ཨ་མྱེས་སྲས་ཆུང་གིས།
གངས་རིའི་ལྗོངས་ལ་བཀའ་དྲིན་ཟླ་མེད་པ།།
གངས་ཅན་མགོན་པོའི་ཐུགས་ཀྱི་སྲས་པོ་མཆོག།
གངས་ཀྱི་ཞིང་ནས་མཚན་དཔེའི་སྐུ་བཞད་པར།།
གངས་རྗེ་ཟམ་གདོང་བླ་མའི་འཁྲུངས་སྐར་བསུ།།
སྙིགས་མའི་རང་མདངས་བདོ་བའི་དུས་ངན་ན།།
ཆོས་རིག་སྲོག་འཛིན་ཐོན་མི་གཉིས་པ་བཞིན།།
ཤར་ནུབ་རིག་གནས་ཕྱི་ནང་ལྟ་གྲུབ་སོགས།།
འགྲན་མེད་ཟམ་གདོང་བླ་མའི་འཁྲུངས་སྐར་བསུ།།
ལྕེ་བརྒྱར་སྤྲུལ་བའི་ཕྱག་མཛོད་འཁོར་ན་མེད།།
ཐོག་བརྩེགས་ཅན་གྱི་བླ་བྲང་མདུན་ན་མེད།།
དབེན་བའི་ནགས་ཀྱི་ཀློང་ན་དཀྱུས་མའི་ཚུལ།།
སྟོན་མཛད་ཟམ་གདོང་བླ་མའི་འཁྲུངས་སྐར་བསུ།།
མིག་ཤེལ་ནག་པོའི་གཡས་གཡོན་སྐུ་སྲུང་མེད།།
རླངས་འཁོར་ནག་པོས་རྒྱབ་མདུན་སྐྱེལ་མ་མེད།།
ཚུལ་ལྡན་ཤཱཀྱའི་དགེ་སྦྱོང་རྟགས་འཆང་བར།།
རྒྱལ་སྲས་ཟམ་གདོང་བླ་མའི་འཁྲུངས་སྐར་བསུ།།
གོ་སའི་དོན་དུ་ངོ་དགའ་འཁྲབ་སྟོན་མེད།།
སྙན་གྲགས་ཆེད་དུ་རྫུན་འབག་རྣམ་འགྱུར་མེད།།
བསྟན་སྲིད་དོན་ལ་རང་ཚུགས་མ་ཤོར་བའི།།
སྐྱབས་རྗེ་ཟམ་གདོང་བླ་མའི་འཁྲུངས་སྐར་བསུ།།
ངོ་བསྟོད་གཡོ་སྒྱུས་ཁ་ལོ་ཁྱེད་མ་བསྒྱུར།།
ལྟག་སྒོ་གསང་བའི་ལམ་ལ་ཁྱེད་མི་ཕེབས།།
སྤྱི་སེམས་དབྱིངས་ན་ངོ་ལྐོག་སྤྲིན་བྲལ་བའི།།
པཎ་ཆེན་ཟམ་གདོང་བླ་མའི་འཁྲུངས་སྐར་བསུ།།
ཕྲག་དོག་དུག་གིས་སྨྱོས་པའི་ཁྱི་སྤྱང་འགས།།
སྐུར་འདེབས་ཚིག་གིས་ངུ་ཟུག་རྒོད་ན་ཡང་།།
གཡོལ་མེད་སེང་གེ་དཀར་མོའི་ངང་ཚུལ་ཅན།།
མི་དབང་ཟམ་གདོང་བླ་མའི་འཁྲུངས་སྐར་བསུ།།
སྤྱོད་ངན་ལོག་སྨྲའི་ཁ་ལ་ཟངས་ཀྱི་ཟྭ།།
ལྟ་ངན་ལོག་མཐོང་མིག་ལྕགས་ཀྱི་གཟེར།།
ཝ་ཚོགས་ཟུར་གྱིས་གནོན་པའི་སྐད་གསང་ཅན།།
སྨྲ་མཆོག་ཟམ་གདོང་བླ་མའི་འཁྲུངས་སྐར་བསུ།།
མདོར་ན་རིགས་དྲུག་སྤྱི་དང་ཁྱད་པར་བོད།།
སྐྱོང་བར་༧གངས་ཅན་མགོན་པོའི་ཕྱག་གཡས་བཞིན།།
འགྲོ་ཀུན་མུན་པ་གསལ་མཛད་ཉི་ཟླ་ཟུང་།།
འབྲལ་མེད་གངས་ལྗོངས་དབྱིངས་ལ་རྟག་བརྟན་ཤོག།
ཞེས་པ་འདི་ནི་༢༠༡༩/༡༡/༥/ ཉིན་བོད་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པར་བཀའ་དྲིན་གཞལ་བར་དཀའ་བའི་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། མཚུངས་མེད་བདག་ཉིད་ཆེན་པོ་གང་ཉིད་སྐྱེ་འགྲོ་སྤྱི་དང་ལྷག་པར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པའི་སྨོན་འདུན་ཤུགས་དྲག་དང་བཅས་ནུབ་ཕྱོགས་ཡོ་རོབ་གླིང་གི་རང་ཁྱིམ་ནས་སྦྱར་བར་དགེའོ།།
ཨ་མྱེས་སྲས་ཆུང་ལགས་ནས་ཧ་ཅང་ཡག་པོ་ལྗགས་རྩོམ་གནང་འདུག ་བཀའ་དྲིན་ཆེ། ངོ་དེབ་ནང་མཉམ་སྤྱོད་བྱེད་ཆོག་པ་ཞུ།
བོད་མིའི་ཤིས་སུ་འཇགས་པའི་ངོ་བསྟོད་ཚིག།
དམ་པ་དགྱེས་པའི་མཆོད་སྤྲིན་སྙན་ཚིག་འདིའི།
མང་པོའི་ཚོགས་ལ་ཟུར་ཟའི་ཚིག་རྒྱན་ཙམ།
མཁས་པའི་དཔྱད་ན་ཕྱོགས་གཏོགས་འགོ་འདྲེན་ཙམ།
ངས་ཚིགས་བཅད་གཅིག་སྣོན་ཆོག་པ་ཞུ།
ཕེབས་བསུ་སྤྱང་ཀི་སྲུང་འདྲའི་ཀི་ཤར་མེད།།
རྐུན་ཆེན་བཞིན་དུ་གབ་ཁུང་འཚོལ་དགོས་མེད།
ངོམ་ངོམ་འཕྱར་འཕྱར་བྱེད་པའི་གཤིས་ཀ་མེད།།
མངས་བཀུར་དཔོན་བཟང་ཆེན་པོའི་འཁྲུངས་སྐར་བསུ།།
https://www.youtube.com/watch?v=169oRNERoX4
https://www.youtube.com/watch?v=4ZAx4IFTSCI
https://www.youtube.com/watch?v=FBkDy6Y4brQ
https://www.youtube.com/watch?v=dPSCkZBeoho&t=30s
https://www.youtube.com/watch?v=aNwb5qcgOes
འབྲིང་ཙམ་རེད། ཧ་ལས་པའི་ཡག་པོ་འདི་འདྲ་མ་རེད། བོད་པ་ཚོ་འུར་རྒྱག་པར་དགའ་བས་བཏང་སྙོམས་གྱིས།
ཟམ་གདོང་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེའི་ཞབས་ཕྱི་ལེགས་པར་བསྒྲུབས་སོང་། ཁོང་ལ་ཐུགས་རྗེ་ཆེ་ལྟ་བུ་མ་ཞུས་རང་ཞུས་རེད།
དེ་བཞིན་ཁོང་གིས་སྲིད་སྐྱོང་ལ་གུས་ཞབས་ཆེད་རང་གི་ཕྱག་གཡས་པ་ལྟ་བུའི་སྤེན་ཚེ་ར་གཟི་དེ་ཡང་གཡུགས་ཐུབ་པ་འདི་དཔེ་ཡག་པོ་མཐོང་སོང་། གནད་ཆེ་ཆུང་ཤེས་པའི་རྣལ་འབྱོར་ཟེར་ནའང་འདྲ། མཁས་པ་ཟེར་ནའང་འདྲ་དེ་ཚོའི་བྱ་སྤྱོད་རེད།
བསྟོད་སྨད་འགན་འཁུར་སྤྱི་ཚོགས་འཁྲུགས་པའི་ལས།
བསྟོད་པས་དགའ་བ་མ་རྒྱུར་ཞིང།
སྨད་པས་མི་དགའ་མ་རྒྱུར་ཞིང།
རང་གི་ཡོན་ཏན་རབས་སྤེལ་ན།
སྐྱེ་་བུ་དམ་པའི་མཚན་ཉིད་ཚང།
གངས་ལྗོངས་ཆོས་སྲིད་ཉི་ཟླའི་འོད་སྣང་ཆེ།།
མི་ནུབ་མཁའ་རུ་སྒྲེང་ལ་དཔའ་གདེངས་ཅན།།
གངས་ཅན་མགོན་པོའི་ངེས་དོན་ཐུགས་ཀྱི་སྲས།།
ཟམ་གདོང་བླ་མའི་སྐུ་ཚེ་ཡུན་བརྟན་ཤོག།
༄༄། ཨ་མྱེས་སྲས་ཆུང་ལགས་ནས་འཇའ་རྩོམས་གང་ལེགས་མཛད་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་༧སྐྱབས་རྗེ་ཟམ་མཐོང་རིན་པོ་ཆེ་ལྟ་བུའི་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དགོང་ཇི་མ་བྱེད་བཞིན་སྒྲུབས་མཁན་དང་ བོད་ཀྱི་བསྟན་པ་ཆབས་སྲིད་ཐོག་ཟིངས་སུ་ཐོན་པའི་མཁས་དབང་བླ་ན་མ་མཆིས་པ་ཆེན་པོ་མཆོག་གི་ཐོག་མཐའ་བར་གསུམ་གྱིམཛད་རྗེས་ལ་རྗེས་སུ་ཡིད་རང་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་ གང་ཉིད་བོད་བསྟན་པ་ཆབས་སྲིད་དང་༧གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་རྒྱས་ཐབས་ལ་སྔར་ལྟར་ཐུགས་འཁུར་གྱིས་སྐུ་ཚེ་ཁྲི་ཁྲག་ཏུ་བརྷན་པའི་སྨོན་ལམ་གྲངས་མེད་ཞུ་རྒྱུ་ཡིན་།།
བོད་དོན་བདེན་མཐའ་སེལ་ཐབས་དང་བཙན་བྱོལ་སྤྱི་ཚོགས་འདི་ཆིག་སྒྲིལ་དུ་གནས་ཐུབ་པའི་ཆེད་ཉི་སྟོང་ཉི་ཤུ་རྩ་གཅིག་གི་སྲིད་སྐྱོང་ལ་ཕེབས་དགོས་པའི་གསོལ་འདེབས་ཞུ་དགོས།
གཞུང་པ་ཚེ་དབང་བསིད་ནམས་ལགས།
ང་ཚོ་མི་ཟད་ཐེབས་པ་རེད་པས། སྲིད་སྐྱོང་ལ་འོས་པའི་བོད་མི་སྟོང་ཕྲག་གཅིག་ཙམ་གཏན་གཏན་ཡོད། ངས་ཤེས་པའི་ནང་ལ་བཅུ་ཙམ་འདུག ད་རྒན་ཁོག་ལྷོད་ལ་ཞོག་ ཁོང་གིས་བསྒྲུབ་དགོས་པ་ཚང་མ་བསྒྲུབས་སོང་། ཡག་པོ་བྱས་སོང་།
སྲིད་སྐྱོང་གི་འོས་མི་ལ་གཤམ་གསལ་མི་རྣམས་ཡིན།
ནང་སྲིད་བཀའ་བློན་བསོད་ནམས་སྟོབས་རྒྱལ།
ཤར་གླིང་ཟླ་སྒྲོན།
རྒྱ་རི་སྒྲོལ་མ།
ཉུང་མཐར་གསུམ་ཙམ་འདུག
ཨོ་སྐྱབས་ལགས་ཁྱེད་རང་ཡང་མི་ཟད་སོང་ཡོད་པ་འདྲ
༡༠༩༠༠༧༠་ལོར་ཡིན་ཤས་ཆེ། ཝཱ་ཎཪ་སྲིད་ཀྱི་སྐོར་ལ་བགྲོ་གླེང་ཞིག་ཚོགས། ཟམ་གདོང་རིན་པོ་ཆེས། བདེན་པོ་པོའི་ལེའུ་ནས་བཤད་པའི་དམག་རྒྱབ་སྟངས་སྐོར་ལ་བྲིས་པར་བགྲོ་གླེང་པ་དག་གིས་རྣམ་འགྱུར་ལེགས་པར་བསྟན། ཉིན་ཤས་རྗེས། བོད་མཐོ་རམ་སློབ་གྲྭའི་ལས་ཁུངས་སུ། བོད་ཀྱི་མཁས་པ་ཚོས། བསྟན་བཅོས་དཀའ་བའི་རིགས་མ་གཏོགས་མི་ཀློག རིན་པོ་ཆེ་ལ་བདེན་པ་པོའི་ལེའུ་གཟིགས་དགོས་ཅི་ལྟར་བྱུང་། ཞུས་པར་། ཟམ་གདོང་རིན་པོ་ཆེས། འཇུ་མི་ཕམ་རིན་པོ་ཆེས་གསུངས་པ་བརྟེན་ནས་བྱུང་། གསུངས་སོ། །