ནམ་མཁའ།
རིག་པ་སྤྱང་ཞིང་གཤིས་རྒྱུད་གྱོང་པོ་ལ།།
གཡོ་སྒྱུའི་ཐག་ཁྲ་སྐེད་ལ་དམ་བཅིངས་ཏེ།
རང་བཙན་སྐེ་ལ་མདུད་དེ་གནམ་དཔྱངས་ཀྱིས།།
བདེན་པའི་ཨུ་ཚུགས་རྒྱང་རིང་ཡུལ་དུ་བསྐྲད།།
རྫུན་པ་བདེན་པར་ལྟོས་ཏེ་འཇོག་དགོས་ཀྱང་།།
པཎ་ཆེན་རྫུན་མ་མ་འབོད་ཞེས་བའི་བཀའ།།
དམངས་ཀྱིས་མི་འདོད་ན་ཡང་ཤེད་ཀྱིས་བསྒྲགས།།
འདི་ནི་ཟམ་གདོང་བླ་མའི་ཁྱད་ཆོས་ཡིན།།
གངས་ལྗོངས་ཁྲག་གིས་བསྒྱུར་བའི་དམར་བོའི་གཞུང་།།
དམར་བོའི་གཞུང་ཞེས་མི་འབོད་སྤྱི་ཚོགས་ཀྱི།།
རིང་ལུགས་ཞེས་བའི་འབོད་པའི་གཏམ་མོ་ཅན།།
འདི་ནི་ཟམ་གདོང་བླ་མའི་ཁྱད་ཆོས་ཡིན།།
གསུམ་པའི་ཚེས་བཅུའི་སེང་གེ་གད་རྒྱངས་ལ།།
གཏམ་གྱི་སྒོ་མོ་བཅད་དེ་གོམ་བགྲོད་ཞེས།།
གནམ་གྱི་བཀའ་ཡིག་འཛམ་གླིང་ཁྱོན་ཏུ་བསྒྲགས།།
འདི་ནི་ཟམ་གདོང་བླ་མའི་ཁྱད་ཆོས་ཡིན།།
རང་བཙན་གངས་དཀར་ལྷ་མོ་ལ།།
བཙན་པོ་ཁྱོ་ག་དབུ་ལམ་བསུས།།
ཉིན་མཚན་ཀུན་ཏུ་འཁོན་འཛིངས་ཀྱིས།།
བུ་ཆུང་ཨུ་ཚུགས་ཁྱིམ་ནས་བྲོས།།
རང་བཙན་དབུ་ལམ་གང་ཡིན་ཀྱང་།།
གངས་རིའི་ལྗོངས་ཀྱི་བདེ་སྡུག་ཆེད།།
འདབས་མ་སྟོང་གི་ཤེས་རབ་རྒྱས།།
རྐང་དྲུག་མང་པོས་ལྡིང་སྐོར་བྱས།།
ད་གང་ཤེས་ཁ་ཤས་ཀྱིས་ཟམ་གདོང་བསྟད་ནས་གནམ་ལ་བཞག་འཇོག་གི ཁ་ཤས་ཀྱིས་སྨད་ནས་ཐང་ལ་འཕངས་འཇོག་གི།གང་ལྟར་བླ་རྒན་སྐྱིད་པོ་ཞིག་འདུག་གི་འཇོག་རོགས་ཞུ། ཟམ་གདོང་གིས་གོང་གི་སྐད་ཆ་དག་བསྒྲགས་པ་དངོས་གནས་ཡིན།ཡིན་ཡང་སྐྱིད་པོ་ཞིག་དང་རྣ་བ་དལ་བར་འཇོག་རོགས་ཞུ།
ནམ་མཁའ་དྲིན་ཆེན་པོ།ཟམ་གདོང་བླ་རྒན་གྱི་རྣ་དེ་ཚ་བོ་ཟིག་མ་བཟོ་རོགས།
སྐད་ཆ་དེ་འདྲས་ཟམ་གདོང་བླ་མའི་བ་སྤུ་ཙམ་གཡོ་འགུལ་བྱེད་ཐུག་གི་མ་རེད་བུ་། སྨད་མ་ནས་ཤེས་སྟོད་སྔགས་ལ་འགྲོ་ས་རེད་།། བརྗོད་བྱ་ཡིས་སྐྱོན་ཆ་སྔོག་མ་ཐུབ་ལ་བརྗོད་བྱེད་ཀྱིས་སྙན་ཆ་སྟོན་ཐུབ་མི་འདུག་།
གོང་དུ་ཤར་ཁུག་གིས་ཟམ་གདོང་བླ་མར་བསྟོད་ར་བཏང་བ་དེ་མཆན་བུ་བ་ཚོས་ཁ་རྡུང་དང་ལེ་འདོད་ཀྱི་ཁྲོད་ནས་ནག་བསུབས་མི་གཏོང་ག་མེད་བྱུང་འདུག་པས་ད་ལྟ་དྲ་ངོས་ནས་ཀྱང་བླངས་ཟིན་འདུག
ཟམ་གདོང་ཡ་་་་་་་ཟམ་གདོང་ཡ་་་་་་་་ཁྱོད་ཀྱིས་གཟིགས་དང་། ད་ཁྱོད་ཀྱིས་བཀའ་ཤག་གི་སྐབས་སུ་བཏབས་པའི་ས་བོན་དག་ད་ལྟ་ཡོངས་སུ་སྨིན་ནས་བོད་ཀྱི་སྤྱི་ཚོགས་ནང་ཁུལ་འདི་ཕུ་དཀྲུགས་མདའ་དཀྲུགས་བྱེད་བཞིན་འདུག
དེའི་ཕྱིར། ག་ལེར་་་་་ཁྱེད་རང་ཀྱི་ཉེས་བྱས་དག་ཀྱང་མི་མང་གིས་ངོས་འཛིན་ཐོབ་བཞིན་འདུག ལོ་རྒྱུས་ཀྱི་བདེན་དཔང་བྱེད་ཟེར་བ་དེ་ལྟ་བུ་ཞིག་ཡིན་པ་འདྲ།
ཟམ་གདོང་རིན་པོ་ཆེ་རིག་པ་ཅི་ལྟར་སྤྱང་ན་ཡང་།རྒྱ་ནག་གི་གཡོ་སྒྱུའི་རྗེས་མ་ཟིན་པར་གོང་གི་བཤད་པའི་གཏམ་དག་གསུངས་པ་བདེན་པ་ཡིན། ཅང་ཙེ་མེན་གྱིས་ངོས་འཛིན་བྱས་བའི་པཎ་ཆེན་ལ་པཎ་ཆེན་རྫུན་མ་འབོད་མི་ཆོག་པ་དང་།གུང་ཁྲན་རིང་ལུགས་ལ་དམར་ཕྱོགས་ལབ་མི་ཆོག་པ། སྐད་འབོད་སྐབས་སྐད་རྒྱབ་མི་ཆོག་པར་ངག་བཅད་བྱས་ཏེ་འགྲོ་དགོས་བའི་བཀའ་རྒྱ་བཏང་བ་ཡང་དངོས་ཡོད་གནས་ཚུལ་ཡིན། གང་ལྟར་དེ་དག་ཚང་མ་བཟང་སྐྱོན་གང་ཡིན་དང་སྤྱང་པོ་ཡིན་མིན་དྲ་གྲོགས་ཚོས་བསམ་གཞིགས་བྱེད་རྒྱུ་ལས་གོང་གི་རྩོམ་ཐུང་འབྲི་མཁན་གྱིས་སྨད་པ་ཅི་བཞིན་ཁས་ལེན་བྱེད་དགོས་བའི་ངེས་པ་མེད་སྙམ།
ཟམ་གདོང་བླ་མར་སྨོད་ཀྱང་ཆོག་ལ་བསྟོད་ར་བྱེད་ཀྱང་ཆོག འོན་ཀྱང་ཁོང་གིས་མི་ལོ་བཅུའི་རིང་དཀའ་བ་ཁྱད་དུ་བསད་ནས་བོད་གཞུང་དམངས་གཉིས་ལ་ཞབས་ཞུ་བྱས་པ་དྲན་པ་མ་བརྗེད་རོགས།
མི་ཆེན་དག་གི་མདུན་ནས་མགོ་བོ་བསྒུལ་མྱོང་མེད་ཅིང་། །
མི་ཆུང་ང་འདྲའི་གཉའ་ནས་ནམ་ཡང་བཙུར་མྱོང་མེད་ལ། །
རང་ཚུགས་ལྕགས་ལས་གྲུབ་པའི་མི་བུ་རླབས་ཆེན་ཅན་པོ། །
ཟབ་གདོང་བླ་མར་སྡིག་པ་ཅོལ་ཆུང་མི་ཡི་གཤིས་རེད། །
ཉེ་ཆར་ནས་ཁ་བརྡའི་སྟེང་བླ་ཆེན་དང་དཔོན་ཆེན་ཚོར་སྡིགས་དམོད་བྱེད་པའི་མགོ་བཙུགས་སོང་། ཟམ་གདོང་རིན་པོ་ཆེས་དབུ་མའི་ལམ་ལ་ཕྱག་ལས་གནང་བ་འདི་དང་དེ་འགྲིག་མ་སོང་། མ་འགྲིག་པའི་རྒྱུ་མཚན་འདི་ཡིན། ཕྱག་ལས་དེ་ལྟར་གནང་མེད་ན་གྲུབ་འབྲས་འདི་ལྟར་འབྱུང་། སོགས་རྒྱུ་མཚན་བགྲངས་ནས་རྩོད་པ་བྱེད་འོས་པ་ཞིག་རེད། འོན་ཀྱང་བཟའ་འཁོན་རྒྱག་པ་ལྟ་བུའི་འཆལ་ཚིག་སྤྱོད་པ་ནི་ཧ་ཅང་མ་འོས་པ་རེད། མ་འོས་པ་དེ་ང་ཚོ་ཚང་མས་ཤེས་ཤེས་རེད། འོན་ཀྱང་ཅི་བྱ། འགྲོ་བ་མི་ཟེར་བ་འདི།
མི་ཞིག་ཡིན་ནས་བཟུང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་མི་སྲིད་པ་ཡིན་ཙང་ཁྲི་ཟུར་ཟམ་གདོང་མཆོག་ཡང་དེ་ལས་མ་འདས། དེས་ན་ཁོང་གི་སྐྱོན་ཡོན་གཉིས་ལས་གང་མང་བ་དྲང་པོ་དང་གཟུ་བོའི་ཐོག་དཔྱད་ན་སྐྱོན་ལས་ཡོན་ཏན་ཧ་ཅང་གི་མང་བ་དང་། བྱས་ཉེས་ལས་བྱས་རྗེས་ཧ་ཅང་གི་མང་བ་གསལ་པོ་རེད། ངས་གལ་ཆེ་ཤོས་ཀྱི་དཔེར་མཚོན་ཙམ་ཞིག་ཞུ་ན། ཟམ་གདོང་སྔོན་གྱི་བཀའ་ཤག་ནི་ཆོས་ལུགས་ཀྱི་ཕྱོགས་རེས་ཅན་དང་། ཆོལ་ཁའི་འཐེན་འཁྱེར་ཅན་ཞིག ལྐོག་ཟ་ཅན་ཞིག་ཡིན་པ་མི་རྒན་ཚོའི་སེམས་ནང་གསལ་ཐག་ཆོད་ཞིག་ཡིན་པ་དང་། ཁོང་གི་སྔོན་ལ་མི་དམངས་ཚོ་ཡང་༧ གོང་ས་མཆོག་ཁོ་ན་ལས་གཞུང་ལ་དེ་ཙམ་གྱི་ཡིད་ཆེས་དང་མཐོང་མེད། ཁོང་སླེབས་ནས་བཟུང་བོད་གཞུང་གིས་ཆོས་ལུགས་ཕྱོགས་རིས་བྱས་སོང་ཞེས་བཤད་རྒྱུ་མེད་ལ། ཆོལ་ཁ་ལ་འཐེན་འཁྱེར་བྱས་སོང་ཞེས་ལབ་རྒྱུ་མེད། གཞུང་དངུལ་ཟས་སོང་ཞེས་གླེང་རྒྱུ་དེ་བས་མེད། མི་དམངས་ཀྱི་ཡང་བོད་གཞུང་ནི་རང་གི་གཞུང་ཡིན་པར་ངོས་འཛིན་དང་ཡིད་ཆེས་བྱུང་ཡོད། དེ་བཞིན་དེ་སྔོན་ཡིན་ན་རང་དབང་ལག་དེབ་དེ་བོད་མི་ཙམ་མ་ཡིན་པར་མི་རིགས་སུས་བཟོས་བཟོས་ཡིན་པ་དང་། མཐོང་དང་བེད་སྤྱད་ཡང་མེད། ཁོང་སླེབས་ནས་བཟུང་རང་དབང་ལག་དེབ་ལ་མཐོང་ག་ཙམ་ཡོད་པ་གསལ་པོར་རེད། ཁོང་ལ་མི་འདོད་མཁན་རེ་ཟུང་ཡོད་པ་ནི་ཕྱི་རྒྱལ་ལ་འགྲོ་རྒྱུར་དཀའ་ལས་ཟོས་སོང་ཞེས་པ་དང་།གཞུང་གི་ཚོང་ཁང་ཟ་ཁང་ཁ་ཤས་སྒོ་རྒྱབ་སོང་ཟེར་བ་ཙམ་ལས་དེ་མིན་གྱི་བཤད་རྒྱུ་དངོས་ཡོད་ཅན་ཕལ་ཆེར་མེད།
བཙན་བྱོལ་ནང་གི་སྨྱུག་ཐོག་པ་ཚཽ་དངོས་གནས་བསམ་བློ་ཆ་ཧ་ཅང་གི་ཞན་གི་ཡ། ག་དུས་ཡིན་ཡང་གཅིག་གིས་གཅིག་ལ་དགྲ་ཁ་གཏད་དུ་བཟུང་ནས་བསྡད་འདུག་གི། མཆན་འདེབས་མཁན་ཡིན་ཡང་རེད་ཚང་མ་ངོ་ཚ་རྒྱུ་ནི་མི་འདུག
ང་ཚོས་གནད་དོན་ལ་བགྲོ་གླེང་ལ་བྱེད་དུས་ཅི་ཞིག་ཤེས་ཐབས་ལ་འབད་བརྩོན་བྱས་ན་དགའ་བ་ལས། དོན་མེད་གཡོ་སྒྱུ་ཟེར་བའི་ཚིག་འདི་འདྲ་བེད་སྤྱོད་བྱེད་པ་ནི་ཐལ་དྲགས་པ་རེད། གཡོ་སྒྱུ་ནི་རང་རྒྱལ་གཞན་ཕམ་དང་ཉེ་རིང་ཆགས་སྡང་གི་གཞི་བྱས་ཏེ་བདག་འབའ་ཞིག་དོན་གཉེར་གྱིས་གཞན་ཡལ་བར་དོར་བ་དང་འདོར་ཐུབ་པའི་ཀུན་སློང་ལས་ཡོང་གི་ཡོད་པ་གསལ་བོ་རེད། དེ་འདྲ་དུས་ནམ་ཞིག་ཚུལ་ཅི་ལྟར་གཡོ་སྒྱུ་བྱས་མིན་གསལ་ཁ་མེད་པར་འདི་ལྟར་ཧམ་བཤད་བྱས་ན་རང་ཚང་སྟོན་རྒྱུ་ལས་གཞན་ཅི་ཡོད། རྒྱུ་མཚན་འགོད་རྒྱུ་མེད་ན། ཤེས་པའི་དོན་རྣམས་ཐབས་སྣ་ཚོགས་ལ་བརྟེན་ནས་གདུལ་བྱའི་རྒྱུད་ལ་སྨིན་པར་བྱེད་པའི་སྟོན་མཆོག་དམའདི་ལའང་གཡོ་སྒྱུ་འདུག་མི་ཟེར་བའི་ངེས་པ་ག་ལ་འདུག སོང་ཙང་རྩོམ་ཡིག་འགོད་མཁན་གྱིས་ཀྱང་གཟབ་གཟབ་མ་གནང་ན་ག་བ་ཡོང་གི་རེད།
དེ་ནས་པཎ་ཆེན་རྫུན་མ་འབོད་ཅེས་པའི་ཚིག་དེ་ཁོ་ནར་འཐམས་ནས། དཔེར་ན་རྒྱ་མིའི་དར་དམར་ཞེས་པའི་ཚིག་དེ་ཁོ་ན་རྣ་བར་འཇུག་བདེ་བོ་མེད་པར་བདེན་ཁ་ཕྱིན་པ་དང་གཅིག་མཚུངས་རེད། རྒྱུ་མཚན་ལ་ལྟ་རོགས། པཎ་ཆེན་རྫུན་མ་མ་འབོད་ཅེས་པའི་རྒྱུ་མཚན་ག་རེ་རེད། ཅིའི་ཕྱིར་གསུངས་པ་རེད། དགག་གཞག་གི་ཚུལ་ལ་འཇུག་གི་ཡིན་ན། ཨ་ལེ་དང་པོར་པཎ་ཆེན་རྫུན་མ་མ་འབོད་བྱས་པའི་རྒྱུ་མཚན་ཤེས་བ་བྱས། ཤེས་བ་དེ་རིག་པའི་ལམ་ནས་གནོད་པ་ཡོད་ན་དེ་དགག དེ་ནང་རང་ལུགས་གཞག ཞོར་དུ་པཎ་ཆེན་རྫུན་མ་མ་འབོད་ཅེས་པ་འགྲིག་མི་འདུག་ཅེས་ཚིག་གིས་མཇུག་བསྡུ་རྒྱབ་ན་མཁས་པའི་འགྲོ་ལུགས་ཡིན་ཡང། དེ་འདྲ་ཁྱོན་ནས་མེད་པར་འུར་རྒྱག་པ་འདི་རིགས། ངས་སྔ་མོར་ཞུས་པ་བཞིན། སྤྱི་མཐུན་བསོད་ནམས་ཟད་རྒྱུར་འགྲོ་བ་ནི་སྨོས་མི་དགོས་པ་ཞིག་རེད། ཅི་ལྟར་ཞེ་ན། རྒྱུ་མཚན་གྱི་གསུངས་ལ་སྐུར་བ་འདེབས་པ། སྤྱི་ལ་སྨན་པའི་ཐབས་ཚུལ་ལ་ལོག་ལྟ་བྱེད་པ། བདེན་པ་དང་ཆོས་སྲིད་ཀྱི་མཁྱེན་རྒྱ། གཞན་དོན་ལྷག་བསམ་ལ་གཞན་དྲིང་མི་དགོས་པའི་གང་ཟག་ལ་སྐུར་འདེབས་དང། དེའི་བཀའ་དྲིན་དྲིན་དུ་མི་ཚོར་བར་ད་དུང་ཚིག་མཚོན་འདེབས་པ་ནི་གཏན་ནས་མི་རིག་པའི་གནས་སོ།།
ཧ་ཧ་ཧ་ཧ། གཟིགས་དང་རྣམ་པ་ལྷན་རྒྱས་ཐན་བྱ་ཤར་ཁུག་གིས་བཤད་སྟངས་ལ་གཟིགས་དང་། པཎ་ཆེན་རྫུན་མ་ལབ་མི་ཆོག་ཟེར་བའི་རྒྱུ་མཚན་ཅི་ཡིན་ཤེས་དགོས་རབ་དང་དེ་ལ་དགོས་པ་ཆེན་པོ་ཡོད་མདོག་གིས་ཡང་མི་དམངས་མགོ་སྐོར་གཏོང་གི་འདུག པཎ་ཆེན་རྫུན་མ་ཟེར་མི་ཆོག་པ་ནི་གུང་ཁྲེན་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་གསལ་པོ་རེད། དཔེར་ན་རྒྱ་ནག་གཞུང་ལ་དམར་གཞུང་ལབ་མི་ཆོག ཆོལ་ཁ་གསུམ་དང་བོད་ཆེན་པོ་ཞེས་ལབ་མི་ཆོག རྒྱ་མིའི་དཔོན་རིགས་ཆེ་ཁག་ཕྱི་རྒྱལ་ལ་བསྐྱོད་སྐབས་ངོ་རྒོལ་བྱེད་མི་ཆོག བོད་རང་བཙན་ལབ་མི་ཆོག་ཟེར་བ་འདི་ཚོས་ཟམ་གདོང་རང་ཉིད་ཀྱིས་ལས་ཀ་ག་རེ་བྱས་ཡོད་མེད་དང་ལས་ཀ་དེ་དག་གིས་བོད་ཀྱི་ལོ་རྒྱུས་ལ་བཞག་པའི་དགེ་སྐྱོན་ཤེས་བཞིན་དུ་དགོངས་པ་དང་དགོང་གཞི་མང་པོ་ཡོད་མདོག་བཤད་པ་ནི་རྫུན་འགེབ་རང་ལས་བདེན་ཆ་གང་ཡང་མེད་དོ།
དྲ་འབུ་རིགས་ཞེན་དཀར་པོ་ཁྱེད་རང་གིས་གང་ལབ་འདོད་པ་དེ་ལོབ་དང་སྙིང་ནད་ཅུང་ཟད་སེལ་བར་ཕན་ལས་ཆེ་་་་་པན་ཆེན་རྫུན་མ་ལོབ་དང་། བོད་རིགས་ནང་ཁུལ་དང་རྒྱ་བོད་མཐུན་འབྲེལ་ལ་ཕན་ཐོག་ཆེན་པོ་ཡོད། རྒྱ་ནག་དམར་གཞུང་ལབ་མ་ཆོག་པ་མ་གོ །བོད་ཆེན་པོ་ནི་རྒྱ་མའི་གསར་བཟོ་བྱས་པས་ཐ་སྙད་ཞིག་རེད། ཁྱེད་ཀྱིས་སྤྱོད་དང་འགྲིག་གི་རེད་་་་་་
པཎ་ཆེན་རྫུན་མ་ལ་རྫུན་མ་ལབ་མི་ཆོག་ཟེར་བ་དྲང་པོ་ནག་བསུབ་དགོས་པའི་རྒྱུ་མཚན་རེད། རྫུན་མར་རྫུན་མ་ལབ་མི་ཆོག་ཟེར་དུས་རྙིང་ཞེན་དང་སྒེར་སྤྱོད་ལྟ་བ་ཆེ་དྲག་མ་རེད་དམ།
དྲྭ་འབུ་ལས་ངན་མ་ཁྱེད་ཚོ་སྙིང་རྗེ། ཟམ་གདོང་རྡོ་རྗེ་འཆང་མི་ལུས་ལ་དུད་འགྲོ་བོང་རྒན་ལྟ་བུ་འགའ་ཡིས་བཀྱག་ན་བཀྱག་ཆོག་དང་སྨད་ན་སྨད་ཆོག་ཆོག་ཞིག་རེད་བསམ་གྱི་འདུག ཁྱེད་ཚོ་བོང་རྒན་ངུ་སྐད་དེ་ཇི་ལྟར་ཆེ་ཡང་ཉན་མཁན་མི་འདུག ཧཧཧཧཧཧཧཧ། བུ་སྐྱེས་པའི་ལག་རྟགས་གནམ་ས་གཉིས་ལ་བཞག་ནས་ཕེབས་ཡོད། ཁྱེད་ཚོ་ལས་ངན་མ་དག་ཟམ་གདོང་རྡོ་རྗེ་འཆང་གི་མདུན་དུ་གཟི་བརྗིད་ཀྱིས་མ་བཟོད་པར་མི་སྐད་རྒྱག་ནས་སྐད་ཆ་བཤད་མི་ཐུབ་པས་བོང་སྐད་རྒྱག་ཀྱང་དེ་ནི་བོང་རྒན་ཕུང་དཀྲུག་པ་ཚོས་གོ་བ་ལས་གཞན་གྱིས་མི་གོའོ། །ཁ་བརྡ་ནང་ནས་གཅིག་བཤད་ནས་ནུས་པ་འདྲ་གཅིག་ཨེ་ཐོན་རེ་སྟོང་རྒྱག་པ་སྙིང་རྗེ། ཟམ་གདོང་རིན་པོ་ཆེ་ཨ ཕོ་རང་གིས་འཇོན་ནས་རྒྱ་གར་མཐོ་སློབ་ཉིས་བརྒྱ་ལྷག་གི་སློབ་སྟོན་པ་ཡིན་པས་བོད་གངས་ཅན་ཞིང་དུ་ཁོང་ལྟ་བུ་བྱོན་པ་ཨེ་མ་ཧོ་ངོ་མཚར་ཆེའོ། །
ཚིག་ནོར་བཅོས་པ། ༼ཟམ་གདོང་རྡོ་རྗེ་འཆང་མི་ལུས་ལ་དུད་འགྲོ་བོང་རྒན་ལྟ་བུ་འགའ་ཡིས་བཀྱག་ན་བཀྱག་ཆོག་དང་སྨད་ན་སྨད་ཆོག་ཆོག་ཞིག་རེད་བསམ་གྱི་ཨེ་འདུག༽
བློ་གྲགས་ནས། རྒྱ་གར་མཐོ་སློབ་ཉིས་བརྒྱ་ལྷག་གི་སློབ་སྟོན་པ་ཡིན་པས་ཟེར་་་་་་་དེ་འདྲང་དང་་་ཧི་ཧི་ཧི་་་་
ཟམ་གདོང་བྱས་ཉེས་གཟུགས་སུ་གྲུབ་ཡོད་ན།
འཛམ་གླིང་འདི་ལ་མི་ཤོང་ཁོ་ཐག་རེད།
ཆོག་མེད་ཟང་ཟིང་དངུལ་གི་དངུལ་ཁང་བཀང་།
མིང་དང་སྙན་གྲགས་ཁོ་ན་དོན་དུ་གཉེར།
བསོད་བདེ་མེད་པའི་སྐྱེ་ས་ཁམས་ལ་སྐྱེས།
རླུང་རྟ་རྒྱུགས་པའི་དབུས་ལ་འཚར་སོང་ཟེར།
གསུང་དེ་ཆགས་སྡང་ཞེ་སྡང་གང་དུ་གཏོགས།
བོད་པའི་ཞབས་འདྲེན་ཟམ་གདོང་བླ་མས་ཞུས།
དཔྱོད་ལྡན་མི་དམངས་རེ་ཐག་ཆད་ནས་ཡོད།
སྤྱི་འཐུས་ཚོགས་གཙོ་ཧམ་བཟུང་ཁམས་གཉིས་བགོས།
བཙན་བྱོལ་བོད་གཞུང་གཏོར་ཏེ་སྒྲིག་འཛུགས་སྒྱུར།
མཚན་སྙན་ཆོ་ལོར་རྔམ་སྟེ་གྷན་དྷི་ཡི།
འཚེ་མེད་ལྟ་གྲུབ་བརྐུས་ཏེ་གསར་གཏོད་བསྒྲགས།
བོད་སོག་ལས་ཁུངས་སྐོར་གྱི་རྩོད་རྙོག་བསླངས་།
ཉེས་མེད་ཉེས་འཛུགས་ཨ་ཐར་དགྲ་རུ་བཟུང་།
དོ་རྒྱལ་ཐུག་ན་རང་སྲོག་དོར་ཕོད་ཟེར།
རྒྱ་དམར་ཐུག་དུས་ཀྲུང་ཧ་སྤྱི་མཐུན་འབོད།
ནང་ལ་དཔའ་རྩལ་ལྡན་ཡང་དགྲ་ལ་ཞུམ།
བོད་ལ་དྲིན་ཞིག་བཟོས་རབས་ལོ་རྒྱུས་མེད།
བཀའ་ཁྲིར་གཡོ་འཚང་འགན་ཁུར་ཤིག་ཙམ་མེད།།
རྩ་དོན་བདེན་དོན་ཚང་མ་བློས་བཏང་བྱས།
དབང་ཆ་གཅིག་སྡུད་གནང་ཏེ་སྒེར་མགོར་བསྒྱུར།
ལྐོག་ཟ་མཚམས་བཅད་ཟེར་ཡང་སྒེར་བདག་བྱས།།
ཤེས་འཇོན་ལས་བྱེད་ཚང་མ་ཡིད་ཐང་ཆད།།
ཟམ་གདོང་རྒྱུག་ཁྱི་མིན་ཕྱིན་རྒྱང་ཕུད་གཏོང་།།
དཔལ་འབྱོར་དཀའ་ངལ་སེལ་རབས་གང་སར་བསྒྲགས།
ཨུ་ཚུགས་སྲོལ་རྒྱུན་ཞིང་ལས་འབད་ཡོད་ཀྱང་།
མཐའ་འཁྱོངས་མ་བྱུང་ཞིང་པས་ལོ་མང་ལ།
ངལ་འབྲས་མེད་པར་གྱུར་དེར་ཉམས་སྣང་མེད།
ལོ་ངོ་བཅུ་ལ་རྒྱ་བོད་ཞི་མོལ་ཕྱིར།
ཡོད་ཚད་བློས་བཏང་གནང་ཏེ་བདེན་སྐད་ཙམ།
སྒྲོགས་ས་མེད་པར་བཟོས་པའི་བྱས་ཉེས་ཀུན།
ང་ནི་བླ་མའི་བཀའ་ལས་ཆབ་སྲིད་དང་།
མི་རིགས་བདེན་དོན་ནམ་ཡང་སྒྲུབ་ཀྱི་མེད།
ཟེར་སྟེ་༧ གོང་ས་མཆོག་ལ་ལན་ཁག་དཀྲིས།།
ཁོངས་འཁྱོལ་མེད་པའི་ཤེས་ཡོན་སྲིད་ཇུས་སྤེལ།
ཁྱེད་ཀྱི་བྱས་ཉེས་རེ་རེ་དྲན་དུས་སུ།
སེམས་པ་གཏིང་ནས་སྐྱོ་ཡང་བྱ་ཐབས་བྲལ།
བློ་ལྡན་སུ་ཡང་ཁྱེད་ལ་སྐྱུག་རེ་བྲོ།།
རང་སྲེག་གཏོང་ན་གྲུབ་འབྲས་ཡོད་རབ་བཤད།།
གངས་ཅན་བོད་མི་ཤི་ལམ་ཐོག་ཏུ་རྫོང་།།
ཁྲག་ཐིག་གཅིག་ཀྱང་ཆུད་ཟོས་མི་འགྲོ་ཟེར།།
ཁ་ནས་གང་ཐོན་སྨྱོ་ལབ་རྒྱབ་བཞིན་འདུག།
སྨོན་ལོག་ཟམ་གདོང་མིན་ན་སུ་ཞིག་ཡིན།།
དཔེན་ཆེན་རྫུན་མ་དཔེན་ཆེན་ཡིན་རབ་བཤད།།
ང་ཚོ་བོད་པའི་རྣམ་རྟོག་སེལ་ཐུབ་ན།།
ཏང་ལ་ཡིད་ཆེས་བློ་འགེལ་ཆོག་རབ་བཤད།།
རང་བཙན་དབུ་ལམ་གཉིས་པོ་འགལ་ཟླ་བཟོས།།
ནང་ལ་ཁྲག་བཞིན་དཀྲུག་སྟེ་དགྲ་ཕྱོགས་ལང་།།
ཨ་རི་སོགས་དང་ཡུབ་རོབ་གླིང་དག་གིས།།
བོད་ལ་རོགས་རམ་ཕྱིར་དུ་གྲོས་ཚོགས་སུ།།
གྲོས་ཆོད་སྔར་ཕྱི་བཞག་རྩིས་བྱས་ན་ཡང་།།
བོད་ནང་འགྲོ་བ་མི་ཡི་ཐོབ་ཐང་ཞིག།
ཡོད་པ་མ་རེད་ངོས་ནས་བརྗོད་མི་ཤེས།།
ཟེར་ཏེ་གྲོས་ཆོད་ཙམ་ཡང་འཇོག་མ་བཅུག།
ད་མང་དྲགས་བགྱིད་མི་འདུག་གམ། ལགས།
ཏང་གིས་ཅི་བཤད་སྒྲུབ་པའི་ཟམ་གདོང་གིས།།
མདོ་དབུས་ཁམས་གསུམ་ཆོལ་གསུམ་མི་འབོད་ལ།།
ཅང་གིས་ངོས་འཛིན་པཎ་ཆེན་དག་སྣང་གིས།།
རྫུན་མའི་ཚིག་འདི་བེད་སྤྱོད་མི་གཏོང་བར།།
སྐྱབས་སུ་འཛིན་པ་ཟམ་གདོང་ཡ་རེ་མཚར།།
རང་བཙན་རྩོད་མཁན་དོལ་རྒྱལ་ལས་ཀྱང་སྡིག།
ཞེས་བའི་གཏམ་འདི་རྣ་བར་གཟན་ན་ཡང་།།
བཀའ་དབང་བཙན་པོ་སུ་ཡིས་ཟློག་ནུས་སམ།།
གཞུང་གི་ལས་བྱེད་ཐམས་ཅད་གཡོག་པོ་ཞེས།།
འཆལ་བོའི་མིང་ཞིག་ཟམ་གདོང་བླ་མས་བཏགས།།
རྗེས་མ་ནས་ཁ་བརྡ་ནང་ལ་བླ་ཆེན་དམ་པ་ཚོའི་སྐོར་ལ་སྐྱོན་བརྗོད་པའི་རྩོམ་ཡིག་ཆོ་མེད་པ་དག་མ་བཀོད་ན་ཡག བྱ་བ་གང་ཞིག་མ་འགྲིགས་པ་དང་ནོར་བའི་སྐོར་ནས་རྒྱུ་མཚན་གླེང་རྒྱུ་ཡོད་ན་ལོས་ཆོག ནམ་ཡིན་ན་ཡང་མང་པོ་ཞིག་གིས་མི་གཤིས་ལ་ཟུར་ཟ་བྱེད་པ་འདི་དག་གིས་རང་ཉིད་ལ་མི་གཤིས་མེད་པ་སྟོན་གྱིན་ཡོད། སྙུག་ཐོགས་པ་ཚོས་བག་ཡོད་རེ་བྱོས།
ཆབ་བྲག་ལགས།ནམ་མཁས་རྩོམ་ཡིག་ཆོ་མེད་བཀོད་འདུག་གམ།ཟམ་གདོང་བླ་མས་གང་ཞིག་བཤད་པ་ཆ་ཚང་དྲང་མོ་བྲིས་འདུག དེ་མ་འགྲིག་པ་རེད་དམ། དེ་དུས་ཁྱེད་རང་ཡང་མདོ་སྨད་སྤྱི་འཐུས་ཡིན་པའི་ཁུལ་རེད། བོད་ཆོལ་ཁ་གསུམ་ལ་བོད་ཆོལ་གསུམ་ཟེར་མི་ཆོག་པ་དང་།པཎ་ཆེན་རྫུན་མ་ལ་རྫུན་མའི་ཚིག་བེད་སྤྱོད་གཏོང་མི་ཆོག་པ།གུང་ཁྲན་ཏང་ལ་དམར་བོའི་གཞུང་ཞེས་འབོད་མི་ཆོག་པ་སོགས་བཀའ་ཤག་ནས་གསལ་བསྒྲགས་བྱས་པ་མ་ཟད།སྐབས་དེར་རྡ་ས་ནས་གླེང་སློང་མང་པོ་བྱུང་མ་སོང་ངམ།དེང་སང་ཁྱོད་ནུབ་ཕྱོགས་སུ་སླེབས་དུས་རྡ་སའི་གླེང་སློང་ཚང་མ་ཡང་བརྗེད་ཡོད་པ་འདྲ་དེ་མ་བརྗེད་རོགས།
ད་ང་ཚ་བོད་པ་ཚོ་གསོད་ནམས་ཟད་མཐའ་ལ་སླེབ་ཡོང་གི་ཡོད་ས་རེད་
བྱས་རྗེས་ཅན་དང་བཀའ་དྲིན་ཅན་གྱི་སྐྱེས་ཆེན་ཚོའི་བྱས་རྗེས་གཅིག་ཀྱང་ངོ་མི་ཤེས་པར་བྱས་་པ་དྲིན་གཟོ་མི་ཤེས་པའི་སྨོན་ལམ་ལོག་པའི་དམ་ཉམས་པ་ནམ་མཁའ་ཟེར་བ་དང་འབྲུག་གཞོན་ཟེར་བ་ཁྱེད་རྣམས་རང་གི་བོད་བསྟན་སྲིད་གྱི་དོན་དུ་ལས་ཀ་ག་རེ་ག་རེ་བྱས་ཡོད་གཅིག་ཤོད་དང་དཀྲུག་ཤིང་རྒྱག་རྒྱུ་ཞིག་མ་གཏོག་གང་ཡོད་
ངོ་ཚ་རྒྱུ་མེད་པ་སྨྱོན་པ་ཁྱེད་ཚོ་བོད་པའི་སྤྱི་ཚོགས་འདིར་མ་བསྡད་རོག་་་་་་་་་་རྒྱ་གུང་ཁྲན་གམ་དུ་ཕྱིན་ཏེ་དེ་ནས་ཁ་ཚུར་འཁོར་ཏེ་སྒྲོ་བསྐུར་ག་ཚོད་བྱས་ཀྱང་བྱེད་་་་་་་་
འདི་ཚོ་ཚང་མ་ཤར་ཕྱོགས་ཁུག་རྟ་ཟེར་བ་དང་སྤྲུལ་རྫུན་དབང་ཆེན་ཟེར་བ་སོགས་དམ་ཉམས་པ་དགའ་ཞིག་གིས་འདི་འདྲའི་སྐད་ཆ་མི་སྙན་པ་མང་པོ་མགོ་སླང་ཡོང་གི་འདུག་་་་་ད་ཁྱེད་ཚོ་ཚོད་ཟིན་རོག་་་་ཀུ་ཅི་་་ཀུ་ཅི་་་་་་རང་མི་རིགས་ཤ་ཞེན་ཡོད་ན་དཀྲུག་ཤིང་རྒྱབ་མ་ཡོང་རོག་་་་་
དེ་རིང་ཁ་རྡ་དྲ་བར་ཀློག་གིན་ཀློག་གིན་མང་པོ་ངུས་པ་ཡིན་་་་་དངོས་གནས་སེམས་པ་སྐྱོ་ཡོང་གི་འདུག་་་་་་་༧གོང་ས་མཆོག་གཙོས་བྱས་པ་ཅན་གྱི་སྐྱེས་ཆེན་ཚོར་གཞི་མེད་སྐྱོན་འཛུག་མང་པོ་བྱས་ཡོང་དུས་སྙིང་ལ་གྲི་གཙུག་པ་ལྟ་བུ་ན་ཟུག་ཡོང་གི་འདུག་་་་་་་་་་
དྲང་གཏམ་གྱི་བུ་ཟེར་བ་ཁྱེད་ཀྱིས་བཤད་སྟངས་ལ་ལྟས་ན། ལྷག་བསམ་རྣམ་དག་རེད་བསམ་པ་བྱུང་། འོན་ཀྱང་ཁྱེད་གོ་རྟོགས་ཧ་ཅང་ཞེན་པོ་རེད། ངས་གོང་དུ་བཤད་པ་དེ་དག་བདེན་མིན་ཞིབ་འཇུག་ཡག་པོ་ཞིག་གནང་བའི་རེ་བ་ཞུ་བཞིན་ཡོད། དྲང་གཏམ་བུ་ཡིས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ།
ཟམ་གདོང་གིས་ལོ་འཁོར་བཅུ་རིང་བོད་དོན་སྒོ་བརྒྱབས་ནས་ཆོས་ལུགས་དང་ཆོལ་ཁ་ཀྱང་དཀྲུགས་པ་ལས་བྱས་རྗེས་གང་ན་ཡོད། དཔལ་འབྱོར་གྱི་ཁེ་ཕན་ཡོད་ཚད་ཁོ་རང་ཕྱོགས་གཏོགས་ཚོའི་ལག་ཏུ་བཞག གཏམ་བཤད་ཀྱི་དུས་ཚོད་བསྐྱལ་ཐུབ་ཙམ་བྱུང་བ་རེད། ལག་ལེན་ཐུབ་ན་ལྟོས་དང་ཚེ་རིང་འོད་ཟེར་ལ་བོད་པ་ཚོ། བླ་རྒན་ཁོ།
གྲོགས་པོ་ཟམ་གདོང་རིན་པོ་ཆེན་ཁོང་གིས་བྱས་རྗེས་ལ་གཟིགས་དང་
འདི་འདྲ་བྱེད་རྗེས་བཀའ་བློན་ཁྲི་བ་སུ་གང་གིས་བྱེད་ཐུབ་ཡོད་ཡོད་མ་རེད་
་མི་ལ་ནོར་བ་ཡོད་བྱ་ལ་འཇུག་མ་ཡོད་་གང་ལྟར་ཁྱེད་རྣམས་པའི་གསུང་པ་དབུ་མའི
ལམ་ཟེར་བ་དེ་མཁན་དབང་ཟམ་གདོང་མཆོག་ཅིག་པོ་མ་རེད་གཙོ་བོ་མགོ་གཙུགས་མཁན་
གོངས་ས་མཆོག་རེད་ཁོང་གིས་ཡང་དག་པའི་ལམ་བདེན་པའི་ལམ་དབུ་མའི་ལམ་བདེ་སྐྱིད་
ཐོབ་པའི་ལམ་་ང་ཚོས་བོད་མི་རྣམས་ལ་སྟོན་ཡོད་པ་རེད་་ལམ་དེ་ལ་འགྲོ་མི་འགྲོ་རང་དབང་རེད་།
སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད་ཟེར་་་་་་་་འདི་ཁ་བརྡའི་སྒྲིག་གཞི་རེད་་་་་་ཡིན་ཡང་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་དང་ངན་སྨྲས་གང་བྱས་ཀྱང་་་མཆན་མི་བཀག་པའི་རྒྱུ་མཚན་གང་ཡིན་ནམ་་་་་་་་