོས་ལེན་མ་བྱེད་མཐུ་མེད་ཆགས་པ་རེད། དེ་རྗེས་ཡུལ་བགྱར་ལ་ཕེབས་ཚར་མཚམས་དོན་མཚན་བཅུ་བདུན་རྩིས་མེད་བཏང་ནས་འཛམ་གླིང་ལ་བསྒྲགས་པ་ཁྱོད་ཀྱིས་མ་གོ་བ་རེད་ཡང་ན་ཁྱོད་འོན་སོང་བ་ཨེ་རེད། དེས་ན་དོན་མཚན་བཅུ་བདུན་བཞགས་ནས་མགོ་ལུས་ཕུལ་མཁན་དེ་བོད་རྒྱ་ཆེའི་མི་དམངས་ཀྱི་མང་མོས་མ་རེད་ལ་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་དབང་འཛིན་ཤོག་ཁག་གི་མཐོ་རིམ་མི་སྣ་ཁ་ཤས་རེད། དེ་ཁྱོད་ཀྱིས་གསལ་པོ་ཤེས་པར་བགྱིས་ཨ། ད་དུང་ཁྱོད་ཀྱིས་མི་ཤེས་པའི་ཤེས་བྱ་མང་པོ་ཡོད་པ་རེད། ཧ་གོ་ཨེ་ཐལ།
དྲ་གྲོགས་ཚོ། ཕྲན་གྱི་བསམ་ཚུལ་འདིའི་གླེང་གཞི་དང་འབྲེལ་ནས་མཆན་འདེབས་རོགས། དེ་མིན་ཉ་ཉོག་གང་དྲུད་ཡོང་ན་རྒྱུ་མཚན་མི་འདུག ཁྱེད་ཅག་ལ་དྲི་བ་ཞིག་འདྲི་ཡི་ཡོད། ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་རེད་དམ། ཅེས་བ་འདི་ཡིན།
རེད་རེད་ངས་རྩྭ་མི་ཟ་མཁན་གྱི་རྟ་གཡག་དང་གླང་ལུག་ནང་བཞིན་རྨོངས་རྒན་དང་། ༧གོང་ས་མཆོག་ལ་ཡང་ཇི་མི་སྙམ་པར་ཟུར་ཟའི་མདའ་མོ་འཕེན་མཁན་ལོག་སྤྱོད་པ་དག་ལ་ཟེར་གྱི་ཡོད། ཉོན་ཤིག །རྒྱལ་སྤྱིའིའཁྲིམས་དང་ཡུལ་ལུང་ཆེ་ཆུང་གང་འདྲ་ཞིག་གིས་ཁྲིམས་ཡིན་ཡང་ཕྱོགས་གཉིས་ཀའི་ཡིག་ཐོག་ས་ཡིག་བཀོད་པའི་ཉིན་དེ་ནས་ཁྲིམས་མཐུན་ཆགས་པ་རེད་ལ། དེ་བཞིན་དུ་ངོས་ལེན་མེད་ན་ཕྱོགས་ཀའི་ཁྲིམས་ཐོག་ནས་ཐག་གཅོད་དགོས་པ་ཞིག་ལས། གཅིག་གིས་དེར་གཞི་འཛིན་བཞིན་དུ་གཅིག་གིས་ངས་ནོར་འདུག་ངོས་ལེན་མེད་ཟེར་སྲོལ་མེད་པ་རེད། དེ་གཅིག་བྱེད། གཉིང་པ་གྲོས་མཐུན་དེར་མཚན་རྟགས་བཀོད་མཁན་བོད་གཞུང་གིས་སྐུབ་ཚབས་ཀྱི་ངོ་བོ་དང་དབང་ཚད་ལྡན་མཁན་གྱི་མི་སྣ་ཆེ་ཁག་གིས་བཀོད་པ་རེད་ལ། བཀོད་པ་བཞིན་བོད་གཞུང་ནས་དེར་མོས་མཐུན་ཡོད་པའི་རྒྱབ་གཉེར་ཏར་འཁྲིན་ཡང་བཏང་ཡོད་པ་རེད། མདོར་ན་གྲོས་ཆོད་དེ་ཁྲིམས་ཐོག་ནས་ཁྲིམས་མཐུན་ཆགས་མེད་པར་ཁྱོད་ཀྱིས་ཧམ་བཤད་དེ་ཀྲུང་གོའི་སྲིད་གཞུང་ལ་འགྲོ་གྱི་མ་རེད། ད་དུང་གྲོས་ཆོད་དེར་ཀྲུང་གོའི་སྲིད་གཞུང་གིས་གྲོས་མཐུན་དོན་༡༧ཟུར་རྒྱན་དང་བཅས་པར་མཚན་རྟགས་འགོད་པའི་ཉིན་མོ་འམ་དུས་དྲན་ཡང་ཚོགས་ཀྱིན་ཡོད་པར་དུད་འགྲོ་ཁྱོད་ཀྱིས་མ་ཤེས་པར་མིའི་སྔོན་ནས་ཤེས་མདོག་དང་འཇོན་མདོག །ད་དུང་ཟམ་གདོང་པན་ཆེན་ལས་ཀྱང་ཁྱོད་མཁས་མདོག་སྟོན་པ་ནི་ཏུག་དྲི་ཁ་རོགས་ལས་གང་ཡང་མི་འདུག །དེ་ལས་ཁ་བདག་པོ་རྒྱོབ།།
མི་བྱས་པའི་བོང་བུའི་བཟོ་འདྲ་ཞིག་འདུག། དོན་མཚན་བཅུ་བདུན་ཁྲིམས་མཐུན་ཆགས་ཡོད་ན་ཁྱོད་ཁྲིམས་མཐུན་འོག་ལ་མ་བསྡད་པར་ཡུལ་བགྱར་ལ་སྐྱག་པ་ཟ་ཁར་སླེབས་པ་ཡིན་པས། མ་ཟད་ད་དུང་ཁྱོད་བོད་དང་བོད་མི་རིགས་ཀྱི་ལུས་སྲོག་ལོངས་སྤྱོད་དང་ཁ་རྗེ་དབང་ཐང་དང་བཅས་པ་དམར་གསོད་དང་གཏོར་བཅོམས་ཕྲོགས་གསུམ་མཚོན་པས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བདག་དབང་ཡོང་རྫོགས་བཙན་ཕྲོགས་བྱེད་པའི་བོད་མིའི་ཐོད་པར་མེ་མདའ་བཞག་ནས་རྩིས་ལེན་བྱེད་པའི་ཉིན་མོ་དུས་དྲན་ཚོགས་སར། ཁྱོད་ཀྱི་སྤྱི་བོར་ཏང་དར་དམར་པོ་བཙུགས་ནས་ཚེ་བརྟན་སྒྲོལ་མའི་རྐུབ་གཡོག་ཏུ་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་ཟེར་ནས་ཏང་ལ་བསྟོད་གླུ་བླངས་ནས་མ་བསྡད་པར་ཡུལ་བགྱར་ལ་སྐྱག་པ་ཟ་ཁར་སླེབས་པ་ཡིན་པས། ད་དུང་རྒྱལ་སྤྱིའི་ཁྲིམས་ཡིན་ན་གཅིག། ཧ་ཧ། རྒྱལ་སྤྱིའི་ཁྲིམས་ཁྱོད་ལས་ང་རྒྱུས་མངའ་ཆེ་ཡོད་རྒྱལ་སྤྱིའི་ཁྲིམས་ནང་དམངས་གཙོ་དང་རང་དབང་། སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཨང་དང་པོར་བཞགས་ཡོད་པ་མ་གཏོགས་བཙན་འཕྲོག་དང་གཉའ་གནོན་བཤུ་ཞོག་དམར་གསོད་བཙོན་འཇུག་བརྡུང་བརྡེག་ཚ་ནན་སོགས་མི་ཆོས་ལས་འདས་པའི་སྡུག་བསྔལ་མྱང་དང་མྱོང་དགོས་པ་ཞིག་ཁྲིམས་གང་དུ་མེད་ཡང་མེད་པ་རེད། དེས་ན་ཁྱོད་ཚོ་སྙིང་རྩ་ཆད་ཟིན་པའི་ཤོག་ཁག་དང་སྲིད་དོན་ཚོང་པའི་ཤོག་ཁག། བོད་དང་བོད་མི་རིགས་ཀྱི་གདུང་ཞེན་དང་ལ་རྒྱ་མི་གཤིས་ཡོད་ཚད་བོར་ཟིན་པའི་རྣམ་འགྱུར་ཡ་མ་བརླ་ཅན་དང་འདུ་ཤེས་ཡ་མ་བརླ་ཅན་གྱི་ཤོག་ཁག། ད་དུང་ཀླད་རྙིང་མཁྲེགས་འཛིན་དང་རྙིང་ཞེན་བག་ཁུམས་སོགས་བསམ་བློ་གུ་དོག་པའི་ཤོག་ཁག། ད་དུང་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གསོལ་འགྲོན་ལ་ཡང་ཡང་ཕེབས་མཁན་གྱི་ཤོག་ཁག་དེ་ཚོས་དེ་སྔ་བཙན་བྱོལ་དུ་ཕེབས་མ་ཐག་པའི་རྩིས་མེད་བཏང་ཟིན་པའི་ཤོག་རུལ་དེ་ཡར་བསྒྲུགས་ནས་བོད་དང་བོད་མི་རིགས་ཀྱི་འཐབ་རྩོད་ལ་བཀག་རྡོ་ཆེན་པོ་ཞིག་བཟོས་ཡོད་པ་རེད་ལ། བོད་དོན་རྒྱབ་སྐྱོར་བ་མང་པོ་ཅི་བྱ་གཏོལ་བྲལ་དུ་འགྱུར་བ་མ་ཟད་བོད་དོན་འདི་དཀའ་ངལ་ནས་དཀའ་ངལ་གྱི་གནས་སུ་བསྐྱལ་ཡོད་པ་རེད། ད་ཆ་བོད་དང་བོད་མི་རིགས་ཀྱི་གནད་དོན་འདི་ཀྲུང་ནན་ཧེའེ་ཡི་ཅི་འདོད་བྱེད་རྒྱུ་བཟོས་ཟིན་པ་རེད་ལ་ཡོད་ཚད་སློང་མོ་རྒྱགས་རྒྱུ་མ་གཏོགས་ཅང་ལྷག་ཡོད་པ་མ་རེད།
དེས་ན་ཁྲིམས་འགལ་གྱི་བྱ་སྤྱོད་འོག་ན་མེད་པའི་བློ་ཡུལ་ལ་མི་གཤོང་བ་འདི་ཁྲིམས་མཐུན་ཡིན་ན་དོན་དངོས་ཀྱི་ཁྲིམས་མཐུན་ཞིག་གང་ན་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་གི་མི་ཐ་ཤལ་འདི་འདྲས་འདི་འདྲ་ལབ་ཡོང་དུས་ལ་མོ་ཕར་ནང་གི་འདྲེ་སྲིན་གདུག་པ་ཅན་དེ་ཚོ་དགའ་བའི་བྲོ་འཁྲབས་སྐྱིད་པའི་གླུ་བླངས་བྱེད་རྒྱུ་ནི་སྨྲོས་ཅི་དགོས།
་་་་་་ བོད་མིའི་ཐོད་པར་མེ་མདའ་བཞག་ནས་རྩིས་ལེན་བྱེད་པའི་ཉིན་མོ་དུས་དྲན་ཚོགས་སར། ཁྱོད་ཀྱི་སྤྱི་བོར་ཏང་དར་དམར་པོ་བཙུགས་ནས་ཚེ་བརྟན་སྒྲོལ་མའི་རྐུབ་གཡོག་ཏུ་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་སྤུན་ཡིན་ཟེར་ནས་ཏང་ལ་བསྟོད་གླུ་བླངས་ནས་མ་བསྡད་པར་ཡུལ་བགྱར་ལ་སྐྱག་པ་ཟ་ཁར་སླེབས་པ་ཡིན་པས། ་་་་་ཟེར།
ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་ཡིནཔས་ཅི་ལ་ཕན། ཟམ་གདོང་རིན་པོ་འདྲ་བའི་བོད་རིགས་བརྒྱ་ཙམ་ཡོད་ན། དེ་ནས་གཞི་ནས་བདེན་པའི་ཨུ་ཚུགས་སྐོར་ཤོད་ཆོག་པ་ལ་དེ་མེད་པས་་་་་་་་་་་་་་
གྲོགས་པོ་ཕྱག་རྡོར་ཅན། བསམ་བློ་ཐོངས་ནས་སྐད་ཆ་ཤོད་ལོ། ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་ཀྱིན་ཡོད་མེད། ང་ཐེ་ཚོམ་སྐྱེས་ནས་བསྡད་ཡོད། དེར་བརྟེན་ཁ་གསལ་བོ་བྱས་ནས་དྲི་བ་འདྲི་བཞིན་ཡོད། གལ་སྲིད་ཟམ་གདོང་བླ་མ་བདེན་པའི་ཨུ་ཚུགས་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་ཡིན་དབང་དུ་བཏང་ན། བོད་སྤྱི་བའི་རྩ་དོན་འདིའི་བདེན་མཐའ་སེལ་རྒྱུ་ཐེ་ཚོམ་ཡོད་བ་མ་རེད། དེ་ན་ཟམ་གདོང་བླ་མའི་མི་ལོ་བཅུའི་ནང་ལྟ་བ་། སྤྱོད་པ། ལས་འགུལ་གང་ཅིའི་ཐད་ནས་ཟམ་གདོང་བླ་མར་མཐུན་རྐྱེན་འཛོམས་པོ་བྱུང་བ་རེད། ཅིའི་ཕྱིར་དུ་ལག་ལེན་འཁེལ་མ་ཐུབ་རེད། འདི་མདོ་འདེད་ས་རེད། དྲི་བ་ཡོང་ས་རེད།
རྗེ་གྷན་རྡིའི་རང་ལུགས་འདི་མངོན་འགྱུར་ཐུབ་པར་བོད་མི་མང་གི་རམ་འདེགས་མེད་པ་དེ་འདྲ་མ་རེད། གཙོ་བོ་ལྷག་ས་དེ་བོད་ཀྱི་དབུ་ཁྲིད་ལྷན་རྒྱས་ཚོས་ཁ་ཆེར་གདངས་ནས་གཏམ་བཤད་པ་མ་གཏོགས། ལག་ལེན་སྟེང་ཀླད་གོར་རང་རེད། བྱས་ཙང་དབུ་ཁྲིད་ལྷན་རྒྱས་ཀྱི་གཏམ་བཤད་ན་དོགས་པ་ཇེ་ཆེ་ཡིད་ཆེས་ཉུང་དུ་འགྲོ་བཞིན་པ་རེད། མ་རེད་དམ།
ཐག་ཐར་སྐྱིད་ལགས། ཁྱེད་རང་ཐུགས་བྲེལ་དེ་འདྲ་མ་གནང་དང་ང་དུས་ཁོམས་བྱུང་བ་དང་ག་ལེར་ཞུས་ཆོག། གཟིགས་ཨ།
ཨ་སྒོར་དུང་ཤུར་མང་པོ་དེ་རང་བཙན་ཚོགས་པ་ལ་སྤྲོད་ན་བོད་འདི་གདན་ཐབས་སེལ་ཐུབ་་་་་་་་་དེ་མིན་རྡ་ས་སྒྲིགས་འཛུགས་ལ་རི་བ་གང་ཡང་མེད་་་་་་་་ཚང་མའི་རང་དོན་ཁོ་ན་ལ་རོ་པས་་་་་ཙ
ནག་ཐར་ལགས། ད་དུང་མ་རྩོམ་གྱི་ཁ་བྱང་སྟེང་གི་ཡི་གེ་ཀ་ལཱིའི་སྡེ་མཚན་མཐའ་མར་ཨ་ལཱི་གཉིས་པ་ཆད་འདུག་པས་དེ་བཟོ་བཅོས་གནང་དགོས་མེད་དྲོ། ཀློག་མི་བདེ་བ་འདྲ་ཞིག་འདུག།
ཆད་འདུག གློག་འཕྲིན་ཡིག་སྒམ་ནང་བཟོ་བཅོས་བྱེད་ཐབས་བྱུང་མ་སོང་། དེར་བརྟེན་རྩོམ་སྒྲིག་པ་ལ་སྔོན་བརྡ་ཞིག་བཏང་ཡོད། གང་ལྟར་ནུས་བ་ཐོན་མ་སོང་།
་་་་་ ལག་ལེན་སྟེང་ཀླད་གོར་རང་རེད། ་་་་་་ཟེར།
བཙུན་པ་ཟམ་གདོང་བླ་མས་བདེན་པའིི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་ཀྱི་རེད་པས་ཞེས་པའི་དྲི་བ་འདིར་ལན་མདོར་བསྡུས་ཞིག་ཞུ་ན། སྤྱིར་སྟངས་ལྟ་གྲུབ་ཁོ་རང་ལ་རྨ་མེད་ཀྱང་ལག་བསྟར་རང་བཞིན་གྱི་ངོས་ནས་དཀའ་ངལ་དང་ནུས་པ་འདོན་ཐུབ་ཀྱི་མེད་པ་རེད། བྱས་ཙང་ངས་མཆན་དང་པོའི་ནང་དོན་བསྡུས་ཞིག་བཤད་ཡོད། འོན་ཀྱང་སྐུ་ཉིད་ཀྱིས་ལྡོག་ཕྱོགས་ཀྱི་གོ་བ་བླངས་ཡོད་པ་འདྲ། ཞིབ་ཙམ་ཞུས་ན་བཙུན་པ་ཟམ་གདོང་བླ་མ་རང་ཉིད་ལ་མཚོན་ན་གཞོན་ནུ་སྐབས་ནས་རིམ་པར་སྐུ་མདོག་འགྱུར་ནས་རང་བཙན་ནས་བདེན་པའི་ཨུ་ཚུགས་ལ་ས་ལམ་འཕོས་པ་རེད་ལ། ལག་བསྟར་གྱི་ཆ་ནས་ལམ་དབུ་མའི་སྒང་ལ་ཕྱིན་པ་རེད་ལ་པེ་ཅིང་དང་རྡ་ས་གཉིས་བར་ཕར་འགྲོ་ཚུར་འོང་གི་བརྒྱུད་རིམ་ནང་འབྲས་བུ་གོར་ཐིག་ཡིན་པའི་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་གཏམ་བརྗོད་ཟློས་གར་ལ་གསན་གཟིགས་ལན་དགུ་གནང་རྒྱུ་བྱུང་བ་རེད། མ་གཞི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་དེ་རྒྱ་གར་རྒས་པོ་གྷན་དྷི་ཇི་མཆོག་གིས་གསར་གཏོད་རང་བཞིན་ལྡན་པའི་ལྟ་གྲུབ་གཅིག་རེད། གྷན་དྷི་རང་གིས་ལག་བསྟར་རང་བཞིན་ལྡན་པ་མཛད་ཡོད་པ་དཔེར་ན། ཆབ་སྲིད་ཀྱི་འཚོར་ཤུགས་ལྡན་པའི་གཞུང་ལམ་དང་གསུམ་མདོ་ཁག་གལ་གནད་ཅན་གྱི་ལས་ཁུངས་ཁག་སོགས་སུ་སྐུ་དངོས་སུ་ཕེབས་ནས་ངོ་རྒོལ་འཐབ་རྩོད་ཀྱིས་མི་་དམངས་ཀྱི་སྣེ་འཁྲིད་གནང་བ་རེད། རྒྱུ་མཚན་དེས་མི་དམངས་རང་བཞིན་གྱིས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་ལ་ཁ་ཞེ་གཉིས་མེད་ཀྱིས་བདེན་པའི་དབུ་ཚུགས་ཀྱི་འཐབ་རྩོད་གཅིག་རེད། བཙོན་ཁང་དུ་ཡང་ཡུན་རིང་བཞུགས་ནས་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནང་བ་རེད་ལ་དབང་འཛིན་པས་མགྲམ་ལྕགས་གཞུས་ན་ཡང་ཐུགས་རྗེ་ཆེ་ཟེར་གྱི་ཡོད་པ་རེད་ལ་མགྲམ་པ་གཞན་དེ་གཟེད་ནུས་པའི་སྙིང་སྟོབས་ལྡན་ཡོད་པ་རེད། མ་ཟད་འབར་མའི་དམངས་གཙོའི་འཐབ་རྩོད་པ་ལྕམ་ཨང་སཱན་སུའུ་ལ་ཆ་མཚོན་ན་དེ་དེ་བཞིན་ཨིང་ལཎ་ཌི་ནས་ཆེད་མངགས་འབར་མར་ཕར་ལོག་ནས་ཆབ་སྲིད་ཀྱི་འཚོར་ཤུགས་ལྡན་པའི་གཞུང་ལམ་ཁག་ཏུ་ཐོན་ནས་མི་དམངས་ཀྱི་སྣེ་འཁྲིད་གནང་གི་ཡོད་པ་རེད་ལ། ལོ་མང་བཙོན་དུ་བཞུགས་ནས་བདེན་པའི་འཐབ་རྩོད་གནང་བ་རེད། འོན་ཀྱང་བཙུན་པ་ཟམ་གདོང་ལགས་ཀྱིས་ད་བར་མི་དམངས་ཀྱི་སྣེ་འཁྲིད་ནས་གཞུང་ལམ་ཁག་ཏུ་ཐོན་པའི་ལམ་ལུགས་དེ་མེད་པ་རེད། དུས་ཚོད་རྐྱེན་པས་འདིར་འཚམས་འཇོག་བྱེད་ཀྱི་ཡིན་ད་དུང་མུ་མཐུད་ནས་ཡིན་ད།
བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་མཁན་ཞིག་ཡིན་ཚེ། གང་ཟག་དེ་ལྟ་གྲུབ་དབྱེ་མེད་ཀྱི་ལག་ལེན་རང་སྟེང་ནས་མཚོན་ཐུབ་པ་དགོས་ཀྱི་འདུག དེར་བརྟེན་ཟམ་གདོང་བླ་མ་ཡིན་ནའང་འདྲ་འཚེ་མེད་ཞི་བའི་ལངས་ཕྱོགས་བཟུང་མཁན་སུ་ཡིན་རུང་། ལག་ལེན་རང་སྟེང་ནས་མ་གཏོགས་འཚེ་མེད་ཞི་བའི་འཐབ་རྩོད་མཁན་ཞིག་ཡིན་དང་མིན། དགེ་ཕན་ཅི་ཡོད་སོགས་ཕྱོགས་གང་ཐད་ནས་མཚོན་རྟགས་ཞིག་མི་འདུག རྒྱུ་མཚན་འདི་ལ་བརྟེན་ཟམ་གདོང་བླ་མའི་ཉིན་ལྟར་རྒྱང་བསྒྲགས་བྱེད་ཀྱིན་པའི་རྗེ་གྷན་རྡིའི་རིང་ལུགས་དེ། མང་མང་གི་མདུན་ནས་ཅི་ལྟར་འབྲེལ་བརྗོད་སྙིང་རྗེ་རྒྱབ་རུང་། གེ་སེར་སྒྲུང་བཤད་པ་ནང་བཞིན་དོན་གྱི་སྟོང་བ་ཞིག་རེད་བསམ་པའི་ཐོག ཐེ་ཚོམ་འདི་སྐྱེས་ནས་དག་སེལ་ཞིག་དགོས་བ་རེད་བསམ་པ་དྲན་བྱུང་། དེ་གཅིག་ཡིན།
ཟམ་གདོང་བླ་མའི་ལྟ་གྲུབ་རྙིང་བ་གླེང་ནས་རེ་བ་གསར་བ་བྱེད་དོན་ཡང་། མདོར་གཏུགས་ན་ལག་ལེན་ཐེབས་དགོས་བ་རེད་ཞེས་བའི་དོན་ཡིན། རྒྱུ་མཚན་ལས་སླ་བོ་རེད། ལམ་དབུ་མའི་འཐབ་རྩོད་ཀྱི་ཆ་ནས་བདེན་པའི་ཨུ་ཚུགས་ལྟ་གྲུབ་དབྱེ་མེད་ཀྱི་ལངས་ཕྱོགས་ཞིག་མ་གཏོགས། འཚེ་མེད་ཞི་བའི་ འཐབ་རྩོད་ཡན་གར་བ་ཞིག་འབྱུང་ས་ཁོ་རང་ཡོད་བ་མ་རེད། རྒྱུ་རྐྱེན་འདི་རིགས་ལ་བརྟེན་ནས་བོད་མང་ཚོགས་ཀྱིས་རང་ཉིད་ཀྱི་དབུ་ཁྲིད་ལ་བློ་འདུན་བཅོལ་སྟངས་གསལ་བོ་བཟོ་དགོས་བ་རེད་ལ། དེ་ག་ནང་བཞིན་ཡུལ་གྱར་བའི་གནས་སྟངས་ཁྲོད་ཀྱི་དབུ་ཁྲིད་ཚོའི་ལག་ལེན་ཐོག་གི་བྱེད་རྩོལ་བལྟས་ནས་་གུས་བརྩི་ཞུ་དགོས་བའི་གོ་རྟོགས་སེལ་དགོས་བ་རེད། མདོ་དོན་སྐུ་ཉིད་་༼ལྕམ་ཨང་སཱན་སུའུ་ལ་ཆ་མཚོན་ན་དེ་དེ་བཞིན་ཨིང་ལཎ་ཌི་ནས་ཆེད་མངགས་འབར་མར་ཕར་ལོག་ནས་ཆབ་སྲིད་ཀྱི་འཚོར་ཤུགས་ལྡན་པའི་གཞུང་ལམ་ཁག་ཏུ་ཐོན་ནས་མི་དམངས་ཀྱི་སྣེ་འཁྲིད་གནང་གི་ཡོད་པ་རེད་༽བསམ་པ་ནང་བཞིན་རེད། བྱང་ཐང་སྟོང་བ་བསམ་ན། རྟ་རྒན་ཀྱོལ་ལུ་རྩ་ཆུ་འཛོམས་ནས་ག་རེ་བྱས་ནས་འཇོག་དགོས་བ་རེད། འགུལ་བསྐྱོད་མ་ཐུབ་ན་ཐབས་ཤེས་མ་རྙེད་བ་རེད། སྐབས་སུ་འདི་ཙམ་གྱིས།
ཟམ་གདོང་རིན་པོ་ཆེའི་ལྟ་བ་འགའ་ཤས་ལ་འདོད་པ་མེད་ལ་ཁས་ལེན་ཡང་བྱེད་མི་ཐུབ། དཔེར་ན། ཁོང་བཀའ་བློན་ཡིན་སྐབས་གཞུང་གི་དཔལ་འབྱོར་ཚོང་གཉེར་སྒེར་ལ་བཙོང་བ་དང་། དེ་བཞིན་ཁོར་ཡུག་བཟང་པོ་སྐྲུན་དགོས་ཅེས་རྒྱ་ནག་ལ་བསྟུན་གང་ཐུབ་དང་བོད་མིའི་མངོན་འདོད་སྦས་གང་ཐུབ་སོགས་ཡིན། འོན་ཀྱང་། གཟུ་བོར་བསྡད་ནས་བལྟས་ན། བདེན་པའི་ཨུ་ཚུགས་དེ་ཁོང་ལ་ཁག་མེད། ཁོང་བདེན་པའི་ཨུ་ཚུགས་ལས་འགུལ་སྤེལ་བའི་སྐབས་ལ། གོང་ས་མཆོག་གིས་གཟིམ་ཆུང་ལ་འབོད་ནས། སྤྱི་འཐུས་ཀྱི་ཚོགས་གཙོ་ཕེབས་དགོས་པའི་བཀའ་དང་། དེ་བཞིན་སྔོན་མ་ཁྲི་བྱང་རིན་པོ་ཆེའི་བཀའ་སློབ་དྲན་སྐུལ་གྱིས་གོང་ས་མཆོག་གི་བཀའ་སྲུང་ལ་ཅི་སྒྲུབ་ཞུ་དགོས་པ་འདིའི་ཁོང་གི་རྩ་བའི་བླ་མ་ཁྲི་བྱང་རིན་པོ་ཆེའི་བཀའ་སློབ་ཡིན་སྟབས། ད་ནས་རྒྱལ་དབང་གི་བཀའ་སློབ་ལ་བརྩི་བཀུར་གྱིས་གཞུང་ལ་ཞབས་སྤྱི་སྒྲུབ་དགོས་པའི་བཀའ་ཕེབས་སྟབས། ཟམ་གདོང་རིན་པོ་ཆེའི་སྒེར་གྱི་འདོད་པ་དང་མངོན་འདོད་ཡོངས་སུ་བསྐྱུར་ནས་འདས་པའི་ལོ་ཉི་ཤུ་ལྷག་རྡ་རམ་ས་ལར་ཞུགས་ནས་རྒྱལ་དབང་རིན་པོ་ཆེའི་དགོངས་པ་བསྒྲུབས་ཡོད། རྒྱལ་དབང་མཆོག་གིས་དེ་སྐོར་རག་ཙམ་རྒྱལ་དབང་ཀརྨ་པར་གསུངས་པ་དེ་རྒྱལ་དབང་ཀརྨ་པ་མཆོག་གིས་གསུངས་བཤད་ནང་ལ་འཁོད་འདུག
ང་ཚོ་བོད་པ་ཚོས་ཐུབ་ན་གང་ཐུབ་ཀྱིས་ཐུབ་ཚོད། མ་ཐུབ་ན་རྒྱང་ནས་མཆི་མ་བཏབ་པ་ལྟར། གཙོ་བོ་དེ་རྒྱལ་བ་རིན་པོ་ཆེ་ལ་མ་འདོད་པའི་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མིང་ནས་འབོད་མ་ནུས་སྟབས། ཟམ་གདོང་རིན་པོ་ཆེའི་མིང་ནས་འབོད་ནས་གཙོ་བོ་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་མཁན་འདུག། གོང་གི་རྩོམ་པ་པོ་ནགས་ཐར་སྐྱིད་འདིའི་ནང་ལ་ཚུད་མེད། དེར་བརྟེན། རྗེས་མ་ཟམ་གདོང་རིན་པོ་ཆེ་དང་འབྲེལ་བ་ཡོད་པའི་རྩོམ་དང་མཆན་ཀློག་སྐབས་ཕྱོགས་གཞན་ནས་བསམ་བློ་གཏོང་གིན་གཏོང་གིན་ཀློག་ན་ཕན་པ་འདུག་གོ།
ཤྭ་བ་མི་བསྐོར་རི་བསྐོར་ཟེར་་སྲོལ་བཞིན། དཔྱད་གཞིར་ཡིན་མདོག་ཀྱིས་རྩོམ་ཉོག་དང་། དེར་དཔྱད་བརྗོད་ཡིན་ཁུལ་གྱི་དཀྲུགས་ཤིང་གི་མདའ་མོའི་སོ་ཁ་ནང་དུ་ཕྱོགས་པ་ནི་ཁྲེལ་མེད་གཡོ་ཁུག་ལ་གོམ་པའི་དྲ་བའི་འབུ་སྲིན་དག་གིས་བྱེད་ཕྱོགས་བླ་ན་མེད་པ་ཞིག་རེད། སྤྱིར་ཡངས་ཆ་ནས་འགྲོ་སྟངས་དང་མཐུན་པ་བཤད་ན། སྐྱེ་བོ་གཞན་ཞིག་གིས་དགེ་སྐྱོན་གླེང་བ་ལ་རང་ཉིད་གླེང་ཡུལ་དེ་ལས་ཤེས་འཇོན་དང་། བྱས་རྗེས། བཟང་སྤྱོད། གཞན་གྱི་ཡིད་ཆེས་དང་། རེ་ལྟོས་སོགས་ཕྱོགས་གང་ཐད་ནས་གནས་ཚད་མཐོ་བ་ཞིག་དགོས་ངེས་ཀྱང་། ཡིང་ཡང་དེ་དག་ལ་འགན་ཁུར་མེད་པའི་དྲ་བའི་འབུ་སྲིན་དག་ནི་སྨ་བརྗོད་རང་དབང་ལ་རློམས་ཏེ་རང་ངོར་གཡག་འགྲོ་བ་མི་མཐོང་། གཞན་ངོར་ཤིག་འགྲོ་བ་མཐོང་ཞེས་པ་ལྟར། རང་ངོ་རང་གིས་མ་ཤེས་པར་རང་ཉིད་ལས་དཔག་ཚད་འབུམ་ཕྲག་དུ་མའི་མདུན་སྐྱོད་ཅན་གྱི་སྐྱེས་བུའི་དགེ་སྐྱོན་གླེང་ཁུར་བཟོ་བ་ནི་དཔྱོད་ལྡན་རྒན་པོ་ཐུགས་སེམས་ཁྲེལ་རོགས་ལས་གང་ཡང་མེད་པ་རེད། དེ་ནི་སྤྱིར་བཤད་ཙམ་ཡིན། ཞོར་འཕྲོས་གཞན་ཞིག་ནི། དྲ་འབུ་ལོག་སྤྱོད་པ་གསེར་འབྲུག་མིང་ཅན་འམ་རྩྭ་མི་ཟ་མཁན་གྱི་དུད་འགྲོ་འདིའི་ང་ཡིས་མཆན་བུར་ཁ་ལོ་བསྒྱུར་ཐབས་སུ་དམིགས་ནས་འབྲེལ་མེད་དོན་གཞན་གྱི་ཡིག་ཉོག་མང་པོ་ཞིག་བྲིས་འདུག་པར་དེ་དག་གིས་ནང་དོན་ཡང་། མགོ་ག་རེ་བྱས་སོང་དྲིས་དུས་་་རྐུབ་ཁྱིས་སོ་བཏབ་སོང་ཟེར་བ་ལྟ་བུ་ལས་གཞན་གང་ཡང་མི་འདུག་པས་རེ་རེ་བཞིན་ལེན་གྱི་ངལ་བ་འབད་པ་དོན་མེད་དུ་འདུག་པས་རེ་ཞིག་བཏང་སྙོམས་སུ་བཞག་ན་དངོས་སྡིག་ཆུང་བ་སེམས་སོ། ཧེ་ཧེ་་་་་་་་་ད་དུང་རྒྱལ་སྤྱིའི་ཁྲིམས་ལུགས་ཡིན་ན་ཞིག་ཤེས་ཀྱི་ཡོད་ཟེར་བ་དང་། འཚེ་མེད་ཞི་བདེའི་དེད་དཔོན་བདག་ཉིད་ཆེན་པོ་གྷན་དྷི་ལ་ཡང་ཡིད་མ་རངས་བས་ཚིག་ངན་བེད་སྤྱོད་སྟངས་འདིར་ལྷར་ཡང་ཁྲེལ་རྒོད་ཞིག་ཤོར་སོང་། དེ་ཙམ་ལས་རེ་ཞིག་སྐྱག་ཁ་མངོག་མི་འདོད། །
༣༢༽ ཟུར་གནས་ནས། ང་ཚོ་བོད་པ་ཚོས་ཐུབ་ན་གང་ཐུབ་ཀྱིས་ཐུབ་ཚོད། མ་ཐུབ་ན་རྒྱང་ནས་མཆི་མ་བཏབ་པ་ལྟར། གཙོ་བོ་དེ་རྒྱལ་བ་རིན་པོ་ཆེ་ལ་མ་འདོད་པའི་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མིང་ནས་འབོད་མ་ནུས་སྟབས། ཟམ་གདོང་རིན་པོ་ཆེའི་མིང་ནས་འབོད་ནས་གཙོ་བོ་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་མཁན་འདུག། གོང་གི་རྩོམ་པ་པོ་ནགས་ཐར་སྐྱིད་འདིའི་ནང་ལ་ཚུད་མེད། དེར་བརྟེན། རྗེས་མ་ཟམ་གདོང་རིན་པོ་ཆེ་དང་འབྲེལ་བ་ཡོད་པའི་རྩོམ་དང་མཆན་ཀློག་སྐབས་ཕྱོགས་གཞན་ནས་བསམ་བློ་གཏོང་གིན་གཏོང་གིན་ཀློག་ན་ཕན་པ་འདུག་གོ། འདི་བདེན་པ་བཤད་འདུག་་་་་་་་་་་་་
ཟམ་གདོང་རིན་པོ་ཆེ་བཀའ་དྲིན་ད་ལྟ་ནས་མ་བརྗེད་ཅིག དྲ་འབུབསོད་དེ་སྐམ་པོ་ཚོ། དེ་བཞིན་སྲིད་སྐྱོང་བློ་སེང་ལགས་ལ་ཁ་གཏོང་མཁན་ཚོ་ལ་ཡང་དྭོགས་ཅིག་མི་སྐྱེ་རང་སྐཡེ་རང་ཆགས་བགྱིད་འདུག་གོ །ཁ་རིན་པོ་ཆེ། ལུས་སྡོད་དུ་ཆུགས། ཁ་དཔེ་འདི་གོ་མྱོང་ཡོད་དམ། ལྟ་ཀློག་ཚོ།
ལྟ་ཀློག་ཚོ། འདི། ལྟ་ལོག་ཚོ། ལ་བཅོས།
ཀརྡོ་གཉེར་ཕྱག་པ་གཙོ་གྱུར་བའི་དྲ་གྲོགས་ཚོ། རིན་པོ་ཆེ་ནི་རིན་པོ་ཆེ་རང་ལ་ངོས་བཟུང་ནས་བོད་མི་མང་གི་བདེ་སྡུག་སླར་ཡང་ཞུ་འདོད་པ་ལ་རྒྱུ་རྐྱེན་འདི་དག་ཚང་ཡོད། ཟམ་གདོང་བླ་མ་རྣམ་དཔྱོད་དང་ལྡན་པ། ཟམ་གདོང་བླ་མ་ལྟ་གྲུབ་ཡོད་བསྡད་པ། ཟམ་གདོང་བླ་མ་སྤྱི་ཚོགས་ནང་མཐོང་ཡོད་པ། ཟམ་གདོང་བླ་མས་ཤུགས་རྐྱེན་ཐེབས་ཐུབ་པ་བཅས་དགེ་ཕན་གང་མང་ལ་བསམ་གཞིགས་བྱས་ཡོད།
དེ་ན་་་ཟམ་གདོང་བླ་མས་བོད་མང་ཚོགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་རྒྱུ་ཡིན་དང་མིན། ཟམ་གདོང་བླ་མས་རང་ཉིད་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་རྒྱུ་རེད་དང་མ་རེད། ཟམ་གདོང་བླ་མས་རང་ཉིད་ཀྱི་རྩ་བའི་བླ་མའི་བཀའ་སྒྲུབ་ཁུལ་གྱིས་བོད་སྤྱི་བའི་རྩ་དོན་མཐའ་ལ་དེད་ན་འོས་ཤིང་མཚམས་པ་ཞིག་རེད་མ་རེད། དྲི་བ་འདི་ལྟར་རླུང་འཚུབས་བཞིན་ལྡང་ནས་ཡོང་ཀྱིན་འདུག དེར་བརྟེན་བོད་མང་ཚོགས་ཤི་མ་གསོན་གྱི་ཚད་ལ་བཞག་ནས་དབུ་ཁྲིད་ཀྱི་བྱེད་ལས་འདི་དག་ཡིད་དུ་རུང་བ་ཞིག་རེད་དམ།
ཕྲན་གྱི་བསམ་ཚུལ་འདིའི་ཕུ་གཏུག་ས། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁྲོད་ཡུལ་གྱར་བོད་མི་ཚོ་ལས་མེད་རང་ཆགས་ནས་ཅི་བྱ་གཏོད་མེད་ཀྱི་སྣང་ཚུལ་དེ་སྐྱེས་ཀྱིན་པ་འདི་བཞིན། རང་ཤེད་མི་མི་ལྕོགས་ན་གོང་རིམ་ནས་གོང་རིམ་ལ་སྐྱབས་འཇུག་ཞུ་རྒྱུ་འབངས་མི་སེར་གྱི་འོས་འགན་རེད། དེར་བརྟེན་ཟམ་གདོང་བླ་མའི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་དེ་བོད་གཞེས་བྱེས་གཉིས་ལག་གདེངས་སྦྲེལ་བྱེད་ཡོད་ལ་མེད་ལ་དེ་རེད། ཐབས་ལམ་འདི་ལས་ང་ཚོས་བློ་གཏོད་བྱེད་འོས་ལམ་ཁ་ཞིག་ད་སྔ་མ་བྱུང་ལ། སླད་ཀྱང་འབྱུང་མི་སྲིད། ད་ག་རེ་བྱད་རྒྱུ་ཡིན་ནམ། ཟམ་གདོང་བླ་མ་གསོལ་བ་བཏབ་ནས་སྐྱབས་འཇུག་རེ་ཞུས་བ་ཙམ་གྱིས་ཁྱེད་ཅག་གི་སྙིང་ན་དགོས་དོན་འདུག་གམ།
ཁྱེད་ཅག་གི་དོན་དངོས་ཐོག་ག་རེ་ལབ་ཀྱིན་ཡོད། ག་རེ་བསམ་ཀྱིན་ཡོད། ག་རེ་སྒྲུབ་ཀྱིན་ཡོད། ཟམ་གདོང་བླ་མ་ཕུ་ལ་བཞག་ནས་ཐེའུ་རང་སྒོ་ཁར་ཡོང་ནས་སྐད་ཆ་མ་བཤད།
གཞེས་ལུས་མི་མང་གི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་ཡིན་ན། ཟམ་གདོང་བླ་མ་ལ་སྐྱབས་འཇུག་བྱས། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་པ་གྱིས། འདི་སློབ་གསོ་ཡིན་ལ་རེ་བ་ཡང་ཡིན། ཟམ་གདོང་བླ་མ་བོད་ཀྱི་ལོ་རྒྱུས་སྟེང་ཁ་བཤད་གཉིས་མེད་ཀྱི་མི་སྣ་ཡིད་སྟོན་རུང་བ་ཞིག་བྱེད་དགོས་ཚེ། རང་ཉིད་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་རྒྱུ་དེ་གྲུབ་ཆ་གཙོ་བོ་རེད། དེ་མ་གཏོགས་གླིང་ཚ་ཚེ་རྡོར་གྱི་རྐང་བ་བཞག་སར་ཟམ་གདོང་བླ་མའི་ལག་པ་བསྙོབ་མ་ཐུབ་པ་རེད། ད་ཡ་མཚར་བ་གང་ཡང་རེད་མི་འདུག་ག གནས་ལུགས་ཡོད་ན་ཤོད། ཡི་གེ་འབྲི་ཀློག་ལ་ཁྱེད་ཅག་དཀའ་ངལ་གང་ཡང་མེད་པ་འདྲ། མ་རེད་དམ།
་་་་་ དེ་མ་གཏོགས་གླིང་ཚ་ཚེ་རྡོར་གྱི་རྐང་བ་བཞག་སར་ཟམ་གདོང་བླ་མའི་ལག་པ་བསྙོབ་མ་ཐུབ་པ་རེད། ད་ཡ་མཚར་བ་གང་ཡང་རེད་མི་འདུག་ག ་་་་་ཟེར།
ཟུར་གནས་མ་རེད་ཕྱོགས་ལྷུངས་རེད། ཏང་ཡོན་གཡས་ཕྱོགས་གཡོན་ཕྱོགས་པ།
ཤར་ཕྱོགས་ཁུག་རྟའི་ཆོ་སྤྲུལ་དང་། ཟམ་གདོང་བླ་མའི་སྒོ་ཁྱི་རེད།
འཇམ་གཅེས་མ་རེད་ཏང་གཅེས་རེད། ཏང་གི་གསོས་ཕྲུག་སྐྱག་ཟན་པ།
དམངས་གཙོ་ཕྲོགས་པའི་གཤེད་མ་དང་། སྨྲ་བརྗོད་འགོག་པའི་སྟ་རེ་རེད།
ཏང་དར་དམར་པོ་མགོ་ལ་བཙུགས། བཙན་བྱོལ་སྤྱི་ཚོགས་དཀྲུགས་གཏེ་རེད།
དགེ་ལུགས་བླར་རྒན་རྨོངས་ཞེན་ཅན། ཆོས་ལུགས་མཐུན་སྒྲིལ་དཀྲུགས་གཏེ་རེད།
ཐོས་རྒྱ་མཐོང་རྒྱ་བྱ་རྐུབ་ཙམ། དཔྱོད་ཤེས་རིག་པ་རྐུབ་ནང་གཏད།
ཁ་ཡག་གོང་མར་སྤྲེལ་ལད་འཁྲབ། དམངས་ལ་དུག་སྦྲུལ་ལྕེ་གཉིས་མ།
དམངས་གཙོའི་ཁེ་ཕན་བཙན་ཕྲོགས་བྱེད། བསམ་བརྗོད་རང་དབང་བསྡུ་རྩིས་བྱེད།
དེ་འདྲའི་འདོད་ཐོག་རྟ་རྒྱུགས་རྒྱུགས། ཁྱོད་ཚོར་དགོས་ཀྱང་ཡོང་མདོག་མེད།
རྨི་ལམ་སྐྱིད་པོ་མ་གཏོང་ལོ། ཧ་ཧ་ཧ་ཧ་ཧ་ཧ།
མི་འདི་ཚོ་ཏང་ལ་བློ་དཀར་གཞུང་དྲང་ཅན་ཞིག་རེད་ལ་མཉམ་རུབ་ཀྱི་འདུ་ཤེས་ཡ་མ་བརླ་ཞིག་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེ་ཁ་རྩེར་འཁྱེར་ནས་ཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྡོག་རྫིས་གཏོང་གིན་གཏོང་གིན་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་དོན་བསྒྲུབ་ཀྱིན་པ་ངས་སྔ་ས་ནས་ཤེས་ཡོད། རྒྱུ་མཚན་༧རྒྱལ་བ་རིན་པོ་ཆེར་མི་དད་མཁན་ཧ་ལམ་མེད་ཙང་ཁོང་གི་མཚན་འདིར་བཙན་གྱིས་དྲུད་ནས་མཆན་གྱི་ཁ་ཕྱོགས་བསྒྱུར་གང་ཐུབ་ཀྱིས་དྲ་མཆན་པ་ཡོངས་རྫོགས་ཁ་ལོ་བསྒྱུར་ཐུབ་རྒྱུའི་རེ་ངན་བཅངས་ནས་ཏང་གི་ལས་དོན་བསྒྲུབ་ཀྱི་ཡོད་པ་རེད། དེ་་ི་གཞན་གང་ཡང་མིན་པ་གུང་ཁྲན་ཏང་གི་དྲ་འབུ་ཞིག་གིས་བྱ་སྤྱོད་ངོ་མ་དེ་རེད།
དེས་ན་༧རྒྱལ་བ་རིན་པོ་ཆེ་ཆབ་སྲིད་གྲེས་ཡོལ་ཆ་ཚང་ཕེབས་ཟིན་པ་རེད་ལ་བཙུན་པ་ཟམ་གདོང་ཚང་ཡང་ལམ་དབུ་མའི་སྲིད་སྟེགས་ནས་བཞུད་ནས་རྒྱུན་རིང་ཕྱིན་ཚར་བ་རེད། འོན་ཀྱང་ནག་ཐར་སྐྱིད་ལགས་ཀྱིས་ཟམ་གདོང་བླ་མའི་ལྟ་གྲུབ་རྙིང་པ་དེར་་བློ་གདེང་འཁེལ་བ་ཞིག་དང་ཡིད་ཆེས་འཕེར་བ་ཞིག་ཡིན་མིན་གྱི་གླེང་སློངས་འདི་བྱུང་ཙང་། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་དང་ཆབ་སྲིད་ཀྱི་ཐོབ་ཐང་གི་དབང་ཚད་ཆ་ཙང་ཡོད་པའི་ཆ་ནས་དང་རང་དབང་དང་དམངས་གཙོ་ཆ་ཚང་ལྡན་པའི་ལུང་པར་གནས་སྡོད་བྱེད་པའི་ཆ་མང་པོ་ཞིག་གིས་ངོས་ནས་སྨྲ་བརྗོད་དང་བསམ་བརྗོད་ཀྱི་ཐོབ་ཐང་ཆ་ཚང་ལྡན་པའི་སྒོ་ནས་གཅིག་གླེང་བ་འདིར། ༧རྒྱལ་བ་རིན་པོ་ཆེ་མཚན་ནས་འབོད་མི་ནུས་པར་ཟམ་གདོང་བླ་མའི་མིང་ནས་སྨྲོས་ཏེས་༧རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་དང་ཟུར་ཟ་རེད་ཟེར་བ་དེ་འོལ་ཚོད་དང་ཧམ་བཤད་ཀྱི་སྐད་ཆ་ཞིག་ལས་གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་མ་རེད། དེས་ན་ཁྱོད་ཀྱིས་ངའི་མཆན་རེ་རེ་བཞིན་མཛུབ་མོ་བཙུགས་ནས་༧རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་དང་ཟུར་ཟ་གང་དུ་བཤད་འདུག་བསྟོན་དང་། ངས་རེ་རེ་བཞིན་འགྲེལ་བཤད་ཁྱོད་ཀྱི་རྣ་འོན་རབས་བར་བརྒྱབ་ཆོག། བྱས་ཙང་མི་འདི་ཚོས་བོད་ཀྱི་རྩ་དོན་ལ་མི་རེ་ངོ་རེས་འགན་འཁུར་མེད་པར་༧རྒྱལ་བ་རིན་པོ་ཆེ་ག་དུས་ཡིན་ཡང་ཁྱོད་ཚོས་འཕྱིས་རས་ལ་བསྒྱུར་ནས་ཆབ་སྲིད་སྡིང་ཆའི་མདུན་གྲལ་དུ་ཕུད་ཡོང་བ་རེད། དེས་ཀྲུང་ནན་ཧེའེ་ནས་རྒྱུན་ཆད་མེད་པར་མཚན་སྨོད་ཞུ་གཞི་བཟོས་པ་རེད་ལ་བོད་ནང་སྐུ་པར་ཡང་བཤམས་མི་ཆོག་པའི་སྲིད་ཇུས་ཡང་བསྐྱར་འགོ་བཙུགས་གཞི་ཆགས་ཡོད་པ་རེད། མ་ཟད་ཆབ་སྲིད་གྲེས་ཡོལ་ལ་ཕེབས་དོན་ཡང་འདི་དང་འགྲེལ་བ་རྟིང་ཟབ་ཡོད་པ་རེད་ཁོང་གིས་ནམ་རྒྱུན་(ང་མེད་པ་ནང་བཞིན་བགྱིས་ཤོག་ཨ)ཞེས་པའི་བཀའ་སློབ་ཟབ་མོ་དེར་དང་ལེན་དང་བརྩི་བསྲུང་འགན་འཁུར་མེད་པའི་རང་རྟགས་ཕྱི་རོལ་དུ་མངོན་སོང་བ་རེད་དོ།
རེད་ཡ་་་་་ཟམ་གདོང་བླ་མ་ལ་སློབ་སྟོན་ཕུལ་ཐུབ་པས་ཤེས་འཇོན་དང་རྣམ་དཔྱོད་ལྡན་ཚེ་ཡིན་གཅིག་ཟམ་གདོམ་བླ་མར་ཁྲལ་འདེབས་དགོས་དོན་གང་ཡང་མི་འདུག ། སོ་སོ་མདུན་དུ་དོན་ནས་ཟམ་གདོང་ལ་སློབ་སྟོན་ཕུལ་བ་ཇི་བཞིན་བྱོས་དང་། གླིང་ཚ་ཚེ་རྡོར་གྱི་རྐང་བ་བཞག་སར་ཟམ་གདོང་བླ་མའི་ལག་པ་བསྙོབ་མ་ཐུབ་པ་རེད་ཟེར་བ་འདི་གང་ཡིན་ནམ། ཟམ་གདོན་བླ་མའི་བོད་དོན་ལས་འགུལ་ཆེད་དུ་བལ་ཡུལ་བར་དུ་གོམ་བགྲོད་མ་བྱས་པ་རེད་ཟེར་གྱིན་ནམ། ཡིན་ན་མི་ལོ་༦༠་ལྷག་ཙམ་རིང་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་འཛེམས་མེད་དུ་སྐྱོན་གནང་མཁན་༧གོང་ས་ཡིད་བཞིན་ནོར་བུའི་གཙོས་བྱས་བཙན་བྱོལ་དུ་ཡོད་པས་བྱས་པ་ཅན་གྱི་མི་སྣ་ཡངས་རྫོགས་ཚེ་རྡོའི་རྐང་བ་བཞག་སར་ཁོང་ཚོས་ལག་པ་བཞག་མ་ཐུབ་པ་ངོས་འཛིན་དགོས་པས། ཡིན་གཅིག་ཟམ་གདོང་བླ་མ་དམིགས་སུ་བཀར་དགོས་དོན་གང་ཡིན་ནམ། མདོར་ན་གོང་གསལ་མཆན་༣༢༽ པའི་ནང་དུ་ཟུར་གནས་ནས། ང་ཚོ་བོད་པ་ཚོས་ཐུབ་ན་གང་ཐུབ་ཀྱིས་ཐུབ་ཚོད། མ་ཐུབ་ན་རྒྱང་ནས་མཆི་མ་བཏབ་པ་ལྟར། གཙོ་བོ་དེ་རྒྱལ་བ་རིན་པོ་ཆེ་ལ་མ་འདོད་པའི་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མིང་ནས་འབོད་མ་ནུས་སྟབས། ཟམ་གདོང་རིན་པོ་ཆེའི་མིང་ནས་འབོད་ནས་གཙོ་བོ་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་བྱེད་མཁན་འདུག་ཟེར་བ་འདི་དོན་དངོས་གནས་མི་འདུག་གམ། །
ཨ་ཨ་ཨ་ཨ་ གསེར་འབྲུག་སྡེ་ལྔ་ ཁྱེད་འདི་འདྲ་མི་གཏི་མུག་པ། བྱིས་པ་ལོ་བརྒྱད་ཀྱི་་ ན་གསོ་ལས་ལོན་མི་འདུག
དྲ་གྲོགས་འཇམ་གཅེས་ལགས། ཟམ་གདོང་མ་གླེང་ཡོང་དུས་ཁྱོས་མི་འདོད་ས། མི་བདེ་ས། མི་སྐྱིད་ས་གང་རེད། ད་གཞི་ནས་རང་མདོག་སྟོན་ཡོང་གིན་འདུག་ག རྒྱུ་མཚན་འདི་ལ་བརྟེན་ནས་ཕྱོགས་སུ་མ་ལྷུང་ཞེས་བའི་སྐད་ཆ་འདི་ཡོང་ཀྱིན་པ་རེད། ཟམ་གདོང་བླ་མར་ཁྲལ་བཞག་བའི་སྐད་ཆ་དེ་ཤ་ལ་གཞུས་ན་རུས་ལ་གནོད་ཀྱིན་ཡོད་པའི་རྟགས་རེད། འདི་སྤྱི་བའི་རྩ་དོན་སྟེང་གི་འགག་རྐྱེན་གཙོ་བོ་གཅིག་རེད། ཟམ་གདོང་བླ་མ་ལ་སྐྱབས་འཇུག་ཞུ་དགོས་བ་རེད་ལབ་པ་ཙམ་གྱིས་སེམས་ན་ཡོང་དུས། གཞི་ནས་ཐེའི་རང་སྒོ་ཁར་ཡོང་ནས་སོ་ལྟ་བྱེད་ཀྱིན་པ་འདི་གསལ་བོ་རེད། དེར་བརྟེན་བརྡ་འདི་ཟམ་གདོང་བླ་མ་ལ་འཕྲོད་ཐབས་བྱས།
སྤྱི་ལོ༢༠༠༨ནང་བོད་གཞིས་ལུས་མི་མང་གི་བདེན་པའི་ཨུ་ཚུགས་ལྟ་གྲུབ་གཞིར་བྱས་ནས་འཚེ་མེད་ཞི་བའི་འཐབ་རྩོད་རང་ལག་བསྟར་བྱས་བ་རེད། ཡུལ་གྱར་བོད་མི་ཚོས་ཞི་བའི་གོམ་བགྲོད་ཀྱི་མགོ་འབུས་ས་དེ་ཡང་ཟམ་གདོང་བླ་མ་ལགས་ཀྱི་བསམ་སྤྱོད་དང་འབྲེལ་བསྡད་ཡོད་པ་ཞིག་ཡིན་ན། ག་རེ་བྱས་ནས་འཁྲབ་སྟོན་འདིའི་མཇུག་སྐྱེལ་མ་ཐུབ་པ་རེད། རྒྱུ་མཚན་ཤོད། བོད་མི་མང་གིས་རམ་འདེགས་མ་ཐུབ་པ་རེད་དམ། ཡང་ན་ཟམ་གདོང་བླ་མས་རྒྱུན་ལྡན་དུ་གླེང་བཞིན་པའི་གེ་སེར་སྒྲུང་ནང་བཞིན་རྫོགས་རྒྱུ་མེད་པ། རྗེ་གྷན་རྡའི་རང་ལུགས་ལ་བློ་གདེང་འཁེལ་མ་ཐུབ་པ་རེད་དམ། ཡང་མིན་ན་ལམ་དབུ་མའི་སྲིད་ཁྲི་སྟེང་བདེན་པའི་ཨུ་ཚུགས་ལག་བསྟར་བྱེད་དབང་མེད་སོང་བ་རེད། གང་ལྟར་ཕྲན་གྱི་ཡིད་ཆེས་སླེབས་ས་དེ་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་འདི་གོང་ན་མེད་པ། སྲིད་ན་དཀོན་པའི་བོད་ཀྱི་བདེན་སེལ་བྱེད་ཁོ་ན་ཡིན། རྒྱུ་མཚན་འདི་འདྲ་བརྟེན་ནས་རང་ཤེད་ཀྱིས་མི་ལྕོགས་རུང་ཟམ་གདོང་བླ་མ་ལ་སྐྱབས་འཇུག་ཞུ་བཞིན་ཡོད། འདི་ལ་ནོར་འཁྲུལ་ཞིག་འདུག་གམ།
ཟམ་གདོང་བླ་མ་བོད་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཐུབ་མཁན་རེད། དེར་བརྟེན་གདམས་ཀ་འདི་ཟམ་གདོང་བླ་མ་ལ་འོས་ཞིང་འཚམས་པ་ཞིག་ཡིན། སྤྱིར་བཤད་ན་བོད་མང་ཚོགས་ཀྱིས་རེ་བ་བྱེད་ས་དེ་སུ་ཡིན་རྩད་གཅོད་ཐུབ་ཀྱིན་མེད་པ་རེད་མ་གཏོགས། བོད་ཀྱི་འཚེ་མེད་ཞི་བ་འི་ལངས་ཕྱོགས་བཟུང་མཁན་ཚོའི་ཁྲོད་ན་ཟམ་གདོང་བླ་མ་ལས་ལྷག་པའི་གང་ཟག་ཞིག་རྙེད་ཐབས་མེད་པའི་ཚོར་བ་དེ་བདག་ལ་སྐྱེས་བཞིན་ཡོད། བྱས་ཙང་འཇམ་གཅེས་ཡིན་ན་འདྲ། དེ་མིན་སུ་ཡིན་རུང་བོད་སྤྱི་བའི་རྩ་དོན་ཆེད་དུ་ཟམ་གདོང་བླ་མ་ལ་སྐྱབས་འཇུག་ཞུ་དགོས་བ་རེད། བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་འདི་གཞིར་བཞག་ནས་གཞེས་ལུས་མི་མང་ལ་ལག་གདེངས་སྦྲེལ་ཐབས་ཀྱི་འཐབ་རྩོད་དེ་འབྱུང་དགོས་བ་རེད། དེ་མིན་བྱ་ཐབས་གཞན་ཡོད་བ་མ་རེད།
བར་འདི་ནས་བོད་ཀྱི་གསར་འགོད་པ་ཚོས་རང་ཉིད་ཕོགས་གཟན་ཁོ་ན་ཞིག་མི་བྱེད་པའི་ཆེད་དུ་ཟམ་གདོང་བླ་མའི་འདོད་བློ་ངོ་མ་བཙལ་ནས་རྙེད་ཐབས་བྱེད་དགོས་བ་རེད། ཟམ་གདོང་བླ་མ་སྒེར་ངོས་ན་ཐབས་ཤེས་ཡོད་ལབ་བཞིན་པ་རེད། རང་ཉིད་གསར་འགོད་པ་ཞིག་ཡིན་པའི་དོན་གོ་ཆོད་དགོས་བ་རེད། སྐབས་སུ་འདི་ཙམ་གྱིས། མི་སྐྱིད་ས། མི་བདེ་ས། མི་འདོད་ས་ཡོད་ན་དྲི་བ་ཕྲིས་ཁུ་སུམ་མེར་མ་འདུག་རོགས།
ཕུང་རྒན་ཁྱོད་རང་ཉོན་ཤིག །ཁྱོད་ཀྱིས་དུས་རྟག་ཏུ་སྡུག་སྐད་འདོན་ཡ་གཙོ་བོ་ཞིག་ནི་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་སྤྲོད་ཟིན་པའི་དབུ་མའི་ལམ་གྱི་འགྲེལ་བརྗོད་དེ་རེད། ཡིག་ཆ་དེའི་ནང་དོན་ཆ་ལག་ཡོངས་སུ་རྗོགས་པ་༧གོང་ས་མཆོག་གི་དགོངས་གཞི་དང་ཡོངས་སུ་མཐུན་གྱི་ཡོད་པ་མ་ཟད། སྐབས་དེའི་དུས་སུ་ཕུང་རྒན་ཁྱོད་ཚོའི་གྲས་དཀྲུགས་གཏེ་མི་ཉུང་བ་ཞིག་གིས་གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་འུར་ཤོད་བྱས་རྐྱེན་༧གོང་ས་མཆོག་གིས་ཐུགས་ཕམས་དང་བཅས་ཏེ་གྲོས་ཚོགས་སུ་གསུངས་འཕྲིན་བསྩལ་དགོས་བྱུང་བ་མ་ཡིན་ནམ། མདོར་བསྡུས་ནས་བཤད་ན། པཎ་ཆེན་ཟམ་གདོང་མཆོག་སྤྲུལ་རིན་པོ་ཆེ་ནི༧གོང་ས་མཆོག་གིས་ཡིད་ཆེས་གནང་སའི་མི་སྣ་གལ་ཆེན་ཞིག་ཡིན་པ་འདིར་བསམ་ཚེ་ཁོང་གིས་ལྷག་བསམ་དང་། མཁྱེན་སྤྱོད། འཇོན་ཐང་། ལྟ་གྲུབ་སོགས་གཞན་དྲིང་འཇོག་མི་དགོས་པའི་མཁས་པའི་དབང་པོ་ཞིག་ཡིན་པར་སྒྲུབ་བྱེད་དང་རིག་ལམ་མི་དགོས་པ་ལས་སླ་པོས་ཐོག་ནས་ཤེས་ཐུབ་ངེས་རེད། བྱས་ཙང་། ཁོང་ལ་ངན་སྨས་དང་ལྐུར་འདེབས་གང་བྱས་ན་དོན་གྱི་༧གོང་ས་མཆོག་ལ་བཟོ་གྱི་ཡོད་པ་ཡང་ཤེས་དགོས། དེ་མིན་རེ་རེ་བཞིན་འདི་ཡིན་འཛུབ་མོ་བཙུགས་འདོད་གང་ཡང་མི་འདུག །ལུག་ནང་བཞིན་བླུན་རྒན་ཞིག་མིན་ན་བསམས་བློ་ནང་དུ་ཕྱོགས་ཤིག ། ད་དུང་ཆེས་ཉེན་ཚབ་ཆེའི་ལྐུར་འདེབས་ཞིག་ནི། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་དོན་ཡང་ཁོང་སེམས་ཤུགས་ཆགས་པ་དང་བློ་ཕམ་བྱུང་བ་ཡིན་པར་བསྒྲུབས་གང་ཐུབ་བཟོ་མཁན་འདི་ཁྱོད་མ་ཡིན་ནམ། མགོན་པོ་གང་ཉིད་ཀྱིས་བགྲེས་ཡོལ་ཕེབས་དགོས་དོན་དེ་ལྟར་མིན་བསྐོར་དང་། བོད་མིའི་མང་གཙོ་སྲ་བརྟན་ཆེད་དུ་ཡིན་ཚུལ་ཡང་ཡང་གསུངས་པ་དེ་དག་ཁྱོད་ཀྱིས་མ་གོ་བ་མགོ་དོང་ནང་དུ་བཅུགས་ནས་བསྡད་པ་ཡིན་ནམ། ཕེ་ཕེ་ཕེ་་་་་ད་ཁྱོད་དེ་ཡིན་་་་་་
འཇམ་གཅེས་ཁྱོད་ནོར་བ་རེད། ངས་སྡུག་སྐད་འདོན་ས་དེ་དེ་མ་རེད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་ཡིག་ཆ་གྲོས་ཚོགས་ལ་བསྟན་ན་འདྲ་མ་བསྟན་ན་འདྲ། དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་ན་འདྲ་མ་སྤྲད་ན་འདྲ་ཚང་མའི་མིག་མདུན་དུ་གསལ་ཐང་ཐང་གི་འབྲས་བུ་གོར་ཐིག་དེ་རེད་ལ་མ་ཟད། ཀྲུང་ནན་ཧེའེ་ནས་མིང་སྙན་པོ་ཞིག་བཏགས་ལྗིད་ཏིག་ཏིག་གི་ཆ་རྐྱེན་དང་བཅས་ཕྱིར་ལོག་བཏང་ཟིན་པའི་འདས་སོང་ཞིག་ལ་ངས་ང་ཅིའི་ཕྱིར་སྡུག་སྐད་རྒྱགས་དགོས་པ་རེད། བྱས་ང་ངས་སྡུག་སྐད་རྒྱག་ས་དེ་འབྱུང་འགྱུར་ལ་ཁ་ཕྱོགས་པའི་བསམ་བརྗོད་རདང་དབང་གི་གླེང་སློང་ཞིག་བྱུང་ན་སྟེང་གི་ལྷ་ལ་གནོད་རབས་དང་འོག་གི་ཀླུ་ལ་གནོད་རབས། བར་གྱི་བཙན་ལ་གནོད་རབས་སོགས་ཀྱི་སྒྲོ་འདོགས་དང་འོལ་ཚོད་ཧམ་བཤད་ཀྱིས་སྨྲ་བརྗོད་འགོག་ཐབས་བྱེད་པའི་ལམ་ལུགས་ངན་པ་ལ་ངས་སྡུག་སྐད་རྒྱག་གི་ཡོད་པ་རེད་ལ་ངོ་རྒོལ་མཐའ་གཙིག་ཏུ་བྱེད་ཀྱི་ཡོད་པ་རེད། དེ་ལྟ་བས་ན་ནག་མཐར་སྐྱིད་ལགས་ཀྱིས་འབྱུང་འགྱུར་བོད་ཀྱི་རྩ་དོན་ལ་ཁ་ཕྱོགས་པའི་རང་བཞིན་ཅན་གྱི་གླེང་གཞི་འདི་དོན་ཐོག་ལ་གྲོ་གླེང་མི་འགྲོ་བར་ཁ་ཕྱོགས་གཞན་དུ་འགྲོ་བ་དེ་ཁྱོད་ཚོས་དམིགས་སུ་བཀར་ནས་བཟོས་པ་རེད།
འོ་ན་ཁྱོད་ལ་སྐད་ཆ་ཞིག་འདྲི། བཙུན་པ་ཟམ་གདོང་དེ་འདྲའི་པཎ་ཆེན་དང་རྣམ་དཔྱོད་ཅན། ལྷག་བསམ་ཅན། འཇོན་ཐང་ཅན་ལྟ་གྲུབ་ཅན་དེ་ཆ་རྐྱེེན་ཡོངས་སུ་འཛོམས་པའི་མི་ལོ་ཧྲིལ་པོ་བཅུའི་རིང་ག་རེ་གནང་བསྡད་པ་རེད། བོད་ཀྱི་རྩ་དོན་ནི་ཙི་ཙིའི་རྔ་མ་བཞིན་བོམ་ས་ནས་ཕྲ་རུ་ཕྲ་རུ་ཕྱིན་པ་རེད། བྱས་ཙང་ངས་། རྟ་ཕོར་རྒྱུགས་རྩལ་ཡོད་ན་བྱང་ཐང་སྟོང་པར་ལུས་འདུག། བང་རྩལ་མེད་པའི་རྟ་ཕོ་དེ་བྱང་ཐང་ལ་མ་རྒྱུགས་པར་རྒྱ་ཐང་རྒྱུགས་བསྡད་པ་རེད་ཞེས་བཤད་ཡོད། ད་ནས་བཟུངས་ཁྱོད་དང་ཁ་བརྡ་མི་བྱེད།
དབྱིན་མ་བོད། tama ང་བྱིས་པ་ལོ་བརྒྱད་ཀྱིས་ཁྱོད་མཁར་བ་ལ་བརྟེན་བསྡད་པའི་ན་རྒས་རྫི་རྡིབ་བརྒྱད་བཅུ་ཕྲང་ལས་རྒལ་ཟིན་པའི་རྨོངས་རྒན་དང་ཁ་བརྡ་མི་བྱེད།
ནག་ཐར་ལགས།
བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་དེ་ལག་བསྟར་རང་བཞིན་གྱི་དོན་འཁྱོལ་ཡོང་བར་བྱེད་དགོས་པ་དེ་ང་གཉིས་བསམ་ཕྱོགས་གཅིག་པ་རེད། འོན་ཀྱང་ངས་ཁྲི་ཟུར་ཚང་གིས་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལ་བློ་གདེང་འཁེལ་ཐུབ་པ་དང་ཡིད་ཆེས་འཕེར་བར་ང་ལ་ཡིད་ཆེས་དེ་མེད། རྒྱུ་མཚན་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལགས་བསྟར་རང་བཞིན་དང་དོན་འཁྱོལ་རང་བཞིན་ལྡན་པ་བྱེད་རྒྱུའི་དབང་ཚད་ཆ་ཚང་ལྡན་པའི་མི་ལོ་བཅུའི་གནས་སྐབས་ལག་བསྟར་དང་དོན་འཁྱོལ་མེད་ན། ད་ཆ་དབང་ཚད་དེ་བསྐྱར་གསོ་ཡོང་བར་སྤྱི་ཚོགས་དང་མི་རབས་ཀྱི་ལྟ་ཚུལ་གནས་དུས་སོགས་གང་ལ་བལྟས་ན་ཡང་དཀའ་ཚོད་རེད། འོན་ཀྱང་བདེན་པའི་དབུ་ཚུགས་ཀྱི་ལྟ་གྲུབ་ལག་ལེན་དོན་འཁྱོལ་ཡོང་བ་དང་མི་དམངས་སྣེ་འཁྲིད་པར་འབོད་སྐུལ་ཞུས་ན་འགྲིགས་པ་རེད་ལ་ཞུ་དགོས་ངེས་ཀྱང་རེད། རེད་དེ་ལག་བསྟར་དང་དོན་འཁྱོལ་ཡོང་དང་མ་ཡོང་། བློ་གདེང་འཁེལ་མི་འཁེལ་ཟེར་བ་དེ་ཟམ་གདོང་བླ་མ་རང་ཉིད་ལ་རག་ལུས་པ་མ་གཏོགས་སུ་གཅིག་ལ་ཡང་རག་ལུས་མེད་པ་རེད།
དེ་ལས་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་བཙུན་པ་ཟམ་གདོང་ཚང་ད་ལྟའི་ཁྲི་གསར་སྲིད་སྐྱོང་ཚང་གི་སློབ་སྟོན་པ་ཆགས་ཡོད་པ་རེད་ལ་ཁྲི་གསར་ཁྲི་ལ་མ་ཕེབས་གོང་སློབ་དཔོན་དུ་བརྟེན་རྒྱུ་ཡིན་ཚུལ་མང་མང་གསུངས་སོང་། བྱས་ཙང་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ལག་བསྟར་དང་དོན་འཁྱོལ་ཡོང་བར་བྱེད་རྒྱུར་ཁྲི་གསར་སྲིད་སྐྱོང་ཚང་ལ་སློབ་སྟོན་གནང་ཆོག་པ་རེད་ལ་དབང་ཚད་ཀྱང་ལྡན་ངེས་པ་རེད། སློབ་དཔོན་དུ་བརྟེན་ཚར་བས་ཕྱིར། དེ་ལྟ་བས་ན་འདི་ན་བལྟ་རྒྱུ་གཅིག་ཡོད་པ་རེད།
འཇམ་གཅེས་ཀྱིས་ད་དུང་༧གོང་ས་མཆོག་དང་ཟམ་གདོང་བླ་མ་གཞི་གཅིག་ལ་བཞག་འདུག་ན་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ་ངོས་ལེན་ནམ་ཡང་མེད། ༧གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་དགོས་དོན་བོད་མི་རིགས་དམངས་གཙོ་བསྲ་བརྟན་ཡོང་ཆེད་དང་བོད་མི་རིགས་རང་རང་སོ་སོའི་རྐང་པའི་སྒང་ལ་ལང་ཐུབ་ཐབས་ཡིན་པ་ཡང་ཡང་གསུངས་བ་ཁྱོོད་ཀྱིས་གོ་ཡོད་ན་རྒྱབ་འགལ་ལས་ཀ་ཅིའི་ཕྱིར་བྱེད་ཀྱི་ཡོད། ཅིའི་ཕྱིར་བཀའ་འགལ་གྱིས་དམངས་གཙོ་དང་སྨྲ་བརྗོད་རང་དབང་ལ་རྡོག་རྫིས་གཏོང་གི་ཡོད། འདིའི་མིང་ལ་རང་སྐྱག་རང་གིས་ཟས་ཟེར་གྱི་ཡོོད་པ་རེད།
གོ་བ་མེད་པའི་བོང་རྒན་ཁྱོད་སྒོ་ལྔའི་ཤེས་པ་མ་ཉམས་པ་འམ་རང་བཞིན་དུ་གནས་ཚེ། བེད་ལོག་མ་བསྐྱོད་པར་གནས་ལུགས་ལ་བློ་ཁ་ཕྱོགས་གང་ཐུབ་བྱོས་ཤིག །བདེན་པའི་ཨུ་ཚུག་ཀྱི་ལས་འགུལ་སྤེལ་དགོས་ན་ཁྱོད་ཀྱིས་སྤེལ་དང་ཐོབ་ཐང་དང་། འགན་དབང་། ཆ་རྐྱེན་ཡོངས་སུ་རྫོགས་པ་འཛོམས་ཡོད་པ་རེད། ཡིན་གཅིག་ཟམ་གདོང་རིན་པོ་ཆེ་ལ་ཁྲལ་བཀལ་དགོས་དོན་གང་ཡང་མེད་པ་རེད། ད་དུང་བདེ་ཞུ་ཁུལ་བཟོས་ནས་ཟམ་གདོང་བླ་མའི་མཚན་གནས་ལ་མི་བཟོད་པའི་བྱ་སྤྱོད་སྤེལ་བ་ནི་བསམ་མེད་འམ་ནར་མ་སོན་པའི་བྱིས་པ་ཐལ་ཤལ་ཞིག་གིས་ངང་ཚུལ་ལས་མ་འདས། ད་དུང་༧གོང་ས་མཆོག་དང་ཟམ་གདོང་བླ་མ་གཞི་གཅིག་ལ་བཞག་འདུག་ན་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ་ངོས་ལེན་ནམ་ཡང་མེད་ཟེར། རེད་ཁྱོད་ལ་ཁག་མེད་སྙིང་རླུང་འཕར་ཡོད་ངེས་རེད། ཡིན་ཡང་ཐབས་ཤེས་ཡོད་པ་མ་རེད། ཁོང་རྣམ་གཉིང་གཞི་གཅིག་ལ་བཞག་མཁན་ནི་གཟུར་གནས་རྣམ་དཔྱོད་ལྡན་པས་འཛོམ་གླིང་འདིའི་མཁས་མང་པོ་ཞིག་གིས་དེ་ལྟར་ངོས་འཛིན་གྱི་ཡོད་པ་དེ་ངས་བསྐྱར་བཤད་བྱས་པ་ཙམ་ཡིན། ད་དུང་ཁྱོད་ཀྱིས་སྨྱོས་བཤད་གཞན་ཞིག་ནི། ངས་སྨྲ་བརྗོད་རང་དབང་ལ་རྡོག་རྫིས་གཏོང་གི་འདུག་ཟེར། ཧ་ཧ་ཧ་་་་་་་ཁྱོད་ཀྱིས་ལོག་བཤད་ལ་དགག་བྱ་བྱས་པ་དེར་ཟེར་གྱི་ཡོད་དམ། ཡང་ན་ཁྱོད་ཀྱིས་སྨ་བརྗོད་རང་དབང་ཞེས་པ་དེ་ནི་བྱ་ཨ་བུ་ནེ་ཙོ་ཡིས་མ་ནི་འདོན་པ་ལྟ་བུ་ལས་གོ་དོན་མ་རྟོགས་པ་འདྲ། དེ་ཡིན་ན་ཁྱོད་ལ་ཁག་མེད། ཤ་ཚ། སྙིང་རྗེ། མ་ཤེས་ན་མི་ལ་དྲིས། ད་དུང་སྲིད་སྐྱོང་ལ་ཡང་ངན་སྨས་བཟོ་ཡ་འགོ་འཛུགས་བྱས་འདུག་པའི་རིན་བཞིན་རང་མདོག་མངོན་སྐབས་སུ་རེ་རེ་བཞིན་དུ་རྣག་ཐོག་གཙག་འཁེལ་བཟོ་ངེས་ཡིན། ་མ་འདོད་ན་སྡུག་གྱོང་རང་རེད། ངས་སྨ་བརྗོད་རང་དབང་བེད་བསྐྱེད་ངེས་ཡིན།
ད་དུང་བདེ་སྡུག་ཞུ་ཁུལ་བཟོས་ནས་་་་་་་་་་་་ནོར་བཅོས་་་་་་་་་་
ཁ་སང་ངས་དྲ་ཁང་ནང་ནས། མི་གཅིག་གནམ་ཀླད་ཐོག་སྐད་ཆ་བཤད་པ་གོ་བྱུང་། ཟམ་གདོང་རིན་པོ་ཆེ་དང་འབྲེལ་བའི་ཁ་བརྡ་རེད་འདུག། ཁོའི་ཁ་གཏད་དེ་གྲྭ་པ་ཞིག་རེད། གློག་ཀླད་ཀྱི་ཤེལ་སྒོའི་ནང་ནས་མཐོང་གི་འདུག
ངའི་འགྲམ་གྱི་མི་ན་རེད། ༾། ། ཨ། ཟམ་གདོང་རིན་པོ་ཆེས་གང་འགྲིག་གི་མིན་འདུག། ཁོང་བླ་རྒན་ཉིན་གཅིག་བོད་གཞུང་གི་སློབ་གྲྭར་ཀྲི་མོང་ཟ་རྒྱུ་མ་བྱུང་བར་བོད་ཡིག་དང་བོད་སྐད་ཇེ་ཡག་རེད། ཁོང་ཉིན་གཅིག་ཕྱི་རྒྱལ་ལ་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཐོབ་མྱོང་མེད་པ་དེས་དབྱིན་ཡིག་དང་སྐད་ཆ་དེ་འདྲས་ཡག་པོ་ཤོད་ཀྱི་འདུག། ཁོང་ཉིན་གཅིག་ལྡི་ལིར་ཧིན་རྡིའི་སློབ་གྲར་འགྲོ་མ་མྱོང་བ་དེས་ཧིན་སྐད་ཡག་ཐག་ཆོད་ཤོད་ཀྱི་འདུག། ཁོང་ཉིན་གཅིག་བོད་གཞུང་གིས་འགྲོ་སོང་བཏང་ནས་རོགས་རམ་བྱེད་མ་མྱོང་བའི་མི་དེས་བོད་གཞུང་ལ་ཞབས་འདེགས་ལོ་ཉི་ཤུ་ལྷག་ཞུས་སོང་། ཁོང་བླ་རྒན་བོད་པའི་སྤྱི་ཚོགས་ཀྱིས་ཉིན་གཅིག་གསོས་པའི་དྲིན་མེད་པའི་མི་དེས་ཉིན་ཞག་དུས་དྲུག་བོད་པའི་ལས་ཀ་བསྒྲུབས་སོང་། ད་ཁོང་གིས་ག་རེ་འགྲིག་མ་སོང་། ཁོང་གིས་ལྐོག་ཏུ་ཁྱོད་ཀྱི་སྲིང་མོར་རྒྱོས་མ་སོང་། ཁོང་གིས་ལྐོག་ཏུ་བོད་གཞུང་གི་དངུལ་བཟས་མ་སོང་། ཁོང་གིས་རྒྱབ་ལ་སྤུན་མཆེད་ཨ་རིར་བཏང་མ་སོང་། ཁོང་གིས་ཆོལ་ཁའི་རྙོག་འདྲ་བཤད་མ་སོང་། ཁོང་གིས་དོལ་རྒྱལ་གྱི་རྒྱབ་ལ་ལངས་མ་སོང་། ཁོང་གིས་རྒྱལ་བ་རིན་པོ་ཆེའི་བློ་ལ་མ་འདོད་པ་བྱས་མ་སོང་། ད་ཟམ་གདོང་བླ་མས་འདི་མི་འགྲིག་དེ་མི་འགྲིག་ཟེར་ན། ཁྱོད་རས་ག་རེ་བྱས་པ། ༿ ཟེར། དེ་བསམ་བློ་འཁོར་སྐབས།
ངས་ང་རང་ལ། ཟུར་གནས་ཁྱོད་ཀྱིས་ད་བར་བོད་མི་དམངས་ལ་ཕན་པའི་བྱ་བ་གང་སྒྲུབ་པ་ངོ་སྤྲོད་ཅིག་གནོངས་རོགས་ཞུ། བསམ་བློ་ཞིབ་པོ་གཏོང་དུས་ཤོད་ཡས་ཅང་མིན་འདུག། བྱས་ཙང་བླ་རྒན་མ་ཟམ་གདོང་ལ་སེམས་གཏིང་ནས་གུས་ཞབས་ཤིག་བསླེབས་པ་དང་། ང་རང་ལ་ཏོག་ཙམ་མ་དགའ་བ་བྱུང་།